ཚོང་པའི་ལས་འགུལ་དང་བོད་མི་འཛིན་བཟུང་། Posted on 2010-02-242010-02-24 By ཀླུ་ 7 Comments on ཚོང་པའི་ལས་འགུལ་དང་བོད་མི་འཛིན་བཟུང་། ཡིག་ཆ འདི་ཁམས་ནང་ཆེན་ ཡིག་ཆའདི་ཁམས་ནང་ཆེན་རྫོང་གིས་གཙོས་གྲོང་ཚོ་དང་ཡུལ་ཚོ་ཁག་༣༠་ལྷག་གི་ས་གནས་གང་སར་འགྲེམས་སྦྱར་ཡོད་པ་དང་། དེ་མ་ཐག་རྒྱ་ནག་གིས་ས་གནས་ལ་དམ་དྲག་བྱས་ནས་ཉུང་མཐར་ཡང་ཁུལ་དེའི་བོད་མི་ཚོང་པ་ལྔ་འཛིན་བཟུང་བྱས་འདུག། གསར་འགྱུར།
གཞིས་ལུས་རྒྱ་ཆེའི་མི་མང་གི་སྙིང་སྟོབས་དང་ལྷག་ལ་དངོས་གནས་དགའ་དད་བྱེད་དགོས་པ་ཡིན། འོན་ཏང་། ཕྱི་ལོགས་ཀྱི་བོད་པ་དག་གིས་ཞབས་འདྲེན་ས་གཞིས་མི་ཐེག་པ་ཞུ་བཞིན་ཡོད།
སྐད་ཆ་བསམ་བློ་གཏོང་ནས་ཤོད། ལྷག་པར་དུ་བོད་མི་རིགས་ཀྱི་བདེ་དོན་ཆེད་དུ་སྐད་ཆ་བཤད་མཁན་དྲ་ཐོག་གི་སྤུན་ཟླ་སུ་ཡིན་ཡང་། འགན་ཞིག་འཁུར་ནས་གསུང་རོགས་ཞུ།
དྲ་གྲོགས་ཚོ་ཡི་མང་པོ་ཞིག་བྲིས་འདུག་ཡག་པོ་རེད་གོང་དྲ་གྲོགས་ཤིག་གསུང་པ་ལྟར་དོན་དངོས་ཀྱི་ཐོག་ལ་བསམ་བློ་གཏང་ནས་འབྲི་གནང་ཕྱོགས་གཞན་དང་ཕྱོགས་རེ་ཕྱོགས་སུ་མ་ལྷུང་མ་གནང་རོགས་གནང། དངོས་གཞིས་བཞུགས་བོད་མི་རྣམས་ཀྱི་སྙིང་སྟོབས་རྗེས་སུ་ཡུ་རིང་ཡོད་ལྷག་པར་དུ་ཁྱེད་རྣམས་པའི་སྙིང་སྟོབས་དང་བྱེས་སུ་ཡོད་པའི་བོད་རིགས་སྤུན་ཟླའི་རྒྱག་བསྐྱུར་དང་བླ་ཆེན་རྣམས་པའི་སྙིང་སྟོབས་དང་གོང་ས་མཆོག་གི་རླབས་ཆེན་མཛད་ཕྲིན་སོགས་ཀྱི་རྐྱེན་མང་ཞིག་འོག་ནས་ང་བོད་མི་རིགས་འདི་འཚོ་གནས་བྱེད་ཐོབ་ཀྱི་ཡོད་། ཁྱེད་རང་ཚོའི་རྗེས་སུ་ང་ཚོ་ཡོད་དོ།
གནམ་ལྕགས་ཟེར་བ་དཔེ་རུ་དྲངས་ནས་བོད་མི་མང་པོ་ཞིག་ལ་ཡོད་པའི་སྐྱོན་ཞིག་མཐོང་བ་ནི་སྐད་ཆ་གང་ཞིག་བཤད་ཀྱང་ཐལ་ཆ་ཆེ་བ་དང་གཞན་ལ་དམད་རྒྱུ་ཁོ་ནས་རང་གི་གོ་རྟོགས་མཐོ་བ་དང་རང་གི་ཁ་ཕོ་ཞེ་པར་དགོངས་ཀྱི་འདུག གནམ་ལྕགས་ལྟ་བུས་བོད་ནང་གི་གཞིས་ལུས་རྣམས་ལ་བསྟོད་པ་བྱེད་པའི་ཞོར་དུ་ཡང་བྱེས་སྡོད་བོད་མིར་དམད་ར་གཏོང་བ་དང་། དམད་ར་དེ་ཡང་གནས་ལུགས་དང་རྒྱུ་མཚན་གང་ཡང་དྲངས་རྒྱུ་མེད་པར་གཤེ་ཚིག་དྲག་པོ་ཞིག་གི་ངོ་བོ་ཙམ་དུ་ཟད། བཀའ་མོལ་གསུངས་སྟངས་དེ་རིགས་ནི་དེང་སྐབས་བཤད་པའི་སྐད་ཆའི་དྲག་རྩུབ་ཟེར་བ་དེ་ཡིན་ཏེ། དེས་གཞན་གྱི་མི་གཤིས་ལ་དམའ་འབེབས་ཁོ་ནས་རང་ཡིད་ཚིམ་པ་བྱས་པ་སྟེ། སྐད་ཆ་ཐ་ཤལ་མ་རབས་ཀྱི་ཁོངས་སུ་གཏོགས་པ་དང་། ཡ་རབས་ཀུན་གྱིས་གཞན་ལ་ཚིག་རྩུབ་བཤད་ན་རང་ཡང་མ་རབས་ལ་སོང་བའི་མྱོང་ཚོར་ཡོང་བས་ཚིག་རྩུབ་རྒྱུན་སྤངས་ཀྱི་དམ་ཚིག་བསྐྱངས་ནས་རང་གི་ཁ་ནས་མི་ཐོན་པ་བྱེད་པ་དང་གཅིག་པ་རེད། བྱས་ཙང་དོན་གང་ཞིག་གླེང་ཡང་གནས་ལུགས་རྒྱུ་མཚན་གང་ཐུབ་དྲོངས་ཤིག དེ་མིན་ཚིག་རྩུབ་ཡོད་ན་ཁྱེད་རང་གི་ཁོག་པར་ཉར་བའམ་ཁ་ལས་ཡིད་ཚིམ་ཚིམ་དུ་ཁེར་ལབ་བྱེད་པ་ལས་འདིར་ཡི་གེར་ཕབ་ནས་ཁ་བརྡའི་ནང་ཞུགས་མི་རྣམས་ཚད་དམའ་རུ་མ་གཏོང་རོགས། གོ་ན་ལེགས། མ་གོ་ན་ཞུ་ཡག་གཞན་མེད།
སྙིང་སྟོབས་དང་ལྷག་བསམ་ལ་རྗེས་སུ་ཡི་རངས་ཡོད། ང་ཚོ་བོད་མི་ལུས་ངན་ཚོ་ཡང་བསྐྱར་བཙོན་ཁང་ནས་ལྷོད་གྲོལ་ཐོབ་དཀའ་མོ་རེད། ག་རེ་བྱས་ན་བཟང་སྤུན་ཟླ་ཚོ་བསམ་གཞིགས་གནང་རོགས།

ལྷག་བསམ་ཆད་འདུག
ཕྱི་ནང་གི་དབྱེ་འབྱེད་དེ་ཉུང་ན་བདེ།