ཨ་ནུ་ཐང་བསོད་ནམས།
དེ་རིང་བོད་ནང་གི་མི་ཞིག་གིས་བཙན་བྱོལ་ནང་དུ་སློབ་གསོ་བ་མེད་པའམ། ཁོང་གིས་མ་ཐོས་ཚུལ་གསུངས་པའི་གསལ་བཤད་དུ་ཚིགས་བཅད་འདི་འབྲི་འདོད་བྱུང་།
གོང་ས་མཆོག་དང་བཙུན་པ་ཟམ་གདོང་བླ།།
བསྟན་པ་ཚེ་རིང་སྲིད་སྐྱོང་བློ་སེང་སྟེ།།
དབུ་མའི་ལམ་གྱི་འཁོར་གྱི་སློབ་དཔོན་དག །
བཙན་བྱོལ་བོད་པའི་སློབ་གསོའི་དཔུང་ཞིག་མཐོང་།།
ཙོང་ཁ་ལྷ་མོ་འཇམ་དབྱངས་ནོར་བུ་དང་།།
དོན་འགྲུབ་ལྷ་དར་བཀྲས་མཐོང་ལྷ་སྒྲོན་ཏེ།།
རང་བཙན་ཕྱོགས་ཀྱི་སྐུལ་མཁན་མ་ལུས་དག །
བཙན་བྱོལ་བོད་ཀྱི་སློབ་གསོའི་དཔུང་ཞིག་མཐོོང་།།
དགའ་ལྡན་ཁྲི་འཛིན་ཆོས་བརྒྱུད་བླ་ཆེན་དང་།།
ནམ་ནོར་བླ་བཟོད་ཆོས་རྒྱམ་དྲུང་པ་སྟེ།།
མི་རིགས་དབྱེར་མེད་འཛུམ་གྱིས་བསུ་མཁན་དག །
བཙན་བྱོལ་བོད་ཀྱི་སློབ་གསོའི་དཔུང་ཞིག་མཐོང་།།
ཨ་ཀོང་སྤྲུལ་སྐུ་རྟ་བོ་དཔལ་ལྡན་དང་།།
ཀུན་ཕན་ཐེབས་རྩ་བོད་ཀྱི་ཧྥང་སྒྲ་སྟེ།།
རྒྱ་བོད་གཉིས་ལ་མཐུན་པའི་ལས་བྱེད་དག །
བཙན་བྱོལ་བོད་ཀྱི་སློབ་གསོའི་དཔུང་ཞིག་མཐོང་།།
པདྨ་འབུམ་མམ་ཁོང་གི་བརྩམས་ཆོས་དང་།།
སྙིང་ཁམས་འཕར་ལྡིང་དོན་གྱི་བརྗོད་སྙིང་སྟེ།།
དམར་ལྟ་སངས་ལྟ་རྒྱང་དུ་གཡུགས་མཁན་དག །
བཙན་བྱོལ་བོད་ཀྱི་སློབ་གསོའི་དཔུང་ཞིག་མཐོང་།།
དབང་ཆེན་ཉི་མ་ལྷ་སྡེ་གནམ་ཡག་དང་།།
བསྟན་འཛིན་རྡོ་རྗེ་ཅོ་རི་ཉི་མ་སྟེ།།
ཆོས་ལས་མི་རིགས་གལ་ཆེན་འཛིན་མི་དག །
བཙན་བྱོལ་བོད་ཀྱི་སློབ་གསོའི་དཔུང་ཞིག་མཐོང་།།
སྤོབས་པ་མཐའ་ཡས་ཆབ་བྲག་ལྷ་མོ་དང་།།
ཧོར་གཙང་འཇིགས་མེད་ཀླུ་སྨྱོན་ཧེ་རུ་ཀ།།
ཆོས་དང་མི་རིགས་འདྲ་མཉམ་འཛིན་མཁན་དག །
བཙན་བྱོལ་བོད་ཀྱི་སློབ་གསོའི་དཔུང་ཞིག་ཡིན།།
གོང་ས་བླ་མ་ཟམ་གདོང་རིན་ཆེན་དང་།།
དད་པས་སྐྱོང་བའི་སློབ་བུ་སྐར་ཚོགས་སྟེ།།
བོད་ལས་ཆོས་ལུགས་གལ་ཆེན་གཟིགས་མཁན་དག །
བཙན་བྱོལ་བོད་ཀྱི་སློབ་གསོའི་དཔུང་ཞིག་ཡིན།།
སངས་ཆོས་དར་ན་བོད་དོན་དར་བ་དང་།།
ཆོས་སློབ་རྒྱས་ན་བོད་དོན་རྒྱས་ཚུལ་ཏེ།།
རྒྱ་རི་སྐུ་ངོ་ལྷ་སྲས་དོན་འགྲུབ་དག །
བཙན་བྱོལ་བོད་ཀྱི་སློབ་གསོའི་དཔུང་ཞིག་ཡིན།།
སངས་ཆོས་བོད་དོན་ལོགས་སུ་འདོད་མཁན་དང་།།
ཆོས་འཕྲིན་བོད་འཕྲིན་ཐ་དད་ལྟ་མཁན་སྟེ།།
སྤོབས་མཐའ་ཅོ་རུ་དབང་ཉིའི་བསམ་ཚུལ་དག །
བཙན་བྱོལ་བོད་ཀྱི་སློབ་གསོའི་དཔུང་ཞིག་ཡིན།།
སྲུང་མ་ཆབ་སྲིད་ལག་ཆ་བྱེད་མཁན་དང་།།
ཆོས་ལུགས་རང་ཁེར་ཅི་འདོད་འགོད་མཁན་ཏེ།།
ཆོས་དང་སྲུང་མའི་འཐབ་རྩོད་བྱེད་མཁན་དག །
བཙན་བྱོལ་བོད་ཀྱི་སློབ་གསོའི་དཔུང་ཞིག་ཡིན།།
བཙན་བྱོལ་ནང་དུ་སློབ་གསོ་མེད་པ་མིན།།
སློབ་གསོ་བྱེད་མཁན་མང་བས་འགྲན་བསྡུར་ཆེ།།
འགྲན་བསྡུར་ཁྲོད་ནས་རྒྱལ་ཁ་ཐོབ་མཁན་ནི།།
དུས་ཀུན་གོང་ས་མཆོག་གི་ཕྱོགས་གཏོགས་ཡིན།།
བཙན་བྱོལ་ཁྲོད་ནས་སློབ་གསོ་མེད་པ་འམ།།
ཡང་ན་མེད་པར་མཐོང་བའི་སྤྱོད་ཚུལ་འདི།།
རྒྱ་ཡིས་གནས་ཚུལ་བཀག་པའི་བྱེད་ལས་དང་།།
ཡུལ་གྱི་བསྐལ་དོན་ལས་གཞན་འགྲེལ་དུ་དཀོན།།
གསལ་བཤད། གནས་ཚུལ་ནོར་བ་ཡོད་ན་འཛེམ་དོག་མེད་པར་བསམ་ཚུལ་གསུང་བའི་རེ་བ་ཡོད། ལྷག་པར་དུ་འདིའི་ནང་དུ་བྲིས་བའི་རྩོམ་པ་པོ་དང་བསམ་བློ་བ་དག་གི་དགོངས་པ་ལ་ལོག་འགྲེལ་འདྲ་བྱས་ཡོད་ཚེ་ཡོ་བསྲང་བྱེད་པར་མཁྱེན།།
བོད་རིག་པའི་འགྲན་བྲལ་མཁས་དབང་ཆེན་མོ་མཁར་རྨེའུ་བསམ་གཏན་རྒྱལ་མཚན་མཆོག་དང་། བོད་ཀྱི་རྒྱལ་རབས་དང་ཆོས་རིག་ལོ་རྒྱུས་ལ་མཁས་པའི་དབང་པོ་ཨམ་མྱེ་རྨ་ཆེན་སློབ་གཉེར་ཁང་གི་བཀྲ་ཤིས་ཚེ་རིང་མཆོག་དང་། བོད་ཕྲུག་འབུམ་ཕྲག་མང་པོའི་ཁྱིམ་སྡེའི་འགན་འཛིན་ཡུམ་ཆེན་རྗེ་བཙུན་པད་མ་རིན་པོ་ཆེ་མཆོག་བཅས་ལའང་ཚིགས་བཅད་ཀྱི་སྐལ་ལ་རེ་སྐྱབས་འཇུག་མི་འདོར་བ་ཞུ། །
སྤྲུལ་ལུགས་འདི་ཡིས་བོད་སངས་གནོད་ཚུལ་གྱི།།
ལུགས་འཛིན་ཅོ་རི་མེ་དཀར་སྡེ་ཞིག་དང་།།
ཕུང་གསུམ་བཅོམ་ནས་སངས་བསྟན་དག་ཐེར་ལ།།
ངལ་བའི་ཁུར་བླངས་ཨོ་ཉི་འང་ཆད་མི་ཉན།།
པད་ལས་ཁྲབ་པར་ཁྲབ་སྟངས་ཤེས་པ་བགྱིས་།
བསྟན་པ་ཚེ་རིང་མ་རེད་སྤེན་པ་ཚེ་རིང་རེད་།
སྑྱིུ་འཐུས་ཚོགས་གཙོའི་མིང་མི་ཤེས་མཁན་གྱི་།
དྲ་འབུ་བྱས་ནས་དྲ་ནང་འཛུལ་བ་ངོ་རེ་ཚ་།ཧ་ཧ་
ལགས། ལགས་སོ། བོན་པོ་ལགས།
བོད་མཁས་པ།
མཁར་རྨེའུ་བསམ་གཏན་རྒྱལ་མཚན་མཆོག།
རྒྱལ་རབས་གླེང་ཞོར་རང་དོན་བསྒྲུབས།།།
རྒྱལ་རབས་སྨྲ་བ།
ཨམ་མྱེའི་བཀྲ་ཤིས་ཚེ་རིང་མཆོག།
དྷ་སར་བསྡད་ནས་པེ་ཅིང་འགྲོ།
བཀའ་དྲིན་ཅན།
ཡུམ་ཆེན་རྗེ་བཙུན་པད་མ་མཆོག།
བུ་ཕྲུག་བོད་ཡིག་ཕན་མེད་གཟིགས།།
ལགས། ལགས་སོ། བོན་པོ་ལགས།
བོད་མཁས་པ།
མཁར་རྨེའུ་བསམ་གཏན་རྒྱལ་མཚན་མཆོག །
རྒྱལ་རབས་གླེང་ཞོར་མཚན་སྙན་ཆགས། །
རྒྱལ་རབས་སྨྲ་བ།
ཨམ་མྱེའི་བཀྲ་ཤིས་ཚེ་རིང་མཆོག །
གཞོན་སྐྱེས་མཁས་པའི་ཡང་རྩེ་གྱུར། །
བཀའ་དྲིན་ཅན།
ཡུམ་ཆེན་རྗེ་བཙུན་པད་མ་མཆོག །
བུ་ཕྲུག་མང་པོར་ཤེས་ཡོན་སྩལད། །
མི་ལ་སྐྱོན་དང་ཤིང་ལ་ཛེར་པ་ཟེར།
སྐྱོན་ཡོན་མཉམ་བསྲེས་སྲིད་དོན་མཆོག།
ལེགས་ཉེས་དབྱེ་འབྱེད་མཁ་པའི་མཆོག།
འཁོར་འདས་དབྱེར་མེད་རྣལ་འབྱོར་མཆོག།
ཀུན་དང་མཐུན་པ་ཞི་བདེའི་མཆོག།
ཅོ་རི་སྤོབ་མཐའ་ཀར་རྡོ་གཉེར་ཕྱགས་
ཨ་ནུ་ཐང་ཀླུ་སྨྱོན་ཆབ་བྲག་སོགས་
མ་ཤེས་ཤེས་མདོག་བྱེད་མཁན་ཁྱུ་ཅིག་
བཙན་བྱོལ་བོད་ཀྱི་སློབ་གསོལ་རྐང་འདྲེན་ཡིན
ཀ྄་རྡོ་ལགས། ཀུན་དང་མཐུན་པ་ཞི་བདེའི་མཆོག ། ཤུགས་ལྡན་མ་མཐུན་བླུན་པོའི་མཆོག །
སངས་རྒྱས་ཀུན་དང་མི་མཐུན་མེད། །
མེ་དཀར་མི་མཐུན་མེ་དཀར་སྐྱོན། །
དོལ་རྒྱལ་འདོན་འདྲེར་མཐུན་འདོད་ཀྱང་། །
ག་ཚདགབསྟུནད་ཀྱང་རེངས་པར་ལྟོས། །
