རྗེ་བཙུན་འཇམ་པའི་དབྱངས་ཡི་གེའི་གཟུགས་སུ་ཤར་བ་དགེ་ལྡན་སྙན་བརྒྱུད་ཀྱི་བཀའ་གདམས་སྤྲུལ་བའི་གླེགས་བམ་དེ་རྗེ་ཙོང་ཁ་པས་རྟོགས་ལྡན་འཇམ་དཔལ་རྒྱ་མཚོ་ལ་གནང་། ཁོང་གིས་བ་སོ་ཆོས་ཀྱི་རྒྱལ་མཚན་ལ་གནང་། དེས་སྟོད་ལུང་པ་དཔའ་བོ་རྡོ་རྗེ་དང་རྗེ་མི་ལའི་རྗེས་ནས་ཚེ་གཅིག་ལུས་གཅིག་ལ་ཟུང་འཇུག་གི་སར་གཤེགས་པའི་གྲུབ་ཆེན་ཆོས་ཀྱི་རྡོ་རྗེ་ལ་གཏད། གྲུབ་ཆེན་ཆོས་ཀྱི་རྡོ་རྗེ་ནས་རྒྱལ་བ་དབེན་ས་པ་བློ་བཟང་དོན་གྲུབ་ལ་གནང་། ཁོང་གིས་དགའ་ལྡན་ལྷ་བརྒྱ་མའི་མཛད་པ་པོར་གྲགས་པ་མཁས་གྲུབ་སངས་རྒྱས་ཡེ་ཤེས་ལ་གནང་། དེ་ནས་པཎ་ཆེན་བློ་བཟང་ཆོས་རྒྱན་གྱི་བར་དུ་བཀའ་གཏད་ཀྱི་ཚུལ་དུ་ཕེབས་ཤིང་། དེ་ནས་བཟུང་སྟེ་དགེ་ལྡན་སྤྲུལ་བའི་གླེགས་བམ་འདི་ཧ་ཅང་གསང་བ་ལྐོག་གྱུར་གྱི་ཚུལ་དུ་བཞུགས་འདུག་ལ། གླེགས་བམ་འདི་ནི་ཐ་མལ་བའི་ཤོག་ངོས་སུ་ཡོད་པ་ཞིག་མ་ཡིན་པར་ལས་དག་པའི་སྣང་ངོར་ཡི་གེའི་གཟུགས་སུ་མཇལ་དུ་ཡོད་པའི་མཁའ་འགྲོའི་བརྡ་ཡིག་ལྟ་བུ་དཔེར་ན་རྙིང་མའི་ཀུན་བཟང་སྤྲུལ་བའི་གླེགས་བམ་ལྟ་བུ་ཞིག་ཏུ་བཞུགས་པས། བོད་ཀྱི་མཁས་པའི་ཁྲོད་དུ་འདིའི་སྐོར་ནས་གསུང་རྩོམ་མཛད་ཡོད་པ་རེར་ཐུགས་རྒྱུས་ཡོད་ན་གླེང་སློང་རེ་ཡོད་རེ་ཆེ།
ལོ་ཤས་སྔོན་དུ་དགོན་གསར་ཆོས་རྗེས་སྤེལ་བའི་སྐད་འཁོར་ཞིག་མཐོང་སོང་ཁྱེད་ཀྱང་དེ་རྗེས་འབྲང་ནས་གསུངས་ཀྱིན་ཡོད་པ་འདྲ། ནང་དོན་གཅིག་པ་རེད་འདུག སྐད་འཁོར་དེ་ལྡི་ལི་ནས་རག་སྐད་འདུག་དེ་ལ་གཟིགས་དང་ད་དུང་གསལ་ཁ་ཅན་ཡང་ཡོད་རྒྱུ་རེད།
ཡེ་ཤེས་ལགས། མིའུ་ཕྲུག་གིས་བཤད་པ་བདེན། ངས་ཀྱང་དགོན་གསར་སྤྲུལ་སྐུའི་བརྙན་འཁོར་དེ་ལས་དེ་ཁོས་དེ་འདྲ་ཞིག་ཤོད་པ་མཐོང་ཐོས་བྱུང་། དེ་ཡང་ཁོས་བཤད་དོན། ལ་ལས་དགེ་ལུགས་པ་ལ་སྙན་བརྒྱུད་ཡོད་པ་མ་རེད་ཟེར་ཁུལ་བྱེད་ཀྱི་འདུག དེ་རྫུན་རེད། རྙིང་མ་པ་ལ་སྙན་བརྒྱུད་ཡོད་ན་དགེ་ལུགས་པ་ལ་ག་རེ་བྱས་ནས་མེད་པ་རེད། ངས་མཐོང་མྱོང་ཞེས་ཤོད་པ་མཐོང་ཐོས་བྱུང་། ཡིན་ན་ཡང་ཁོས་འདིར་ཡོད་དང་དེར་ཡོད་ཁ་གསལ་པོ་ཞིག་བཤད་མ་བྱུང་སྙམ། དགོན་གསར་སྤྲུལ་སྐུས་ཕལ་ཆེར་གླེགས་བམ་གྱི་རྣམ་པར་ཡོད་པ་ཞིག་ཏུ་འདོད་ཀྱིན་ཡོད་པ་འདྲ།
འོ་ལེ། གྲུབ་མཐའ་གཅིག་གིས་གཅིག་ལ་འགྲེན་བཙུགས་ནས་གླེགས་བམ་འཚོལ་གྱིན་ཡོད་ན་ད་དུང་བཙལ་རྒྱུ་མང་རྒྱུ་རེད་ཡ། དེ་ལས་ཁ་རོག་གེ་བསྡད་ན་སྐྱིད་པོ་མི་འདུག་གམ།
དགོན་གསར་ཆོས་རྗེ་ཟེར་བ་དེ་སུ་རེད། མིང་དེ་འདྲ་ཡོད་པའི་དམ་ཉམས་ཤིག་ཞིག་བོད་ནས་ཤི་སོང་བསམས། དེས་སྤེལ་བའི་སྐད་འཁོར་ཞིག་ད་དུང་མཐོང་མ་སོང་། ངའི་རྙིང་མའི་གྲོགས་པོ་ཞིག་གིས་བཀའ་གདམས་སྤྲུལ་བའི་གླེགས་བམ་གྱི་ནང་དུ་བཀའ་གདམས་ཕ་ཆོས་བུ་ཆོས་ཀྱི་ཆོས་ཚན་རེ་ཡོད་པ་འདྲ་ཞིག་གསུངས་སོང་། གང་ལྟར་ད་ལྟ་བར་དུ་བྱོན་པའི་དགེ་ལྡན་པའི་བསྟན་འཛིན་དག་གི་ཁྲོད་དུ་སྙན་བརྒྱུད་སྤྲུལ་བའི་གླེགས་བམ་འདིའི་བརྒྱུད་པ་འཛིན་མཁན་རེ་ཡོད་མེད་དང་། པཎ་ཆེན་ཆོས་རྒྱན་ནས་བཀའ་གདམས་སྤྲུལ་བའི་གླེགས་བམ་དང་དགེ་ལྡན་ཕྱག་རྒྱ་ཆེན་པོ་གཉིས་བཀའ་ཕྱག་ཆུ་བོ་གཉིས་འདྲེས་སུ་གྱུར་ཏེ་དམིགས་བསལ་སྤྲུལ་བའི་གླེགས་བམ་འདི་གཅིག་ནས་གཅིག་ལ་བཀའ་གཏད་གནང་སྲོལ་འདི་ཕལ་ཆེར་མཚམས་བཞག་པ་ལྟ་བུ་ཞིག་ཏུ་མཐོང་ནས་གླེང་སློང་ཞིག་བྱས་པ་ཡིན། གཞན་མཁྲིས་ནད་ཅན་ཚོར་དུང་དཀར་གྱི་ཁ་དོག་འདྲི་གི་མེད་ཡ།
