ཚེ་རིང་གི་བུ།
ལམ་དབུ་མ་ནི། ཏིན་གྱི་བསམ་བློར་གློ་བུར་དུ་འཁོར་ཡོང་བའི་ཐོད་བརྒལ་གྱི་ཚོད་ལྟ་ཞིག་དང་། རྒྱལ་ལོ་དོན་གྲུབ་ཀྱིས་བཙན་བྱོལ་དུ་ཁྱེར་ཡོང་བའི་བརྗོད་གཞི་གསར་པ་ཞིག གོང་ས་མཆོག་གི་ཐུགས་ཀྱི་ཞིང་བཀོད་དུ་འཁྲུངས་པའི་ཞི་བདེའི་ལྟ་གྲུབ་ཅིག བཙན་བྱོལ་བོད་གཞུང་གི་ཁ་ཕྱོགས་འགྱུར་བའི་གསར་བརྗེའི་ལེའུ་ཞིག ལམ་དབུ་མ་ནི། རྒྱལ་བ་རིན་པོ་ཆེའི་ཞལ་ལས་ཡང་ཡང་གསུང་བའི་བརྡ་ཆད་ཅིག སྐུ་ངོ་ཚོས་མང་ཚོགས་ལ་ཤུགས་ཀྱིས་སྐུལ་གྱིན་པའི་བསྒྲགས་གཏམ་ཞིག རང་སྲིད་རང་སྐྱོང་ལ་རེ་བ་མཁྲེང་བྱེད་ཀྱི་དྲང་བདེན་གྱི་ལྟ་བ་ཞིག བོད་རྒྱའི་གྲོས་མོལ་ཁྲོད་གོམས་སྲོལ་གྱིས་ལྡིང་གིན་པའི་ཞི་བདེའི་ལབ་གླེང་ཞིག ལམ་དབུ་མ་ནི། ཕ་བུ་གཉེན་འཕྲད་ཀྱི་ལོ་ཟླ་བསུ་མཁན་གྱི་དུས་རབས་ཀྱི་ཕོ་ཉ་ཞིག འཐབ་ན་མི་རྒྱལ་བ་མེད་པའི་བཏང་སྙོམས་ཅན་གྱི་གོ་མཚོན་ཞིག ཆོལ་གསུམ་ཆིག་སྒྲིལ་སླར་ཡང་སྡོམ་པའི་གཟུགས་མེད་ཀྱི་སྤོབས་པ་ཞིག གཞིས་ཀར་སླར་ལྡོག་གི་དུས་ཚིགས་གནང་བའི་ལོ་རྒྱུས་ཀྱི་གཟི་བ་ཞིག ལམ་དབུ་མ་ནི། གྲོས་ཚོགས་ཀྱི་བང་རིམ་ཁྲོད་ལྡིར་བའི་བྱམས་དུངས་ཀྱི་བརྗོད་བྱ་ཞིག བོད་ཀྱི་རིག་གཞུང་གི་ལྟ་གྲུབ་ལས་བརྡོལ་བའི་འཚེ་མེད་ཀྱི་ལྷག་བསམ་ཞིག རྒྱ་ནག་ལ་ཡང་ཡང་སྒྲོག་གིན་པའི་དཔྱོད་ཤེས་ཀྱི་རྒྱང་འབོད་ཅིག སྐྱབས་གནས་དང་དཔུང་གཉེན་འཚོལ་བྱེད་ཀྱི་བློ་རིག་གི་བསམ་བློ་ཞིག ལམ་དབུ་མ་ནི། ལོ་རྒྱུས་ཀྱི་དཀྱོགས་མཚམས་ཤིག་ནས་བརྡོལ་བའི་ཐ་སྙད་ཀྱི་རྩིབས་རུས་དཀར་པོ་ཞིག འགྲོ་བ་འདི་མུན་ནག་དོང་ལས་འདྲེན་པའི་དོན་ཡོད་ཀྱི་ཞགས་པ་ཞིག ཞི་བདེ་དང་དྲང་བདེན་གྱིས་བཏེགས་པའི་འོད་སྟོང་གི་དཔལ་འབར་ཞིག བདག་ཅག་གི་ཉམས་སྣང་ལ་མཆེད་ཀྱིན་པའི་རྒྱལ་ཁའི་མེ་ལྕེ་ཞིག ཡང་ན། ལམ་དབུ་མ་ནི། རང་དབང་རང་བཙན་གྱི་མགོ་བོར་ལྕགས་ཕུར་རྡེབ་པའི་ཐོ་བ་ནག་པོ་ཞིག མི་རིགས་འདི་ནམ་ཡང་བྲན་གཤིས་ཀྱིས་འཆིང་བའི་ལྕགས་སྒྲོག་འཁོལ་མ་ཞིག ཆབ་དཔལ་རིག་གསུམ་རྨེག་མེད་དུ་གཏོང་བའི་སྒྱོགས་མདེལ་ངར་མ་ཞིག