སྤྱན་ཆེན་པོ།
འཇའ་ཚོན་ཞིག་ག་ལེར་ཡལ་སོང
རྨི་ལམ་ཞིག་དལ་གྱིས་འཕུར་སོང
ཤོག་བུ་ཐེད་པོ་དེའི་ངོས་ཀྱི་ཡིག་འབྲུ་དག་གིས
འཛུམ་མདངས་འཁྱག་པོ་ཞིག་གྱོན་ནས
འདར་སིག་སིག་བྱེད་ཀྱིན་འདུག
རྣ་ལམ་དུ་སིལ་སྒྲ་ཞིག་གྲགས་སོང
ལག་པས་མ་ཟིན་པའི་ཐ་སྙད་ཀྱི་ཚོམ་བུ་འགས
ཁེར་རྐྱང་གི་རྣམ་ཤེས་དེར་གནས་ཚང་ཞིག་མ་རྙེད་པས
འཕར་ལྡིང་གི་སྒྲ་དབྱངས་ལ་ཉན་བཞིན
ཁྱོད་ལ་སྐྱེལ་མ་བྱེད་བཞིན་འདུག
ལམ་འགྲམ་གྱི་སྡོང་བོ་དེས་ཨམ་གཙིགས་བསྡམས་རུང
བརྩོན་འགྲུས་ཀྱིས་མེ་ལ་སྲེག་པའི་ལོ་མ་དག
འོད་ཟེར་གྱི་སྣེ་མོ་ལ་བཏགས་སོང་བས
ཤུལ་དུ་ལྷག་པ་ནི་ང་ཁོ་ནའོ
༢༠༡༥-༡-༡ཉིན།