ཡོང་ཁུངས། བོད་ཀྱི་དུས་བབ།
དེ་རིང་སྔ་དྲོར་བླ་བྲང་ཨ་མཆོག་ཞིང་གི་རྒྱ་གཞུང་ཉེན་རྟོག་ཁང་གི་སྒོ་འདུན་དུ་བོད་མི་སངས་རྒྱས་མཁར་ཞུ་བ་ཞིག་གིས་རྒྱ་གཞུང་ལ་ངོ་རྒོལ་གྱིས་རང་ལུས་མེར་བསྲེགས་གནང་སྟེ་སྐུ་གྲོངས་ཡོད་འདུག
ད་ལྟ་རང་གནས་ཚུལ་འབྱོར་གསལ་ལྟར་ན། དེ་རིང་སྔ་དྲོའི་བོད་ནང་གི་ཆུ་ཚོད་༩ པ་ཙམ་ལ། ཀན་ལྷོ་ཁུལ་བླ་བྲང་བསང་ཆུ་རྫོང་ཨ་མཆོག་ཁྱུང་རུ་ཐང་ཡུལ་ཚོ་ནས་ཡིན་པའི་ཕ་དབང་ལོ་དང་། མ་གཡུ་སྒྲོན་གཉིས་ཀྱི་བུ་སངས་རྒྱས་མཁར་ལགས་ཀྱིས། ཨ་མཆོག་ཞང་ཉེན་རྟོག་ལས་ཁུངས་སྒོ་འགྲམ་དུ་རྒྱ་གཞུང་ལ་ངོ་རྒོལ་གྱིས་རང་ལུས་མེར་བསྲེགས་བཏང་སྟེ་སྐུ་གྲོངས་ཡོད་འདུག
ཁོང་གིས་རང་ལུས་མེར་བསྲེགས་བཏང་རྗེས་རྒྱ་གཞུང་ཉེན་རྟོག་པ་འབྱོར་ཏེ་ཁོང་གི་ཕུང་བོ་བཙན་འཕྲོག་བྱས་ཡོད་པ་དང་། ས་གནས་མང་ཚོགས་ཚོས་ཉེན་རྟོག་པས་ཁོང་གི་ཕུང་བོ་བསང་ཆུ་རྫོང་དུ་འཁྱེར་ཡོད་པའི་ཚོད་དཔག་བྱེད་བཞིན་ཡོད་འདུག དེ་མིན་གནས་ཚུལ་གཞན་ད་སྔ་རག་ཐུབ་མ་སོང་ཡང་། སངས་རྒྱས་མཁར་ལགས་ད་ལྟ་རང་ལོ་ ༣༤ ཡིན་པ་དང་བྱིས་པ་བུ་མོ་གཉིས་ཡོད་འདུག
མིག་ཆུའི་ཐིག་པས་མངོན་བསུས་ཏེ་དཔའ་བོའི་མཛད་རྗེས་ལ་རྗེས་སུ་ཡིད་རངས་ཞུ།
ཁ་བརྡ་ཚང་ལགས། གསར་འགྱུར་འདི་དུས་བབ་ནས་བརྒྱུད་འགོད་བྱས་པར་དགའ་བསུ་ཞུ། ཡིན་ཡང་ཡིན་ནོར་གནམ་ལ་མི་ཤོང་བ་དེ་ཅུང་ཐུགས་ལ་འཛིན་རོགས། མ་གཞི་ནས་དུས་བབ་དོན་གྲུབ་བཀྲ་ཤིས་ཀྱི་མཆེ་སྡེར་འོག་ན་ཐར་ས་མེད་རྐྱེན། གསར་འགོད་པ་ཡག་ཤོས་ཨ་རིག་འགྱུར་མེད་དང་། ཚེ་རིང་རྒྱལ། དོན་ཁོ་སོགས་སྔ་ཕྱི་བྱས་ནས་བུད་ཟིན། ད་དུང་འབུད་མཁན་ཡོད་སྲིད།
ཤུལ་བཞུགས་ཀྱི་ནང་མི་དང་བོད་མི་ཚོ་དང་གདུང་སེམས་མཉམ་ཞུ་ཡོད། དཔའ་བོ་ཁོང་གི་རྣམ་ཤེས་ཡང་ཁ་བ་གངས་ཅན་ཏེ་བདེ་བ་ཅན་དུ་སྐྱེ་བར་ཤོག། དགྲ་དམར་དགྱ་ལ་མགོ་རྡོ་སྤྲད་ནི་ཞིག་གི་སྐྱེ་བར་ཤོག། བོད་ཀྱི་བདེ་སྡུག་གླིང་ལ་སྒྲག་ནི་ཞིག་གི་སྐྱེ་བར་ཤོག།
