ཀོ་ལི་གྷ་གཞུང་པ་ཚེ་དབང་བསོད་ནམས།
ཀ་ཁ་འཁྲུངས་སའི་ལུང་པ་བོད་ཡུལ་རེད།།
ཁ་ཡོད་བོད་མི་ཚང་མས་བོད་དོན་གླེང་།།
ག་པར་ཕྱིན་ཀྱང་བོད་དོན་ལས་འགུལ་སྤེལ།།
ང་ཚོའི་མ་འོངས་མདུན་ལམ་སྲ་བརྟན་བཟོས།།
ཅ་ཅོ་འར་འུར་ཁ་དམག་གང་ལ་ཕན།།
ཆ་རྐྱེན་གཏོད་ནས་ཐབ་རྩོད་ལས་འགུལ་སྤེལ།།
ཇ་ཆང་དཀྱུར་མོའི་ཟློས་གར་འཁྲབ་ཆེ་ན།།
ཉ་རོ་འདྲ་བའི་རུལ་དྲི་ཁ་ཡོང་ངོ་།།
ཏ་ལའི་བླ་མས་ལམ་སྟོན་དབུ་མའི་ལམ།།
ཐ་མའི་ཐག་གཅོད་བོད་མིའི་མདུན་དུ་བཞག།
ད་ལྟའི་དུས་སུ་སྒོ་སྐབས་གསེར་ལས་བཟང་།།
ན་གཞོན་བསམ་ལུས་རྒྱས་པའི་ནོར་མི་ཉན།།
པ་སངས་ལྟ་བུའི་ཆུ་སྒང་བསྟན་སྲུང་དམག།
ཕ་བཟང་འདྲ་བའི་འགོ་འཁྲིད་མགོན་བཀྲ་སོགས།།
བ་དན་ཕྱོགས་བཅུར་སྒྲེང་ནས་དགྲ་བོ་བཏུལ།།
མ་ནོར་ལམ་དུ་སྐྱབས་མགོན་གདན་འདྲེན་ཞུས།།
ཙ་བ་བརྟན་པོའི་འཆར་་གཞི་མེད་པ་ན།།
ཚ་གྲང་ཇི་བྱུང་གདོང་ལེན་ཐུབ་པ་དཀའ།།
རྫ་བརྩེ་ཡོད་ན་རང་ཡུལ་བདག་པོ་རྒྱོབ།
ཝ་ལེར་བསམ་དང་མི་ཚེ་མི་ཡུལ་རྫོགས།།
ཞ་མོ་འཐོམ་ཞ་གྱོན་ནས་མ་བསྡོད་རོགས།།
ཟ་ཐུང་མི་ལ་སློང་ནས་མ་བཞུགས་རོགས།།
འ་ཆད་འུ་ཐུག་གཞིས་ལུས་བོད་མི་ཚོ།།
ཡ་མེད་ཀླ་ཀློའི་བརྩོན་རར་ཉིན་ཚན་དཀའ།།
ར་བ་གངས་ལྗོངས་ང་ཚོའི་ཕ་ཡུལ་རེད།།
ལ་ལུང་བགྲོད་ཀྱང་ཁ་ཕྱོགས་བོད་ལ་འཁོར།།
ཤ་ཚ་ཡོད་པའི་གཏམ་ཞིག་བཤད་ཡོད་དོ།།
ས་ཆ་འདི་ནི་མི་ཡུལ་གཡར་བ་རེད།།
ཧ་ཧ་མི་ཚེ་ཧྲིལ་པོ་མི་་ཡུལ་རྫོགས།།
ཨ་ཁ་རང་བཙན་དབུ་མའི་འཐོམ་ཞ་གྱོན།།