ཨེ་མ་ཧོ།
བོད་རིགས་འཚོ་བྱེད་མའི་སྡེ་ལས་དཔལ་ལྡན་རྒྱུད་བཞི་བློ་འཛིན་དག་ལ་ཕུལ་བའི་ཨ་རུ་རྣམ་རྒྱལ་དཀར་པོ་ཞེས་བྱ་བ།
ན་མོ་གུ་རུ་བྷྱེཥ་ཛ་ཡ་ཡེ།
ཐུགས་རྗེ་ཀུན་ལ་མཉམ་པའི་བཅོམ་ལྡན་འདས།།
དུག་གསུམ་ནད་སེལ་སངས་རྒྱས་སྨན་གྱི་བླ།།
ཆོས་སྨན་བརྒྱད་ཁྲི་བཞི་སྟོང་གསུང་པའི་མགོན།།
ནད་གདོན་ཀུན་སེལ་སྟོན་པས་འགྲོ་རྣམས་སྐྱོབས།།
སྨན་བླ་མཆེད་བརྒྱད་གཡུ་ཐོག་གསར་རྙིང་ནས།།
རིག་འཛིན་བརྒྱུད་པའི་བླ་སྨན་ཀུན་བཟང་རིགས།།
ཀུན་ཕན་གཞན་དོན་མཛད་པའི་གསོ་བྱེད་པའི།།
རྒྱལ་དང་རྒྱལ་བའི་སྲས་ཀྱིས་ཐུགས་རྗེས་ཟུངས།།
ཕྱི་དཔལ་འབྱོར་བས་གཡེང་བའི་དུས་རབས་སུ།།
ནང་རྟོག་གསོ་རིག་བརྩོན་པའི་གངས་ཅན་པ།།
གསང་བའི་ཆོས་སྨན་བསྟན་པ་སྤེལ་བའི་མགོན།།
བོད་རིགས་འཚོ་བྱེད་སྡེ་ཀུན་དར་རྒྱས་ཤོག།
སྐུ་གསུང་ཐུགས་ཡོན་ཕྲིན་རྒྱུད་བཞིའི་དོན།།
སྡེ་སྣོད་འཛིན་མ་འཇམ་བཟའ་གཡང་སྐྱིད་སོགས།།
རྩ་བཤད་ཆོས་སྨན་འཛིན་སྐྱོང་སྤེལ་བའི་རིགས།།
གངས་ཅན་ཡུལ་ནས་འཁྲུངས་པར་སྙིང་ནས་སྤྲོ།།
གངས་ཅན་བཅུ་ཕྲག་རིག་པའི་གཞུང་ལུགས་ལ།།
ཐོས་བསམ་ཕན་བདེའི་ཕྲིན་ལས་སྒྲུབ་པའི་ཚོགས།།
སྐུ་ཚེ་བརྟན་ཅིང་བཞེད་ལྷུན་གྲུབ་ནས།།
ཨེ་ཝྃ་ཆོས་སྨན་བསྟན་པ་དར་རྒྱས་སྨོན།།
ཅེས་པ་འདི་ཡང་རབ་གནས་ཤིང་རྟའི་མགོ་ཟླའི་ཡར་ངོའི་རྒྱལ་བ་གསུམ་པ་འམ། ཕྱི་ལོ་༢༠༡༥ ལོའི་ཟླ་༡ པའི་ཚེས་༢ ཉིན་མདོ་ཁམས་མགོ་ལོག་གངས་ལྗོངས་དར་རྒྱས་ཀུན་ཕན་སྨན་རྩིས་སློབ་གླིང་དུ། གངས་ཅན་མཁས་དབང་འདུས་པ་རྒྱ་མཚོའི་དབུས་སུ་གསོ་བ་རིག་པའི་སློབ་མ་སོ་གཅིག་གིས་རྩ་བ་ཐུགས་རྒྱུད་དང་བཤད་པ་སྐུ་ཡི་རྒྱུད། ཕྱི་རྒྱུད་དང་རྩ་ཆུ་དང་ དེའུ་དམར་ཁྲིད་ཀྱི་ལག་ལེན་གཅེས་བཏུས་དང་།ཁམས་གཙང་རིན་པོ་ཆེས་མཛད་པའི་ནད་ཀྱི་ངོས་འཛིན་སོགས་བློ་རྒྱུགས་ཕུལ་བ་དང་།། ཁྱད་པར་ཕུལ་བྱུང་མཛངས་མ་མགོ་ལོག་འཇམ་ཚང་བཟའ་གཡང་སྐྱིད་ལགས་ཀྱིས། ལོ་མང་གི་ཧུར་བརྩོན་བརྒྱུད། གངས་ཅན་བོད་ཀྱི་རིག་གནས་ཆེ་བ་ལྔའི་ཡ་གྱལ། དཔལ་ལྡན་གསོ་བ་རིག་པའི་ཕྱི་མོ་དཔལ་ལྡན་རྒྱུད་བཞི་སྟེ། རྩ་བ་ཐུགས་ཀྱི་རྒྱུད་དང་། བཤད་པ་སྐུ་ཡི་རྒྱུད། མན་ངག་ཡོན་ཏན་གྱི་རྒྱུད། ཕྱི་མ་ཕྲིན་ལས་ཀྱི་རྒྱུད་བཅས་ཤོ་ལོ་ཀ་ལྔ་སྟོང་དགུ་བརྒྱ་སུམ་ཅུ་རྩ་ལྔ་དང་ཕྱེད་དུས་གཅིག་ལ་མཁས་མང་འདུས་པའི་དབུས་སུ་བློ་རྒྱུགས་ཕུལ་བར་དྲ་ཐོག་ནས་མཐོང་བའི་མོད་ལ་གངས་ཅན་གསོ་བ་རིག་པའི་གྲལ་མཐར་བ་བདག་ཀྱང་དགའ་སྤྲོ་ཡི་རང་བཅས་དབྱིན་ཡུལ་ནུབ་ཕྱོགས་རྒྱ་མཚོ་འགྲན་ནས་ཤྲྰི་ཨེ་མ་ཧོས་བྲིས་པར་དགེའོ།།
ཕྱི་ལོ་༢༠༡༥/༡/༣/ལའོ།། །།
༼གངས་ཅན་མཁས་དབང་(འདུས་པ་རྒྱ་མཚོ)འི་དབུས་སུ་༽འདི་འུར་འབྲི་བྱེད་ཡ་མང་དྲག་པ་མིན་འགྲོ། གང་ཤེས། ཚིག་དོན་ལ་གནས་བའི་སྐད་བཤད་ཤེས་ན། ང་ནི་དེ་ལ་དགའ།
ཐུགས་རྗེ་ཀུན་ལ་མཉམ་པའི་བཅོམ་ལྡན་འདས། །
མཚན་ཙམ་ཐོས་པའི་ངན་འགྲོའི་སྡུག་བསྔལ་བསལ། །
དུག་གསུམ་ནད་སེལ་སངས་རྒྱས་སྨན་གྱི་ལྷ། །
བི་ཌུར་ཡི་འོད་ལ་ཕྱག་འཛལ་ལོ།། །།
རྒྱུད་བཞི་བཤད་སྐབས། བོན་ཤེད་ཆེ་བ་ལས་བན་དེ་ཚོ་ཞེ་དྲག་ལྷག་ཡོག་མ་རེད། འུར་བཤད་ཆེན་པོ་རྒྱག་མི་རུང་བ་འདྲ། བོད་གངས་ཅན་ལྗོངས་སུ་གཉའ་ཁྲི་བཙན་པོའི་དུས་ནས༼དུག་ལ་སྨན་ཡོད༽གསལ་ཡོད་རེད། ལོ་ངོ་ཉིས་སྟོང་ཡར་སྔོན་ནས་སྨན་དང་དུག་གི་དབྱེ་བ་འབྱེད་ཐུབ་ཡོད་པ་འདིས་དེ་དག་གི་སྦྱོར་བ་ལའང་ནང་བྱན་ཆུབ་ཡོད་པ་བསྟན་ཡོད།
མགོ་ལོག་ཁུལ་དུ་གསོ་བ་རིག་པའི་རྒྱུད་བཞི་རྒྱུག་སྤྲོད་བྱས་པ་ལ་གངས་ཅན་མཁས་པ་དང་འདུས་པ་རྒྱ་མཚོ་ཞེས་འུར་སྒྲ་ཆེན་པོ་དེ་ལྟར་བྲིས་དགོས་པའི་དམིགས་ཡུལ་ཞིག་ཡོད་པར་ངེས་
མཁས་པ་ངོ་མ་ནི་སྔོན་མེད་གསར་གཏོད་བྱ་མཁ ན་ལ་མཁས་པ་ཟེར་བ་ནི་དེ་ ་དྔོན