དགོན་གསར་ཆོས་རྗེའི་སྐད་འཁོར་དུ་སྙན་རྒྱུད་སྤྲུལ་པའི་གླེགས་བམ་དེ་བཀྲ་
ཤིས་ལྷུན་པོ་རུ་ཁོང་ཉིད་ནས་མཐོང་མྱོང་བས་མཁའ་འགྲོའི་བརྡ་ཡིག་ཏུ་འདུག་ཟེར། སྙན་རྒྱུད་དེའི་ཆོས་བདག་རྒྱ་ཆེན་རྡོ་རྗེ་ཤུགས་ལྡན་ཡིན་སྐད་དུ་བཤད་སོང་། ཁྱེད་ཀྱང་དེ་ལ་ཉན་ནས་རྩོམ་ཡིག་འདི་སྤེལ་བ་ཡིན་ངེས་རེད། ངས་གོང་ནས་བཤད་ཡོད་ཨ་ལགས་དོལ་རྡོ་དོལ་རྒྱལ་དང་དང་ཇེ་ཉེར་གྱུར་ཞིང་དོལ་རྒྱལ་ཚོགས་པ་གོང་ཁྲན་དང་ཇེ་ཉེར་གྱུར་པ་འདི་ང་ཚོས་ངེས་པར་ཤེས་དགོས
རྗེ་བླ་མ་ནས་བརྒྱུད་པའི་དགེ་ལྡན་པའི་ཟབ་ཆོས་ལྕགས་རི་ལས་མི་འདའ་བ་འདིའི་བདག་པོ་དམ་སྲི་ཞིག་ལ་བཅོལ་དགོས་ད་དུང་ཐུག་མེད་པའི་ཡིད་ཆེས་ཡོད། དམ་སྲི་འདི་ཚོས་རི་བོ་དགེ་ལྡན་པའི་བསྟན་པ་དང་བསྟན་འཛིན་དག་ལ་ཐུབ་ཚོད་གཏོང་རྒྱུ་མང་དྲགས་སོང་།
ང་གུ་རུ་རིན་པོ་ཆེ་དང་གོང་ས་སྐྱབས་མགོན་ཆེན་པོ་གཉིས་གཏན་གྱི་སྐྱབས་གཅིག་ཏུ་སྙིང་ནས་གསོལ་བ་འདེབས་མཁན་ཞིག་དོལ་རྒྱལ་དང་ཇེ་ཉེ་ཟེར་བ་འདི་རང་གིས་ཁྱོད་རང་གི་སྙིང་ལ་རྒྱལ་འགོང་དེ་ཞུགས་ནས་མི་ཉེས་མེད་ལ་སྐུར་འདེབས་དང་ཆོས་བདག་མེད་ལ་ལོག་ལྟ་བྱས་ནས་དམ་སྲི་དེ་དང་མཉམ་དུ་དམྱལ་བའི་གཏིང་དུ་འགྲོ་བའི་སྟ་གོན་བྱེད་པ་དེ་ངོ་ཤེས་ན་ལེགས།
འདུག་ས་དགོན་པ་ནས་མི་འདུག རྩོད་ས་ཆོས་གྲྭ་ནས་མི་རྩོད་པར་ཁ་བརྡའི་ཐོག་ལ་ཡོང་ནས་མི་སྐྱ་ཚོ་དང་འདྲེས་ཏེ་དགའ་དུས་རྟ་མཇེ་བོང་མཇེ་བཤད། སུན་དུས་ལྐོག་གྱུར་གྱི་ཆོས་བཤད་ཁུལ་བྱས་ན་འབབ་རྒྱུ་མགོ་ལ་དོལ་རྒྱལ་བབས་སོང་ང་། ད་བོད་ཀྱིས་འགྲིག་མ་སོང་དང་སྤྱི་ཚོགས་ཀྱིས་འགྲིག་མ་སོང་ཟེར་བ་ལྟ་བུའི་ལེ་བདའ་དང་སྐུར་འདེབས་བྱས་མ་ཡོང་། ངས་ཁྱོད་ལ་ཁྱོའི་ལག་གི་གླེགས་བམ་སེར་བོ་དེ་ཚོས་མྱི་སྐྱ་མགོ་ནག་འདི་ཚོའི་མགོ་མ་རྡུང་སྤྱད་མ་བྱེད་ཟེར་ན་ཁ་མི་ཉན་གི ད་ཆང་ཞིམ་པོ་མེད་རུང་རང་གིས་བསྙལ་བའི་ཆང་རེད། འཐུང་རྒྱུ་མ་གཏོགས་བཀོད་པ་གཞན་ཅི་ཡོད།
ངས་བྲིས་པའི་བོད་རྒྱལ་ཁབ་ཆེན་པོའི་རྒྱལ་གླུའི་རྩོམ་པ་པོ་དང་རྟགས་རྟེན་འབྲེལ་མགོ་ནས་འཆུགས་འདུག་ཅེས་པ་དེ་བཀླགས་ན་གཞི་ནས་སུ་ཞིག་དོལ་རྒྱལ་དང་ཐག་ཉེ་བ་དང་སུ་ཞིག་གིས་དོལ་རྒྱལ་དང་ཐག་རིང་བ་དེ་རྟོགས་ཐུབ།
གཏམ་ཡ་མཚར་དག་དག་བཤད། ཀླུ་སྨྱོན་འདིའི་ཁ་ལ་ཚོད་ཅིག་ངོ་མ་དགོས། དེ་མིན་ཁ་བརྡ་འདི་ལ་ཞུགས་འདོད་པའི་མི་ཡོད་རྒྱུ་མ་རེད།
དགེ་ལྡན་པ་ལ་རྩ་ཆེ་བ་ཞིག་ཡོད་ན། དེ་ནི་ཕལ་ཆེར་རྗེ་རིན་པོ་ཆེའི་གསུང་པོ་ཏི་བཅོ་བརྒྱད་པོ་དེ་དག་ཡིན་པ་ཡོད། དེ་ལས་གཞན་པ་ཞིག་ན་གསང་བ་ལྐོག་གྱུར་ཞེ་བོ་ཞིག་ཡོད་རེད་ཟེར་བ་དེ་ལ་ཡིད་ཆེས་ཅང་ཡོད་མདོག་མེད། གནའ་ཡིན་ནའང་ས་འོག་རྡོ་འོག་ནས་འདྲ་མིན་འཁྱེར་ཡོང་ནས་ནང་ཆོས་ཀྱི་དྲོ་བ་བརླག་གིས་བཅུག་པ་རེད། རྗེ་རིན་པོ་ཆེས་བསྟན་པར་དག་ཐེར་ཐེངས་ཤིག་བྱས་པ་དེ། ད་ཡང་འགོང་བོ་ཁ་ཤས་ཀྱིས་སྔར་མེད་གསར་གཏོད་འདིས་རྗེའི་ཞབས་ལ་ཐ་གུ་ནག་པོ་དགུ་བཏགས་པ་ཡིན་ཙང་༧གོང་ས་མཆོག་གིས་རིས་མེད་ཀྱི་གདམས་པ་ཉམས་ལེན་བྱེད་ཤེས་ན་གདན་ཐོག་གཅིག་ལ་འདོད་དོན་བདེ་བླག་ངང་འགྲུབ་ཡ་ཡོད་པ་འདི་གསུངས་པ་རེད། རིགས་ཀྱི་བུ་དང་བུ་མོ་དག་གང་ན་ཡོད་ན་འདི་ཉམས་ལེན་བྱོས། དེ་མིན་ཉལ་བསྡད་ན་དགའ་ལེ་རེད། དེ་མིན་ཁ་བརྡ་དྲ་བ་འདིར་བོད་ནང་ལོགས་སུ་བཤད་པའི་ཐོབ་ཐང་མེད་པ་མང་བོ་ཞིག་གི་སྒང་ལ་གླེང་མོལ་བྱེད་ཀི་ཡོད་རེད། ལྟ་བ་མ་མཐུན་པ་ཅུང་ཙམ་རེ་ཡོང་མདོག་ཁ་བོ་རེད། གཅིག་གཅིག་ལ་ཁ་ཕོག་སྣ་ཕོག་རེ་བྱུང་ནའང་བཟོད་བསྲན་བྱེད་ཡ་གལ་ཆེན་པོ་རེད། མ་གཞི་ས་མཐའ་འདི་འདྲ་ཞིག་ནས་སྐད་ཆ་ཤོད་ས་ཞིག་ཡོད་པ་འདི་བསམ་བློ་ཞིབ་ཏུ་བཏང་ན་དགའ་བ་སྒོམ་དགོས་པ་འདྲ་ཞིག་ཡིན་མོད། བསྲན་མི་མཁན་དེ་འདྲ་ཡོད་ན་དང་བོ་ནས་སྐད་ཆ་བཤད་ཀི་མ་ཡོང་ན་ཡག་གི་རེད།།
