མྱི་ལྟིག
____གཉེན་ཉེ་ཨ་ཅེ་ཞིག་གི་ངུ་སྐད་ལ་ཉན་རྗེས་ཀྱི་ཚིག
བདེན་པ་རེད། ས་མཐའ་ན་ཅི་ཡང་མེད
ཡིན་ཡང ཞེན་ཁོག་ཅིག་གིས
ང་ས་མཐར་འདྲིས་ཡོད ངའི་རླུང་རྟ་ས་མཐའ་ན་ཡོད
ངས་རང་གི་གཟི་བརྗིད་ས་མཐའ་ནས་མ་རྙེད་ཀྱང
ངས་རང་གི་རུས་རྐང་ས་མཐའ་ནས་གཏོར་རྩིས་ཡོད
ས་མཐའ་ན་ཅི་ཡང་མེད ང་ས་མཐར་དགའ
ང་ས་མཐར་འཁྱམས་པས ང་ས་མཐར་ཞེན་པས
རྙེད་དུ་མེད་པའི་ཡབ་ཡུམ་ཟུང་གིས་ང་བཞག
བརྗེད་དུ་འཕངས་པའི་གྲོགས་པོ་ཚོས་ཀྱང་ང་བརྗེད
ངའི་ཡོད་ཚད་ས་མཐའ་ནས་ཤོར་བས
ངས་ཡོད་ཚད་ས་མཐའ་ནས་འཚོལ་དགོས
ཅི་ལྟར་བསམས་ཀྱང ཇི་ལྟར་སོང་ཡང
ས་མཐའ་ནི་གནས་མལ་བདེ་ཤོས་ཤིག་ཡིན
ང་ད་ལོ་ཕོ་ལོ་ཉེར་དྲུག་རེད ངས་ཆུང་མ་བླངས་མེད
ང་ད་དུང་སྔར་བཞིན་བསྡད་ཡོད དལ་དལ་ལྷོད་ལྷོད་དུ
ངས་ངོ་མ་ཆང་འཐུང་གི་མེད དུ་བ་ཡང་བཅད་ཚར
འགྲོ་སོང་དང་བདེ་ཐང་གཉིས་ཀར་དམིགས་པ་ཡིན
ལན་རེར་སྡུག་སེམས་ཤིག་འཕྱུར་བ་ནི་ཅི་ཡང་མིན་ཏེ
འཇིག་རྟེན་པ་ཞིག་གི་ངོས་ནས་བཤད་ན་འགྲོ་སྟངས་ཤིག
སེམས་མ་སྡུག ང་ལག་ཆགས་ཡོད
ད་ནི་ཁེར་རྐྱང་དང་ས་མཐའ་གཉིས་ཀ་ལོབས་འདུག
ལན་རེར་ཁྱོད་ཚོ་དང་ཕ་ཡུལ་དྲན་རུང
མཚམས་རེར་ཉེ་རིང་དང་སྤུན་མཆེད་མེད་ནའང་འདོད
ངས་ཁྱོད་ཚོའི་སེམས་ཁམས་ཤེས་ཀྱི་ཡོད
ང་ཁེར་རྐྱང་མིན ཁྱོད་ཚོ་ངའི་མདུན་རྒྱབ་ན་ཡོད
ཨ་ཅེ་ལགས བདེ་བར་ཞུགས ཚེ་རིང་ལོ་བརྒྱའོ
༢༠༡༤།༡༢།༠༩ དགུང་མོ། ནོར་གླིང་དུ།
ཡག་གི་ཟེར་ན་འདོད་བྱུང་། ཀ་ཧང་ཟིག་འབབ་ཀེ
(ད་ནི་ཁེར་རྐྱང་དང་ས་མཐའ་གཉིས་ཀ་ལོབས་འདུག)
གཉིས་(ཀར)་ཟེར་དགོས་བ་རེད། དེ་ལྟར་མ་བྲིས་ན། ཀློག་པ་བོས། ཡིད་ཚོད་ཀྱི་གོ་བ་ཞིག་ལེན་པ་ལས། ཁྱེད་ཀྱིས་བཤད་འདོད་པའི་གོ་བ་དེ་ཡི་གེ་ཡི་ངོ་གདོང་ནས་འཚོལ་མི་ཐུབ།
ས་མཐའ་མི་སྐྱིད། མཛོ་འཕོང་མི་བདེ་ཟེར་ནི་རེད། ཨ་མྱེས་ཚོའི་སྐད་ཆ་དེ་ལ་བདེན་བདེན་ཞིག་ཡོད་ཁོ་ཐག་རེད། ས་མཐའ་ན་སྐྱིད་རྒྱུ་ཞིག་ཅི་ཡང་མེད་ཀི། དགྱ་སྤང་ཚང་གི་སྒང་ལ་རླུང་འདྲ་ལངས་ནས་བསྡད་ཡོད་པ་ཙམ་ཡིན།
ས་མཐའ་སྐྱིད་པོ་ཡོད་ས་མེད
ངའི་ཕ་མ་དང་། ཅོ་ཅོ་གཉིས། ཨ་ཕྱིདང་། རྨོ་་རྨོ་ཚོ། བོད་ནས་ ༡༩༥༩།༦༠ ལོར་ཐོག་མར་བོད་ནས། བྲོས་བྱོལ་དུ། ཐོན་དུས་ནང་མི་ནང་ཕན་ཚུན་ཁ་མ་འཆམ་ནས། ཕ་ལགས་ཀྱི་མ་ཡུམ་མམ། ངའི་རྨོ་རྨོ་དེས། ཁང་པ་དང་། རྩྭ་ས་དུད་འགྲོ་དང་། སྤུན་གཉེན་དང་། ཕ་ཡུལ་བཞག་ནས་འགྲོ་འདོད་མེད་ནས།
ཀུན་ལ་ཁོང་མོས།
རང་ཡུལ་སྡུག་ཀྱང་ཛམྦུ་གླིང་།
གཞན་ཡུལ་སྐྱིད་ཀྱང་གཡེར་མའི་ཐང་། །
ཞེསཔ་འདི་ཡང་ཡང་དྲངས་ནས་མོ་རང་ཐོབ་འདོད་ལ་བརྩོན་ཡང་དོན་འབྲས་མ་བྱུང་བ་རེད། ཅེས་ངའི་ཨ་མ་ལགས་ཀྱིས། ང་ཚོར་ཡང་ཡང་བགླེང་བ་དུས་ད་ལྟའང་དྲན། ཧཧཧཧཧཧ། མའོ་དྲིན་ཆེན་ཁོས། ང་ཚོ་ས་མཐར་སྤྱུགས་ནས། ཛམ་གླིང་མཐོང་ཐུབ་མཁན་ཅི་་བཟོས་བྱུང་། ཧཧ། ཧོཧོ།། །།