འཕན་པོ་སྐལ་ལྡན།
གངས་རི་ར་བས་བསྐོར་བའི་མཐོ་སྒང་དུ་འཚོ་སྡོད་བྱེད་མཁན་གྱི་གངས་ཅན་པའི་མི་རྗེ་དམ་པ་རྣམས་ཀྱི་བཀའ་དྲིན་དང་། གངས་ཅན་པ་རང་ཉིད་ཀྱི་རྩོལ་སྒྲུབ་ལ་བརྟེན་ནས་ཐུན་མོང་མ་ཡིན་པའི་སྲོལ་རྒྱུན་གྱི་རིག་གཞུང་དང་། སྐད་དང་ཡི་གེ ཡུལ་སྲོལ་གོམས་གཤིས་སོགས་འཛམ་གླིང་ཐོག་ཡར་ཐོན་ཅན་དུ་གྱུར་ཡོད་སྐབས་ཤིག་ལ། ཤར་ཕྱོགས་ནས་རླུང་དམར་ཞིག་དྲག་ཏུ་གཡོས་པས་མཐོ་སྒང་དུ་འཚོ་སྡོད་བྱེད་མཁན་སྤྲེལ་སྲིན་གདུང་རྒྱུད་ལས་མཆེད་པའི་གངས་དཀར་ཚང་གི་མི་བུ་དག དམྱལ་བ་མི་ཡུལ་དུ་འཕོས་པ་ལྟ་བུའི་ཚད་ལས་བརྒལ་བའི་སྡུག་བསྔལ་མནར་གཅོད་མྱངས་ཡོད་ལ། ཐུན་མོང་མ་ཡིན་པའི་སྲོལ་རྒྱུན་གྱི་རིག་གཞུང་དང་། སྐད་དང་ཡི་གེ། ལ་རྒྱ སེམས་ཁམས། གོམས་སྲོལ་སོགས་ཉམས་དམས་སུ་འགྲོ་རྒྱུའི་མཚམས་སུ་སླེབས་ཡོད།
འོན་ཀྱང་། གངས་ཅན་པ་རྣམས་ཀྱིས་བོད་སྐད་བརྗེད་མ་མྱོང་། བོད་ཡིག་དོར་མ་མྱོང་། བོད་པའི་ལ་རྒྱ་དང་སེམས་ཁམས་གོམས་སྲོལ་རིག་གཞུང་དེ་དག་ཀྱང་དོར་ག་ལ་མྱོང་། དུས་རབས་ཉེར་གཅིག་པའི་འཕོ་འགྱུར་འོག་འཛམ་གླིང་ས་ཕྱོགས་གང་སར་གངས་དཀར་ཚང་གི་བོད་སྐད་དང་བོད་ཡིག ལ་རྒྱ། སེམས་ཁམས། གོམས་སྲོལ། རིག་གཞུང་དེ་དག་བོར་བརླགས་སུ་སོང་བས། ད་བར་བརྩད་མ་ཆོད། དངོས་བདག་དེ་རྣམས་སྨྱོས་ནས་འཛམ་གླིང་ས་ཕྱོགས་གང་སར་ཁ་ནས་གོ་རྒྱུ་མེད་པའི་སྐད་ཆ་དང་ཡ་མཚན་ཅན་གྱི་ཆས་གོས་གྱོན་ནས་འཁྱམ་མྱུལ་གྱི་འཚོ་བར་རོལ་བཞིན་འདུག་ཟེར་གོ་ཐོས་བྱུང་བས། སེམས་བཟང་སུ་ལ་རྙེད་བྱུང་ཡང་གངས་དཀར་ཚང་ལ་ལན་ཞིག་ཡོད་པ་ཞུ། གང་ཡིན་ཞུ་ན་གངས་ཅན་པ་རྣམས་ལ་ཕྲག་ཏུ་བབས་པའི་ལས་འགན་ཆེན་པོ་ཞིག་ཡོད་པས་ཡིན། དགུན་དུས་ཀྱི་གྲང་རླུང་ཆེ་བའི་ཞོགས་པའི་ཉི་མའི་འོད་ཟེར་ཀྱི་ཚ་དྲོད་ལ་བརྟེན་ནས་ངལ་གསོ་བའི་སྐབས་གང་དྲན་དུ་བྲིས།