བོད་ཀྱི་བུ་ཟེར་བ་ཁྱོ། ཁ་ཤོ་ཞིག་གིས་རྣ་ཤོ་ཞིག་ལ་ཅིག་བཤད་་སྡོད། རང་གི་མཆན་ཆག་ཐུང་ཐུང་འདི་འདྲ་ཞིག་གི་ནང་ན་ཡང་ཡིག་ནོར་ཡོད་པ་རིག་འདུག་གི།
མ་གཞི། དུས་བབ་ཚང་གི་གསར་འགོད་པ་ཚོས་དུས་བབ་ཚང་གཡུག་ནས་འགྲོ་བཞིན་ཡོད་ན། དེ་ནི་དགའ་དགོས་བ་དེ་འདྲ་གང་ཡང་མ་རེད། སེམས་སྐྱོ་ཡ་རེད། བོད་ཡིག་པ་ཡིན་པའི་ཡིན་གོ་མ་ཆོད་པ་རེད། གདེང་ཆ་ཡོད་ས་ནས་བོད་ཡིག་གི་ལས་དབང་གླེང་ནས་འགྲོ་བ་ལས་གཡུག་ནས་འགྲོ་མཁན་ཡོད་ན། ཁ་ལྟོ་ཕོར་ཙམ་ལས་ཞེ་ལྷག་བསམ་ལ་རྒྱལ་ལ་བཅོལ་མ་ཡོད་པ་གསལ་པོར་བསྟན་པ་རེད། ཨེ་ཤེས། ཞེ་གནག་ཚོ།
ངོ་མ་སྐྱོ་གི
ༀ་མ་ཎི་པདྨེ་ཧཱུྃ། ༀ་མ་ཎི་པདྨེ་ཧཱུྃ། ༀ་མ་ཎི་པདྨེ་ཧཱུྃ། ༀ་མ་ཎི་པདྨེ་ཧཱུྃ། ༀ་མ་ཎི་པདྨེ་ཧཱུྃ། ༀ་མ་ཎི་པདྨེ་ཧཱུྃ། ༀ་མ་ཎི་པདྨེ་ཧཱུྃ། ༀ་མ་ཎི་པདྨེ་ཧཱུྃ། ༀ་མ་ཎི་པདྨེ་ཧཱུྃ། ༀ་མ་ཎི་པདྨེ་ཧཱུྃ། ༀ་མ་ཎི་པདྨེ་ཧཱུྃ། ༀ་མ་ཎི་པདྨེ་ཧཱུྃ། ༀ་མ་ཎི་པདྨེ་ཧཱུྃ། ༀ་མ་ཎི་པདྨེ་ཧཱུྃ། ༀ་མ་ཎི་པདྨེ་ཧཱུྃ། ༀ་མ་ཎི་པདྨེ་ཧཱུྃ། ༀ་མ་ཎི་པདྨེ་ཧཱུྃ། ༀ་མ་ཎི་པདྨེ་ཧཱུྃ། ༀ་མ་ཎི་པདྨེ་ཧཱུྃ། ༀ་མ་ཎི་པདྨེ་ཧཱུྃ། ༀ་མ་ཎི་པདྨེ་ཧཱུྃ།་་་་་་་་་་་་་་་་་་་་ཚེ་འདས་བདེ་བ་ཅན་དུ་སྐྱེ་བར་ཤོག །
གནམ་ལགས། ང་རང་དྲ་འབུ་ཞིག་ཡིག་ནོར་ཡོད་ན་སྐྱོན་མེད། ཁྱེད་ལ་ཡིག་ནོར་ང་ལས་མང་གི ཁོ་རེ
རང་ལུས་མེར་བསྲེགས་ངོ་ཚར་སྨད་དུ་འཕགས་།
ཐབས་ཤེས་གཞན་དུ་མ་རྙེད་ཡིད་རེ་མུག་།
བློ་ཐག་ཆོད་པོའི་རླབས་ཆེན་བྱ་བ་ལ་།
དོན་འབྲས་མྱུར་དུ་སྨིན་པའི་བསྔོ་བ་བྱེད་།
རང་ལུས་མེར་སྲེག་མ་གཏོང་།
གཞན་ལུས་གནོད་པ་མ་བསྐྱལ།
རང་ཉིད་འཚོ་བཞུགས་ཐོག་ནས།
གཞན་གྱི་དབང་ལས་རྒྱལ་དགོས།
ཨོཾ་མ་ཎི་པདྨེ་ཧཱུཾ། བོད་་རྒྱལ་ལོ།
རང་ལུས་མེ་ལ་བསྲེག་ན་ཕན་པ་ཆུང་།
ནང་མི་སྡུག་ལ་སྦྱར་བའི་གཞི་མ་ཙམ།
