ཟླ་བ་གཞོན་ནུ།
རིན་ཆེན་སྣང་བས་འཕྲོག་པར་མི་བྱེད་ཉི་མའི་འོད་ཀྱིས་མི་བཟློག་པ།།
ལང་ཚོ་ལས་བྱུང་ན་ཆུང་གི་ནི་མུན་པས་ལྟ་བ་འགོག་བྱེད་ཅེས།།
གསུངས་པ་འདི་ལས་མད་པའི་གཏམ་ཞིག་བུ་ཆུང་སྒྲ་འཛིན་བུ་གར་སྟོང༌།།
བདེན་པའི་ཐ་ཚིག་རིང་ནས་བསྒྲགས་ཀྱང་མངོན་སུམ་འབྲས་བུ་དེ་རིང་མཐོང༌།།
ཟླུམ་གཟུགས་གོ་ལ་ཧྲིལ་བོའི་ངོས་ལ་གཟུགས་ཅན་གཞན་གྱིས་ཁྱབ་གྱུར་མོད།།
སྔོན་བསགས་ལས་ཀྱི་མཐུ་ལས་བསྐྱེད་པའི་གཡོལ་མེད་འབྲས་བུ་མངོན་གྱུར་བས།།
སྲུབས་བྱེད་མདའ་ལྔའི་འབེན་དུ་གྱུར་བ་བགྲང་ན་ངལ་བའི་རྒྱུ་ཡིན་ཡང༌།།
གཟུགས་མེད་འདོད་མདའ་བྱིངས་ལ་འཕངས་མོད་བདག་སྙིང་ཚལ་བ་སྟོང་དུ་གཤགས།།
དཀྱུས་རིང་མིག་གི་ཉག་ཕྲན་ཟེགས་མ་མ་ལྟར་བརྩེ་ལ་ཆར་བཞིན་བསིལ།།
དམར་ཆུང་མཆུ་སྒྲོས་སྦྲང་མའི་རྩི་དྲི་དྲི་བཞོན་བུ་མོས་གང་སར་བསྐྱལ།།
འཛུམ་པའི་ཞལ་དང་ལྡེམ་པོའི་སྐུ་ལས་ཞིམ་མངར་དྲི་བསུང་ཅི་ཡང་འཐུལ།།
ཁྱེད་ཀྱི་མཛེས་སྡུག་ཆ་ཙམ་མཐོང་བ་དེ་ཉིད་བྲིས་པའི་རི་མོར་བྱེད།།
གཡོ་བའི་སྤྱོད་པ་རིང་ནས་བཏང་བས་ཀུན་གྱི་མིག་ལ་ཁྱེད་ཉིད་མཛེས།།
མཛེས་པའི་གདོང་དང་ཕྲ་ལྡེམ་ལུས་ན་མ་བཅོས་རང་བྱུང་རྒྱན་ཆ་མང༌།།
མང་བོའི་གྲལ་ནས་བདམས་པ་བཞིན་དུ་ཀུན་པོའི་ཡིད་སྨོན་ཁྱེད་ལ་འཆོར།།
འཆོར་བའི་རི་དྭགས་རྨས་མ་ལྟར་དུ་དཀྱུས་རིང་འདྲེན་བྱེད་རིག་རིག་གཡོ།།
སློབ་གླིང་གྲུ་བཞིའི་གྲུ་ཁ་རེ་ནས་ཁྱེད་ཀྱིས་བཞག་པའི་རྐང་རྗེས་འཚོལ།།
སྒེའུ་ཁུང་བརྒྱུད་ནས་བྲིས་མའི་ཟོལ་གྱིས་ཁྱེད་ཀྱི་ངང་བའི་འགྲོས་ལ་ཅེར།།
མི་རྐྱང་འདུན་སར་ཁ་ལྕེ་ངལ་ཡང་ཁྱེད་ཀྱི་མཛེས་པ་ཡང་ཡང་གླེང༌།།
སྟུག་པའི་སྨག་གིས་མཐའ་ནས་བཏུམས་ཀྱང་ཁྱེད་ཉིད་ཁོ་ན་ལམ་ལམ་འཚེར།།
སྐད་ཅིག་དུས་ཀྱི་ཆ་ཤས་རེར་ཡང་མཇལ་འདོད་རེ་བས་སྔུན་ནས་འཐེན།།
བགྲོད་བྱེད་གོམ་ཁ་ཁྱེད་ལ་གཟས་ཀྱང་འཚེར་སྣང་དགྲ་བོས་གཞུག་ནས་འཇུས།།
