ལྟ་བ་ཕུ་ཐག་ཆོད་པ་ཞིག་རྟོགས་པ་ལ། གནས་ལུགས་རྟོགས་པའི་ཤེས་རབ་ནི་མེད་དུ་མི་རུང་བ་ཞིག་ཡིན་ཞིང་། གནས་ལུགས་རྟོགས་པའི་ཤེས་རབ་རྒྱུད་དུ་སྐྱེ་བ་ལ་ཐོས་སོགས་ཀྱི་རྒྱུ་ཚོགས་མང་བོ་ཞིག་འཛོམས་དགོས། དེ་དག་ལས་ཐབས་ཁྱད་པར་ཅན་གཅིག་ནི། ལྷག་པའི་ལྷ་མཆོག་འཇམ་དཔལ་དབྱངས་ཀྱི་རྣལ་འབྱོར་ལ་བརྟེན་ནས། རང་རྒྱུད་གྱི་བློ་གྲོས་རྒྱས་པར་བྱེད་པའི་ཉམས་ལེན་དེ་རེད། འཇམ་པའི་དབྱངས་ལ་དབྱེ་ན། འཇམ་དབྱངས་ཆོས་འཁོར་མ། འཇམ་དབྱངས་སྨྲ་སེང་། འཇམ་དབྱངས་ཨ་ར་པ་ཙ། འཇམ་དཔལ་གཞོན་ནུར་གྱུར་པ་སོགས། གསང་གསུམ་གྱི་སྐུའི་བཀོད་པ་སྣ་ཚོགས་ཤིག་ཡོད་པར་གསུངས།
རྗེ་བཙུན་འཇམ་དབྱངས་ནི། བསྐལ་བ་དཔག་ཏུ་མེད་པའི་སྔོན་རོལ་ཞིག་ནས། འཇིག་རྟེན་གྱི་ཁམས་འབྱུང་བ་བཟང་བོ་ཞེས་པར་སངས་རྒྱས་འབྲུག་སྒྲའི་དབྱངས་ཀྱི་རྒྱལ་བོ་འཇིག་རྟེན་ཏུ་བྱོན་སྐབས། འཁོར་སྒྱུར་རྒྱལ་བོ་ནམ་མཁའ་ཞེས་པར་གྱུར་ནས་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་ཚུལ་དེ་ཉིད་ཀྱི་རྣམ་ཐར་ལོ་རྒྱུས་སུ་གསལ།
ང་འཇམ་དཔལ་མཚན་བརྗོད་ཁ་ཏོན་བྱེད་མཁན་ཞིག་ལ་མཚོན་ན། འཇམ་དབྱངས་དང་འབྲེལ་བའི་ཆོས་སྐོར་ལ་ཤེས་འདོད་ཆེན་པོ་ཡོད། ལྷག་པར་རི་བོ་དགེ་ལྡན་པའི་ནང་མར་ལུགས་འཇམ་དཔལ་མཚན་བརྗོད་ཀྱི་ལུང་། རྔོག་ཆོས་སྐུ་རྡོར་རྗེར་བརྒྱུད་པ་ཞིག་ཡོད་པར་གྲགས་པ་གུས་པས་རྩད་གཅོད་གཏོང་གི་ཡོད། དགེ་ལྡན་པའི་ནང་ན་རྒྱུད་པ་དེ་བཞུགས་ཡོད་ཚུལ་ཞིག་གོ་ཐོས་བྱུང་ཡང་། རྩད་གསལ་བོ་ཞིག་ཆོད་མ་བྱུང་།
དྲྭ་གྲོགས་ཐུགས་རྒྱུས་ཅན་རྣམ་པས་དེའི་སྐོར་ནས་གནས་ཚུལ་རེ་ངོ་སྤྲོད་གནང་ཐུབ་བམ། ཐུགས་རྗེ་ཆེ།
