གཞུང་པ་ཚེ་དབང་བསོད་ནམས།
ཀ་ཡེ་གསོན་དང་གཞིས་བྱེས་ཆོལ་གསུམ་བོད་རིགས་སྤུན་ཟླ་རྣམ་པ་ཚོ།།
ཁ་བ་དཀར་པོའི་མུ་ཏིག་བསྟར་ལ་བརྒྱུས་འདྲ་ང་ཚོའི་བོད་ཀྱི་ཡུལ།།
ག་བུར་ཙན་དན་དྲི་ཞིམ་མེ་ཏོག་སྨན་རྩས་རི་ལུང་ཚང་མར་ཁྱབ།།
ང་དང་ཁོ་ཡི་རྩོད་གླེང་མེད་པར་རང་རང་འཚོ་བའི་ལས་ལ་བརྩོན།།
ཅ་ལག་དངོས་པོར་དགའ་ཞེན་ཆེ་བས་བོད་ཀྱི་ཞིང་འབྲོག་མགོ་བོ་འཐོམས།།
ཆ་རྒྱུས་མ་ལོན་རྒྱ་ཡི་སྲིད་བྱུས་དོན་ཚན་བཅུ་བདུན་བོད་འབངས་ཕུང་།།
ཇ་ཆང་དངུལ་གྱི་བསླུ་བྲིད་གྲ་གྱིས་འཛམ་གླིང་མི་མང་འཐོམས་སུ་་བཅུག །
ཉ་ཟླ་ལྟ་བུའི་ཏ་ལའི་བླ་མས་བོད་འབངས་ཆུ་སྲིན་ཁ་ནས་བསྐྱབས།།
ཏ་ཐ་ག་ཏའི་དམ་ཆོས་ཟབ་མོས་བོད་ཡུལ་མུན་ནག་ཆོས་ལ་བསྒྱུར།།
ཐ་དད་མི་རིགས་ཆོས་ལུགས་མང་ཡང་དམ་ཆོས་བདུད་རྩི་བོད་དུ་དར།།
ད་ལྟའི་སྐབས་སུ་བོད་ཀྱི་མི་རྣམས་བྱ་སྤུ་རི་ལ་འཐོར་བ་འདྲ།།
ན་གཞོན་བློ་གསར་རིག་པ་རྣོ་བས་མ་འོངས་མདུན་ལམ་སྲ་བརྟན་བཟོས།།
པ་སངས་སྤེན་པ་མི་ཡི་གཡང་གཟའ་རྒྱུ་སྐར་གཟའ་་ཡི་མི་རྣམས་སྲུང་།
ཕ་ལམ་འདྲ་བའི་ཞི་བདེའི་དེད་དཔོན་འཛམ་གླིང་ཀུན་གྱི་སྤྱི་བོར་བཀུར།།
བལ་ཡུལ་རྒྱལ་ཁབ་བོད་དང་འབྲེལ་ཡང་ཆབ་སྲིད་བསམ་བློའི་བར་ཐག་འགྱངས།།
མ་དད་ལོག་རྟོག་སྨོན་ལམ་ལོག་ནས་ལས་ངན་སྡིག་སྒྲིབ་རང་གིས་བསགས།།
རྩ་བ་རང་བཙན་ས་ཆའི་བདག་དབང་འཇིག་རྟེན་མི་ཡི་ལས་དབང་སྨིན།།
ཚ་གྲང་ཇི་བྱུང་བཟོད་བསྲན་ཐུབ་ནས་བོད་རྒྱའི་འབྲེལ་ལམ་མཐུད་ན་དགའ།།
ཛ་ཏི་རི་སྐྱེས་ཤིང་གི་འབྲས་བུ་ནད་རིགས་བཞི་བརྒྱའི་རླུང་སྨན་ཡིན།།
ཝ་མོ་ཁྱི་སྤྱང་རི་ཟུར་འགྲིམས་ནས་ཉམ་ཆུང་ར་ལུག་གསོན་པོར་བཟའ།།
ཞྭ་མོ་ནག་པོ་བོད་མིར་གཡོགས་ནས་འཛམ་གླིང་རྒྱལ་སྤྱིར་རྫུན་གཏམ་བསྒྲགས།།
ཟ་དངོས་ཐོན་འབབ་རྒྱ་ནག་དབོར་ནས་ས་གནས་བོད་མིའི་འཚོ་བ་རྒུད།།