(མཐོ་སྒང་(སུ།) ཁ་དྲོས་ན་ཁོག་གི་བརྡ་སྤྲོད་ཀྱང་རིག་འདུག་གི། ཧ་ཧ་ཧ།
(ཚ་གྲོས) ཡིག་ནོར་དེ་ཚོ་བོར་མེད་པར། བདག་པོ་ཡག་མོ་ཞིག་རག་འདུག་པས་ཡང་། ཧ་ཧ་ཧ།
ཡིག་ནོར་ཤོར་བ་ངོས་ལེན
ཡག་པོ་འདུག
གོ་རྒྱུ་ཞེ་དྲག་མི་འདུག
ཅོལ་ཆུང་བློ་ཡིས་འཕྱ་སྨོད་བྱེད་པ་ལས། རིག་ཞེན་བློ་ཡིས་དག་བཅོས་བྱས་ན་བཟང་།
ངས་པོ་ཟེར་ན་ཅི་ཡིན་མི་ཤེས་བས།
རིག་ཞེན་ཅན་པོས་གསུང་ཞིག་བརྗོད་པར་ཤོག།
རྩེད་མོ་འཕྱ་སྨོད་དབྱེས་བ་མི་ཤེས་ན།
དགེ་རྒན་བཟང་པོའི་དངོས་སློབ་མིན་པ་འདྲ། ཧ་ཧ་ཧ།
ངས་པོས་ཟེར་བ་མི་ཤེས་ན། མེས་པོའི་བྱུང་རབས་མང་ཙམ་ཀློགས།
ངས་པོ་ཟེར་བའི་མེས་བོ་ཞིག།
མེད་པས་རྣ་བས་མ་གོ་འོ།།
བཙལ་ཀློག་ངལ་བ་བྱེད་པ་ལས།།
གང་ན་སུ་ཡིན་ངོ་ཞིག་སྤྲོད།
ཧམ་པ་བཤད་ན་མྱི་མི་དགའ།།
ཡིག་ཁུངས་མེད་ན་ང་མི་དགའ།།
ཅམ་གྱིས་བཞག་ན་ལྷ་མི་དགའ།།
མི་དགའ་དག་པར་ཁུངས་བསྟན་ཤོག།
གོ་ན་བཀའ་འདི་རྣ་བའི་ཁུར་དུ་ལོངས།།
མི་གོ་མྱི་ལ་བརྫུན་ཞྭ་གཡོག་ནས་འཇོག།
དེ་ཡི་སྒང་ལ་འཁྲིག་ཞྭའི་ཡོག་ཞིག་འདེགས།
ལྟ་བཟོད་མེད་རུང་སོ་སོས་ཉོས་ནི་རེད། ཧ་ཧ་ཧ།
མཁས་རློམས་ཅན་གྱི་དྲ་འབུ་
གཞན་ལ་མཐོང་ཆུང་བྱེད་མི་
མི་པོའི་རྒྱལ་རབ་མི་མཐོང་
ངས་པོའི་དོན་ཡང་མི་རྟོགས
ངས་པོ་མི་ཤེས་མཁས་བར་མི་རྩི་ན།
མཁས་བ་མིན་པ་ལས་ནི་ཡིན་པ་ཉུང་།
མ་ཤེས་ཤེེས་འདོད་དྲི་བ་དྲང་མོ་འདི།
དྲ་འབུ་རྨོངས་ལས་གཞན་ལ་མཐོང་ཆུང་མིན།
བརྫུན་པའི་ཕོ་ཉ་ཟེར་ནི་མེད་བཞིན་དུ།
བདེན་པའི་ཕོོ་ཉ་ཟེར་ནི་ཡོད་དགོས་མེད།
ཕོ་ཉ་མོ་ཉ་ག་རེ་ཡིན་ན་ཡང་།།
སྐད་ཆ་བཤད་སྟངས་རྣ་བར་འགྲོ་མ་སོང་།། ཧ་ཧ་ཧ།
ལས་དོན་བདེན་པར་བྱས་དང་གཅིག་
སྐད་ཆ་བདེན་པར་བཤད་དང་གཉིས་
བདེན་པའི་རྒྱབ་ལང་བྱས་དང་གསུམ་
དེ་གསུམ་འཛོམ་པའི་མི་བུ་ལ་
བདེན་པའི་ཕོ་ཉ་མིང་ཡང་ཐོབ་