རྗེ་བཙུན་འཇམ་པའི་དབྱངས་ལ་བྱོན་ལེགས་དང་མི་ལེགས་ཀྱི་སྐད་ཆ་མེད་ཀྱང་། བཞེང་བ་གསེར་བྲིས་ཡིན་རུང་ལྷ་བཟོ་ནི་འབྲིང་ཙམ་མོ།
ཤེས་རབ་སྟེར་བའི་ལྷ་ཞིག་ཡིན་ན། ང་ལ་ཡང་ལྷ་འདི་གང་ནས་ཡིན་དང། ག་རེ་རེད། ག་རེ་བྱེད་དང་གང་ན་ཡོད་སོགས་ཤེས་འདོད་ཡོད་དོ།
ཐོས་སོགས་རིག་པ་སྦྱོང་བ་དང་སེམས་གསལ་བ་དྲན་པ་བརྟན་པ་བློ་མྱུར་བ་ལས་སོགས་འཇམ་པའི་དབྱངས་ཀྱི་རྣལ་འབྱོར་ལ་མ་བརྟེན་པར་དེ་འདྲ་ཡོང་བཞིན་ཡོད། རྣལ་འབྱོར་དེ་འདྲ་སྒོམ་མཁན་དང་མི་སྒོམ་མཁན་གཉིས་ནང་ནས་མི་སྒོམ་མཁན་ཚོ་རྣམས་ལ་
རིག་པ་གསལ་བ་དྲན་པ་མྱུར་བ་ལས་སོགས་གོང་གི་ཡོན་ཏན་རྣམས་འབྱུང་བཞིན་ཡོད་འདུག གཟིགས་དང་དེ་ལྟར་ཕ་མས་ནས་སྒོམ་མཁན་ཚོས་ཙག་ཀྲ་ཙམ་ཅིག་ཀྱང་བཟོ་ཐུབ་མེད་་་དེ་ལྟར་མི་སྒོམ་མཁན་ཚོས་སྟེང་གི་གཟའ་སྐར་དང་འོག་གི་རྒྱ་མཚོའི་གཏིང་ལ་ཉུལ་ཞིབ་ཀྱིས་དཔྱད་པ་བྱེད་ཡོང་གི་འདུག་པས་སུ་རིག་པ་རྣོ་བ་འདུག་གམ
འཇམ་དབྱངས་དམར་སེར་སོགས་ཀྱི་སྐོར་ལ།
http://en.wikipedia.org/wiki/Manjusri
ཤིན་དུ་ནས་ལེགས་སོ།
མར་ལུགས་འཇམ་དཔལ་མཚན་མཚན་བརྗོད་ཀྱི་ལུང་རྒྱུན་ཡོད་མེད་མི་ཤེས། མར་ལུགས་རྒྱུད་སྡེ་བཅུ་གསུམ་ཞེས་པ་ཞིག་གོ་མྱོང་།
ཇི་ལྟར་བལྟས་ཀྱང་མོ་གཟུགས་ཞིག་ལས་ཕོ་གཟུགས་ཞིག་མི་འདུག། འཇམ་དབྱངས་སྐྱིད་དམ་འཇམ་དབྱངས་མཚོ། ཡང་ན་འཇམ་དབྱངས་སྒྲོལ་མ་དེ་ལ་ཕྱག་འཚལ་ལོ།
རི་བོ་དགེ་ལྡན་ནང་དུ་(མར་ལུགས་འཇམ་དཔལ་མཚན་བརྗོད་ཀྱི་ལུང་རྒྱུན་)ཡོད་མེད་གསལ་ཁ་མེད་མོད། འཇལ་དཔལ་མཚན་བརྗོད་ཀྱི་ལུང་རྒྱུན་ཡོད་མཁན་བླ་མ་དང་མཁན་པོ་མང་པོ་འདུག དེར་མ་ཟད་༢༠༠༥ལོར་ ༧གོང་ས་ཐམས་ཅད་མཁྱེན་པ་ཚང་གིས་ཨཱ་མཱར་ཝ་དཱེའི་དུས་དབང་གསུང་ཆོས་སྐབས་ལྗགས་ལུང་གནང་མྱོང་།