ལོ་རྒྱུས་འདི་ཚལ་བ་ཚལ་ཕྱེད་དུ་གཤག་བྱེད་ཀྱི་སྲོག་ལྡན་རལ་གྲི་ཞིག ལམ་དབུ་མ་ནི། མི་རིགས་འདི་རེ་བས་ཕོངས་བྱེད་ཀྱི་ཧོལ་རྒྱུག་གི་ཐོད་རྒལ་ཞིག སྲོལ་རྒྱུན་བསམ་བློའི་རྩ་ལག་ནས་འབུས་པའི་སྒེར་གཅོད་ཀྱི་ལྟ་བ་ཞིག ནམ་ཡང་བགྲོད་ན་ཚར་རྒྱུ་མེད་པའི་ཀྱག་ཀྱོག་གི་ལམ་ཕྲན་ཞིག རེ་སྒུག་ཁྲོད་གཟིགས་ཅན་གྱིས་འདར་ཡང་མཐོང་རྒྱུ་མེད་པའི་དུངས་ཞེན་ཞིག ལམ་དབུ་མ་ནི། དུས་རབས་ཀྱི་ལས་དབང་གིས་བཀོད་སྒྲིག་བྱས་པའི་ལྕེབས་ཐག་རིང་པོ་ཞིག གཟི་བརྗིད་ཀྱི་ལོ་རྒྱུས་ཐུར་དུ་འདྲེན་པའི་ལན་ཆགས་ཀྱི་གཏིང་རྡོ་ཞིག གངས་ཅན་པའི་བླ་སྲོག་གི་རྩ་བར་ཐུམ་པའི་འཇིགས་ཉེན་གྱི་ཚོར་བ་ཞིག འཁོས་ཆུང་ཚོའི་སེམས་ཀྱི་སྟོང་ཆ་སྐོང་བའི་ཐབས་བཀོད་ཀྱི་སྲིད་ཇུས་ཤིག ལམ་དབུ་མ་ནི། མི་རབས་འདིའི་བློ་ངོར་འཕྲོད་དཀའ་བའི་རིས་སུ་ལྷུང་བའི་གྲུབ་མཐའ་ཞིག དམར་པོ་ལོག་ལྟ་བ་ཚོས་ནམ་ཡང་ཁས་ལེན་མི་བཏུབ་པའི་རྣམ་རྟོག་གི་རིག་པ་ཞིག མི་ལོ་སུམ་ཅུར་ཇི་ལྟར་བརྩོན་ཀྱང་ཐོན་དངོས་མེད་པའི་རིག་གནས་ཤིག མང་མང་གིས་གོ་བ་ལེན་དཀའ་བའི་དབུ་མ་གཞན་སྟོང་གི་ལྟ་བ་ཞིག ལམ་དབུ་མ་ནི། མི་རིགས་འདི་འཇིགས་ཉེན་ལས་སྐྱོབ་མི་ཐུབ་པའི་མི་རྗེ་སྡར་མ་ཞིག མ་འོངས་པའི་ལོ་རྒྱུས་ཁྲོད་གཡོ་ངེས་པའི་མིང་བརྡ་རྫོབ་པོ་ཞིག ཕྱི་རབས་པ་ཚོས་ལོ་རྒྱུས་ལྟ་ཚུལ་ལ་གནོད་པའི་ལེའུ་ནག་པོ་ཞིག ཁྱོད་དང་ང་ཡི་མཁུར་ཚོས་ན་བཞུར་བའི་སྐྱོ་གདུང་གི་མཆི་མ་རྡོག་པོ་གཅིག་དང་། མདོར་ན། ལམ་དབུ་མ་ནི། ནམ་ཡང་ཀླད་ཀོར་བསྣན་ན་ཀླད་ཀོར་ཐོབ་པའི་ཀླད་ཀོར་ཞིག་མ་ཡིན་ནམ།
ལམ་དབུ་མ་ནི་ཆེ་ས་ནས་ང་ཚོའི་མགོ་ཐོག་གི་ནམ་མཁའ་འདི་དང་ཆུང་ས་ནས་ལག་ནང་གི་ཁབ་མིག་དེ་རེད།
ལམ་དབུ་མ་ནི་བདེན་པའི་འཐབ་རྩོད་ཅིག་མ་རེད།
མེ་རི།