ལས་དོན་བདེན་པར་བྱས་གཅིག་
སྐད་ཆ་བདེན་པར་བཤད་དང་གཉིས་
བདེན་པའི་རྒྱབ་ལང་བྱས་དང་གསུམ་
དེ་གསུམ་འཛོམ་པའི་མི་བུ་ལ་
བདེན་པའི་ཕོ་ཉ་མིང་ཡང་ཐོབ
ཕོ་ཉའི་གོ་དོན་བྱེད་ལས་བྱ་བ་དང་།།
མིང་དོན་ཅི་ཡིན་འབྱོར་དང་མི་འབྱོར་སོགས།
རྟོག་པ་དཔྱད་པ་མེད་པར་ཚོད་ཚོད་ལ།
མིང་ཞིག་བཏགས་པར་སྟོན་བྱ་ཡོད་མ་ཡིན།
་་་་་་་་་་ ་་་་་་་་་་་ ་་་་་་་་་་་་་་
རྡོ་ཡི་ཁང་བ་རྡོ་ཁང་རེད།
ལྕགས་ཀྱི་ཐོ་བ་ལྕགས་ཐོ་རེད།
བདེན་པའི་ཕོ་ཉ་ག་རེ་རེད།
བདེན་ཕོ་ཡིན་ནམ་བདེན་ཉ་ཡིན། ངས་མ་ཤེས་ལན་ཞིག་ཡོད་ནི་བྱོས། ལན་མེད་ན་ཁའི་ནང་མཛུ་གུ་ཆུགས། ཧ་ཧ་ཧ།
གནམ། ཁྱོད་ཀྱིས་བཟའ་མྱོང་མེད་པའི་ཟས་དང་གཅིག ཁྱོད་ཀྱིས་མཐོང་མྱོད་མེད་པའི་ཡུལ་དང་གཉིས། ཁྱོད་ཀྱིས་ལྟ་མྱོང་མེད་པའི་ཏུན་མྱོང་ཡིག་ཆ་དང་གསུམ། དེ་རིགས་ད་དུང་མང་ནི་རེད།
༼ཏུན་མྱོང་ཡིག་ཆ་༽ ག་ན་ཡོད།
ཡོད་ས་དེ་ལ་འགྲོ་ཐུབ་ལྟ།
ངས་པོ་མེས་པོ་འཚོལ་དུ་འགྲོ།
རྙེད་ཐོབ་ཡོད་མེད་ལྷང་ལ་འབུད།
མ་བཟས་ཟ་མ་ཡོད་པ་ཡིད་ན་མེད།
ས་འོག་གྲོ་མ་ཡན་ནས་ས་སྟེང་བར།
ས་སྟེང་ཤིང་གི་རྩེ་ནས་རྩ་བ་བར།
ཟ་རིགས་ཟས་ཀྱི་འབྲས་བུ་མ་ཐོབ་མེད།
མ་མཐོང་ཡུལ་ཞིག་ཡོད་པ་ཡིད་ན་མེད།
ཐག་ཉེ་རི་བོ་རྐང་པས་མནན།
ཐག་རིང་ཡུལ་ལུང་བྱ་གྲུས་འཇལ།
གོ་ལ་ཟླུམ་པོ་དཀྲིས་ཞིག་བསྐོར།
རྣམ་རྟོག་དགྲ་རུ་ལངས་དུས།། ཁང་ཁོང་རྐུ་མ་ཤོར་ལྟར།། མེས་པོའི་བྱུང་རབས་ཀློག་སྐུལ།། མེས་པོ་ཡིན་པར་གོ་སོང་།། གནམ་གྱི་དོན་ནི་སྟོང་པ་རེད།། གནམ་གྱི་ཀུན་སྤྱོད་དབུལ་པོ་རེད།། གནམ་ནི་ཁ་སྟོང་ལག་སྟོང་རེད།། གནམ་ལ་ཡོད་པ་ཅོལ་ཆུང་ངོ་།། ཧཧཧ
ཏུན་ཧོང་། ཁང་སྟོང་།
ས་མྱིང་ཡིན་དང་ཆུ་མྱིང་ཡིན།
རུས་མྱིང་ཐོབ་མྱིང་གང་དེ་ཡིན།
ཡང་ན་ཅི་གང་མ་ཡིན་པའི།
ངས་པོ་འདི་ནི་གང་ན་གསལ།