ཆོས་རྒྱུད་སྲུང་མའི་དབྱེ་བར་མི་མོས་བ།།
མི་རིགས་བདེ་སྡུག་སྲོག་གི་ཚབ་བྱེད་དེ།།
ཀླུ་མཁར་བྱམས་དང་ལྷ་བཟང་ཚེ་རིང་དག།།
བཙན་བྱོལ་བོད་ཀྱི་སློབ་གསོའི་དཔུང་ཞིག་ཡིན།།
བོན་པོ་ལགས། ཉིད་ཀྱིས་དགོངས་ཚུལ་གསུངས་བ་ལེགས་ཀྱང་། རྨེའུ་མཁར་དང་བཀྲ་ཚེ་གཉིས་ལ་འབྲི་ཡ་རྡོག་རྡོག་ཅིག་རེག་མ་སོང་། ཁྱེད་ལ་ཡོད་ན་ཁ་གསབ་བྱེད་པའི་རེ་བ་ཡོད། འོན་ཀྱང་། ཨ་་རྗེ་བཙུན་པདྨ་ལ་འདི་འདྲ་ཞིག་རེག་སོང་།
དབྱིན་ཡིག་བོད་ཡིག་ལས་ཀྱང་གལ་ཆེན་ལྟ།།
རྒྱལ་བར་ལྷག་བསམ་ཚེ་སྲོག་བཞིན་དུ་གཅེས།།
བོད་ཕྲུག་དམ་ཚིག་ཁྲིད་མཁན་རྗེ་བཙུན་པད།།
བཙན་བྱོལ་བོད་སློབ་གསོའི་དཔུང་ཞིག་ཡིན།།
ནོར་བཅོས།
བོན་པོ་ལགས། ཉིད་ཀྱིས་དགོངས་ཚུལ་གསུངས་བ་ལེགས་ཀྱང་། རྨེའུ་མཁར་དང་བཀྲ་ཚེ་གཉིས་ལ་འབྲི་ཡ་རྡོག་རྡོག་ཅིག་རེག་མ་སོང་། ཁྱེད་ལ་ཡོད་ན་ཁ་གསབ་བྱེད་པའི་རེ་བ་ཡོད། འོན་ཀྱང་། ཨ་མ་རྗེ་བཙུན་པདྨ་ལ་འདི་འདྲ་ཞིག་རེག་སོང་།
དབྱིན་ཡིག་བོད་ཡིག་ལས་ཀྱང་གལ་ཆེན་ལྟ།།
རྒྱལ་བར་ལྷག་བསམ་ཚེ་སྲོག་བཞིན་དུ་གཅེས།།
བོད་ཕྲུག་དམ་ཚིག་ཁྲིད་མཁས་རྗེ་བཙུན་པད།།
བཙན་བྱོལ་བོད་ཀྱི་སློབ་གསོའི་དཔུང་ཞིག་ཡིན།།
རྒྱལ་བའི་བཀའ་ལ་བརྩི་འཇོག་མི་བྱེད་པར་
རང་གི་འདོད་དོན་མཁོ་ན་དོན་དུ་གཉེར་
ཀླུ་མཁར་བྱམས་དང་ལྷ་བཟང་ཚེ་རིང་སོགས་
བཙན་བྱོལ་བོད་ཀྱི་སློབ་གསོའི་རྐང་འདྲེན་ཡིན་
རང་ལུགས་གང་ལ་ལྟས་གསོ་མེད་པའི་མི་
རང་དབང་རང་བཙན་མང་གཙོའི་གོ་བརྡ་མེད་
སྐར་ྨ་ཆོས་འཕེལ་འཇམ་དབྱངས་ནོར་བུ་སོགས་
བཙན་བྱོལ་བོད་ཀྱི་སློབ་གསོའི་རྐང་འདྲེན་ཡིན་
ཚན་རིག་དཀོན་མཆོག་ལས་ཀྱང་ལྷག་པར་བརྩིས།
ཆེད་རྩོམ་བཀའ་འགྱུར་ལས་ཀྱང་བདེན་པར་སྨྲས།
དྲང་བདེན་ཆོས་ལུགས་ལས་ཀྱང་གོང་དུ་བཀུར།
མཁར་རྨེའུ་བོད་ཀྱི་སློབ་གསོའི་དཔུང་ཆེན་ཡིན། །
༼བོན་པོ་ལགས་ཁྱེད་རང་བོན་པོ་ཞིག་ཡིན་པར་རྟེན་འདི་ན་གསར་འགྱུར་གལ་ཆེ་ཞིག་འདུག་པས་ཁྱེད་ལ་སྐྱེས་སུ་ཕུལ་བ་ཡིན་པས་ཐུགས་དགྱེས་ཚོར་ཡོང་བའི་རེ་བ་ཡོད།༽
གསར་འགྱུར་གལ་ཆེན།པར་རིས།རིག་གནས་སློབ་གསོ།སྲིད་དོན་ཆོས་ལུགས།འཚོ་བ་དང་དཔལ་འབྱོར།སྒྱུ་རྩལ་རིག་རྩལ།ཡུལ་སྐོར་དང་འགྲིམ་འགྲུལ།ཁོར་ཡུག་དང་ཚན་རྩལ།བོད་ཁུལ་གཞན་པ།རྒྱལ་ནང་།
ཞང་ཞུང་རྒྱལ་རབས་ཀྱི་གསར་རྙེད་འགངས་ཆེན།
སྤེལ་དུས། 2014-11-10 ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ། རྩོམ་སྒྲིག་པ། ཀླུ་མོ་སྐྱིད།