ང་ཡིས་བལྟས་ན་མི་ཚེ་ལན་གཅིག་རེད།
རང་གཞན་ཀུན་ལ་འཚེ་བ་མ་བྱས་བར།
ལེགས་པར་འཚོ་སྡོད་ཅེས་ཤིག་བོད་རིགས་སྤུན།
བོད་པས་བོད་མིའི་སྲོག་སྐྱོབས་དགོས།
བོད་པས་རྒྱ་མིར་གནོད་མ་བསྐྱལ།
རང་ས་རང་གིས་བཟུང་བའི་ཐོག
རང་ཐག་རང་གཅོད་ལ་བརྩོན་དགོས།
ཨ་ེཟེ་ཡ་རང་དབང་རླུང་འཕྲིན་ཁང་གི བོད་སྐད་སྡེ་ཚན། | གསར་འགྱུར།
ལྟ་བ་མཁྲེགས་བཟུང་ཅན་ཚོས་འགོག་རྐྱེན་བཟོ་བཞིན་འདུག
2014-12-17 ཕརྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕེན། ༢༠༡༣།༦རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕེན། ༢༠༡༣།༦
AFP
བོད་ལ་དོན་དམ་པའི་རང་སྐྱོང་གི་གནས་བབ་སྤྲོད་རྒྱུར་ལྟ་བ་མཁྲེཊ་བཟུང་ཅན་གྱི་རྒྱ་མིའི་དཔོན་རིགས་ཚོས་འགོག་རྐྱེན་བཟོ་བཞིན་འདུག་གསུངས།
དེ་ཡང་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་France 24 ཞེས་རྒྱལ་སྤྱིའི་ནང་གནས་ཚུལ་རྒྱང་སྲིང་བྱེད་མཁན་ཕ་རན་སིའི་བརྙན་འཕྲིན་ལས་ཁང་གི་བཅའ་འདྲི་དང་ལེན་མཛད་སྐབས། ཉེ་དུས་རྒྱ་ནག་གི་སྲིད་འཛིན་ཞི་ཅིང་ཕིང་གིས་ནང་ཆོས་སྐོར་གསུངས་བ་དེ་༧མགོན་པོ་གང་ཉིད་ཀྱི་ཐུགས་ལ་བཅངས་ཡོད་པ་དང་། དུས་རྒྱུན་ང་ཚོས་ཆོས་མེད་དམ་དཀོན་མཆོག་ཁས་མི་ལེན་མཁན་ལ་རྩིས་པའི་དམར་པོའི་རིང་ལུགས་ཀྱི་རྗེས་འབྲང་པ་ཞིག་གིས་བཀའ་མོལ་དེ་འདྲ་གནང་བ་དེ་ནི་དུས་རྒྱུན་དང་མི་འདྲ་བ་ཞིག་ཡིན་སྐོར་བཀའ་སྩལ་འདུག ཡང་རྒྱ་ནག་གི་སྲིད་འཛིན་ཞི་ཅིང་ཕིང་གིས་གོང་ཞུས་གཏམ་བཤད་གནང་སྟབས་ ༧གོང་ས་མཆོག་གིས་བོད་ལ་དོན་དམ་དང་མིང་དོན་མཚུངས་པའི་རང་སྲིད་རང་སྐྱོང་དགོས་པའི་འཐབ་རྩོད་གནང་བཞིན་པ་དེའི་སྐོར་གྲོས་བསྡུར་གནང་སྲིད་པའི་ཡིད་ཆེས་ཡོད་མེད་བཅའ་འདྲི་ཞུ་སྐབས། ༧གོང་ས་མཆོག་ནས་དེའི་མཚོན་རྟགས་འགའ་ཤས་ཡོད་སྐོར་བཀའ་ལན་བསྩལ་བ་དང་དུས་མཚུངས་ཡིན་ནའི་རྒྱ་གཞུང་གི་