ས་འོག་རྡོ་འོག་ནས་ཁྱེར་ཡོང་བ་ཚང་མ་དེ་འདྲ་ཡིན་རྒྱུ་མ་རེད། རྗེ་རང་ཉིད་ནས་ཀྱང་འགོག་པ་རི་ནས་ཆོས་དུང་བཞེས་པ་རེད་ལ། འཇམ་དབྱངས་བཞད་པས་ཀྱང་གཏེར་ལུང་ནས་མ་ཅིག་གི་གཏེར་སྐལ་བཞེས་པ་རེད། དེ་མིན་ད་དུང་ཡོད་ཀྱང་སྐབས་སུ་མ་བབས། གོང་ས་མཆོག་གིས་དིལ་མགོ་མཁྱེན་བརྩེ་སོགས་རྙིང་མའི་བླ་མ་དག་ལས་གསན་པའི་ཆོས་ཀྱི་ནང་དུ་ཡང་གཏེར་མ་ཤིན་ཏུ་མང་། ལྷག་པར་དུ་བདུད་འཇོམས་ཁྲག་འཐུང་གླིང་པའི་གཏེར་མ་དང་དིལ་མཁྱེན་རང་ཉིད་ཀྱི་དགོངས་གཏེར་མང་བསམས།
གཞན་ད་དུང་འཇུ་མི་ཕམ་པར་རྒྱུད་བཞིའི་དབྱངས་འཆར་ཆེན་མོ་ཞེས་པ་ཞིག་གི་དག་སྣང་བྱུང་ཚུལ་ཡང་འདུག་པས། འདི་དག་ཚང་མ་རང་རེའི་རིག་གཞུང་གཞན་ལ་མེད་པའི་ངོ་མཚར་བ་དག་དག་རེད།
བོད་མི་རིགས་ཀྱི་གནས་བབ་ལ་ཆེད་དུ་དམིགས་ཏེ་ངོ་མཚར་ཆེ་བའི་ཁ་བརྡ་ཞེས་པའི་དྲྭ་རྒྱ་ཞིག
དྲི་མ་དང་བྲལ་བའི་ལྷག་བསམ་གྱིས་ལྷ་དར་ཡུགས་གཅིག་གིས་ཚབ་ཏུ་སྤེལ་བྱུང་བ་འདི་ནི། སྐད་ཡིག་དར་སྤེལ་བྱེད་སའི་ཞིང་ས་དང་། བསམ་བློ་བརྗེ་རེས་བྱེད་པའི་གར་སྟེགས། སྣ་མང་བསམ་བློ་བསྡུ་བའི་འགེང་ཤོག་སྟེ། མདོར་ན་མི་རིགས་འདི་ཉིད་ལ་ཞབས་ཞུ་བྱེད་པའི་བྱ་གཞག་ངོ་མ་ཞིག་གིས་ངོ་བོར་མཐོང་སོང་།ཡིན་ཡང་སྐབས་འཚོལ་རིང་ལུགས་པ་དུ་མས་འཚང་ཀ་ཤིག་ཤིག་གིས་གཏོར་བརླག་བཏང་བཞིན་ཡོད་པ་ནི་ང་ཚོས་མངོན་གསལ་དོད་པོས་ཤེས་ཐུབ་ལ་གོང་གི་རྩོམ་ཡིག་འདིའང་དེ་དག་གི་ཆ་ཤས་ཤིག་ཡིན། དགེ་ལུགས་པ་ལ་མཚོན་ན་འཇམ་མགོན་ཙོང་ཁ་པས་ལམ་བསྔགས་ཀྱི་་རིམ་པ་གཉིས་ཀྱིས་མཚོན་པའི་གསུང་འབུམ་པོད་བཅོ་བརྒྱད་འདི་དག་རྗེ་བཙུན་འཇམ་པའི་དབྱངས་ཀྱིས་སྙན་བརྒྱུད་ཟབ་ཆོས་བླ་ན་མེད་པ་ཤ་སྟག་རེད། དེ་ལས་གཞན་པའི་དམིགས་བསལ་གྱིས་གཏེར་ཆོས་སྙན་བརྒྱུད་ཞིག་ཡོད་ཟེར་བ་ནི་སློབ་དཔོན་ཆེན་པོས། དམ་མེད་དམ་རུ་བརྫུ་རྣམས་ཀྱིས།། གཏེར་མིན་གཏེར་འདྲ་ཁྱེར་བ་འོང་།། ཞེས་པའི་ལུང་བརྟན་ལས་མ་འདས་ཤིང་ཁྱད་པར་དུ་ཁྱེད་ཀྱི་རྩོམ་ཡིག་འདི་ཡི་འབྱུང་ཁུང་དོལ་རྒྱལ་ཚོགས་པ་མ་ཡིན་ན་དོལ་རྒྱལ་དང་འབྲེལ་བ་མེད་པའི་དགེ་ལུགས་པའི་བླ་མ་སུ་འདྲ་ཞིག་གིས་གསུངས་ཡོད་པ་གསལ་པོ་གསུངས་རོགས།།།
ཀླུ་སྨྱོན། མཁའ་འགྲོའི་བརྡ་ཡིག་འདི་གསང་སྔགས་ཀྱི་ལམ་ལ་བརྟེན་ནས་རླུང་སེམས་གཉིས་ལ་རང་དབང་ཐོབ་པ་ཞིག་མིན་ཚེ། འཕགས་པ་རྣམས་ཀྱིས་སྨད་པའི་གནས་སུ་གྱུར་པའི་སྡིག་པ་མི་དགེ་བ་གསོག་མཁན་ཞིག་གི་ལག་ཏུ་ཅི་ལྟར་སོན། དྲིན་ཅན་པོ། དེ་ལས་ཤལ་བྷ་ལའི་བརྡ་ཡིག་ཅེས་བརྩམས་སྒྲུང་རེ་འབྲི་ཐུབ་ན་དེ་ལས་རྨད་དུ་བྱུང་བའི་ལས་ཀ་ཞིག་ཡོདཔ་མ་རེད།
ཡེ་ཤེས་ལགས། ད་ཁྱེད་ཚོ་སྟག་སེང་ཁ་འཐབ་པའི་བར་དུ་ང་ལྟ་བུའི་ཝྭ་སྐྱེས་ཤིག་རྒྱུ་བ་ལ་ཞེད་སྣང་འདུག་ཀྱང་ཁྱེད་ལ་གསལ་བཤད་ཉུང་ངུ་འདི་ཞུ་འདོད་བྱུང་། དགོན་གསར་སྤྲུལ་སྐུ་ཟེར་བ་དེ་ཤུགས་ལྡན་ཚོགས་པའི་བླ་རྒན་ཁ་བདེ་བོ་དེ་རེད། ཁོ་ཁམས་སྟོད་ཡུལ་ཤུལ་ཕྱོགས་ཤིག་ལ་ཡོང་ནས་གཏམ་བཤད་བྱས་པ་བརྙན་འཁོར་དུ་བཅུག་པ་ཞིག་རྒྱ་གར་དུ་སླེབས་འདུག མིའུ་ཕྲུག་གིས་ཀྱང་གསལ་པོ་གོ་འདུག་པ་དེ་རེད། དེ་ནས་མི་འགྱངས་བར་ཁོ་རང་གྲོངས་སོང་བ་རེད། བརྙན་འཁོར་དེ་ཕལ་ཆེར་ཁོ་རང་གི་ཁ་ཆེམསལྟ་བུར་གྱུར་པ་རེད།
