གནས་ཚུལ་གཏོང་མཁན། ཀ་ཉག་ཚེ་རིང་།
ཕྱི་ལོ་༢༠༡༤ ཟླ་༡༢ ཚེས་༢༦ ཉིན་གྱི་བོད་ནང་གི་ཆུ་ཚོད་༤ ཙམ་ལ་བོད་མདོ་སྨད་རྔ་བ་ཀིརྟི་དགོན་པའི་གྲྭ་བློ་བཟང་འཕྲིན་ལས། རང་ལོ་༢༡ ཡས་མས་ཡིན་པ་ཁོང་གིས་༸གོང་ས་མཆོག་གི་སྐུ་པར་དང་བོད་ཀྱི་རྒྱལ་དར་མཉམ་སྦྱར་བྱས་པའི་འདྲ་པར་ཆེན་པོ་ཞིག་མཐོ་སར་བཏེགས་ཏེ་གཞུང་ལམ་དཀྱིལ་ནས་(རྒྱལ་དབང་བསྟན་འཛིན་རྒྱ་མཚོ་སྐུ་ཚེ་ཁྲི་ལོ་ནས་ཁྲི་ལོ་བརྟན་པར་ཤོག བོད་ལ་རང་དབང་དགོས་)ཞེས་སྐད་འབོད་གནང་བཞིན་རྒྱ་ནག་གཞུང་གིས་བོད་ལ་འཛིན་པའི་སྲིད་བྱུས་ལ་ངོ་རྒོོལ་གནང་ཡོད་ཅིང་། སྐར་མ་ཁ་ཤས་ལས་མ་ཁོམ་པར་ཉེན་རྟོག་པ་འབྱོར་ཏེ་གཅར་རྡུང་གཏོང་བཞིན་བཙན་ཁྲིད་བྱས་འདུག་ལ།
གནས་ཚུལ་དེ་བྱུང་མ་ཐག་ས་གནས་དེ་གར་ཡོད་པའི་བོད་མི་རྣམས་ཀྱིས་དེར་མཐུད་ནས་སྐད་འབོད་བྱས་ཡོད་ཀྱང་དྲག་ཆས་དམག་དཔུང་སོགས་ཀྱིས་གང་བྱུང་གཅར་རྡུང་གཏོང་བཞིན་མི་མང་ཁ་གཏོར་ཡོད་པར་མ་ཟད། མིང་སོགས་གསལ་པོ་ཤེས་རྟོགས་མ་བྱུང་ནའང་བོད་མི་རེ་ཟུང་ཉེན་རྟོག་པའི་ལག་ཏུ་ཤོར་ཏེ་བཙན་ཁྲིད་བྱས་ཚུལ་ཡང་འདུག རྔ་བ་རྫོང་མཁར་གྱི་གཞུང་ལམ་ཁག་ལ་དྲག་ཆས་དམག་དཔུང་དང་ཉེན་རྟོག་པ་འགྲེམས་འཇོག་བྱས་ཏེ་དམ་བསྒྲགས་ནན་པོ་བྱས་ཡོད་འདུག
བློ་བཟང་འཕྲིན་ལས་ཀྱི་ཕ་ཡུལ་རྔ་བ་རྫོང་རྨེའུ་རུ་མའི་རུ་ཆེན་བཞི་པ་ནས་ཡིན་ཞིང་། ཕ་ནོར་ལྡན་དང་། མ་མཆོག་གསུམ་གཉིས་ཀྱི་བུ་ཡིན་པ་དང་། ཆུང་ཆུང་སྐབས་ནས་རྔ་བ་ཀིརྟི་དགོན་པར་ཆོས་ཞུགས་བྱས་ཏེ་དེང་སྐབས་བློ་རིག་འཛིན་གྲྭ་ཡིན་འདུག་པ་བཅས།
བཞུགས་སྒར་ཀིརྟིའི་བྱེས་པ་གྲྭ་ཚང་གི་བོད་གནས་འབྲེལ་མཐུད་མཐུད་པ་བློ་བཟང་ཡེ་ཤེས་དང་ཀ་ཉག་ཚེ་རིང་གཉིས་ཀྱིས། ཕྱི་ལོ་༢༠༡༢ ཟླ་༡༢ ཚེས་༢༦ ལ།
བུ་་དཔའ་བོ་ཟེར་ན་དེ་ཟེར་།།རྒྱལ་གཅེས་པ་ཟེར་ན་དེ་ཟེར་།
ཕོ་ཁྱོ་ག་ཟེར་ན་དེ་ལ་ཟེར་།སྟག་ཤར་པ་ཟེར་ན་དེ་ལ་ཟེར་།
དཔའ་བློ་ཁོག་ཟེར་ན་དེ་རེད་།དགྲ་ཁ་གཏད་ཟེར་ན་དེ་རེད་།
ལྷག་བསམ་ཟེར་ན་དེ་རེད་།སྙིང་སྟོབས་ཟེར་ན་དེ་རེད་།
གཏོང་ཕོད་ཟེར་ན་དེ་རེད་།དཔའ་བོའི་དཔའ་དར་ཁྱེད་ལ་ཐོབ་།