རྣམ་པ་ཚོ་ཕེབས་ནས་དགོངས་འཆར་གསུངས་པར་ཐུགས་རྗེ་ཆེ་ཞུ། ༧གོང་ས་མཆོག་གིས་རྡ་ས་ནས་གནང་བའི་ལྗགས་ལུང་ཞིག་ངས་ཀྱང་ཐོབ་མྱོང་ཡོད། ངས་གོ་ཐོས་ཤིག་ལ་སྒྲ་སྒྱུར་མར་ལོ་ཆེན་པོ་ནས་རྔོག་ཆོས་སྐུ་རྡོར་རྗེར་བརྒྱུད་པའི་ལུང་རྒྱུན་ཞིག་རི་བོ་དགེ་ལྡན་ཕྱོགས་སུའང་དར་ཡོད་ཚུལ་ཞིག་འདུག གལ་སྲིད་དེ་བདེན་པའི་དབང་དུ་བྱས་ན། རྒྱུན་དེ་དགེ་ལྡན་པའི་ཁྲོད་ད་ལྟ་བཞུགས་ཡོད་མེད་ཤེས་འདོད་པ་ནི་ངའི་དམིགས་ཡུལ་ཡིན། གོང་དུ་དྲྭ་གྲོགས་འགའ་རེ་མགོ་བོ་མགལ་མེ་ལྟར་འཁོར་ནས་སྣང་གནས་མཉམ་བསྲེས་ཀྱི་དྲི་བ་བཏོན་འདུག་ཀྱང་། གནད་དོན་དེ་ངའི་དམིགས་ཡུལ་དང་འབྲེལ་བ་མེད་པས་ལན་གདབ་པར་མི་སྤྲོ།
ངའི་མདུན་སྟེང་རྩིག་ལོགས་ལ་འཇམ་དབྱངས་གསེར་བྲིས་མ་སྤར་བསྐྲུན་བྱས་པ་ཞིག་བཞུགས། སྔོན་དུ་བོད་དུ་ཡོད་སྐབས་འཇམ་དཔ་མཚན་བརྗོད་ཉིན་རེར་བཏོན་ཀྱང་། རྒྱ་གར་སོགས་སུ་སློབ་སྦྱོང་དེབ་མང་པོ་ཀློག་དགོས་པས། དིང་སང་བློར་མཚན་བརྗོད་འགྲོ་བ་ཡང་མེད། འོན་ཀྱང་འཇམ་དབྱངས་གང་བློ་མ་སྔ་དྲོར་ཡར་ལང་དུས་འདོན་པ་ཆུང་དུས་ནས་གོམས་པ་འདོན། བོད་ཀྱི་མཁས་པའི་གླེགས་བམ་དག་ན་གསལ་བ་ལྟར། འབྲེལ་བ་ཞེས་པ་བྱ་ཚིག་དང་། འབྲེལ་པ་ཞེས་པ་མིང་ཚིག་ཏུ་ངོས་འཛིན་ཐུབ་པ་འདིའི་རིགས་བོད་མིང་ཚིག་དག་པར་བྱེད་པ་་ལ་འབད་སྦུངས་འདི་ཡང་རྗེ་བཙུན་འཇམ་དཔལ་དབྱངས་ཀྱི་བྱིན་རླབས་ཡིན་པར་སེམས་ཤིང་། འདི་བཞིན་འཇམ་དབྱངས་ཀྱི་བྱིན་རླབས་རང་གཞན་ཀུན་ལ་འཇུག་པར་སྨོན་ནོ།
མཚན་བརྗོད་འགྲེལ་པའི་སྐོར་ལ་ཉན་འདོད་ཡོད་པས་་་་་་་་་