བོད་ལྗོངས་ནུབ་ཕྱོགས་ཀྱི་མངའ་རིས་ས་ཁུལ་ནི་བོད་ལྗོངས་ཀྱི་ཆེས་ལྐོག་གྱུར་གྱི་གནས་ཞིག་ཏུ་བགྲངས་གྱིན་ཡོད་ལ། དེ་ནི་ཆ་སྙོམས་ཀྱིས་མཚོ་ངོས་ལས་སྨི༤༥༠༠ཡིས་མཐོ་བའི་གནས་སུ་ཡོད། ཀུན་གྱིས་གླེང་གཞིར་གྱུར་བའི་གནས་འདིར་ལོ་ངོ་སྟོང་ཕྲག་འགའི་སྔོན་དུ་ཞང་ཞུང་རྒྱལ་རབས་ཞེས་པ་ཞིག་ཡོད་པ་ཤེས་ཀྱིན་ཡོད་དམ། ཞང་ཞུང་རྒྱལ་རབས་ནི་བོད་ཀྱི་བཙན་པོའི་རྒྱལ་རབས་མ་བཙུགས་སྔོན་གྱི་སྟོབས་འབྱོར་མངའ་ཐང་དར་བའི་མནའ་འབྲེལ་གྱི་ཚོ་བས་གྲུབ་པའི་རྒྱལ་རབས་ཤིག་ཡིན་ལ། རྗེས་སུ་ཡར་ལུང་སོགས་དར་རྐྱེན་ཞང་ཞུང་དེ་ལོ་རྒྱུས་ཀྱི་གར་སྟེགས་ནས་ཕྱིར་བུད། ཡིན་ནའང་། ལོ་རྒྱུས་རིག་པ་ཚོར་ཆེས་ཕངས་སེམས་ཆེ་བ་ནི་གནའི་ཡིག་ཚང་དང་གནའ་རྫས་ཀྱི་རྒྱུ་ཆ་ཉུང་བའི་དབང་གིས་ཞང་ཞུང་དེ་ཤེས་མཁན་ཧ་ཅང་ཉུང་བའི་གནས་སུ་གྱུར་ཡོད།
དུས་ཡུན་རིང་བོ་ཞིག་ཏུ་ཁོ་ཚོས་ལྷོད་པ་མེད་པར་ཞང་ཞུང་དེ་ཇི་ལྟ་བུ་ཞིག་ཡིན་པའི་སྐོར་ལ་བསམ་བློ་བཏང་མཐར། ཉིན་ཞིག་ཞང་ཞུང་གི་བང་སོ་ཞིག་ཞིག་རྙེད་པར་བརྟེན་ད་གཟོད་ཞང་ཞུང་རྒྱལ་རབས་ལ་ཞིབ་འཇུག་བགྱི་བའི་དབུ་ཕྱེས། ཟོང་སྐྱེལ་རླངས་འཁོར་ཆེ་བའི་འཁོར་ལོ་འོག་གི་གསར་རྙེད། ༢༠༠༥ལོའི་ཉིན་ཞིག་ལ། ཟོང་སྐྱེལ་རླངས་འཁོར་ཆེ་བ་ཞིག་མངའ་རིས་སྒར་རྫོང་སྟེ། ད་ལྟའི་བོན་གྱི་གུ་རུ་རྒྱལ་མོ་དགོན་གནས་སར་བརྒྱུད་ནས་འགྲོ་སྐབས། གློ་བུར་དུ་རླངས་འཁོར་གྱིས་ཅི་ཞིག་མནན་ཏེ་བརྡིབས་པ་ལྟ་བུའི་ཡོམ་འགུལ་ཞིག་བརྒྱབ་པ་དང་སར་བབས་ནས་བལྟ་སྐབས་སུ། རླངས་འཁོར་གྱི་འཁོར་ཤུལ་ཏུ་ཁོང་བུ་ཆེ་བ་ཞིག་ཡོད་པ་མཐོང་བ་དང་། དེར་དགོན་པར་བཞུགས་པའི་གྲྭ་བ་དག་སླེབས་ཏེ་སྔོག་འདོན་སྟབས་བདེ་ཞིག་བྱས།
ཐེངས་དེར་ཆེད་ལས་ཀྱི་གནའ་རྫས་རྟོག་རུ་ཁག་ཞུགས་མེད་མོད། སྐབས་དེ་ནས་བཟུང་བོད་ལྗོངས་གུ་རུ་རྒྱལ་མོ་བང་སོའི་སྔོག་འདོན་གྱི་ལས་བགྱིས། ལོ་དེའི་གནའ་རྫས་རྒྱུ་ཆར་གཞིགས་ན། བང་སོ་དེ་ནི་ཆུ་རྒྱུན་གྱི་བྱེ་མའི་འོག་ཏུ་སྦས་ཞིང་། དེ་ནི་གྲལ་འགྲིག་པའི་རྡོ་ལེབ་བརྩིགས་ཏེ་གྲུབ་པའི་སྨི་གཉིས་ཅན་གྱི་གྲུ་བཞི་ནར་མོའི་དབྱིབས་ཀྱི་བང་སོ་ཞིག་ཡིན་ལ། ནང་དུ་གྲུ་བཞི་སྒམ་གྱི་དབྱིབས་ལྟ་བུའི་ཤིང་གི་པུར་སྒམ་བཞག་ཡོད་པ་དང་། ཀེང་རུས་ཉར་ཚགས་བྱས་པ་ཅུང་ཟད་བཟང་མོད། པུར་གྱི་རྣམ་པར་རྟོག་དཔྱོད་གསལ་བཤད་བྱེད་མི་ཐུབ། དེ་དང་མཉམ་དུ་དུར་འཇུག་བྱས་པའི་དངོས་པོ་ལ“རྒྱལ་བློན”ཞེས་པའི་ཡི་གེ་འཁོད་པའི་འདབ་ཆགས་དང་རི་དྭགས་ཀྱི་རི་མོ་ཕབ་པའི་དར་གོས་ལེབ་མོ་དང་རང་བྱུང་ཁམ་མདོག་གིས་གྲུབ་པའི་དར་གོས་རྙིང་རོ་འབོར་ཆེན་དང་། རྟའི་རྨིག་དབྱིབས་དང་འདྲ་བའི་ཤིང་གི་སོ་མང་། ཤིང་ཅོག་རིང་པོ། ཤིང་སྒམ། རྩ་བཟོས་ཡོ་ཆས། ཤིང་གཙུབས་མེ་ལེན་ཡོ་ཆས། ཟངས་ཀྱི་ལྷུང་བཟེད་དང་ཟངས་ཀྱི་སླ་ང་སོགས་ཡོད། གསར་རྙེད་འགངས་ཆེན་འདི་དག་ལ་གནའ་རྫས་རྟོག་དཔྱོད་པས་མཐོང་ཆེན་བྱས་པ་དང་། ༢༠༡༢ལོའི་ཟླ་དྲུག་པ་ནས་བརྒྱད་པའི་བར་ཀྲུང་གོའི་སྤྱི་ཚོགས་ཚནརིག་ཁང་གནའ་རྫས་ཞིབ་འཇུག་ཁང་དང་བོད་ལྗོངས་རིག་དངོས་ཞིབ་འཇུག་ཁང་གཉིས་ཀྱིས་མཉམ་འབྲེལ་སྒོས་