འ་ཆད་འུ་ཐུག་ཐབས་ལམ་རྫོགས་ནས་རིན་ཆེན་མི་ལུས་རང་སྲེག་བཏང་།།
ཡ་མཚན་ཆེ་བའི་འཛམ་གླིང་མི་མང་རྒྱ་ལ་འཇིགས་ནས་རྒྱང་བལྟ་བྱེད།།
ར་མ་ལུག་གི་རྒྱལ་སྤྱིའི་ཆབ་སྲིད་ཡིད་ཆེས་བློ་གཏད་ཐུབ་པར་དཀའ།།
ལ་ལུང་བགྲོད་ནས་འཕགས་ཡུལ་བདེ་འབྱོར་བདེ་སྐྱིད་རྩ་བ་འདི་རུ་བཙུགས།
ཤ་ཚ་ཡོད་ན་རང་ཡུལ་རང་མིར་ལྷག་བསམ་དཀར་པོའི་ལམ་སྟོན་ཟབ།།
ས་ཕྱོགས་གང་སར་བོད་མི་ཁ་འཐོར་སྐད་ཡིག་སྲུང་སྐྱོབ་ཉིན་སྐར་ཙམ།།
ཧ་ལ་ཧོ་ལེའི་ལས་བྲེལ་གསེང་ནས་རང་སེམས་འཆར་སྣང་ཤོག་སྟེང་ཤོར།།
ཨ་གསར་གཏམ་གྱིས་མི་སེམས་བསླུ་བ་དེང་དུས་ཆབ་སྲིད་མཁས་པའི་མི།།
ཀ་ཡེ་གདོང་དམར་བོད་རིགས།
ཁ་བ་ཅན་པ་གཅིག་མཚུངས།
ག་ནས་བལྟས་ཀྱང་ནང་པ།
ང་དང་ང་འདྲ་ཤ་སྟགས།
ཅ་ལ་ཅོ་ལེ་མ་ལབ།
ཆ་ལུགས་བོད་ཆས་གྱོན་དང་།
ཇ་ཆང་དགའ་བདེར་རོལ་ནས།
ཉ་ལྟར་འཁྱུག་རྩལ་སྟོན་དང།
ཏ་ཐ་ག་ཏའི་བསྟན་པར།
ཐ་ན་དག་སྣང་སྦྱོངས་དང་།
ད་གཟོད་བདེ་སྐྱིད་ཉི་་མ།
ན་ཚོད་རྒས་དང་མཉམ་འོངས།
པ་སངས་གཟའ་ལ་སྐྱེས་པའི།
ཕ་བཟང་བུ་ཡི་བྱེད་རྗེས།
བ་ལྟར་ཉལ་ནས་མ་སྡོད།
མ་ལྟར་ལ་ལུང་བརྒྱབ་ཤོག
རྩ་བ་ཆེ་བའི་མི་ལུས།
ཚ་བའི་རོང་ལ་གྱར་སོང་།
མཛའ་བརྩེ་ལྡན་པའི་གཏན་གྲོགས།
འབ་ཆེན་ཡུལ་ལ་ཡོད་འགྲོ
ཞྭ་སེར་བསྟན་པར་དད་ནས།
ཟ་ཧོར་རྫོགས་ཆེན་ཐོབ་བྱུང་།
འ་ཆད་འུ་ཐུག་མི་ལུས།
ཡ་མེད་དལ་འབྱོར་ཚང་སོང་།
ར་ལུག་རྟ་ནོར་མེད་ཀྱང་།
ལ་ལུང་མང་པོའི་རྒྱབ་ཏུ།
ཤ་ཁྲག་མི་གཅིག་ཁྲོད་ཀྱི།
ས་མཐའ་གཅིག་ཏུ་བསླེབས་འདུག
ཧ་ཅང་སྡུག་ག་མི་འདུག
ཧ་ཅང་ཡག་ག་མི་འདུག
ཨ་མ་དྲིན་ཆེན་དྲིན་དང།
ཨ་མ་ཡང་ཡང་དྲན་བགྱིད།
ཡག་མོ་འགའ་བྲིས་འདའ་།རྗེས་སུ་ཡིད་རང་ཡིན་མོ་་།ཀ་ཁ་་མ་ཚོ་་དུས་ཚོད་་དེ་
ལ་བསྐྱལ་ནས་སྡོད་ལྟོ་རག་འགྲོ་།ཧ་ཧ་
ཀ་གཅིག་གུར་ནང་སྨྱིད་པ་ལ་།
ཁ་ཕྱོགས་ག་ལ་གྱུར་གྱུར་རེད་།
ག་རུ་འགྲོ་ན་ཁྱེར་ཆོག་འདུག་།
ང་ལ་མ་རྟོག་སུུ་ལའང་མེད་།