ས་འོག་རྡོ་འོག་ནས་བཏོན་མ་བཏོན་བཤད་ན་ྐླུ་སྒྲུབ་ཀྱིས་ཤེར་ཕྱིན་རྒྱས་འབྲིང་བསྡུས་གསུམ་ྐླུ་ཡུལ་ནས་གདན་དྲངས་པ་དང་ཐོགས་མེད་ཀྱིས་བྱམས་ཆོས་སྡེ་ལྔ་དགའ་ལྡན་ནས་གདན་དྲངས་ལྟ་བུ་ལས་སྤྱིར་ཐེག་པ་ཆེན་པོ་དེ་ལས་ཀྱང་གསང་བ་སྔགས་ཀྱི་རྒྱུད་སྡེ་དེ་ཚོའི་འབྱུང་ཁུངས་ཀྱང་གཏེར་ཆོས་ལྟ་བུ་ཞིག་ལ་མི་གཏུག་ཀ་མེད་རེད་མི་འདུག་གམ།
རེད་ཡ། མི་ལ་ངན་སྨྲས་བྱེད་དུས་ཚིག་ངན་པའི་ཕྲེང་བ་སྣ་ཚོགས་ཐོགས་མེད་དུ་ཁ་ནས་འབབ་ཡོང་བ་འདི་དག་ཀྱང་དགོངས་གཏེར་གྱི་རིགས་ཤིག་རེད། མི་འདི་དག་འདུས་ནས་ཚིག་རྩུབ་ཀྱི་ཚིག་མཛོད་རེ་བསྒྲིགས་ཐུབ་རྒྱུ་ན་ཁ་རླངས་འཕྲོ་བརླག་ཏུ་མ་བཏང་བའི་ཚབ་རེད། དེ་མ་གཏོགས། ཚིག་རྩུབ་སྐྱེ་བ་རྗེས་མར་ཚིག་མི་བཙུན། །ཞེས་པ་ལས་འབྲས་བུ་ཅི་ཡང་ཡོད་པ་མ་རེད།
ཨོ་ཁྱོད་ཚོས་དོལ་ཚོགས་ཀྱི་བརྙན་འཁོར་དང་དེབ་ངན་དེ་ཚོར་གང་འདོད་དུ་ལྟ་གིན་ཡོད་པ་འདྲ། ངས་ནི་སྔོན་ཆད་རེ་ཟུང་ལ་ལྟ་ཙམ་རེ་བྱས་ཚེ་ཉིན་གང་བོར་སེམས་པ་མི་སྐྱིད་པ་ཞིག་ཆགས་ཡོང་གི་འདུག་པས་དེ་ནས་བཟུང་ལྟ་མཚམས་བཞག་པ་ཡིན། ང་ཚོའི་དཔེ་མཛོད་དུ་ཨ་མདོ་གཅན་ཚའི་ཡོན་རྒྱམ་གྱི་དེབ་ངན་སེར་པོ་དེའི་གཅིག་བསླེབས་ཀྱང་ལོ་དྲུག་གི་རིང་ལ་ལག་པ་འཆང་ཙམ་ཡང་བྱས་མེད། ངའི་གོ་ཚོད་ལ་རྡ་ས་ནས་ཨ་མདོའི་གསར་བུ་སྐོར་ཞིག་གིས་དེབ་ངན་དེར་དགག་རྩོམ་འབྲི་དུས་དེའི་ཤོག་ལྷེ་རེ་ཉར་ཡོད་དུས་དགོང་མོར་རྨི་ལམ་འཁྲུགས་ནས་ཅིག་དཀའ་སོང་རབས་ཟེར། གང་ལྟར་དམ་ཉམས་ཀྱི་གྲིབ་ཟེར་བ་ཞིག་ཕོག་རྒྱུ་ཡོད་ཐག་ཆོད་རེད་དེ། རྗེ་རྒོད་ཚང་བས། གངས་ཅན་གྱི་སྤྲང་པོ་རིན་ཆེན་དཔལ། །དགྲ་དམ་ཉམས་མིན་པ་ཞེད་ས་མེད། །གྲོགས་བླ་མ་མིན་པ་སྐྱོབ་ས་མེད། །ཅེས་མགུར་བཞེངས་འདུག
སྐད་ཆ་ཐད་ཀར་བཤད་ན་ཨ་ལགས་ཀླུ་སྨྱོན་འདིས་ཁུངས་མེད་ཀྱི་ལོ་རྒྱུས་རེ་རེ་དྲངས་ཏེ། དོན་མེད་ཀྱི་འཆལ་གཏམ་སྣ་ཚོགས་ཀྱིས་དུས་ཚོད་འགྲོ་ཐབས་ཁོ་ན་བྱེད་བཞིན་འདུག ལེགས་པ་སོམས་དང་། ཁྱེད་ཀྱིས་དགོན་གསར་སྤྲུལ་སྐུའི་སྐད་འཁོར་ལ་བལྟས་པ་མིན་ན་སྐད་ཆ་འདི་གང་ནས་ཡོང་བ་ཡིན། ཡང་ན་ཁྱེད་ཀྱི་དགོངས་གཏེར་ཡིན་རྒྱུ་རེད། ད་དུང་ཁྱེད་ཀྱིས་རང་ཉིད་ཀྱི་ཁོར་ཡུག་མི་མཐོང་བཞིན་དུ་མཁྱེན་རྒྱ་ཆེ་མདོག་གིས་མི་རིགས་བཞན་དང་ཆོས་ལུགས་བཞན་གྱིས་གནས་བབ་གླེང་ནས་མཁས་ཉམས་བསྟན། དོན་དུ་ཁྱོད་ཀྱིས་ཅི་ཞིག་ཤེས་པ་དང་ཁྱེད་ཀྱི་རང་གཤིས་གང་ཡིན་གོང་གི་ལུང་འདྲེན་འདི་ཡིས་ཐོག་ནས་ཤེས་ཐུབ་ཏེ་ཁྱོད་ན་རེ། རྗེ་རྒོད་ཚང་བས། གངས་ཅན་གྱི་སྤྲང་པོ་རིན་ཆེན་དཔལ། །དགྲ་དམ་ཉམས་མིན་པ་ཞེད་ས་མེད། །གྲོགས་བླ་མ་མིན་པ་སྐྱོབ་ས་མེད། ཞེས་དྲངས་འདུག་རྒོད་ཚང་པ་དང་རིན་ཆེན་དཔལ་གཉིས་གང་ཟག་ཐ་དད་ཡིན་པ་ཙམ་ཡང་ཤེས་མི་འདུག་ཁྱོད་ངོ་མི་ཚ་ན་ང་ངོ་ཚ་བྱུང་ཨ་ཁཁཁཁཁཁཁ