བོད་ལྗོངས་མངའ་རིས་སྒར་རྫོང་མོན་འཚེར་ཤང(ཁྱུང་ལུང་དངུལ་མཁར)གུ་རུ་རྒྱལ་མོ་བང་སོར་ཐིག་ལེན་དང་བསྔོག་འདོན་ཚོད་ལྟ་བྱས། བསྔོག་འདོན་གྱིས་གསལ་བཤད་བྱས་པ་ལྟར་ན། གུ་རུ་རྒྱལ་མོ་བང་སོ་ཡོད་ས་དེར་བང་སོ་འགའ་ཡོད་ལ། དེ་ནི་ཀྲུང་གོའི་དབུས་རྒྱུད་ཧན་ཅིན་དུས་སྐབས(中原汉晋)དང་དུས་མཉམ་ལ། ཞང་ཞུང་གི་ཁྱུང་ལུང་དངུལ་མཁར་དང་འབྲེལ་བ་དམ་ཟབ་ཡོད་པ་རེད། སྐབས་དེའི་བསྔོག་འདོན་ཁྲོད་དུ་ལི་ཆས་དང་། གསེར་གྱི་ཞལ་འབག་ཆུང་ཆུང་། ནང་ལོག་དབུས་རྒྱུད་ས་ཁུལ་གྱི་ཁྱད་ཆོས་ལྡན་པའི་རལ་གྲི། དེ་མིན་སྲོག་ཆགས་ཀྱི་རུས་པ་འབོར་ཆེན་སོགས་འདུག་ལ། དེ་ནི་དེ་སྔོན་གུ་རུ་རྒྱལ་མོ་དགོན་གྱི་གྲྭ་བ་ཚོས་གཙང་དག་བྱས་པའི་དངོས་རྫས་ཀྱི་རྣམ་པ་དང་འདྲ་བར་འདུག
གནའ་རྫས་རྟོག་དཔྱོད་རུ་ཁག་གིས་བང་སོ་དེའི་ཉེ་འཁོར་དུ་སྔོག་བཤེར་ཞིབ་ཕྲ་བྱས་པར། བར་ཐག་སྨི༢༠ཙམ་གྱི་མཚམས་སུ་སྔ་གཞུག་ཏུ་བང་སོ་ཆེན་མོ་གསུམ་རྙེད་སོན་བྱུང་བ་དང་། བང་སོ་དེ་དག་ནི་གྲུ་བཞི་རྡོ་ཁང་གི་དབྱིབས་ཏུ་མངོན་ལ། གཏིང་ཚད་ལ་སྨི༤ནས༦ཡོད་ཅིང་གཞི་རྒྱ་ཅུང་ཆེ་བ་དང་། མངའ་རིས་ས་ཁུལ་དུ་གཏིང་རིམ་ཆེས་ཟབ་ལ་བང་སོ་མང་པོ་འདུས་པའི་བང་སོའི་ཚོགས་ཤིག་ཡིན་ལ། བོད་ལྗོངས་ཡོངས་ནས་ཀྱང་དེ་ལྟ་བུའི་བང་སོ་མཐོང་དཀོན། བང་སོའི་འཛུགས་སྐྲུན་གྱི་ཚད་འཇལ་དང་རྡོ་ཆས་འཚོལ་སྡུད། ལས་སྣོན། སྐྱེལ་འདྲེན་སོགས་ལ་མི་ཤུགས་དང་དངོས་ཤུགས་མང་དུ་དགོས་པར་བརྟགས་ན། གནས་དེ་ནི་སྐབས་དེའི་སྲིད་འབྱོར་རིག་གསུམ་ཀྱི་ལྟེ་གནས་ཡིན་པ་རྟོགས་ཐུབ།
གསེར་གྱི་ཞལ་འབགཚོ་དཔོན་དང་སྐུ་དྲག་མཐོ་གྲས་ཀྱི་དུར་མཆོད། གསེར་གྱི་ཞལ་འབག་དང་རིག་དངོས་གཞན་པ་སར་བཏོན་པའི་གནས་ཚུལ་ཅུང་ཟད་མི་འདྲ་སྟེ། ཀྲུང་གོའི་སྤྱི་ཚོགས་ཚན་རིག་ཁང་གནའ་རྫས་རྟོག་དཔྱོད་ཁང་གི་ཞིབ་འཇུག་པ་ཐོང་ཐའོ་ཡིས་ཕྱིར་དྲན་བྱས་པ་ལྟར་ན། དེ་སྔོན་གྲྭ་བ་ཚང་མས་རིག་དངོས་བསྔོག་འདོན་བྱས་ཟིན་རྐྱེན་རྗེས་སུ་སླེབས་པའི་ཁོ་ཚོར་སྔོག་འདོན་ཐད་དུ་གྲུབ་འབྲས་ཆེན་པོ་མ་བྱུང་ལ། གསེར་གྱི་ཞལ་འབག་ཆུང་ངུ་རྙེད་སྐབས་སུའང་སའི་ནང་གི་གད་སྙིགས་སུ་འཕྲུལ་ནས་ཨེན་གང་གིས་དོར། ཐོང་ཐའོ་ཡིས་གསེར་གྱི་ཞལ་འབག་འདི་ལྟར་དུ་ངོ་སྤྲོད་བྱས་སྟེ། དེ་ནི་ཆེ་རྒྱུ་མེད་ལ་ལི་སྨི་བཞི་ཙམ་ཡོད་པའི་གྲུ་བཞི་མ་ཞིག་ཡིན་ལ། མདོག་ནག་པོ་དང་དམར་པོས་དབང་པོ་སྣ་ལྔ་དང་། སོ། ཁ་སྤུ་བཅས་བྲིས་ཡོད་ལ། མཐའ་རུ་ཁུང་བུའི་བསྟར་ཕྲེང་སྒྲིག་ཡོད་པ་ནི་རྒྱུ་ཆ་སྙི་མོ་གཞན་གྱི་སྟེང་དུ་འཚེམ་བྱེད་ཡིན་ལ། དེའི་ཉེ་འཁོར་དུ་ད་དུང་རིན་ཆེན་རྒྱན་ཆ་རྙེད་ལ་དེ་ནི་ཞལ་འབག་དང་མཉམ་དུ་འདོགས་པའི་རྒྱན་ཆ་ཡིན་སྲིད། ཡིག་ཚང་དུ་འཁོད་པ་ལྟར་ན། ཐུ་བྷོད་གྱིས་བོད་ལྗོངས་ནུབ་ཁུལ་དབང་དུ་མ་བསྡུས་སྔོན་དུ་གནས་འདི་དུས་ཡུན་རིང་པོར་བདག་བཟུང་བྱེད་མཁན་ནི་ཞང་ཞུང་བ་ཡིན།