དཔོན་རིགས་ཁྲོད་ལྟ་བ་མཁྲེགས་པོ་འཛིན་མཁན་མང་པོ་ཡོད་པས་རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིང་གིས་བོད་ལ་དོན་དམ་པའི་རང་སྐྱོང་གི་གནས་བབ་སྤྲོད་རྒྱུར། ལྟ་བ་མཁྲེགས་བཟུང་ཅན་གྱི་རྒྱ་མིའི་དཔོན་རིགས་གཞན་ཚོས་འགོག་རྐྱེན་བཟོ་གིན་ཡོད་སྐོར་གསུངས་འདུག ད་དུང་༧གོང་ས་མཆོག་གིས་ད་ལྟའི་རྒྱ་ནག་གི་སྲིད་འཛིན་ཞི་ཅིང་ཕིང་ནི་ལས་ཀར་ཧུར་བརྩོན་ཆེ་བ་དང་། གྲུང་ཤ་དོད་པ། དེ་བཞིན་གཡོ་ཟོལ་མེད་པ་ཞིག་ཡིན་ནའི་ད་དུང་ཡང་བསམ་བློ་རྙིང་པ་གཏོང་སྟངས་དེ་གཏིང་རིང་པོ་གནས་ཡོད་པ་སོང་ཙང་འགྱུར་བ་འགྲོ་རྒྱུ་ཁག་པོ་ཡིན་སྐོར་ཡང་བཀའ་ལན་བསྩལ་འདུག
གསར་འགོད་པ་བསོད་ནམས་ལྷ་མོ།
རང་ལུས་མེར་སྲེག་མ་གཏོང་།
གཞན་ལུས་གནོད་པ་མ་བསྐྱལ།
རང་ཉིད་འཚོ་བཞུགས་ཐོག་ནས།
གཞན་གྱི་དབང་ལས་རྒྱལ་དགོས།
བོད་པས་བོད་མིའི་སྲོག་སྐྱོབས་དགོས།
བོད་པས་རྒྱ་མིར་གནོད་མ་བསྐྱལ།
རང་ས་རང་གིས་བཟུང་བའི་ཐོག
རང་ཐག་རང་གཅོད་ལ་བརྩོན་དགོས
བོད་སྐད་སྡེ་ཚན། | གསར་འགྱུར།
ལས་ཁུངས་ཁག་སྒོ་རྒྱབ་ནས་གཞུང་འབྲེལ་མྱ་ངན་གནང་འདུག
2014-12-18 གློག་འཕྲིན། མཆན། འགྲེམ་སྤེལ། པར་བཀོད།
པར་བཀོད། འགྲེམ་སྤེལ། མཆན། གློག་འཕྲིན། བཞུགས་སྒར་དུ་སངས་རྒྱས་མཁར་ལགས་ཀྱི་ཆེད་དུ་གདུང་སེམས་མཉམ་བསྐྱེད།
དབུས་བོད་མིའི་སྒྲིག་འཛུགས་ནས་སངས་རྒྱས་མཁར་ལགས་ཀྱི་ཆེད་དུ་མཆོད་འབུལ་སྨོན་ལམ་གནང་ཡོད་པ།
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང༌། འཇིགས་མེད་སྙན་གྲགས།
རང་ལུས་མེར་བསྲེགས་ཀྱིས་སྐུ་གྲོངས་བར་བོད་མིའི་སྒྲིག་འཛུགས་ཀྱི་ལས་ཁུངས་ཁག་སྒོ་རྒྱབ་ནས་གཞུང་འབྲེལ་མྱ་ངན་མཆོད་འབུལ་གནང་འདུག