ཕྱོགས་གཉིས་སུ་ལོ་རྒྱུས་གླེང་བ་ནི་གནད་ཅིག་འདུག ཏཱ་ལའི་བླ་མའི་ཆབ་སྲིད་ལངས་ཕྱོགས་ཏེ། ཆོལ་གསུམ་གཅིག་ཏུ་བསྡུས་བའི་༼བོད་མི་འདུས་སྡོད་ཀྱི་ས་ཁུལ༽་དབུ་མའི་ལམ་གྱི་ཆབ་སྲིད་ལངས་ཕྱོགས་༼མང་དོན་མཚུངས་བའི་རང་སྲིད་རང་སྐྱོང༽་དེ་རེད། ལོ་རྒྱུས་ལ་གཞི་བཅོལ་ན། བོད་གཞུང་དགའ་ལྡན་ཕོ་བྲང་ཕྱོགས་ལས་རྣམ་རྒྱལ་ཞེས་བའི་མིང་བྱང་འདིའི་འོག ཆོལ་གསུམ་ལས། ཨ་མདོ་ཡོངས་དང་ཁམས་ཀྱི་ས་ཁུལ་མང་བོ་ཞིག་འཚུད་མེད། དགའ་ལྡན་ཕོ་བྲང་གི་༼ལྷ་ས་སྡེ་བ་གཞུང༽ཕྱི་རོལ་དུ་ལྷག་པའི་་ཨ་མདོ་དང་། ཁམས་སུ་དུས་རབས་མང་བོ་ཞིག་ནས་རྒྱ་ནག་གོང་མ་ལ་༼གོང་མའི་གནམ་ཁྲལ༽ཞེས་རྩིས་ཁྲལ་ཞིག་ཡར་འབུལ་དགོས་འདུག
ཡིན་ནའང་སྤྱི་ཡོངས་ཀྱི་ཆབ་སྲིད་ལམ་ལུགས་ནི་བོད་མི་འདུས་སྡོད་ཀྱི་ས་ཁུལ་དེ་དག་ཁྲིམས་འགོ་རང་སྐྱོང་༼དེང་སྐབས་ཀྱི་མིང་དོན་མཚུངས་བའི་རང་སྲིད་རང་སྐྱོང་༽ལྟར་རྒྱ་ནང་གོང་མས་ནང་སྲིད་ལ་ཐེར་གཏོགས་མི་བྱེད་པར། ས་གནས་ཀྱི་རྒྱལ་བོའམ། དཔོན་པོ་ལ་དབང་ཆ་ཚང་ལྡན་ལ། དེང་གི་རྒྱ་གུང་ཁྲན་གྱིས་ས་ཁུལ་ལ་གཉའ་གནོན་དང་དབང་བསྒྱུར་བྱེད་པ། སྐད་ཡིག་ལ་གཉའ་གནོན་དང་དབང་བསྒྱུར་བྱེད་པ། ཆོས་དང་རིག་གཞུང་ལ་གཉའ་གནོན་དང་དབང་བསྒྱུར་བྱེད་པ་ལྟ་བུ་མ་རེད། བོད་གཞུང་དགའ་ལྡན་ཕོ་བྲང་ཕྱོགས་ལས་རྣམ་རྒྱལ་གྱི་མིང་བྱང་འདིའི་འོག་གི་ས་ཁུལ་རྣམས་རྣམ་པར་རྒྱལ་བ་ལྟར། ཆབ་སྲིད་དང་། དམག་དོན། ཁྲིམས་ལུགས། དཔལ་འབྱོར་གང་ཐད་ནས་རྒྱལ་ཁབ་ཅིག་དང་དེའི་མངའ་ཁུངས་དབང་འཛིན་པ་ཞིག་ཏུ་གྱུར་ཡོད།
འདི་ནི་ལོ་རྒྱུས་ཡིན་ལ། བདེན་དོན་ཡང་རེད། ཆོལ་གསུམ་གཅིག་ཏུ་གྱུར་བའི་རང་སྲིད་རང་སྐྱོང་གི་ཆབ་སྲིད་ལངས་ཕྱོགས་དབུ་མའི་ལམ་ཞེས་བ་རྩོད་པ་ནི་བདེན་པའི་འཐབ་རྩོད་ཅིག་མ་རེད།
བདེན་པའི་འཐབ་རྩོད་དང་། ཐོབ་ཐང་ཡོད་པ། ལོ་རྒྱུས་ཀྱི་ཁུངས་ཐུབ་པའི་འཐབ་རྩོད་ཅི་བྱེད་ན།
འབྲི་ཆུའི་ཚུར་རོལ་བོད་གཞུང་དགའ་ལྡན་ཕོ་བྲང་གི་མངའ་འོག་ལ། རང་བཙན་དང་རྒྱལ་ཁབ་ཅིག་གི་ངོ་བོ་ལྡན་པ་ཞིག་རེག་བར་འཐབ་རྩོད་བྱེད་དགོས་ལ། ཨ་མདོ་དང་ཁམས་སུ་མིང་དོན་མཚུངས་བའི་རང་སྲིད་རང་སྐྱོང་གི་ཆབ་སྲིད་ཐོབ་ཐང་ཞིག་རེག་པར་འཐབ་རྩོད་བྱེད་དགོས། འདི་ནི་བདེན་པའི་འཐབ་རྩོད་ཡིན།