ཡིག་ཚང་འཐུས་མི་ཚང་བའི་རྐྱེན་གྱིས་ཞིབ་འཇུག་པ་རྣམས་ཀྱིས་དེ་གནས་པའི་དུས་ནི་སྤྱི་ལོ་སྔོན་གྱི་དུས་རབས་བཞི་བ་ནས་བདུན་པའི་བར་ཡིན་པར་རིག་འདེད་བྱས་ཡོད་ལ། དེ་ནི་བང་སོ་གནས་པའི་དུས་སྐབས་ཡང་ཡིན། འགྲིམ་འགྲུལ་སྟབས་མི་བདེ་བ་དང་བཀོལ་སྤྱོད་བྱས་ཆོག་པའི་ཐོན་ཁུངས་གི་ཚད་བཀག་ལ་གཞིགས་ན་ཞང་ཞུང་ནི་ད་ལྟར་བརྗོད་པའི་གཅིག་གྱུར་གྱི་རྒྱལ་ཁབ་ཞིག་མིན་པར་མནའ་འབྲེལ་ཚོ་བས་གྲུབ་པ་ཡིན་སྲིད། བོད་ཡིག་གི་ཡིག་ཚང་ལ་གཞིགས་ན། ཞང་ཞུང་ལ་རྒྱལ་ཁག་བཅོ་བརྒྱད་ཡོད་པ་དང་། ཞལ་འབག་དེ་དག་བཀོལ་མཁན་ནི་ཚོ་དཔོན་དང་སྐུ་ཕྲག་མཐོ་ཤོས་ཡིན་སྲིད། མཚོ་ངོས་ལས་མཐོ་བའི་མངའ་རིས་སུ་གསེར་ཡོད་པའི་ལོ་རྒྱུས་མེད་པས་གསེར་ཇི་ལྟར་རྙེད་སྲིད་དམ་ཞེ་ན། ལོ་རྒྱུས་རིག་པ་བས་བདེན་དཔང་ལ་གཞིགས་ན། མངའ་རིས་དང་ཐག་མི་རིང་བའི་རྒྱ་གར་གྱི་བྱང་ཕྱོགས་དང་ལ་དྭགས་ཀྱི་ལེ་གྲོང་ཁྱེར་དུ་གསེར་ཐོན་པ་ཡིན། སྐབས་དེར་གྲོག་མའི་གསེར་ཟེར་བའི་ངག་རྒྱུན་ཞིག་ཀྱང་ཡོད་དེ། གཏུམ་དྲག་ཆེ་ཞིང་རི་བོང་གི་ཆེ་ཆུང་ཡོད་པའི་གྲོག་མའི་ས་འོག་ནས་གསེར་ཕྱུང་བ་དང་དེ་ས་གནས་ཀྱི་མིས་བསྡུ་གསོག་བྱས། གསེར་ནི་ཆུང་ཡང་དར་ཁྱབ་ཤིན་ཏུ་ཆེ། ཐོང་ཐའོ་ཡིས་བརྗོད་པ་ལྟར་ན། ངག་རྒྱུན་འདི་དག་ནི་མི་མང་པོའི་ངག་བརྒྱུད་ནས་བྱུང་རྐྱེན་བདེན་རྫུན་གྱི་དབྱེ་བ་འབྱེད་དཀའ་ཡང་གསེར་གྱི་ཞལ་འབག་སྐོར་གྱི་ལུགས་དང་མཐུན་པའི་བཤད་ཚུལ་རེད་ཟེར།
གསེར་དར་གོས་ཀྱི་སྟེང་དུ་བརྒྱན་ཏེ་གཤིན་པོའི་ལ་བྱུགས་པ་ནི་གནའ་རྫས་རྟོག་དཔྱོད་པར་མཚོན་ན་དོན་དག་གསར་བ་ཞིག་མིན་ཏེ། ཤིན་ཅང་དུ་མང་པོར་མཐོང་རྒྱུ་ཡོད་ལ། ཡ་གླིང་དཀྱིལ་མའི་ས་ཁུལ་དུ་ཡང་འདམ་སོགས་གདོང་ལ་བྱུགས་ཡོད་པ་མཐོང་། དེ་བས་གསེར་ནི་སྤྱི་ལོ་དུས་རབས་བཞི་ལྔའི་སྐབས་སུ་དར་ཁྱབ་ཆེ་ལ། གནའ་རྫས་རྟོག་དཔྱོད་པས་བཤད་པ་ལྟར་ན། ཞང་ཞུང་གི་མིས་ཕྱི་ཡོང་གི་རིག་གནས་ནང་འདྲེན་བྱས་པའམ་དུས་རབས་དང་བསྟུན་པ་ཡིན་ཤས་ཆེ་ཟེར། དར་གོས། གུ་རུ་རྒྱལ་མོ་དགོན་པའི་གྲྭ་བས་བང་སོའི་ཁ་ཕྱེ་སྐབས་ཐོག་མར་རྙེད་པའི་“རྒྱལ་བློན”ཞེས་པའི་ཡི་གེ་འཁོད་པའི་འདབ་ཆགས་དང་རི་དྭགས་རི་མོར་བཀོད་པའི་དར་གོས་ནི་མཚོ་བོད་མཐོ་སྒང་ནས་རྙེད་པའི་ཆེས་སྔ་བའི་དར་གོས་ཡིན།