དེ་ཡང་༢༠༡༤ཟླ་༡༢་ཚེས༡༦དགའ་ལྡན་ལྔ་མཆོད་ཉིན་གྱི་སྔ་མོར་བོད་ནང་གི་ཆུ་ཚོད་༩པ་ཙམ་ལ་མདོ་སྨད་ཀན་ལྷོ་ཁུལ་བླ་བྲང་བསང་ཆུ་རྫོང་ཨ་མཆོག་ཁྱུང་རུ་ཐང་ཡུལ་ཚོ་ནས་ཡིན་པའི་ཕ་དབང་ལོ་དང་། མ་གཡུ་སྒྲོན་གཉིས་ཀྱི་བུ་སངས་རྒྱས་མཁར་ལགས་ཀྱིས་ས་གནས་ཨ་མཆོག་ཡུལ་ཚོའི་ཉེན་རྟོག་ལས་ཁུངས་ཀྱི་སྒོ་འགྲམ་དུ་རྒྱ་གཞུང་ལ་ངོ་རྒོལ་གྱིས་རང་ལུས་མེར་བསྲེགས་བཏང་སྟེ་མེ་ལྕེ་ཆེན་པོའི་ཁྲོད་སྐུ་གྲོངས་ཡོད་པ་དང་། བོད་མིའི་སྒྲིག་འཛུགས་ཀྱི་བཀའ་ཤག་གི་བཀའ་འབྲེལ་འོག་ཕྱི་ལོ་༢༠༡༤་ལོའི་ཟླ ༡༢་ཚེས་༡༨རེས་གཟའ་ཕུར་བུའི་ཉིན་ཆོས་རིག་ལས་ཁུངས་ནས་གོ་བསྒྲིགས་གནང་ཐོག་སྤྱིར་རྒྱལ་གཅེས་པ་ཁོང་གིས་གཙོས་ད་བར་བོད་བསྟན་སྲིད་དང་མི་རིགས། རང་དབང་གི་དོན་དུ་ལུས་སྲོག་ལོངས་སྤྱོད་བློས་གཏོང་གནང་མཁན་གྱི་རྒྱལ་གཅེས་པ་ཕོ་མོ་འདས་སོན་ཡོངས་ལ་གཞུང་ཕྱོགས་ནས་གདུང་སེམས་མཉམ་སྐྱེའི་མྱ་ངན་རྗེས་དྲན་ཞུ་ཆེད་གོང་ཚེས་གྱི་ཕྱི་དྲོའི་ཚོུད་༤་པ་ནས་ལས་ཁུངས་ཁག་སྒོ་བརྒྱབ་ཏེ་རྡ་ས་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་གི་རྟེན་མཆོག་སྤྱན་སྔའི་དྲུང་དུ་མཆོད་སྤྲིན་སྣ་ལྔ་འབུལ་གཤོམ་དང་འབྲེལ་མཆོད་འབུལ་སྨོན་ལམ་གྱི་ཚོགས་མགོན་དུ་རྣམ་གྲ་སློབ་དཔོན་ཟུར་པ་ངག་དབང་བཀྲ་ཤིས་ལགས་དབུ་ཞུགས་ཐོག་སྲིད་ཚབ་དཔལ་འབྱོར་བཀའ་བློན་ཚེ་རིང་དོན་གྲུབ་མཆོག་དབུས་མང་གཙོིའི་ཀ་བ་གསུམ་ གྱི་མཛད་གཙོ་རྣམ་པ་དང་སྤྱི་འཐུས། ལས་བྱེད། དགེ་བཙུན་སྔགས་གསུམ། མི་མང་དང་སློབ་ཕྲུག་ཕྱི་རྒྱལ་བ་སོགས་ཁྱོན་མི་གྲངས་བརྒྱ་ཕྲག་བརྒལ་བ་འདུ་འཛོམས་ཀྱིས་སྨོན་ལམ་གསུང་འདོན་གནང་འདུག
གསར་འགོད་པ་འཇམ་དཔལ་ཕུན་ཚོགས།
དེ་བཞིན་ཚེས༡༦ཉིན་སངས་རྒྱས་མཁར་ལགས་ཀྱིས་ཆེད་བཞུགས་སྒར་དུ་བོད་མི་ཚོས་ཁོང་ལ་གདུང་སེམས་མཉམ་བསྐྱེད་མཚོན་ཆེད་དུ་མར་མེ་ཁྲོམ་སྐོར་གྱི་ལས་འགུལ་ཞིག་སྤེལ་གནང་ཡོད་པའི་སྐོར། འདི་གའི་གསར་འགོད་པ་ཨོ་རྒྱན་བསྟན་འཛིན་ལགས་ཀྱིས་ས་གནས་ནས་བཏང་བའི་གནས་ཚུལ་ལ་གསན་རོགས།