ཨོ་འདིར་ཐོག་མའི་གླེང་སློང་ཡོང་ས་དེ་ནི་པཎ་ཆེན་ཐམས་ཅད་མཁྱེན་པའི་བཀའ་སློབ་ལམ་སྟོན་གཞིར་བཟུང་པེ་ཅིན་དུ་ཡོད་པའི་བོད་བརྒྱུད་ནང་བསྟན་སློབ་གླིང་གིས་རྩོམ་སྒྲིག་གི་འགན་ཁུར་བླངས་པའི་གངས་ཅན་རིག་བརྒྱའི་སྒོ་འབྱེད་ལྡེ་མིག་དེབ་བཅུ་བསྟེ་ཨ་ལགས་བསེ་ཚང་བློ་བཟང་དཔལ་ལྡན་ཚང་གིས་བསྒྲིགས་པའི་དཔལ་མཉམ་མེད་རི་བོ་དགེ་ལྡན་པའི་གྲུབ་མཐའི་རྣམ་བཞག་མདོ་ཙམ་བརྗོད་པ་འཇམ་མགོན་བསྟན་པའི་མཛེས་རྒྱན་ཞེས་བྱ་བ་བཞུགས་སོ། །ཞེས་པའི་ཤོག་ངོས་༢༣ནས་༢༩བར་དུ་སྙན་བརྒྱུད་སྤྲུལ་བའི་གླེགས་བམ་འདི་བླ་མ་གོང་སྨྲོས་དག་གིས་གཅིག་གིས་གཅིག་ལ་བཀའ་གཏད་གནང་ཚུལ་རོབ་ཙམ་ཞིག་འདུག་པ་དེ་ལས་བརྩམས་ཏེ་གླེང་བསླངས་པ་ཞིག་ཡིན་ལགས། དེ་བཞིན་རྒྱལ་དབང་འཇམ་དཔལ་རྒྱ་མཚོའི་ཡོངས་འཛིན་སྐྱིད་རོང་བླ་མ་ཡེ་ཤེས་རྒྱལ་མཚན་གྱིས་མཛད་པའི་ལམ་རིམ་བླ་མ་བརྒྱུད་པའི་རྣམ་ཐར་བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་ནས་པར་དུ་བསྐྲུན་ཅེས་པ་དེའི་ཤོག་གྲངས་༤༦༠ནས་༤༦༡ དུ་་་་་”དེ་ལྟར་རྒྱལ་བ་དབེན་ས་བ་ཆེན་པོ་ལ་གྲུབ་ཆེན་ཆོས་ཀྱི་རྡོ་རྗེས་འཇམ་མགོན་བླ་མའི་མདོ་སྔགས་ཀྱི་སྙན་རྒྱུད་མན་ངག་ཡོངས་རྫོགས་གནང་བའི་མཐར་སྤྲུལ་བའི་གླེགས་བམ་ཕྱག་ཏུ་གཏད་དེ་སྙན་རྒྱུད་བསྟན་པའི་བདག་པོར་མངའ་གསོལ།” ཞེས་སོགས་འདུག
“ངོ་སྤྲོད་རྟགས་ཀྱིས་བདེན་པ་ངོ་སྤྲད་ཀྱང་། །
ངམ་ནག་བཞིན་གྱི་གཉེར་མ་མི་སངས་པ། །
མདོར་ན་ཕྲག་དོག་ཅན་གྱི་སྐྱེ་བོ་དེའི། །
དགའ་བའི་དངོས་པོ་གཞན་གྱི་རྒུད་པ་ཉིད། །”
གོང་གི་རྒོད་ཚང་བ་དང་གྲུབ་ཐོབ་ཨུ་རྒྱན་པ་གཉིས་འགོད་ནོར་ཐེབས་འདུག དྲ་ཚིགས་འདི་ནི་ཚེ་ཕྱི་མའི་རྟ་རྔ་བཞི་བཤགས་ཡེད་ས་འདྲ་བོ་ཞིག་འདུག་ག
གོང་གི་བཤགས་དེ་གཤག་ལ་བཟོ་རོགས།
རྙིང་མའི་དགོངས་གཏེར་འདི་ལ་ཡང་མཐོང་ཆུང་བྱེད་རྒྱུ་མི་འདུག ༦གོང་ས་མཆོག་གི་བླ་མ་དིལ་མགོ་མཁྱེན་བརྩེ་རིན་པོ་ཆེ་ལ་ཡང་དགོངས་གཏེར་དུམ་པ་སུམ་ཅུ་ནང་ཟིག་ཡོད་ཁུ།
སུས་གང་ནས་དགོངས་གཏེར་རིགས་ལ་མཐོང་ཆུང་བྱས་སོང་། ཆོས་ཡིན་པ་གང་ཞིག་ལ་རྩ་ཆེ་ཆུང་ལོས་ཡོད། བླ་མ་ལ་ཡང་རྩ་ཆེ་ཆུང་རབ་འབྲིང་མང་བོ་འདུག དཔེར་ན། བླ་མ་ངོ་མ་དང་བླ་མ་རྗུན་མ། བླ་མ་ཁྲེལ་མེད་དང་བླ་མ་འཇོག་མེད་སོགས་སྣ་མང་ཡོད་པ་མཐོང་ཐོས་མ་བྱུང་ངམ། ད་རུང་རྗེ་རིན་པོ་ཆེས། མཇ༹ད་པ་ཀུན་ལས་གསུང་གི་ནི།།མཇད་པ་མཆོག་ཡིན་དེ་ཡང་ནི།།དེ་ཉིད་ཡིན་ཕྱིར་མཁས་པ་ཡིས།།འདི་ལས་སྟོན་པ་རྗེས་དྲན་བྱོས་ཞེས་གསུངས་འདུག མྱ་ངན་ལམ་གོལ་འཕྱན་པའི་དོལ་རྡོ་ཁྱོད་སྡུག་ལ་ཐུག་དུས་༧གོང་ས་མཆོག་ཟེར་ནས་ཁ་ནས་མ་ཎི་བཞིན་འདོན་པ་དང་། ཅུང་སོས་དལ་དུས་ཁྱོས་ཁོང་གི་གསུང་ལ་དངོས་ཤུགས་ཅི་རིགས་ནས་འཕྱ་སྨོད་བྱེད་སྟངས་འདིར་བལྟས་ན་ཤུགས་ལྡན་མིན་རུང་དགའ་རབས་ཀྱི་འཁོར་ཞིག་ལོས་ཡིན་དྲན་གི །
ཁྱི་སྤྲང་བོ་གཉིས་ཀ་ལམ་ནས་མི་འགྲིགས་ཟེར་བ་བདེན་ཀ ས་མཐའ་ཟིག་ན་ཕན་ཚུན་ཕ་གསོད་ཀྱི་ལག་དམར་ལྟ་བུར་སྡིག་རེས་འཆོར་རེས་བྱེད་སྲོལ་ལ་གཅིག་ལྟོས་དང་།
ངས་གོང་ས་མཆོག་གིས་ང་ལ་གསོལ་རས་གནང་བའི་དམངས་གཙོ་དང་འགྲོ་བ་མིའི་ཐོབ་ཐང་དེ་ལོངས་སུ་སྤྱད་ནས་རྩོམ་ཡིག་སྤེལ་གྱིན་ཡོད། མཐའ་གཅིག་ཏུ་གོང་ས་མཆོག་གི་གསུང་ལས་གོམ་པ་གང་ཡང་འདའ་ས་མེད་ན་དེ་ལ་དམངས་གཙོའི་ཐ་སྙད་ཅིག་སྦྱོར་སྲོལ་མེད་ཀ། མི་འདི་རིགས་ངོ་མ་རིག་གསར་སྐབས་ཀྱི་ཁ་ཡར་གྲགས་ལ་མའོ་དང་མར་གྲགས་ལ་མའོ་ཟེར་བས་གྲངས་ཀ་མེད་པའི་རྒྱ་རིགས་དང་བོད་རིགས་མང་པོ་དམར་གསོད་གཏོང་མཁན་གདོང་མཆོང་བ་སྡུག་རྩུབ་ཅན྄རེའི་རྣམ་ཤེས་ཡིན་པ་འདྲ། སངས་རྒྱས་ཀྱིས་ཀྱང་། ལེགས་པར་བརྟག་ལ་ང་ཡི་བཀའ། །བླང་བར་བྱ་ཡི་གུས་ཕྱིར་མིན། །གསུངས་འདུག་ག