དར་གོས་ནི་རྒྱ་ནག་དར་གོས་ཡིན་ལ། དཀྱུས་ལ་ལི་སྨི༤༤ཡོད་ཅིང་། ཞེང་ལ་ལི་སྨི༢༥ཡོད་པའི་རི་མོ་ཚོ་ཁག་གསུམ་གྱིས་གྲུབ་ཡོད། དེའི་ཁྲོད་རྒྱལ་བློན་ཞེས་པའི་ཡི་གེ་འཁོད་པའི་དར་གོས་དང་ལྡོག་གཟུགས་སུ་གྲུབ་པའི་ཡི་གེ་ནི་དུས་རབས་གསུམ་པ་ནས་བཞི་བའི་བར་དང་སྤྱི་ལོ༤༥༥ལོར་བེ་ལིས་ཡིན་ཕན་བང་སོ་(尉犁营盘墓地)དང་ཐུ་ལུ་ཧྥན་ཨ་སི་ཐ་ན་བང་སོ་(阿斯塔那墓地)གཉིས་སུ་བྱུང་མྱོང་བས། འདིར་བྱུང་བའི་དར་གོས་ཡང་དུས་རབས་གསུམ་པ་ནས་ལྔ་བའི་བར་གྱི་ཡིན་པ་ཤེས་ཐུབ་པ་མ་ཟད། འབྲེལ་ཡོད་ཞིབ་འཇུག་པས་ཀེང་རུས་ཞིབ་འཇུག་གི་ཐབས་ལམ་སྤྱད་ནས་བརྟག་དཔྱད་བྱས་པར་དེ་ནི་དུས་རབས་གསུམ་པ་དང་བཞི་བའི་བར་གྱི་ཡིན་པ་ཤེས་རྟོགས་བྱུང་ཡོད། ཇ་ལོ་དང་འདྲ་བའི་དངོས་རྫས། བང་སོ་ལ་གཙང་བཤེར་བྱེད་སྐབས་སུ། གནའ་རྫས་རྟོག་དཔྱོད་པས་ཟངས་ཀྱི་སྣོད་ཆས་ཀྱི་ནང་ནས་ཇ་ལོ་དང་འདྲ་བའི་དངོས་རྫས་རྙེད་ཅིང་། ཐོང་ཐའོ་ཡིས་ཚོད་དཔག་ལྟར་ན། དེ་ནི་ཟས་རིགས་ཤིག་ཡིན་སྲིད་མོད་ཆུར་སྦངས་རྒྱུའི་ཇ་ལོ་ཞིག་མིན་པར་འདོད།
སྐད་བརྡ་རིག་པས་ཚོད་དཔག་ལྟར་ན་ཇ་ཞེས་པའི་སྒྲ་དེ་ནི་བོད་དང་འབར་མའི་སྐད་རྒྱུད་ལྟར་ན་ཡུན་ནན་ནས་ཡོང་བ་ཡིན་ལ། ཡུན་ནན་ནི་དངོས་ནས་ཇའི་ཕ་ཡུལ་ཡིན། དེ་ནི་ཧན་རྒྱལ་རབས་སྐབས་ཡིན་པར་འདེད་ཐུབ་མོད་གནའ་རྫས་རྟོག་དཔྱོད་པས་བདེན་དཔང་གསལ་བོ་མ་རྙེད། གལ་ཏེ་འདིར་བྱུང་བ་དེ་ཇ་ལོ་ཡིན་ཚེ། ཇ་རྟའི་ཚོང་ལམ་གྱི་ལོ་རྒྱུས་ཀྱང་ཇེ་རིང་དུ་གཏོང་ཐུབ། ཐོང་ཐའོ་ཡིས་བཤད་རྒྱུར། དེ་ལྟར་ན་དར་གོས་དང་ཇ་གཉིས་ཀྱི་གསར་རྙེད་དུས་སྐབས་འདྲ་བ་རེད་ཟེར། ཇ་ལོ་ཡུན་ནན་ནས་ནང་འདྲེན་བྱས་པའི་དོན་དག་ནི་ཅི་འདོད་དུ་བཤད་པ་ཙམ་མ་ཡིན་ཏེ། རང་བྱུང་གི་ཐོན་ཁུངས་ཀྱིས་དབུལ་བའི་ཞང་ཞུང་དུ་དངོས་རྫས་མང་ཆེ་ཤོས་ནི་ནང་འདྲེན་བྱས་པ་ཡིན་ཏེ། ཟངས་ཀྱི་རལ་གྲིས་གནས་འདི་དང་རྒྱའི་ལྷོ་ནུབ་ཀྱི་བར་ལ་འབྲེལ་བ་དམ་ཟབ་ཡོད་པ་བདེན་དཔང་བྱས་ཡོད་པས་སོ། །
དོན་སྙིང་། མངའ་རིས་ས་ཁུལ་ནི་མི་གྲངས་ཉུང་ལ་ཁ་ཐག་རིང་ཞིང་། མཐའ་འཁོར་གྱི་ས་ཁུལ་དང་འབྲེལ་འདྲིས་ཆེན་པོ་མེད་པར་གནས་རྐྱེན། མི་ཚང་མས་གནས་འདི་དང་གནས་གཞན་དབར་ལ་འབྲེལ་འདྲིས་བྱུང་ཡོད་པ་བློ་ཡུལ་ལས་འདས་པར་སྣང་མོད། གུ་རུ་རྒྱལ་མོ་བང་སོ་གསར་རྙེད་ཀྱིས་ལྟ་ཚུལ་འདི་དག་མེད་པར་བྱས།
“དེ་ཡོ་རོབ་དང་ཡ་གླིང་སྐམ་སའི་རིག་གནས་ཁྱིམ་རྒྱུད་ཀྱི་ཆ་ཤས་ཞིག་ཏུ་བརྩིས་ཏེ་བསམ་བློ་བཏང་ཆོག་ལ། རིག་གཞུང་གི་ཁྱབ་ཁོངས་དུའང་གནམ་ས་འགུལ་བ་ལྟ་བུའི་གསར་རྙེད་རེད་”ཅེས་ཐོང་ཐའོ་ཡིས་བཤད། དུས་ཀྱི་སྟེང་ནས་བཤད་ན། གསར་རྙེད་འདི་ལ་བོད་ལྗོངས་ནུབ་ཕྱོགས་ཀྱི་ཐུ་བྷོད་དུས་སྐབས་སྔོན་གྱི་གནའ་རྫས་རྟོག་དཔྱོད་ཀྱི་ལས་ལ་རིག་གཞུང་གི་རིན་ཐང་ཆེན་པོ་ཡོད་པ་དང་། བོད་ལྗོངས་རྡོ་ཆས་གསར་མའི་དུས་ནས་ཐུ་བྷོད་དུས་སྐབས་ཀྱི་སྟོང་ཆ་བསྐངས་པར་བྱས། བོད་ལྗོངས་ནུབ་ཕྱོགས་ནས་གནའ་རྫས་སྔོག་འདོན་གྱི་ལས་ཀ་བསྒྲུབས་པ་ཉུང་རྐྱེན། ལོ་ཚིགས་ཀྱི་ཐད་ལ་ཁ་མི་ཚང་བའི་ཆ་མང་། གུ་གེའི་རྒྱལ་རབས་མ་དར་བའི་དུས་ཚོད་རིང་པོ་ཞིག་ཏུ་མངའ་རིས་ཐུ་བྷོད་ཀྱིས་དབང་མཛད་བྱས་པ་དེ་བོད་ཀྱི་ཡིག་ཚང་དུ་མཐོང་ཐུབ་མོད། འོན་ཀྱང་རྡོ་ཆས་གསར་མའི་དུས་རབས་ཕྱི་མ་ནས་ཐུ་བྷོད་སྐབས་ཀྱི་ཡིག་ཚང་ཉུང་རྐྱེན། གནའ་རྫས་རྟོག་དཔྱོད་པས་ལྕགས་ཆས་དུས་རབས་སྔ་མ་ཞེས་མག་མོག་ཏུ་ངོས་འཛིན་གྱི་ཡོད།