གཡུ་ཐོག་མགོན་པོས་བུད་མེད་སྟུ་ལ་ལ་ཕུག་ཤོར་བ་ཞིག་དང་་རྐུབ་ནས་་རྒྱུ་མ་
འཐོན་གཉིས་་བཅོས་སྐབས་འདི་ལྟར་གསུང་ནས་བཅོས་འདུག་
སྟུ་ལ་ལབ་ཤོར་སྣ་ལ་སུག་པ་གདུག་།རྐུབ་ནས་རྒྱུ་འཐོ་ཤིང་གཅོད་རྟ་རེ་ཁྱེར་
སྨན་རྩིས་བརྒྱ་ཡི་ནང་མི་འདུག་ཏེ་གཡུ་ཐོག་ང་ཡི་མཁས་བྱུས་ཡིན་
ནང་དོན་མ་རྟོགས་པར་ཨ་ཁུ་ནེ་ཙོའི་རྟུལ་ཞུགས་འཛིན་པར་ངོ་མཚར་རྒྱུ་ཅི་ཡོད། དེང་སང་སྨན་རྩིས་ཁང་གི་ནེ་ཙོ་ཁྱུའི་ཚོགས་བཞིན་རེད་ཡ།
ཨེ་མ་ཧོ་ལ་ངས་གཅིག་བྲིས་ཀྱང་ཁ་བརྡ་ཚང་གིས་བསུབས་ཚར་འདུག གང་ལྟར་ཁམས་རྫ་ཆུ་ཁ་ནས་སྒྱུ་འཕྲུལ་གསང་སྙིང་དང་འགྲེལ་ཆུང་དོན་གསལ། གཞུང་ཆེན་བཅུ་གསུམ་རྩ་བ་ཚང་མ་བློ་རྒྱུགས་གནང་མཁན་ཉུང་ཉུང་མ་རེད། ཡག་པོ་རེད། ཡིན་ན་ཡང་ནང་དོན་ཤེས་པ་དང་དངོས་སུ་ལག་ལེན་གནང་ན་ཤིན་ཏུ་གལ་ཆེན་པོ་རེད་དྲན། གྲོགས་པོ་དགོངས་པ་ཚོམས་མི་ཉན་ཨ།
སྨན་དཔེ་བཀླགས་པ་ཙམ་གྱིས་ནི།
ནད་རྣམས་སོས་པར་མི་འགྱུར་རོ། །
འདི་འདྲ་ཞིག་གསུངས་ཡོད་རབས་ཐོས། །
# 7 པདྨ་ལགས་ཀྱིས་མཆན་བཏབ་པ།:
་་་་་་་་་་་་་ཁམས་རྫ་ཆུ་ཁ་ནས་སྒྱུ་འཕྲུལ་གསང་སྙིང་དང་འགྲེལ་ཆུང་དོན་གསལ། གཞུང་ཆེན་བཅུ་གསུམ་རྩ་བ་ཚང་མ་བློ་རྒྱུགས་གནང་མཁན་ཉུང་ཉུང་མ་རེད། ་་་་་་་་་་་་་་་་་ཟེར།
ངོ་མ་ངར་བ་རེད། དེ་འདྲ་གང་མང་མང་ཡོང་བའི་སྨོན་ལམ་ཡོད།
སྨན་དཔེ་ཡིན་ཚད་བཀླགས་པས་ཕན་མིན་མི་ཤེས་མོད། རྒྱུད་བཞི་བཀླགས་ན་ཕན་པས་མ་ཚད། ཐ་ན་ཐོས་པ་ཙམ་གྱིས་ཀྱང་དོན་གཉིས་བསྒྲུབ་པར་གསུངས་ཏེ། མ་འོངས་རྒྱུད་འདི་འཆད་མཉན་དར་བ་དང། །འདི་ཡི་ཚིགས་བཅད་གཅིག་ཙམ་ཐོས་པ་ཡང་། །
དོན་གཉིས་བསྒྲུབ་ཅེས་ལུང་བསྟན་བདེན་པའི་མཐུས། །གསོ་བ་རིག་པའི་བསྟན་པ་རྒྱལ་འགྱུར་ཅིག །ཅེས་གསུངས་བས་ཡིན།
སངས་རྒྱས་སྐྱབས། ཁྱེད་ཀྱིས་རྒྱུད་བཞི་བློ་རྒྱུགས་སྤྲད་དམ་རྒྱུད་ཆུང་གསུམ་བློ་འཛིན་སྤྲད་ཅིག་བལྟས་ཆོག