འདྲེན་བྱེད་ཟུང་གི་འབྱེད་འཛུམ་རེ་ལའང་ལོ་དང་ཟླ་བའི་སྣང་བ་འཆར།།
ཉིན་ཞག་གཉིས་ཀྱི་འཁོར་མཚམས་བར་ན་བདག་ནི་འགྱོད་མེད་བྲན་གཡོག་ཉིད།།
ཁྱེད་ཀྱི་འཛུམ་པའི་གདོང་ལ་བལྟས་ཏེ་སེམས་གཏམ་བཤད་འདོད་མེད་པ་མིན།།
ཁྱེད་ཀྱི་སྡུག་པའི་བཞིན་ལ་ཅེར་ནས་སྙིང་གཏམ་ལུད་འདོད་མེད་པ་མིན།།
རིགས་ཞེན་དུངས་པ་སྙིང་ལ་ཟུག་པས་གཞོན་ནུའི་སྣང་བ་ཅམ་འཇོག་གིས།།
ཁ་བ་རི་བའི་ལས་དབང་རུལ་བོ་སྟག་གི་མཆེ་ནས་སྐྱོབ་པ་ཡིན།།
༢༠༠༧། ས་རཱར།
གྲོགས་པོ་ཁྱོད་ཀྱིས་སྙན་ངག་ཡག་པོ་ཞིག་བྲིས་འདུག ཁྱེད་ཉིད་སྙན་ངག་པ་མཁས་པ་ཞིག་ཡིན་པ་འདྲ། སྙན་ངག་ལ་མཁས་ན་མངོན་བརྗོད་ལ་མཁས་པ་སྨོས་མེད་རེད། དེས་ན་རང་ཉིད་དེང་སང་མངོན་བརྗོད་ལ་སྦྱང་བཞིན་ཡོད་པས་ཉིད་ཀྱིས་ང་ལ་མངོན་བརྗོད་ཀྱི་སྐོར་ཏོག་ཙམ་ཞིག་གསུང་ན་མི་ཆོག་གམ་ལགས།
མངོན་བརྗོད་མངོན་བརྗོད་ཟེར་ནའང་རེད། མཁས་དབང་དགེ་ཆོས་ལགས་ཀྱིས་མིང་རྗུན་མ་དེ་ཚོ་ཟེར་ནས་གསུང་སྐད་ཤོར་བ་དེ་བདེན་པ་འདུག
ཁོ་མོས་རྒྱུན་དུ་ང་རང་དྲན་མྱོང་ཟེར།
ཁོ་མོ་རླུང་བུ་ཡིན་པས།
ཉིན་མོ་རེ་རེར་ངའི་རྒྱབ་གཟུགས་ལ་ཅེར་ཞིང༌།
མཚན་མོ་རེ་རེ་ངའི་སྐད་སྒྲ་ལ་ཉན་ནས་ཡོད།
ཁོ་མོ་ང་ལ་དགའ་དྲགས་པས།
འདི་ལྟར་རླུང་བུ་ལྟ་བུའི་ཁོ་མོ།
ཉིན་མཚན་དུས་དྲུག་ཏུ་ངའི་གམ་དུ་གནས་ཤིང༌།
གར་འགྲོ་འདི་འདུག་གང་དུའང༌།
རླུང་བུ་ལྟ་བུའི་ཁོ་མོས་ངའི་རྐང་རྗེས་འཚོལ་བཞིན་ཡོད།
རླུང་བུ་ལྟ་བུའི་བུ་མོ་ཁྱོད།
ཡང་ན་ངའི་གྲིབ་གཟུགས་ཡིན་ནམ།
ངས་ཁྱེད་རང་གི་མིག་ཟུང་མཐོང་གིན་འདུག
མིག་ཟུང་གི་མཐའ་ན་འཁོར་བའི་འོད་ཟེར་མཐོང་གིན་འདུག
འོད་ཟེར འོད་ཟེར
ཆུ་ཐིགས་ཤིག་གིས་བཞུར་ནས་རྡོ་བ་ཞིག་ཏུ་གྱུར་འགྲོ
དེ་མུར་རེབ་གོང་གི་ཉིན་སྲིབ་ཀུན་པོ་ན་རྩི་ཤིང་གི་མགོ་ལ་བ་མོ་འཁུར་འདུག
ཕེབས་པར་དགའ་བསུ་ཞུ།
ཕེབས་པར་དགའ་བསུ་ཞུ།