དེབ་དང་ཤོག་བུ་གང་ན་ཡོད།
མེས་པོའི་ལོ་རྒྱུས་གང་དེ་རེད།
སྐྱག་བརྫུན་སྐྱག་པ་བཙིར་བཙིར་འདི།
ངས་པོའི་ཁ་ནས་བཞུར་ཚད་ཡིན། ཧ་ཧ་ཧ།
ངས་པོ་རྒྱལ་མཚན་རྩ་འཁྲུག་ན།
ཏུན་ཧོང་ཏུན་མྱོང་ལ་ཆགས་ཀི།
ཁང་སྟོང་ཁང་ཁོང་ལ་འགྱུར་གི།
ངས་པོ་གང་ཞིག་ལ་བསྒྱུར་རམ། ཧ་ཧ་ཧ།
གནམ་ནི་གནམ་སྐེ་ལ་གྱོན་ནས།། སྤྲིན་པས་ཨོག་སྒྲོག་བརྒྱབ་སྟེ།། རང་གནས་ལུང་ཁུག་འདི་ནས།། ཕྱིར་རུ་ཐོན་མྱོང་མེད་འདྲ།། གངས་ཅན་མེས་པོའི་ནོར་མཛོད།། མཇལ་པའི་སྐལ་བ་དབེན་སོང་།།
ཏུན་ཧོང་ཡིག་ཆ་ལས། ༼ངས་པོ་འི། །འབངས། །དབའས་དབྱྀ་ཚབ་ལ་སྩོགས་པས། །བཙན་པོ་འི་མཚན་གསོལ་པ། །ཆབ་སྲིད་གནམ་བས་མཐོ། །དབུ་རྨུག་རི་བས་བརྩན་ཏེ། །གནམ་རྀ་སློན་མཚན་དུ་བཏགསོ། །༽ གནམ་གྱི་རྣམ་སྤྱོད་བུ་གའི་མིག་གིས་ད་བར་སྤྱོད་ཡུལ་དུ་མ་འགྱུར་བའི་གངས་ཅན་གྱི་བྱུང་རབས། ཧ་ཧ་ཧ། གནམ་གྱི་ཀླད་སྟོང་དེ་ལ།། བྱུང་རབས་བདེན་པའི་ཐོ་བས།། རྡོ་རྗེའི་ཕུར་བ་འདེགས་ཏེ།། འགྱུར་མེད་དམ་ལ་བཏགས་སོ།།
http://www.thumi.net/index.php/en/
2011-07-04-16-49-34/
2011-07-04-17-03-15/
296-2012-11-26-19-30-38
ངས་པོ་འི་འབངས་ཕྲུག་རྒྱལ་མཚན་ལ། མྱིའི་མྱིག་བྱ་མྱིག་ལྟར་འདུག་པ་འོག་ནས་འགེབས་པ་གཆིག་བྱ་དགའར་ཕུལོ། ཧ་ཧ་ཧ།
གོང་གི་འབྲེལ་ཐག་ན། ཆ་ཚང་མི་ཚང་དང་། ཇི་མ་ཇི་བཞིན་ཡིན་མིན་མི་ཤེས་ཀྱང་། (སྒོའུ་སྒོལ་)དྲིན་ཆེན་གྱིས་འདི་འདྲ་ཞིག་བཙལ་བྱུང་པས་ལྟ་འདོད་ཡོད་རིགས་ང་ལྟ་བུ་ལ་ཕན་པ་ཆེ་ཚོད་རེད།
སྦྱོར་ཀློག་དང་འབྲི་སྟངས་ནི། ངའི་ཕ་ས་ཕ་སྐད་ཀྱི་འགྲོ་སྟངས་རེད་འདུག་པས། ལོ་རྒྱུས་ལ་དགའ་བོ་དང་རྒྱུས་མངའ་མེད་རུང་། གནའ་སྔ་མོའི་ཨ་མྱེས་དག་གི་བྲིས་ཡིག་འདི་བཀླགས་པས་དགའ་སྤྲོ་བྱུང་། རྐྱེན་ངན་གྲགས་ཤར་རང་ཡིན། ངས་པོ་ལ་(ཐོ་ཆེ་ཆེ) ཧ་ཧ་ཧ།