ཁ་དཔེར། གཏམ་དྲི་ན་མི་འོང་སྒུག་ན་འོང་ཟེར་བ་བཞིན་ད་ཡིན་ན་མེ་རིའི་དེ་ཉིད་ངོ་མ་དེ་བསྟན་སོང་ང་། མི་འདིས་ཁ་ཉིན་ནས་ཁ་ལ་རང་བཙན་འཁྱེར་བ་མ་གཏོགས་ཁོག་ནས་གཏོར་བཤིག་གཏོང་འདོད་ཡོད་པ་འདི་རེད། མེ་རོ་ཁྱོད་ཉོན་ཤོག ཁྱོས་དངོས་ཤུགས་ཅི་རིགས་ནས་༧གོང་ས་མཆོག་ལ་དམའ་འབེབས་དང་ངན་བཤད་བྱེད་སྟངས་ལ་བལྟས་ན་དམ་ཉམས་འབྱུང་བོ་རོ་ལངས། བོད་མི་ཡོངས་ཀྱི་ནང་དགྲ བསྟན་པ་དེ་འཇིན་ཡོངས་ཀྱི་སྒེར་དགྲ་ཞིག་ཡིན་པ་ངས་གནའ་ནས་ཤེས་ཡོད། ཁྱོད་དང་གནས་ཆ༹ང་ཟེར་བ་དེས་གྲངས་ཀྱི་ཁ་ནས་རང་བཙན་ཤོད་བཞིན་ཁོག་ནས་རང་བཙོང་འདོད་པ་སུས་མི་ཤེས། གཏམ་ཨ་ཕས་བཤད་ཡ་ཨ་མས་བཤད། ཁྱི་བདག་པོས་འགོག་ཡ་མགྲོན་པོས་བཀག་ཟེར་བ་བཞིན། ཁྱོད་ལ་མ་བབ་པའི་ལས་ཀ་བོད་དུམ་བུ་གཉིས་གསུམ་ལ་གཏོང་བའི་བསམ་ངན་འགྲུབ་ཡ་མེད་པ་འདི་སུས་ཤོད་ཟེར་སོང་། ཁྱོས་འདོད་རུང་མི་འདོད་རུང་བོད་དོན་ཐག་གཅོག་ག་འདྲ་ཞིག་བྱེད་མིན་གྱི་དབང་ཆ་དེ་༧གོང་ས་མཆོག་ལས་གཞན་དམ་ཉམས་དགྲ་བགེགས་གྲངས་ལ་ཐོབ་ཐང་དེ་མེད་པ་ཤེས་པར་གྱིས་ལ་ཁ་དགྲ་ཇག་གུང་ཁྲན་གྱི་ཡུལ་དུ་ལོག་ཤོག །
ཁོ་རེ་མེ་རི། པོ་ཏོ། ཁྱོད་ཀྱིས་མི་རྒྱུས་ཡོད་ཀྱི་མདུན་དུ་གཏམ་རྒྱུས་མེད་མ་བཤད། ཁམས་དང་ཨ་མདོའི་ཡུལ་གྲུ་མང་པོ་ཞིག་སྡེ་བ་གཞུང་གི་འོག་ལ་ཚུད་མི་ཚུད་ཀྱི་དུས་སྐབས་མང་པོ་བྱུང་བ་རེད། ཡིན་ན་ཡང་རྒྱ་ནག་གོང་མ་ལ་གནམ་གྱི་ཁྲལ་འཇལ་བའི་ལོ་རྒྱུས་གང་ན་འདུག་སྟོན་ཅིག
ལམ་དབུ་མ་ནི་ཀླད་གོར་རེད་ཟེར་མཁན་དེས་མདོར་དྲིལ་ན་ལམ་དབུ་མར་གྲུབ་འབྲས་མེད་པར་གླེང་གི་ཡོད་ཚོད་འདུག ༧གོང་ས་མཆོག་ལ་ཞི་བདེའི་གཟེངས་རྟགས་དང་ཨ་རིའི་གསེར་གྱི་གཟེངས་རྟགས་ཐོབ་པ་སོགས་ནི་དབུ་མའི་ལམ་གྱི་གྲུབ་འབྲས་མ་རེད་དམ།
ལམ་དབུ་མ་འདི་བོད་མི་དམངས་ཀྱི་ཆེད་ཡིན་པས་དེའི་གྲུབ་འབྲས་དེ་ཐད་ཀར་བོད་མི་དམངས་ལ་ཐོབ་ན་འགྲིག ནོ་སྦེལ་གཟེངས་རྟགས་དེས་ཀྱང་བོད་མི་དམངས་ལ་ཕན་ཐོགས་ཤིག་ཐད་ཀར་བྱུང་ཡོད་དམ་མེད། རྩྭ་ཐང་ཞིག་གི་ཕན་ཐོགས་དེ་དེའི་ནང་ནི་རྩྭ་ཟ་མཁན་གྱི་ལུག་ཁྱུ་དེར་ཐོབ་དགོས་པ་ལས། དེ་ལ་མ་ཐོབ་གོང་ལུག་རྫི་རྒན་པོར་དཔེ་ལེགས་ཀྱི་བྱ་དགའ་ཐོབ་ན་འདི་ཆི་མོ་ཟིག་རེད་ཀོ དཔེར་ན་ཚན་རིག་པ་ཞིག་ལ་ཚན་རིག་གི་བྱ་དགའ་ཐོབ་དུས་ཚན་རིག་པ་དེས་བཞག་པའི་བྱས་རྗེས་དེས་འགྲོ་བ་མི་དང་རང་བྱུང་སྐྱེ་དངོས་ལ་ཕན་ཐོགས་ག་འདྲ་ཞིག་འདུག་ལྟ་གིན་ཡོད་པ་རེད། ལམ་དབུ་མ་ཡང་དེ་ལས་མ་འདས། དེས་ན་ནོ་སྦེལ་དང་ལམ་དབུ་མའི་སྙན་གྲགས་དེ་ཡང་གོང་ས་མཆོག་གཅིག་པོར་ཐོབ་ཀྱི་འདུག་གམ། ཡང་ན་ཁོང་གི་མི་དམངས་ལ་ཐོབ་ཀྱི་འདུག་ང་ཚོས་ཤེས་དགོས་པ་ཞིག་རེད།
I personally oppose what u mentioned in comment number 6.
Where you got this idea to accuse His Holiness Dalai lama without real evidence?
Recently I watched a film documentary about Devil within in exile or Tibetan Society.
I am sure that you are the one member of Dorjee Shuten organization.
Do your responsibilities for them and I will advertise you on News Paper .
འབར་ཞུན་གྱིས་བསྟོད་དང་ཐལ། ཡེ་ཤེས་ཀྱིས་སྨད་དང་ཐལ། ཁ་དཔེར། བསྟོད་མི་ཤེས་མཁན་ཞིག་གིས་བསྟོད་པ་ལས། སྨད་མི་ཤེས་མཁན་ཞིག་གིས་སྨད་ན་དགའ་ཞེས་པའི་གཏམ་དེ་བདེན་པར་འདུག
ང་ཚོས་རང་གི་བླ་ན་མེད་པའི་དབུ་ཁྲིད་འདིས་བདམས་པའི་ལམ་དབུ་མ་འདི་ལ་ལོ་རེ་དང་ཟླ་རེར་སློབ་སྦྱོང་ངམ་སྐྱར་ཞིབ་རེ་བྱེད་ཐུབ་ན་ལེགས། བོད་ཕྱི་ཡི་མི་མང་གིས་ལམ་འདི་ལ་ཡིད་ཆེས་བྱེད་པ་འདིར་འགྱུར་བ་འགྲོ་གི་འདུག་གམ་མི་འདུག བོད་ནང་གི་མི་མང་གི་གམ་དབུ་མར་ཡིད་ཆེས་ལ་འགྱུར་བ་འདུག་གམ་མི་འདུག ངའི་བསམ་པར་བོད་ནང་གི་མི་མང་ཆེ་བས་ད་དུང་ལམ་དབུ་མ་ཞེས་པ་ཞིག་རྣ་བས་གོ་མྱོང་མེད་པར་ཕན་ཚུན་སྐད་ཆ་རེ་ལྐོག་འདྲི་བྱེད་དུས་”བོད་རང་བཙན་ནམ་ཟིག་ག་ཐོབ་ཀོ་ཁུ་”ཞེས་འདྲི་སྲོལ་ཞིག་གནའ་ནས་ད་བར་དུ་གཏན་འཇགས་རེད། འདིས་ཆི་ཟིག་སྟོན་གོ་ཁུ་ཟེར་ན། ལ་ཁའི་ལུག་རྫི་ཚུན་ཆད་ཀྱིས་བོད་རྒྱ་གཉིས་མཉམ་དུ་བསྡད་ན་དེ་ལ་དགེ་མཚན་ཆེན་པོ་ཞིག་ཡོད་རྩིས་བྱེད་བཞིན་མེད་པར་རྒྱ་བོད་གཉིས་རྦད་དེ་ཁ་ཁ་བྱས་ནས་བསྡད་པའི་ཉི་མ་དེ་ལ་གཞི་ནས་བོད་པ་རང་གིས་བདེ་སྐྱིད་ངོ་མ་ཞིག་མྱོང་ཐུབ་རྒྱུ་ཡིན་པ་དང་བོད་མི་ས་ཡ་འབུམ་ཕྲག་གི་ཚེ་སྲོག་ཤོར་བའི་རིན་པ་ཡང་ཉི་མ་དེ་ནས་སོད་སོང་བ་ཞིག་སེམས་ཁོང་ན་ཉི་མ་བཞིན་འབར་བཞིན་ཡོད་པ་རེད། འདི་ནི་བོད་མི་མང་གི་སེམས་ཁོང་གི་འབོད་སྒྲ་ངོ་མ་དེ་རེད། བོད་མི་མཐོ་དམན་སུ་ཞིག་ལ་ཡང་འདི་ལ་ཁྱད་གསོད་དང་ངན་སྨྲ་བྱེད་རྒྱུའི་ཐོབ་ཐང་མེད།
མེ་རི་འདི་ལོ་རྒྱུས་ལ་དོ་སྣང་ཡོད་པ་ཞིག་རེད། ལོ་རྒྱུས་བཤད་དུས་ལོ་རྒྱུས་ཀྱི་རྒྱབ་ལྗོངས་ལ་བལྟ་དགོས་པ་མ་གཏོགས་གུང་ཁྲན་གྱི་ལག་པར་རང་བཙན་པ་ཤོར་བ་བཞིན་དུ་སྡིག་རྐྱང་རྡུང་རྐྱང་བྱེད་པ་འདི་ནི་ཤེས་ཡོན་ཅན་ཞིག་གི་ལས་ཀ་མ་རེད།
གལ་སྲིད་ང་ཚོས་ནོ་སྦེལ་གཟེངས་རྟགས་དང་ལམ་དབུ་མའི་གཟི་བརྗིད་དེ་འོད་སྣང་ཞིག་ཏུ་བརྩིས་ནས་འོད་སྣང་དེ་ཇི་སྲིད་བར་དུ་འཕྲོ་རུ་འཇུག་འདོད་ན་རང་བཙན་རྩོད་པའི་གཞོན་ནུ་ཚོགས་པ་དང་དེ་མིན་གྱི་ཚོགས་པ་རེ་ཟུང་ཡོད་པ་འདི་དག་གི་བྱ་བྱེད་ཡོངས་རྫོགས་མཚམས་འཇོག་ཏུ་འཇུག་དགོས། དེ་བཞིན་བོད་ནང་དུ་ཡང་བོད་པ་ཚོས་རྟ་རྒན་རེར་ཞོན་ནས་ལག་སྟོང་དུ་རྫོང་སྲིད་གཞུང་རེའི་སྟེང་དུ་བརྒྱུགས་ནས་གཞུང་སྒྲུབ་ཁང་དང་ཚོང་ཁང་མེར་སྲེག་གཏོང་བ་འདི་དག་འགོག་དགོས། དེ་ནས་ཅི་ཞིག་བྱེད་དགོས་ཟེར་ན། མགོ་བཀའ་ཁྲི་ནས་མཇུག་མ་ཧེའི་རྫི་བོ་བར་གྱི་བྱེས་སྡོད་བོད་མི་ཚང་མ་མཚམས་ལ་བཞུགས་ནས་མ་ཎི་དང་གུ་རུའི་མཚན་སྔགས་དུང་ཕྱུར་གཅིག་འབུམ་གསོག་སྒྲུབ་དང་། དེ་ནས་དེའི་ཁ་སྐོང་དུ་བྱང་ཆུབ་སེམས་མཆོག་མ་གྲངས་ཐེར་འབུམ་སུམ་བརྒྱ་ཐམས་པ་གསོག་སྒྲུབ་བྱས་ན་ད་གཟོད་གཞིས་བྱེས་མཉམ་འཛོམ་དང་བོད་རྒྱ་མཉམ་གནས་ཀྱི་ལམ་དབུ་མའི་སྲིད་ཇུས་འདི་ལ་འབྲས་བུ་མིག་མཐོང་ལག་ཟིན་ཞིག་འཐོབ་ཐུབ་བོ།།
འབར་ཞུན་ལགས། ཁྱེད་ཀྱིས་རྩོམ་ཡིག་ཡག་པོ་ཀློག་ཤེས་ཀྱི་མེད་པ་འདྲ། ངས་མཐའ་གཅིག་ཏུ་དབུ་མའི་ལམ་ཟེར་བ་འདི་ལེགས་པོ་མི་འདུག་ཟེར་གྱི་མེད།
