ཀོ་ལི་གྷ་གཞིས་ཆགས་གཞུང་པ་ཚེ་དབང་བསོད་ནམས།
ཀ་ཡེ་གསན་དང་བོད་རྒྱའི་འགོ་འཁྲིད་ཚོ།།
ཁ་དམག་འགན་འཁུར་བོད་རྒྱའི་འབྲེལ་ལམ་མིན།།
ག་སྡུག་ཇི་བྱུང་ཞི་མོལ་གྲ་སྒྲིག་བགྱིས།།
ང་ཚོ་མི་མང་རེ་བའི་གཉིད་དུ་་ཡོད།།
ཅ་ཅོ་མང་བས་བོད་རྒྱའི་འབྲེལ་ལམ་ལ།།
ཆ་རྒྱུས་མ་ལོན་རང་བཙན་དབུ་མས་བཀག།
ཇ་བ་ལམ་འགྲོ་ཡོང་བའི་གྲོགས་མགོན་དུ།།
ཉ་གང་ཚེས་བརྒྱད་ལ་སོགས་སྲུང་འཕྲིན་ཞུས།།
ཏ་བ་ཐ་དད་ཅན་གྱི་བོད་རྒྱ་གཉིས།།
ཐ་མ་འཆམ་མཐུན་དགོས་པ་ས་སྦྲེལ་ལན།།
ད་ཆ་དུས་ཚོད་སྒུག་ནས་མ་བཞུགས་པར།།
ན་གཞོན་འགོ་འཁྲིད་རིག་པ་གྲིམས་དུས་རེད།།
པ་ངར་ཆེ་བའི་བསྟན་སྲུང་དངས་དམག་གི།
ཕ་ཡུལ་དོན་དུ་རང་སྲོག་དམར་པོ་བཏང་།།
བ་ཕྱུགས་དུད་འགྲོ་མིན་ན་ཤེེས་ས་ཡོད།།
མ་འོང་བོད་རྒྱའི་འབྲེལ་ལམ་སླར་གསོ་ལ།།
ཙ་བ་བོད་རྒྱ་ས་སྦྲེལ་ཁྱིམ་མཚེས་དང་།།
ཚ་བ་ོཚ་མོའི་གཉེན་ངོ་སྤྲོད་ས་རེད།།
ཛ་བརྩེ་ལྡན་པའི་ཤ་ཉེ་མི་རིགས་གཉིས།།
ཝ་སྤྱང་བཞིན་དུ་ཁ་དམག་ཉུང་ན་དགའ།།
ཞ་སྒབ་རྒྱལ་རབས་ཁུང་བཙན་ལོ་རྒྱུས་ལ།།
ཟ་ཟུར་མ་མང་ཞིབ་ཏུ་དཔྱད་ན་ལེགས།།
འ་འུད་ཆེ་བའི་ཆབ་སྲིད་མི་སྣ་ཡི།།
ཡ་རབས་ལོ་རྒྱུས་ཁྱོག་པོའི་གཏམ་གྱི་འདྲེན།།
ར་ལུག་གསོ་སྐྱོང་འབྲོག་པའི་འཚོ་རྟེན་ལ།།
ལ་ལུང་སྤོས་ནས་རྩ་ཆུའི་གསོ་སྐྱོང་བྱེད།།
ཤ་མར་ཐུད་ཀྱི་འཚོ་བ་སྐྱོང་བ་དེ།།
ས་ཆ་ཚང་མར་གནས་པའི་འབྲོག་པའི་ལུགས།།
ཧ་ཧ་བོད་རྒྱའི་འབྲེལ་ལམ་ཆབ་སྲིད་རྩུབ།།
ཨ་གསར་གཏམ་གྱི་མདུན་མ་གླེང་ན་དགའ།།
ཨ་རོ་ཀོ་ལི་གྷ་ཡི་ཀ་ཁ་པ།
ཧ་ཧ་ང་ལ་ཉོན་དང་ཁ་བུའི་བུ།
ས་མཐའ་གཞིས་ཆགས་དེ་ནི་ག་ན་རེད།
ཤ་ཁྲག་བོད་ནས་བྱུང་བའི་ང་ཚོའི་ལས།
ལ་དགུ་ལུང་དགུ་ཉུལ་བ་ཅི་ནས་བྱུང་། ད་ནི་ཡུན་ཙམ་བསྒུག་པའི་གྲོགས་པོ་ཞིག་སྐད་འཕྲིན་ཐོག་སླེབ་སོང་བས་དེ་ལ་འགྲོ་དགོས་སོང་།
ནོར་བ་འགའ་ལ་བཅོས་དགོས་འདུག དཔེར་ན།
ཇ་བ་ལ་བྱ་བ།
ཏ་བ་ལ་ལྟ་བ།
པ་ངར་ལ་དཔའ་ངར།
མ་འོང་ལ་མ་འོངས།
ཙ་བ་ལ་རྩ་བ།
ཛ་བརྩེ་ལ་མཛའ་བརྩེ།
གང་ཕྲུག་ལགས། དེ་དེབཞིན་ནོ། ལེགས་སོ།།
ཁྱེད་ཀྱི་གསུང་པ་ལ་མངོན་པར་སྟོད་དོོ་།
གཉིས་མེད་སེང་གེར ཀ་ཀཀཀཀཀཀཀ་དཀའ་ལས་།
བོད་རྒྱ་གྲོས་མོལ། ཁཁཁཁཁ་བ་བ་བ་