རྗེས་སུ་ཡིད་རངས་ཞུ་་་་་་་་་་་་ཞུ་་་་་་
བོད་ནང་ནས་འདི་ལྟར་ངོ་རྒོལ་བྱེད་ཀྱི་ཡོད་པས། ཕྱི་ལོགས་སུ་ཇི་ལྟར་བྱེད་འོས་སམ། རྒྱ་ནག་རྩ་ཁྲིམས་འོག་ཏུ་ཅི་ཡོད་མི་མཁྱེན་ནམ།
ངོ་མ་ཧ་ལས་དགོས་པ་རེད། དཔའ་སྙིང་དང་། ཆོད་སེམས། སྙིང་སྟོབས དང་ལ་རྒྱལ་ཟེར་ན་འདི་འདྲ་ལོས་ཡིན། ནམ་ཡང་བསམ་དོན་འགྲུབ་པར་སྨོན་ནོ། དེ་མ་གཏོགས་བདག་རང་ལ་གང་ཡང་མི་འདུག་ངོ་མ་ཡིན་་ཨ་ཁ་ཁ་ཁ་་་་
བོད་ནང་བོད་མི་ཚོའི་རླབས་ཆེན་འདི་ལྟར་སྤེལ་སྐབས་ང་ཕྱི་སྡོད་བོད་མི་ཚོ་
གདུང་སེམས་མཉམ་ཟེར་བའི་མིང་སྙན་པོ་ལ་དོ་ལ་དུས་ཚོད་བསྐྱལ་ནས་བསྡད་
ན་འགྲིག་གི་ཡོད་པ་ཡིན་ནམ་
བོད་ནང་ནས་རྒྱའི་མེ་འདའ་འོག་ན་ཚེ་སྲོག་བློས་གཏོང་ནས་གདོང་ལེན་གནང་གི་ཡོད་རེད། ཕྱི་རྒྱལ་རང་དབང་ལུང་བ་ན་ཡེ་ཤེ་འཁྲུངས་སྐར་ཟེར་བ་ལ་མགོ་གཡེང་ནས་ཇ་ཁང་ཆང་ཁང་ཁག་ན་བོད་མི་རུལ་བ་ཚོས་སྐྱིད་པོ་གཏོང་ནས་བསྡད་འདུག ད་གཞིས་ལུས་མི་མང་ལ་ངོ་གནོངས་སོང་།
ནོར་བཅོས་།བོད་ནང་ལས་འགུལ་འདི་ལྟར་སྤེལ་སྗབས་ང་ཚོ་་གདུང་སེམས་་
མཉམ་བསྐྱེད་དང་མཆོད་འབུལ་སྨོན་ལམ་ལ་མགོ་འཁོར་ནས་བསྡད་ན་འགྲིག་གི་ཡོད་པ་ཡིན་ནམ་།བུ་ཚར་ན་ཕྱི་ནས་ཚར་།མེ་འབར་ན་ནང་དུ་འབར་་།
སེམས་ཤུགས་དང་དཔའ་སེམས་དེས་ཁོ་རང་ལ་གཅར་རྡུང་ཆེན་པོ་ཞིག་རག་ཁོ་ཐག་ཆོད། རྒྱལ་བ་རིན་པོ་ཆེ་སྐུ་ཚེ་ཁྲི་ལོ་ལ་ནི་སྡོད་རྒྱུ་མེད་པ་མངོན་གསལ་རེད། ད་བོད་པའི་རང་དབང་ལ་ཡང་གང་ཕན་མི་ཤེས། ཕ་རྒན་མ་རྒན་ཚོ་སྙིང་རྗེ། སེམས་ཁྲེལ་ལ་གཏད་བཞག་པ་རེད། དཀོན་མཆོག་མཁྱེན། ད་སྒང་པ་ཚང་གི་ལས་འདི།
མགྱོགས་གློད་བཀྲོལ་ཡོང་བར་ཤོག
མེ་ལ་མ་སྲེག་པར་དགྱ་ལག་ལ་ཐེབས་ན། དེ་ནི་འགྲོ་ཚུལ་ཡིན་ཡིན་འདྲ་ཞིག་བཤད་མཁན་འདུག་ན་ཡང་། དོན་དངོས་དགྲ་གཅིག་དགྱ་དམར་ཚང་གི་མུ་ནག་བཙོན་དུང་གི་གནར་གཅོད་གཅར་རྡུང་ཟེར་བ་དེ། ག་འདྲ་འདྲ་ཞིག་ཡིན་མིན་ལ་མིག་ཐེངས་གཅིག་བཙུམ་ནས་བལྟས་མྱོང་མེད་པའི་སྐད་ཆ་རེད། ཁོ་ཚོ་ལ་ཤི་གསོན་གང་ལ་ཡང་རང་དབང་མེད་པའི་སྡུག་སྤྱོད་བཀོལ་བཞིན་ཡོད། ངའི་ངོ་ཤེས་བ་མང་པོ་བཙོན་ལས་ཀྱི་མནར་གཅོད་འོག་མྱངས་མ་དགོས་ཤི་འདོད་ཀྱིས། མགོ་རྡོ་གྱང་ལ་རྡེབ་པ་སོགས་མང་པོ་བྱས་དང་བྱེད་མཁན་ཡོད་པ་གཅིག་དང་གཉིས་མིན་པ་གོ་ཐོས་ཡོད། དེ་ནི་བཙོན་འོག་ནི་མེ་འོབ་དང་མེ་འོབ་ནི་བཙོན་འོག་ལས་ཕྱོགས་གཉིས་ན་ཡག་སྡུག་གི་ཐར་ས་ཞིག་མེད་པ་གཅིག་པར་ཆགས་ཡོད་པ་བསྟན་པ་དང་། དེ་མ་ཤེས་ན། ཁྱེད་ཚོ་ལ། བོད་རིགས་དཔུན་ཟླ་དཔའ་བོ་ཚང་མར་མ་གཅིག་བུ་གཅིག་གི་བརྩེ་བ་ཞིག་མེད་པ་གསལ་པོ་རེད། སོ་སོའི་མཐོང་སྣང་ལ་བདེ་མིན་ཙམ་གྱི་སྐད་ཆ་ཞིག་ལས། དཔའ་བོ་ཚོའི་བདེ་སྡུག་དང་མི་རིགས་ཀྱི་ལ་རྒྱ་ལ་ཞེན་པ་ཞིག་མིན་པ་ཡང་གསལ་པོར་ཆགས་པ་རེད། དེ་འདྲ་མ་གནོངས། ང་ཚོའི་ཤི་གསོན་གཉིས་ཀྱི་བཙན་པོ་བ་ཚང་མས་བོད་དང་མི་རིགས་ཀྱི་དོན་དུ། ལམ་ལོག་དང་ལས་མི་དྲང་བ་གང་ལ་ཁྲིད་སོང་བ་གཅིག་ཀྱང་མེད་པས། གློ་སྙིང་བྲང་གསུམ། ལུས་ངག་ཡིད་གསུམ་གྱིས། ཁྱེད་ཅག་ལ་ཕྱོགས་དུས་ནམ་ཡིན་ལ་གུས་སོ། དགྱ་དགྲ་ཕམ་པར་ཤོག། བོད་རྒྱལ་ལོ།
བོད་ཀྱི་བུའི་སྐད་ཆ་བདེན་པ་བཤད་འདུག བཙན་བྱོལ་བ་ཚོས་དྲ་ཐོག་ལ་ཡོང་ནས་སྐད་ཆ་རྫིག་པོ་རེ་བཤད་ཁུལ་བྱེད་པ་ལས། དོན་ལ་ཡེ་ཤུས་འཁྲུངས་སྐར་གཏོང་ནས་དགའ་དགའ་སྤྲོ་སྤྲོའི་ངང་ནས་སྡད་ཡོད་པ་རེད། ད་དུང་བོད་རང་བཙན་ཞེས་སྐད་ཆ་ཆེན་པོ་རེ་བཤད་ཁུལ་བྱེད་པ་ནི་གད་མོའི་གནས་མ་རེད་དམ།
བོད་ནང་གི་བོད་མི་ཚོས་སོ་སོའི་རྩ་ཆེའི་སྐུ་སྲོག་འབེན་ལ་གཙུག་ནས་ལས་འགུལ་སྤེལ་བར་རྗེས་སུ་ཡིད་རང་ཞུ་
བཙན་བྱོལ་ནང་ཁ་སྟོང་པའི་སྐད་ཆ་བཤད་མཁན་ཙམ་ལས་དོན་ངོ་མ་སོ་སོའི་རང་དོན་སྒྲུབ་མཁན་ཀྱང་རེད་ལ་
དབུ་མ་དང་རང་བཙན་ཀྱི་མཐེན་འཁྱེར་ཆོལ་ཁ་ཆོས་ལུགས་གི་མཐེན་འཁྱེར་ལུང་ཚན་གི་མཐེན་འཁྱེར་ནུབ་ཕྱོགས་སུ་འགྲོ་རྒྱུའི་བསམ་བློ་མ་གཏོག་མེད་པས་ང་ནི་བོད་ནང་གི་བོད་མི་རྣམས་ལ་ངོ་ཚ་ངོ་མ་ངོ་ཚ་
གཞིས་ཞུགས་བོད་མིའི་སྙིང་སྟོབས་ཆོད་སེམས་་འདིའི་།
འཛམ་གླིང་ཧྡིལ་པོ་འདར་གཟིལ་འགུལ་ཁྱོོག་རྒྱབ་།
བཙན་བྱོལ་བོད་མིའི་གདུང་སེམས་མཉམ་བསྐྱེད་འདིའི་་།
གཞིས་ཞུགས་བོད་མིའི་སེམས་ཤུགས་དགུང་ལ་སྟེག་།
དཔལ་བོ་དེ་ལ་ལུས་ལ་ན་ཚ་ཆུང་བ་ཤོག