ཀླུ་སྨྱོན་གྱིས་སྐད་གྲགས་ཅན་གྱི་དབུ་མའི་ལམ་ཟེར་བ་འདི། གཞིས་ལུས་མི་མང་གིས་རྣ་བས་གོ་མྱོང་ཡོད་ཀྱི་མ་རེད་ཅེས་བཤད་སོང་། གཞིས་ལུས་མི་མང་ཚོར་ཁག་ག་ལ་ཡོད། ངས་བལྟས་ན་བཙན་བྱོལ་བོད་གཞུང་གི་སྐུ་དྲག་དང་གཞུང་ཞབས་ལས་བྱེད་ཚོའི་ནང་དུའང་དབུ་མའི་ལམ་འདི་གོ་བ་ཡག་པོ་ལོན་ཡོད་མཁན་ཉུང་ཉུང་ཡིན་གྱི་རེད། ན་ནིང་གཞེས་ནིང་ལོར། རྡ་རམ་ས་ལར་དབུ་མའི་ལམ་འདི་ཡང་ནས་བསྐྱར་དུ་གསལ་བཤད་བྱེད་གི་ཡོད་པ་གོ་ཐོས་བྱུང་། དབུ་མའི་ལམ་འདི་བཏོན་ནས་མི་ལོ་སུམ་བཅུ་འགོར་གི་ཡོད། ད་དུང་ཡང་དབུ་མའི་ལམ་འདི་མི་མང་གིས་མཁྱེན་གི་མེད་པ་ཡ་མཚན་རེད། དེ་ཡིན་ན། ཀླུ་སྨྱོན། ཁྱེད་ཀྱིས་དབུ་མའི་ལམ་འདིའི་འགྲེལ་བ་ཞིག་འབྲི་དགོས་པ་མ་རེད་དམ།
ཉུང་ཉུང་ཟིག་མ་གཏོགས་མང་མང་ད་དུང་དབུ་འཁོར་བཞིན་ཡོད་པའི་སྨུག་ལོང་ཁྲོད་ཀྱི་ལམ་ཕྲན་གྱ་གྱུ་མ་འདི་ལ་ལམ་དབུ་མ་ཟེར། འགྲེལ་བ་རྟ་ཐོག་མ་རེ་བརྒྱབ་ན་འདི་འདྲ་རེད། དེབ་རྒན་རྩོམ་རྒྱུའི་དུས་ཚོད་མེད།
འདི་ལ་ཀུ་རེ་རྩེད་མོའི་སྐབས་སུ་ལམ་ཝུ་བ་ཞེས་བོས་ན་ཡང་ཆོག
ཡ། ད་དེ་ཡིན་ན། ཁྱེད་ཀྱིས་ཀྱང་དབུ་མའི་ལམ་གྱི་གོ་དོན་ཐུགས་ཀྱིས་གཅུན་གི་མེད་པ་འདྲ།
ཕྱི་རྒྱལ་གྱི་མི་ཞིག་གིས་ང་ལ་འདི་ལྟར་བཤད་མྱོང་། བོད་མི་ཚོས་རྒྱལ་སྤྱིའི་ནང་ཆབ་སྲིད་ཀྱི་ལས་ཀ་ལས་ཤེས་ཀྱི་ཡོད་མ་རེད། དབུ་མའི་ལམ་ཟེར་བའི་མིང་འདོགས་སྟངས་ཁོ་རང་གི་ཐོག་ནས་མི་མང་པོ་ལ་མགོ་འཁོར་ཐེབས་ཡོང་གི་རེད། རྒྱ་བོད་བར་གྱི་གོ་བརྡ་མི་འཕྲོད་པའི་གནད་འགག་ཅིག་ཀྱང་མིང་གི་ཐོག་ནས་ཡོང་གི་ཡོད། དེས་ན། ཆབ་སྲིད་ཀྱི་ལས་ཀ་ངོ་མ་ཞིག་བྱེད་ཀྱི་ཡིན་ན། མིང་གི་ཐོག་ནས་ཕན་ཚུན་གཉིས་ཀ་ལ་རྒྱུས་ཡོད་པ་དང་གོ་བརྡ་འཕྲོད་སླ་བ་ཞིག་དགོས་པ་རེད། ཟེར། འདི་ཡང་ངོ་མ་བདེན་པ་ཡིན་པ་འདྲ།
གཡང་སྐྱབས་རྒྱལ་འདི་ངར་བ་ཞིག་ཡིན་པ་འདྲ། དོན་ལ་མི་འཇུ་བར་མིང་ལ་འཇུ་གི་འདུག ཨ་རོ། རྟོན་པ་བཞིའི་ནང་དུ། ཚིག་ལ་མི་རྟོན་དོན་ལ་རྟོན་ཟེར་བ་ཞིག་ཡོད་པ། ཕྱིན་ཆད་ལས་སླ་སར་མ་འཇུ་རོགས། དེ་མིན་ངས་ཁྱོད་ལ་ངར་བ་ཞིག་རེད་ཅེས་ཟེར་གྱི་མིན། ཨ་ལ་ཀུ་རེ་ཡིན། བདེ་མོ།
