གཞུང་པ་ཚེ་དབང་བསོད་ནམས།
ཀ་ཁ་ང་ཡི་མིང་ཡིན།།
ཁ་ཟས་ང་ཡིས་མི་ཟ།།
ག་རུ་བཏང་ཀྱང་ང་འགྲོ །
ང་ནི་བོད་མིའི་གཡོག་པོ།།
ཅ་ཡིག་གན་ཡིག་ངས་བཟོས།།
ཆ་རྒྱུས་ལམ་སྟོན་ངས་བྱས།།
ཇ་དང་ཆུ་རིགས་མི་འཐུང་།
ཉ་མོ་བཞིན་དུ་ང་འཁྱུགས།།
ཏ་ཟིག་ཡུལ་དུ་ང་འཁྱམས།།
ཐ་མ་བོད་མིས་ང་ཉར།།
ད་ལྟ་ང་ལ་མཐོང་མེད།།
ན་སོ་རྒས་པས་ཡིན་ནམ།།
པ་ལིའི་ཡི་གེར་ང་འདྲ།།
ཕ་ལམ་ལྟ་བུའི་ངར་ནི།།
བ་ཕྱུགས་ལས་ཀྱང་མཐོང་མེེད་།
མ་རབས་ངོ་མེད་བོད་མིར།།
རྩ་བ་བརྟན་པོ་ངས་བཙུགས།།
ཚ་གྲང་ཆ་ཚང་ངས་མྱངས།།
ཛ་ཏིའི་སྨན་ངོ་ངས་སྤྲད།།
ཝ་རྟི་ཡི་གེ་ངས་སྤུན།།
ཞང་ཞུང་ཡུལ་དུ་ང་སྐྱེས།།
ཟ་ཧོར་རྒྱལ་ཁམས་ང་མྱུལ།།
འ་འུབ་མི་འདུས་ང་འབོད།།
ཡ་རི་མ་རིར་ང་བཏང་།།
ར་བ་གངས་ཁྲོད་ང་འགྲིམས།།
ལ་ལུང་ཚང་མ་ང་བསྐོར་།
ཤ་ཚའི་འགན་ཁུར་ངས་བླངས།།
ས་ཆ་འདི་རུ་ང་ཉམས།།
ཧ་ཧ་བོད་པར་བལྟོས་དང་།།
ཨ་གསར་མ་རྟོགས་མི་ཤེས།།