ལོ་ངོ་བཅོ་ལྔ་ཙམ་སྔོན་དུ། ཨ་རིའི་ཀོ་ལམ་བི་ཡ་སློབ་གྲྭ་ཆེན་མོར་བོད་ཆོས་སྐད་ཀློག་པར་ཨ་རི་མ་སློབ་གྲྭ་མ་ཞིག་གིས་འཇམ་དཔལ་མཚན་བརྗོད་ཀྱི་འགྲེལ་པ་མགོ་ན་ཤོག་བུ་ཁ་ཤས་བསྟན་པ་དེ་ན། གཞན་གྱིས་བསྐུལ་ནས་བརྩམས་པ་ལ་འོག་གི་་བྲིས་པའི་དཔེ་རྣམས་རགས་ཙམ་ངའི་བློ་ལ་ད་ལྟ་ཡང་གནས། དེ་དག་ནི། རླུང་གིས་བསྐུལ་ན་ལྕང་མའང་གར་ཆམ་བྱེད། གཞན་གྱི་འགྲེལ་པ་ལ་ཁུངས་་གཏུགས་བྲིས་པའི་དཔེར། རླུང་གིས་འདེགས་ན་ཤིང་བལ་གྱིས་ཀྱང་མཁའ་ལྡིང་ལྟ་བུར་སྤྱོད། ཅེས་དང་། སྦྱིན་བདག་གཏོང་ཕོད་ཅན་ཅན་ལ་སློང་མཁན་བསྟོད་པ་ལྟར། འཇམ་དཔལ་ཡོན་ཏན་མཐོང་བས་བསྟོད་ཅིང་འགྲེལ། ཞེས་སོགས་མཚན་བརྗོད་འགྲེལ་པ་འབྲི་མཁན་དེ་ཡོངས་འཛིན་ཡེ་ཤེས་རྒྱལ་མཚན་ཞབས་ཡིན་པ་ཕྱིས་སུ་གོ་རྟོགས་བྱུང་། འོན་ཀྱང་ཞིབ་པར་ཀློག་མེད་པར་འགྱོད་ཅིང་། སྐལ་བ་ཡོད་ན་སླར་ཡང་མཇལ་ཐུབ། ཡོངས་འཛིན་ཡེ་ཤེས་རྒྱལ་མཚན་རི་བོ་མི་མེད་ལུང་སྟོང་དུ་སྒྲུབ་པ་ཉམས་ལེན་ལ་བརྩོན་པས་ཕྱིས་རྒྱལ་བ་འཇམ་དཔལ་རྒྱ་མཚོའི་ཡོངས་འཛིན་མཛད་པའི་སྐབས་སོགས་སུ་བསྟན་བཅོས་པོད་སུམ་ཅུར་ལོངས་པ་བརྩམས་པར་མཛད་དོ།
ངོ་མཚར་ཆེ་ལེགས་སོ་།
འཇམ་དཔལ་མཚན་བརྗོད་་བྱིན་རླབས་ཆེ་།
ཐུགས་རྗེ་ཆེ་་།ངོ་མའི་ཡག་འདའ་།ཁ་བྲོ་།ལྷ་རྒྱལ་།འདྲེ་ཕམ་།
དགེ་ལུགས་པའི་མཁས་དབང་ཞིག་གིས་ཨ་ཁུ་ཤེས་རབ་རྒྱ་མཚོའི་གསུང་འབུམ་ལྟོས་ཟེར།
མར་ལུགས་འཇམ་དཔལ་མཚན་བརྗོད་ཀྱི་ལུང་རྒྱུན་རི་བོ་དགེ་ལུགས་པའི་ནང་དུ་ཡོད་མེད་འཚོལ་བ་ལ་ཐོག་མར་༧རྒྱལ་མཆོག་ལྔ་བ་ཆེན་མོའི་གསན་ཡིག་ནང་དུ་ཡོད་མེད་འཚོལ་ཞིབ་དང་། དེ་ནས་དགེ་ལུགས་པའི་མཁས་གྲུབ་ཆེན་པོ་དག་གི་ཐོབ་ཡིག་དང་གསན་ཡིག་བསྔོག་ན་རྙེད་ཐུབ་བམ་སྙམ། སྔོན་བྱོན་མཁས་པའི་གསུང་འབུམ་ཁག་གི་ནང་དུ་གསན་ཡིག་དང་ཐོབ་ཡིག་ཡོད་པས་དེ་དག་གི་ཕྱག་དཔེ་ལག་ཏུ་མ་སོན་ཀྱང་། དེང་སྐབས་བཀའ་འགྱུར་བསྟན་འགྱུར་གྱིས་གཙོས་སྔོན་བྱོན་མཁས་པ་མང་བོའི་གསུང་འབུམ་ཆ་ཚང་(PDF)སོགས་སུ་བཟོས་ཏེ་རྩིས་འཁོར་ནང་དུ་བཅུག་འདུག་པས་འཚོལ་ཞིབ་གནང་བ་ལ་དཀའ་ཁག་ཅི་ཡང་མི་འདུག་པ་མཁྱེན་གཤིས།
་་་་་་་་་་་དགེ་ལུགས་པའི་མཁས་གྲུབ་ཆེན་པོ་དག་གི་ཐོབ་ཡིག་དང་གསན་ཡིག་བསྔོག་ན་རྙེད་ཐུབ་་་་་་་་་་་་་་
་་་་་་་་་་་་་་་་་་་ཐོབ་ཡིག་དང་གསན་ཡིག་་་་་་་་་་་་་་་་་་་་་་་
ཧ་ཧ་ཧ་དགེ་ལུགས་པའི་ནང་དུ་མར་རྔོག་ནས་བརྒྱུད་པའི་འཇམ་དཔལ་མཚན་བརྗོད་ཀྱི་ལུང་རྒྱུན་ཕར་ཞོག གསང་འདུས་དེ་ཡང་ནམ་ངག་གི་རྒྱུན་ཡོད་མདོག་བྱེད་ཀྱི་འདུག་མ་གཏོགས། ཁྲིད་རྒྱུན་དཔང་འཕེར་བ་ཞིག་ཀྱང་མི་འདུག་ག
བཅོམ་ལྡན་འདས་ཀྱིས།
་
རང་ཉི་ཁོ་ནའི་བྱ་བ་དང་།
བྱ་བ་མིན་ལ་བརྟག་བྱ་ཡིས།
གཞན་གྱི་གོ་རིམ་ལོག་པ་དང་།
བྱ་དང་བྱ་མིན་དག་ལ་མིན།། ༧ །།
་
ཆོས་ཀྱི་ཚིགས་སུ་བཅད་པ། མེ་ཏོག་གི་སྡེ་ཚན་ཏེ། ལེའི་བཞི་པའོ།
གློག་ཀླད་ལགས།
མཚན་བརྗོད་དྲི་དུས། གསང་འདུས་སྐོར་མ་གསུངས་ན། མི་ལེགས་སམ། ལགས།
དྲ་གྲོགས་ཀརྡོ་གཉེར་ཕྱག་པ་ལགས། དགེ་ཕྱོགས་ཀྱི་ཁྲོད་དུ་མཚན་བརྗོད་ཀྱི་ལུང་རྒྱུན་མེད་པ་ཟད། གསང་འདུས་ཀྱི་ཁྲིད་རྒྱུན་མེད་པ་ལ་མི་འདུག་ཅེས་བརྗོད་ནི་འབྲེལ་བ་ཡོད་པའི་གཏམ་ཞིག་ཏུ་ངོས་འཛིན་བྱེད་ཀྱི་ཡོད། ཡིན་ནའང་དེ་ཕྱོགས་སུ་མར་ལུགས་གསང་འདུས་ཀྱི་ཁྲིད་རྒྱུན་ཡོད་པའི་ཁུངས་ལྡན་གསུང་རྒྱུ་ཡོད་ན་ཕན་ཐོགས་ཤིན་ཏུ་ཆེ་བར་ངེས་སོ།།
དགེ་ལྡན་པའི་དཔལ་གསང་བ་འདུས་པའི་བླ་རྒྱུད་གསོལ་འདེབས་ལས།
་
ཏེ་ལོ་ཤེར་བཟང་ཞབས་ལ་གསོལ་བ་འདེབས། །
མཁའ་འགྲོའི་ལུང་བསྟན་ཤར་ཕྱོགས་གྲོང་འཁྱེར་དུ། །
ཤིནད་ཏུ་བྱ་དཀའི་སྤྱོད་པ་པ་དུ་མ་སྤྱད། །
སྒྱུ་མ་ལྟ་བུའི་ཏིང་འཛིན་ཐུགས་ལ་འཁྲུངས། །
ནྰ་རོ་ཏ་པའི་ཞབས་ལ་གསོལ་བ་འདེབས། །
འཕགས་ཡུལ་བླ་མ་བརྒྱ་ཕྲག་ཞབས་ལ་གཏུགས། །
གསང་སྔགས་རྒྱུད་སྡེ་རྒྱ་མཚོའི་ཕ་རོལ་སོན། །
མཁས་ཤིང་གྲུབ་པ་བརྙེས་པའི་རྣལ་འབྱོར་པ། །
སྒྲ་སྒྱུར་མར་པའི་ཞབས་ལ་གསོལ་བ་འདེབས། །
་
ཧ་ཧ་ཧ་ཀརྡོ་གཉེར་ཕྱག་པ་ལགས། གསོལ་འདེབས་འདི་ནམ་ངག་གི་རྒྱུན་ཙམ་ཡོད་མདོག་མདོག་བྱེད་རྒྱུའི་ཚིག་ཅིག་རེད། རྩ་རྒྱུད་ཀྱི་ཁྲིད་རྒྱུན་ཡོད་པའི་སྒྲུབ་བྱེད་གང་ཡང་མ་རེད། རྩ་རྒྱུད་ཀྱི་ཁྲིད་རྒྱུན་ཡོད་པའི་སྒྲུབ་བྱེད་ཡོད་ན་འགོད་རོགས།
སྒྲ་སྒྱུར་མར་པའི་ཞབས་ལ་གསོལ་བ་འདེབས། །
་
དེ་ནས་དབང་གི་རྡོ་རྗེ། གད་པ་ཀྰིར་ཏའི་་་ བསོད་ནམ་རིན་ཆེན་་་་་ ཚུལ་ཁྲིམས་སྐྱབ་སྐྱབས་ཀྱི་་་་ འཕགས་པ་སྐྱབས་ཀྱི་་་་ གཞིན་ནུ་འོད་ཀྱི་་་་ ཆོས་སྐུ་འོད་ཟེར་་་་ འཕགས་པ་འོད་ཀྱི་་་་་་་ བུ་སྟོན་ཆོས་རྗེའི་་་་་་ ཁྱུང་པོ་ལྷས་པའི་ཞབས་ལ་གསོལ་འདེབས། །
རྒྱལ་བ་ཐམས་ཅད་གཅིག་བསྡུས་རྡོ་རྗེ་འཆང་། །
གདུལ་བྱའི་དོན་དུ་བཤེས་གཉེན་ཚུལ་འཛིན་པ། །
བློ་བཟང་གྲགས་པའི་དཔལ་ཞེས་ས་གསུམ་གྱི། །
སྐྱེ་རྒུའི་འདྲེན་པ་མཆོག་ལགསོལ་བ་འདེབས།། །།
གློག་ཀནད་ལགས། ལ་སོགས་པ་ལ་སོགསོ།། །།
འོ་ལགས་སོ། ཁྱེད་རང་གི་མཉམ་དུ་ཡིག་འབྲེལ་བྱས་ན་བློ་སྐྱེད་གཅུང་ཟད་ཅིག་ཡོང་གི་རེད་དྲན་བྱུང༌། ཡིན་ནའང་དེ་འདྲ་ཞིག་དང་ངས་ཀྱང་མཐོང་མྱོང་ཡོད། བཀའ་དྲིན་ཆེ།
ཏི་ལོ་པའི་གསོལ་འདེབས་དེ་ཆ་ཚང་ཞིག་གཏོང་རོགས།