ཡ། དེ་ཡིན་ན། ལམ་དབུ་མ་ཟེར་བ་ལས། རང་གཞན་གཉིས་ཕན་གྱི་ལམ། རང་བཙན་མིན་པའི་ལམ། མ་འོངས་མཛའ་མཐུན་གྱི་ལམ། འདི་གསུམ་གྱི་གང་རུང་ཞིག་ལ་བསྒྱུར་ན་གང་འདྲ་འདུག་གམ།
དབུས་གཙང་ཁུལ་གྱི་དབུ་མའི་ཀློག་སྟངས་བཞིན། །
སྲིད་ཇུས་འདི་ལ་ཨུ་མའི་ལམ་དུ་བརྗོད། །
ཧུའུ་ཏིན་ཅང་ཧུའུ་ཚངས་པ་གདོང་བཞི་ཡི། །
དཀའ་ཐུབ་ཨུ་མའི་ལམ་འདིས་ལྡོག་པར་བྱས། །
ངོ་མ་ང་ཚོ་དངོས་ཡོད་ཀྱི་ཕྱོགས་སུ་ལངས་ཤེས་ཀྱིན་མི་འདུག གལ་སྲིད་རྒྱ་ནག་གིས་ང་ཚོ་ལ་དབུ་མ་དང་རང་བཙན་ཡང་ན་རང་སྐྱོང་སོགས་འདེམས་རྒྱུའི་གདམ་ཀ་ཞིག་བཞག་ཡོད་ན་ང་ཚོས་དེའི་སྐོར་ལ་རྩོད་གླེང་འོས་པ་ཞིག་རེད། དེར་མ་གཏོགས་ཡོད་ཚད་སྟོང་བཤད་མ་ཡིན་ནམ། ཐ་ན་ང་ཚོས་ད་སྐབས་བོད་ནང་གི་ཛ་དྲག་གནས་སྟངས་ཀྱང་འཇགས་ཐབས་བྱེད་ཐུབ་ཀྱིན་མེད་པ་གསལ་བོ་རེད། ངའི་བསམ་ཚུལ་ལ་དང་བོ་བོད་ས་བདེ་འཇགས་དང་བོད་མིར་བརྙས་བཅོས་བྱེད་དུ་མི་བཅུག་པར་བརྩོན་དགོས་པར་འདོད། ང་ཚོས་རང་དབང་ལུང་པ་ནས་འཆོལ་གཏམ་འདྲ་མི་འདྲ་ལབ་ནས་ཁ་ཤོས་ཀྱིས་བོད་དོན་ཚོང་ལས་སུ་སྒྱུར་བཞིན་ཡོད་པ་རེད་དེ་དཀའ་ངལ་ཆེ་ཤོས་བོད་ནང་གི་དེ་ཚོའི་སྟེང་ལ་འབབ་ཀྱིན་ཡོད་པ་རེད།
རྫིག་གཏམ་བཤད་མ་བཤད་མི་འདུག དོན་དངོས་ཀྱི་བོད་ནང་ལ་བསམ་བློ་གཏོང་དགོས་ཀྱིན་འདུག བོད་ས་བདེ་འཇགས་ལ་འབད་དགོས་ཀྱིན་འདུག
དྲ་ཐོག་ཡོད་ཚད་འཆལ་གཏམ་དང་དམོད་ཚིག་གི་གཡུལ་ས་ཞིག་མི་ཆགས་པའི་རེ་བ་ཡོད།
དྲ་ཐོག་ཐམས་ཅད་དཔྱོད་ཤེས་ཀྱི་འོད་སྟོང་འཕྲོ་བའི་གནས་ལུགས་ཀྱི་གཤིན་ས་ཞིག་ཆགས་རྒྱུའི་རེ་བ་ཡོད།
དྲ་ཐོག་ཚང་མར་བདེན་ལུགས་ཀྱིས་ཕྱུག་པའི་བློ་གཏད་ཀྱི་དགེ་རྒན་ཞིག་ཆགས་རྒྱུའི་རེ་བ་ཡོད།
དྲ་ཐོག་ཡོད་ཚད་སྤྲོ་སྐྱིད་ཀྱིས་ཁེངས་པའི་དག་ཞིང་གི་སྒེའུ་ཁུང་ཞིག་ཆགས་རྒྱུའི་རེ་བ་ཡོད།
དབུས་སྐད་ཀྱི་ྐློག་ཚུལ་ཨུ་མ་ཞེས་པ་དེ་ལྟར་ྐློག་ཚེ་ཨུ་ཚུགས་དང་ཨུ་ཐུག་དེ་ཚོར་ཡང་འགྲེལ་མི་ཆོག་རྒྱུ་ཅང་མཆིས་སམ།