དེ་མིན་ཁོང་གིས། ལེགས་པར་བརྟགས་ནས་ང་ཡི་བཀར། །འདོར་ལེན་བྱེད་པ་གུས་མེད་ཡིན། །གསུངས་མི་འདུག་ག ཁྱོས་ང་འདི་ནས་ཚེ་རིང་སྐྱིད་བོད་ཀྱི་ཟིན་བྲིས་ནས་གསར་བུ་སྐྱག་འབུ་ལྟ་བུ་འགའ་ཡིས་བརྡ་བརྡ་ཞིག་བྱེད་པའི་ངན་སེམས་བརྒྱུད་མར་འཆང་གིན་ཡོད་པ་རེད་དེ། ངའི་ལག་པ་གཉིས་ཀ་མ་ཞ་བར་དུ་དང་མིག་རིལ་གཉིས་ཀ་མ་ལོང་བར་དུ་ཁྱོའི་བསམ་ངན་གདུག་རྩུབ་ཅན་དེ་འགྲུབ་གཅིག་འགྲུབ་ཀི་བཞུགས་དང་ན་ང་རྒྱ་དམར་གྱི་བཙན་འོག་ནས་རང་དབང་སྐྱབས་བཅོལ་ལུང་བར་ལུས་སྲོག་འབེན་ལ་བཞག་ནས་ཧི་མ་ལ་ཡའི་གངས་རི་བརྒལ་ཏེ་ཡོང་བ་དེ་ཁྱི་སྐེར་གཅིག་བཏགས་ནི་ཡིན། ཡ་ད་དེ་བྱོས།
གཙག་དགོས་ས་མི་དགོས་ས་གཉིས་ཀ་གཙག་མཁན་རོ་འབིག་གྲངས་རེད། ངས་རང་གིས་མ་འཇོན་ན་གང་ཤེས་མ་གཏོགས་སྐད་ཆ་རེ་བཤད་དུས་བསམ་བློ་གཏོང་ཁུལ་བྱེད་ཀྱིན་ཡོད། བདེན་དོན་བཤད་ན་ང་ནམ་ཡང་ཁྱོའི་གཞུག་ན་ཡོད། དེ་མིན་བདེན་དོན་གྱིས་ཕོངས་པའི་སྐད་ཆ་དཔེར་ན། ༧གོང་ས་མཆོག་གིས་འགྲིག་མ་སོང་མདོག་མདོག་གི་སྐད་ཆ་དེ་འདྲ་བཤད་ཡ་ཡིན་ན་ཁོང་ལ་ཞེ་བོ་དད་པ་ཡོད་མདོག་མ་བྱས་ན་ཡག་གི་རེད་བ་ཡིན། དད་པ་ཡོད་ན་གསུང་གཙི་དགོས་རེད། གསུང་བ་ལ་མོས་མཐུན་མེད་དད་པ་ཡོད་ཟེར་བ་མགོ་མཇུག་མི་མཐུན་པའི་སྐད་ཆ་རེད། ཁོང་གི་དབུ་མའི་ལམ་དང་ཆབ་སྲིད་ཐད་ཀྱི་བཀའ་སློབ་དེ་དག་ལ་དྲང་ངེས་ཀྱི་དགོངས་པ་འགྲེལ་ཡ་ཡོད་མ་རེད། བྱས་ཙང་ཁྱོས་ལེགས་པར་བརྟག་ལ་ང་ཡི་བཀའ་ཟེར་བའི་ལུང་དེ་འདིར་དྲངས་པ་དོན་མེད་རེད། མ་གཞི་གླེང་སྟེགས་འདིར་ཁྱོས་མཁས་རྟགས་བསྟན་ཆོག་སར་ངས་བླུན་རྟགས་བསྟན་ན་ལོས་ཆོག མུ་མཐུད་དུ་ཕེབས་རོགས།།
ཨ་རོ། གཞོན་ནུའི་ཚོགས་མི་ཁྲི་ཁར་ལོངས་པ་འདི་ཚོར་ཡང་རྒྱལ་དབང་ཚང་ལ་དད་པ་ཡོད་མེད་ཐེ་ཚོམ་མི་དགོས་པ་ཞིག་རེད། ཡིན་ན་ཡང་མི་རིགས་ཤིག་གི་བདེན་དོན་རྩོད་དུས་ཁྱོས་དེ་འདེམས་ན་ངས་འདི་འདེམ་གི་ཡིན་ཟེར་གི་ཡོད་པ་རེད། ཆོས་ལུགས་ཆོས་ལུགས་རེད། ཆབ་སྲིད་ཆབ་སྲིད་རེད། གོང་ས་མཆོག་ཆོས་ལུགས་ཀྱི་སོ་བྱང་སྔགས་གསུམ་གྱི་སྡོམ་པའི་སྟེང་བརྩི་དགོས་ཀྱི་རེད། ཡིན་ན་ཡང་ཆབ་སྲིད་ཀྱི་ཕྱོགས་ནས་དམངས་གཙོའི་དབུ་ཁྲིད་ཅིག་རེད། ཁོང་གིས་མི་དམངས་ཚང་མ་ཁོང་རང་ཉིད་ཀྱི་དགོངས་གཞི་གཅིག་པོའི་ཕྱོགས་སུ་ལུག་འདེད་འདེད་བྱེད་ཀྱི་མ་རེད་ལ་བྱེད་ཐུབ་ཀྱི་ཡང་མ་རེད། དེའི་ཕྱིར་ངས་མ་འོངས་པའི་བཀའ་བློན་ཁྲི་བ་དེ་ལ་ཡང་ཆོས་ལུགས་ཀྱི་དབུ་ཁྲིད་ཀརྨ་པ་ལྟ་བུ་ཞིག་རྩ་བ་ནས་མ་ལངས་ན་དགའ་གི་རེད། གཅིག་ལངས་དུས་བོད་ཆོལ་ལ་གསུམ་པོའི་ནང་ལ་རྒྱུགས་པས་བརྒྱབ་པ་ལྟ་བུ་ཞིག་ཡོང་གི་རེད་ཟེར་དོན་དེ་ཡིན། ཨ་ཤུ་རེ་ཁོ། ཆོས་འདི་ཆོས་ཕྱོགས་ནས་བཞག སྲིད་འདི་སྲིད་ཕྱོགས་ནས་སྐྱོང་བའི་དུས་ཚོད་ཅིག་མ་ཤི་གོང་ལ་གཅིག་ཤར་རྒྱུ་ཡོད་རྒྱུ་ན་རེ། ཁྱོས་ཆོས་སྲིད་གཉིས་ཀ་གཅིག་བསྲེས་དང་རེ་ཐད་ཚོ་ད་ཨུ་གཉིས་ཀ་ཁྱི་རྐུན་ན་ནམ་ཐང་དཀྱིལ་ནས་ལངས་སོང་ནི་མ་རེད་ན་མྱི་རང་གི་མྱི་རྒྱུད།
