ཉེ་ཆར་༧གོང་ས་མཆོག་ཨ་རིར་ཆིབས་བསྒྱུར་མཛད་པ་དང་། དེའི་རྗེས་འབྲེལ་གྱི་གསར་འགྱུར་ཁག་ལས་ང་ནི་སླར་ཡང་མགོ་འཐོམས་པར་གྱུར། ང་མགོ་འཐོམས་པ་ནི་ཧ་ཅང་ཡིན་འོས་པ་ཞིག་སྟེ། ང་ལ་ཆབ་སྲིད་ཀྱི་སློབ་སྦྱོང་མེད་ཁར། འཛིན་སྐྱོང་གི་ཉམས་མྱོང་ཡང་མེད། དེ་ལས་ཀྱང་ཉེ་ཆར་འགྲོ་བཞིན་པའི་ “བོད་རྒྱ་འབྲེལ་མོལ་”གྱི་སྐོར་ལ་ཤེས་ཚད་ཧ་ཅང་ཞན་པ་ཡིན། དེ་བས་གོ་དོན་གསལ་པོ་ཞིག་འབྱིན་མི་ཐུབ། འོན་ཀྱང་གཤམ་གསལ་གྱི་མཐོང་ཚུལ་འདི་འགོག་མེད་དུ་སྐྱེས་བྱུང་།
ཨ་རིའི་ནང་གི་གསར་འགྱུར་དག་ན། ༧གོང་ས་མཆོག་གི་ཆིབས་བསྒྱུར་སྐོར་གླེང་སློང་བྱེད་སྐབས། རྒྱ་གཞུང་ལ་ཁེ་གྱོང་གང་ཡོད་དང་། བོད་ལ་ཐོབ་ཤོར་གང་ཡོད་གཙོས་ མིའི་འཇིག་རྟེན་གྱི་དགོས་མཁོ་སྐོར་ཞིག་བརྗོད་ཡོང་གི་འདུག འོན་ཀྱང་། བོད་ཀྱི་ཕྱོགས་ནས་ འཇིག་རྟེན་སྤྱི་ཡོངས་ཀྱི་བདེ་སྡུག་དང་མར་གྱུར་སེམས་ཅན་ཐམས་ཅད་ཀྱི་དཀའ་སྡུག་སྐོར་གླེང་ཡོང་གི་འདུག མཚམས་རེར་གསར་འགོད་པ་དག་གིས་ཀྱང་། “སྔོན་མ་ལོ་རྒྱུས་ཀྱི་ཐོག་ནས་བོད་རང་བཙན་ཡིན། ད་རྒྱ་གཞུང་གིས་ཞི་འགྲིག་བྱས་ན་དེས་འཐུས་དང་། དེ་མིན་བོད་མི་རིགས་ཀྱིས་རང་ཐོབ་རང་འོས་ཀྱི་རང་བཙན་འཐབ་རྩོད་བྱེད་མིན་ལ་དྭོགས་པ་མེད།”ཅེས་པ་ལྟ་བུའི་སྐད་ཆ་མ་གོ་སྟབས་གསར་འགྱུར་ལ་དོ་སྣང་ཡང་བྱེད་ཀྱིན་མེད་པའི་སྣང་བ་ཞིག་ཤར་བྱུང་། འདི་ངས་དུང་དཀར་སེར་པོར་མཐོང་བ་ཡིན་ནམ་ང་ཚོས་དུང་དཀར་སེར་པོར་བཟོས་པ་ཡིན། དྭོགས་པ་ཞིག་གོ།
དགེ་རབ་ལགས། བོད་ཀྱི་ཕྱག་དཔེའི་ནང་ལ་དུང་དཀར་སེར་འཛིན་གྱི་ལོག་ཤེསཅིག་གསུངས་འདུག་མོད། ཁྱིད་ཀྱི་དུང་དཀར་སེར་པོ་བཟོ་སྟངས་འདི། ཆུ་སེར་པོ་ཁོལ་མའི་ནང་ལ་བཙོས་ནས་བཟོས་སམ། ཡང་ན་ཕྱི་ནས་མཚོན་རྩི་སེར་པོ་བྱུག་ན་འགྲིག་པ་རེད། མཁས་པའི་གསུང་ལ་དགོས་པ་ཡོད་པའི་ཁྱབ་པས། ཨ་ཙི། སྐུ་རྩེད་ཞུས་པ་ཡིན་ནོ།