ཁྲོ་གཏུམ།
ཤོག་བུའི་ངོས་ན་ཡི་གེ་བསྐྱོད་པའི་གཡོ་གྲུ་ཆུང་ཆུང་དག
རྨི་ལམ་དུ་བབས་པའི་ཁོག་རྒྱ་ཆེ་ཆུང་འགའི་སྟེགས་བུ་ལབ་རྐྱལ་ཞིག
རྨི་ལམ་སྔར་བཞིན་ཕུགས་མདུན་གྱི་ཁྲོད་དུ་སྐྱོམ་ལ
བགྲང་བྱས་སྒུག་ཚོད་མ་ཟིན་པའི་ཐོབ་ཤོར་དེས་སེམས་ཁུང་བྲ་བཞག
ང་ཚོའི་ཕུགས་བསམ་སྟོང་ལོ་གསར་བའི་ངོས་སུ་དམ་ལ་བཏགས་རུང
བྱ་བྱེའུ་འགའི་ནམ་འཕངས་གཅོད་པ་ལས་ཡང་ཤིང་ཆུང
ལོ་ཡི་འཁོར་མོས་ཁྱོད་རང་མདུན་བསྐྱོད་ཀྱི་རྐང་ལམ་དུ་དེད་རུང
ཤ་རུས་ཀྱི་སྲབ་མཐུག་བར་ནས་བྱ་བྱེད་ལས་གསུམ་སྟོང་བསམ་ལ་བུད་སོང
གཉིད་བབས་པའི་ལོ་ཟླས་ལོ་མ་ཁུར་ཚུལ
གཉིད་སད་པའི་དུས་ཀྱིས་རྩ་ལོར་མཚོན་བཏང་བའི་དུས
ཆུ་ཚོད་ཀྱིས་ཁྱོད་འདེད་བཞིན་མདུན་དུ་འགྲོ་བ་སུས་ཀྱང་ཚོར་ཡོད
༢༠༡༥། ༠༡ ། ༠༡ ལ།