ཉེ་བའི་ལོ་བཅུའི་ནང་དུ་གནའ་རྫས་རྟོག་དཔྱོད་པས་དུང་དཀར་བྲག་ཕུག་དགོན་དུ་སྤྱི་ལོ་སྔོན་གྱི་ལོ་སྟོང་ནས་བཞི་བརྒྱའི་བར་གྱི་རྙེད་མོད། དེའི་རྗེས་ཀྱི་ལོ་རྒྱུས་རྣམས་སྟོང་བར་གནས་ཡོད་པས་གུ་རུ་རྒྱལ་མོའི་བང་སོ་གསར་རྙེད་ཀྱིས་དེའི་སྟོང་ཁ་བསྐངས་པ་རེད་དོ། །
ཁ་བྱང་ཕྱི་མོ། ཞང་ཞུང་རྒྱལ་རབས་ཀྱི་གསར་རྙེད་འགངས་ཆེན།
(རྩོམ་འགན་པ། ལྷ་དབང)
ཁྱུང་སེ་ལགས། །
བཀའ་དྲིན་ཆེ། གོ་གོ་སྙན་སྙན། གསར་འགྱུར་དངོས་གནས་རིན་ཐང་ཅན་རེད་འདུག། བོན་རྒྱལ་ལོ། ཕྱག་ལས་གནང་མཁན་ཚང་མར་འོ་ཅག་གིས་རྗེས་དྲན་ཞུ། ཀྲུང་གོའི་ཚན་རིག་རྡིག་སྒྲ་ཚ་པོ་འདུག ། །
བོན་པོ་ལགས། ཐུགས་རྗེ་ཆེ། ཡག་པོ་བྲིས་འདུག ཁྱེད་ཀྱིས་བྲིས་བའི་ཚིག་བཅད་དེ་ཕྲན་གྱིས་བྲིས་བའི་རྩོམ་ཡིག་གི་ནང་དུ་ཁ་གསབ་བྱེད་ཆོག་པ་ཞུ།
མཁར་རྨེའུ་བསམ་གཏན་ལོ་རྒྱུས་བོན་ལ་འབྲི།།
ཟམ་གདོང་མཁས་པས་སྲིད་དོན་ཆོས་ལ་སྐྱོང་།།
ནམ་མཁའི་ནོར་བུའི་བན་བོན་ཟུང་འབྲེལ་སྨྲ།།
བཙན་བྱོལ་བོད་ཀྱི་སློབ་གསོའི་དཔུང་ཞིག་མཐོོང་།།
ཨ་ནུ་ཐང་དེ་མ་རེད་ཟེར་རྒྱུ་མིན་འདུག རེད་ཟེར་རྒྱུ་མིན་འདུག ཁོང་དང་སྤྲུལ་སྐུ་དབང་ཆེན་མི་གཅིག་ཡིན་ཚོད། འདི་ངའི་ཚོད་དཔག་ཡིན། བདེན་མི་བདེན་མི་ཤེས།
བོད་ཕྱིའི་སློབ་གསོ་བ་འགའ་ཤས་ཡོད་པ་ནས། ང་རང་གུས་ཞབས་ཡོད་ས་འདི་རྣམས་ཡིན།
རྒྱལ་བ་སྐུ་ཕྲེང་བཅུ་བཞི་པ་བསྟན་འཛིན་རྒྱ་མཚོ། ༼ཁོང་གི་དབུ་ཁྲིད་འོག་བཙན་བྱོལ་ནང་བོད་ཕྲུག་སློབ་གྲྭ་ཆེ་ཆུང་གྲངས་ལས་འདས།༽
ཁོང་གི་ཡུམ་དང་གཅེན་མོ་ཚེ་རིང་སྒྲོལ་མ། ༼བུ་གསོ་ཁང་ཐོག་མ་བཙུགས་ནས། ཁོང་གི་ནང་ཆས་སོགས་མང་པོ་ཞིག་བཙོང་ནས་དཀའ་ལས་ཧ་ལས་པ་བརྒྱབ་འདུག ༽
ཕྲ་རེང་ཡབ་ཡུམ་གཉིས་ཀྱི་མ་སུ་རི་སློབ་གྲྭ་བརྒྱབ་ནས་བོད་ཕྲུག་མང་པོ་གསོ་སྐྱོང་བྱས་འདུག
བཙན་བྱོལ་བོད་གཞུང་། བོད་གཞུང་གིས་སློབ་གྲྭ་མང་པོ་བརྒྱབ་ནས་བོད་པ་གསོ་སྐྱོང་བྱས་པ་མཁས་མི་ལེན་རང་ལེན་རེད།
ཟམ་གདོང་རིན་པོ་ཆེ། སྐུ་ཚེ་གཅིག་སློབ་གསོའི་ཐོག་བཏང་འདུག བདེན་པ་རེད།
ཁ་བརྡ་ཚང་སར་སྨྲ་བརྗོད་རང་དབང་ཡོད་པ་ཡིན་ནམ།
འདི་འབྲི་མཁན་གྱི་སློབ་གསོ་ཟེར་བ་དེ་ཁ་མདོའི་ཁ་སྐད་དུ་ཁ་ཏ་བསླབ་བྱ་བརྒྱབ་ཟེར་བ་དང་གཅིག་པ་་ལས། སློབ་གསོ་ཟེར་བའི་ཤེས་ཡོན་གྱི་གོ་དོན་མགོ་ཚོས་མེད་པ་འདྲ།
མཆན་གྲགས་༡༨་པ། ཨ་ནུ་ཐང་བསོད་ནམས་ལགས། ངས་ཚིག་སྦྱོར་སྙན་འཇེབ་ལྡན་པ་ཞིག་འབྲི་མི་ཤེས། གལ་སྲིད་འགྲིག་ས་འདུག་དགོངས་ན་ཁ་གསབ་གནང་རོགས། བཀའ་དྲིན་ཆེ། །