ཨ་རོ་་་་་་ཨ་རོ་་་་་་་་་ཁྱོད་བཀའ་ཁྲིར་ལང་བའི་གཏམ་ཞིག་ཡོད་པ་མིན་ནམ། ད་ཡིན་ན་་་ཡང་བློ་འགྱུར་སོང་བ་ཨེ་ཡིན། ཡར་ལྡིང་མར་ལྡིང་མང་བོ་མ་བྱེད་མ་གཏོགས་ཨ་ཁུ་སྟོན་པའི་རྗེས་ལ་ཟམ་གདོང་རིན་པོ་ཆེ་ལས་ཁྱོད་རང་འགྲོ་ས་རེད། དེ་ནས་གཞོན་ནུ་རེད། སྐུ་མདུན་ལ་དད་པ་ཡོད་པ་མ་ཟད་རང་བཙན་གྱི་ལམ་ཁ་ཞིག་ལ་འགྲོ་བཞིན་ཡོད་རེད། ང་རང་ཡིན་ནའང་གཞོན་ནུའི་ལས་འགུལ་ལ་ཐེངས་ཁ་ཤས་མཉམ་ཞུགས་བྱས་མྱོང་། ག་དུས་ཡིན་ནའང་དེ་དེ་བཞིན་འགྲུབ་ན་དྲན་ཡོད། ཡིན་ནའང་དམིགས་ཡུལ་འགྲུབ་པར་ཐབས་ལམ་བསྟེན་དགོས་པ་རེད། ཐབས་ལམ་གང་ཡང་སྟོན་ཡ་མེད་པར་ཁ་ཤག་ཤག་བྱས་ཏེ་དབུ་མའི་ལམ་གྱི་གྲུབ་འབྲས་ཀླག་གོར་རེད་ལབ་ན་ཕན་ལས་གནོད་ཆེ་བའི་ཉེན་ཁ་ཡོད་རེད། མིན་ན་རང་བཙན་ལེན་སྟངས་ཀྱི་ཐབས་ལམ་བླ་ན་མེད་པ་རེ་ཡོད་ན་བསྟན་ཤོག་དང་ཨ་མའི་བུ་ཡིན། དེ་ནས་ཆོས་སྲིད་ལོག་ག་བྱེད་དགོས་རེད་ཟེར་བ་དེ་ད་དུང་དུས་ལ་བབ་ཡོད་མ་རེད་དྲན་གི གང་ཡིན་ཟེར་ན་རང་རེས་དེ་གཉིས་ཁ་ཁ་བྱས་རུང་ཨ་ཞང་གུང་ཁྲན་གིས་མཉམ་བསྲེས་བཏང་ནས་མདུང་ཁ་རང་རེར་བསྐོར་ནས་ཡོང་གིས་རེད། བྱས་ཙང་ཉེན་ཁ་ཆེན་པོ་རེད། ཆོས་དང་ཆོས་ལུགས་པའི་འགྲིག་གིས་མི་འདུག་མདོག་མདོག་བཤད་མཁན་དེ་དག་ནི་་་གཅིན་རྡོ་ཐོག་ལ་བཏང་ན་བརླ་ཐོག་ཡིན་མིན་ཡང་ཧ་མ་གོ་བར་ཁ་གདངས་མཁན་གསར་བུ་ཀླད་མེད་དེ་འདྲ་ཁ་ཤས་རེད། ཡེ་ཤེས་ཁྱོད་མི་བསམ་ཤེས་ཤིག་ཡིན་ན་དུས་དང་མཐུན་པའི་ལས་དོན་སྤེལ་པ་ལས་བླུན་པོ་ཆུ་སྣ་གར་འཁྲིད་མི་བྱེད་པའི་རེ་བ་ཡོད། ངས་གནས་སྐབས་རིང་ཆོས་དང་ཆོས་པ་འདི་རང་རེར་དགྲ་ལ་ཁ་གཏད་བྱེད་པའི་ལག་ཆ་ཡོད་ན་མེད་ན་དེ་རེད་འདོད་ནས་བསྡད་ཡོད།།
འདི་ལ་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་དགེ་ལྡན་གླེག་བམ་ཞིག་ཡོད་ན་ཕལ་ཆེར་ང་ལ་རེག་དགོས་རེད་མོད། གང་ཡང་རེག་མ་བྱུང་ཕལ་ཆེར་མེད་པ་འདྲ། གསུང་བྱུང་། ད་དུང་གཙར་གཅོད་་དགོས་ན་ཡིད་བསྐོར་བའི་ཁྲོད་ནས་སྙེད་སྲིད་གཞན་ཁག་པོ་རེད། འོ་ད་དུང་རྗེ་ཙོང་ཁ་པས་རྟོགས་ལྡན་འཇམ་དཔལ་རྒྱ་མཚོ་ལ་གནང་། སུ་ཞིག་གིས་མཐོང་བ་ཡིན་ན?
བཀའ་གདམས་སྤྲུལ་བའི་གླེགས་བམ་ཟེར་བ་འདི་ཉིན་ཁ་ཤས་ནས་མཐོང་སོང་། རྩོམ་མིང་དང་རྩོམ་མཁན་གྱི་མིང་མཐོང་བ་ཙམ་གྱིས་འདིའི་ནང་འཛུལ་འདོད་བྱུང་མ་སོང་། འདི་ལ་ཁ་ཤས་ཀྱིས་ད་རུང་མཆན་རྒྱག་གི་འདུག་པས་དེ་རིང་འདིའི་ནང་འཆམ་འཆམ་ལ་ཅིག་ཡོང་བ་ཡིན་པས་གཞི་ནས་ངས་ཧ་གོ་སོང་། ཀླུ་སྨྱོན་ཟེར་བའི་མྱི་སྨྱོན་འདིས་བཀའ་གདམས་སྤྲུལ་བའི་གླེགས་བམ་དོལ་རྒྱལ་གྱི་སྐེ་བཏགས། དོལ་རྒྱལ་དགེ་ལུགས་པའི་སྐེ་བཏགས། དེ་ནས་དགེ་ལུགས་པ་མར་འདྲུད་འདོད་རེད། ཡང་ཞར་དང་ཞོར་ལ་གཏེར་དང་དགོངས་གཏེར་ཟེར་བ་དེ་ཚོ་ཡར་འགྱོགས་འདོད་རེད་འདུག མི་འདི་འཇིག་རྟེན་བཤད་ན་གསར་ཞེན་ཆེ་མདོག ཆོས་བཤད་ན་རྙིང་དྲི་འཚུབས་སེ། འདིས་གསར་རྙིང་གཉིས་ཀྱི་བར་ན་ཕ་ཝང་བཞིན་དུ་བྱ་ཁྲལ་སླེབས་དུས་བྱི་སོ་ངོམ། བྱི་ཁྲལ་སླེབས་དུས་བྱ་གཤོག་ངོམ་མཁན་ཞིག་རེད། ཆོས་ལུགས་གྲུབ་མཐའི་འགལ་ཟླ་འདིས་ཁྱེར་ཡོང་གི་འདུག མཚམས་རེར་ཨ་མདོའི་གསར་རྒོད་ཚོ་ཟེར་བ་དང་། ཆོལ་ཁའི་དབྱེ་མཚམས་ཤིག་ཕྱེ་ཡོང་ནས་ཆོལ་ཁའི་བར་དུ་འགལ་ཟླ་བཟོ་བར་བྱེད། མཚམས་རེར་བཀའ་བློན་ཁྲི་བ་སོགས་ལ་གཞི་མེད་པའི་སྐྱོན་འཛུགས་ཀྱིས་གཞུང་དམངས་བར་འགལ་བ་གཏོང་། ད་ཁྱེད་རང་གི་ཁ་བདག་མེད་དེར་བདག་པོ་རྒྱབ་ན་ཡག་གི་རེད། ཁྱེད་གི་ཁ་དེ་ཁྱེད་ཀྱི་ཨ་མས་འཆལ་གཏམ་སྨྲ་བའི་ཕྱིར་བཟོས་བཞག་པ་ཡིན་རྒྱུ་མ་རེད།
འདི་སྔོན་མ་བླ་མ་མ་ཆགས་སྔོན་རྩོམ་པ་པོ་ཉམ་ཆུང་ཡག་པོ་ཞིག་རེད་བསམ་སོང་། འདི་བླ་མ་ཆགས་ཚར་བའི་རྗེས་སུ་མགོ་འཕང་མཐོན་པོ། མི་ང་རྒྱལ་ཅན། ཁ་ཤེད་ཆེན་པོ། རང་ཤེད་ཅན་དེ་འདྲ་ཞིག་ཏུ་ཆགས་འདུག
ངས་ཁ་བརྡའི་དྲྭ་ཚིགས་ལ་རྒྱུས་ལོན་བྱེད་བཞིན་ཨ་ལགས་ཀླུ་སྨྱོན་ལ་ལྐོག་བལྟ་བྱས་་པ་ཡིན། བདེན་དོན་ཟབ་མོ་ཞིག་དང་གནས་ལུགས་བཙན་པོ་ཞིག་གིས་ང་ཁོ་དང་སེམས་ཐག་ཉེ་རུ་འགྲོ་བཞིན་ཡོད། དེ་ནི་ཁོས་བཤད་པ་ཐམས་ཅད་བདེན་དོན་དང་གནས་ལུགས་རེད་ཅེས་བརྗོད་མི་ཐུབ་ཀྱང་། ཁོས་བཤད་པ་དག་ལ་གཞན་རྗེས་འབྲང་པའི་ཟེར་སྒྲོས་ཙམ་དང་ཁ་ཤག་ཟློ་བའི་མཚར་གཏམ་ཙམ་མིན་པ་རང་ཚུགས་ཐུབ་པའི་ལྟ་བ་ཞིག་དང་རང་ཉིད་རྒྱལ་བའི་སྤོབས་པ་ཞིག་གིས་དམིགས་བསལ་ཡོད་པར་མཐོང་། ད་དུང་ང་དང་ང་ལྟ་བུའི་གང་ཟག་ཆེ་ཕྲ་དུ་མས་སྐྱོན་བརྗོད་ཀྱི་ངན་སྨྲས་ཇི་ལྟར་བྱས་ཀྱང་ཁོས་རང་ཉིད་ཀྱིས་བཤད་པ་དག་ལ་འགན་ཁུར་ཙམ་ལས་རྩོད་པའི་ཆེད་དུ་རྩོད་པ་བྱེད་ཀྱིན་མི་འདུག ཡིན་ན་ཡང་ང་ཚོ་བོད་ཀྱི་ཁོར་ཡུག་འདི་ཉིད་དུ་ཐུན་མིན་གྱི་བསམ་འཆར་དག་ནི་རྒྱ་ཁབ་ཀྱི་བུ་ག་ལས་འགྲིམས་ཤིང་ལྷ་སྲིན་སྡེ་བརྒྱད་ཀྱི་རྭ་བ་ལས་བརྒལ་དགོས་པས་ཁྱེད་ཉིད་ལ་མདུན་ལམ་ཆེན་པོ་ཞིག་མེད་དོ།
དཀོན་མཆོག་དང་མིའུ་ཕྲུག་ཨ་ལགས་ལ་བཟང་དུ་འགྲོ་བཞིན་པའི་སྐབས་སུ་མགོན་པོ་ཕྱག་གཉིས་པ་འདི་གློ་བུར་ཐུགས་ཁྲོས་ཚར་འདུག ཨ་ལགས་ཁྱེད་རང་ཅུང་ཙམ་གཟབ་གཟབ་གནང་མ་གཏོགས་ཁོང་ཐུགས་ཁྲོས་ན་ཁྲོ་བོ་རྟ་འགྲིན་རེད།།
མགོན་པོ་ཕྱག་གཉིས་པ། ཁྱེད་ཀྱི་ཀླུ་སྨྱོན་དང་མྱི་སྨྱོན་གཅིག་ལ་འདོད་པ་ནི་ནོར་འཁྲུལ་ཁོ་ན་འོ། མ་གཞི་ཀླུ་སྨྱོན་གྱི་ཅི་བྱེད་མི་ཤེས། ངས་འདི་ལ་ལྷག་བསམ་གྱི་མཆན་གཅིག་བཀོད་པ་ཁྱེད་འཕྲག་དོག་ས་དགོས་དོན་ཡོད་པ་མ་རེད།
ཀླུ་སྨྱོན་གྱིས་འཇིག་རྟེན་གྱི་ཤེས་བྱ་མ་ལུས་པའི་ཐོག་ལ་དཔྱད་པ་གཏོང་བའི་བློ་གྲོས་དང་སྙིང་སྟོབས་ཡོད་པ་སྟོན་མོད། ཡིན་ནའང་ཁོ་རང་ཉིད་ཀྱི་སྤྲུལ་སྐུའི་ལུས་སེམས་ཀྱི་སྐོར་ལ་དོགས་སློང་ཚིག་གཅིག་བཤད་མི་ཕོད་པ་ར་འཕྲོད་བྱུང་སོང་། དེ་ནས་བཟུང་མི་འདིའི་རྟོག་པའི་མཐོ་ཚད་ལ་རང་སེམས་སུ་ཚོད་དཔག་ཅིག་སླེབས་ཏེ། ཁོང་དང་ཁོའི་ཁོར་ཡུག་ལ་རྒྱང་ཐག་ཇེ་རིང་རེད།
ངས་ཀླུ་སྨྱོན་ཟེར་བའི་མི་སྨྱོན་ཞེས་བྲིས་པར་ཁྱེད་ལ་ཞར་དང་ཞོར་ལ་ཕོགས་འདུག་པས་དགོངས་འགལ་མེད་པ་ཞུ། ངས་ཀླུ་སྨྱོན་ལ་མི་སྨྱོན་ལབ་ན་ཕོགས་ས་གཞན་པ་མི་སྨྱོན་ཟེར་བ་ཞིག་ཡོད་པ་དེ་ཧ་གོ་མ་སོང་། ད་གཅིག་བལྟས་ནས་གཞི་ནས་ངས་ཧ་གོ་སྟེ་ང་དགོད་ཤོར་སོང་། ཁྱེད་ཁག་མེད།
ཁྱེད་རང་གིས་ཀླུ་སྨྱོན་ལ་མཆན་བརྒྱབ་ན་ང་ཕྲག་དོག་ཟ་དགོས་དོན་ཅི་ལ་ཡོད། ངས་ཀྱང་ཀླུ་སྨྱོན་ལ་རྟག་པར་མཆན་རྒྱག་གི་ཡོད།
ཀླུ་སྨྱོན་ལགས།
ཕལ་ཆེར་ངས་ལྟས་ན་ཁྱེད་རང་ནང་པ་སངས་རྒྱས་པའི་ཆོས་ཀྱི་རྗེས་འབྲང་བ་ཞིག་ཡིན་པར་འདུག།
ཁྱོད་ཀྱིས་མི་ཤེས་འདོག་གིས་སྔོན་བྱོན་ཚད་ལྡན་བླ་མ་དགས་ལ་སྒྲོ་བསྐུར་བྱེད་དེས་ཁྱོད་གང་འདྲ་ཤིག་ཡིན་མིན་གསལ་ཡོད།།
ཀླུ་སྨྱོན་ཁྱོད་ཀྱིས་དགོན་གསར་ཆོས་ལ་དམ་ཉམ་རེད་ཟེར་བ་དེའི་དམ་ཚིག་གང་ཞིག་ཉམ་ཡོད་པ་དང་བསྡོམ་པ་གང་ཞིག་ཉམ་ཡོད་པ་གསལ་བཤད་ངེས་པར་དུ་དགོས།།།
རྙིང་མའི་ཀུན་བཟང་སྤྲུལ་བའི་གླེགས་བམ་དང་། དགེ་ལྡན་སྙན་བརྒྱུད་ཀྱི་བཀའ་གདམས་སྤྲུལ་བའི་གླེགས་བམ་ཟེར་བ་གཉིས་ལ་ང་ནི་རེ་བ་རྒྱག་དགོས་དོན་མེད་པར་ཁུམས་སོ། །རྩ་བའི་བླ་མ་མཁྱེན་ནོ། །དགེའོ། །