ཀོ་ལི་གྷ་གཞུང་པ་ཚེ་དབང་བསོད་ནམས།
དཀའ་ལས་མ་བརྒྱབ་སྐྱིད་པོ་གཏོང་མཁན་མང་།།
ཁ་དམག་བརྒྱབ་ནས་རང་དོན་གཉེར་མཁན་མང་།།
ག་རུ་ཕྱིན་ཀྱང་ང་ཡིན་ཟེར་མཁན་མང་།།
ང་ཡིན་ཁོ་ཡིན་ཟེར་ནས་བོད་དོན་བརླགས།།
ཅ་དངོས་ཐོན་གསར་སྤྱི་ཚོགས་འཁྲུག་ཆ་ཆེ།།
ཆ་མེད་མི་རྣམས་མགོ་བོ་འཐོམས་དུ་བཅུག །
ཇ་ཆང་ལོངས་སྤྱོད་བསམ་བློའི་ཚད་ལས་བརྒལ།།
ཉ་ཕག་ཤ་ལ་ཧབ་ཐོབ་རྒྱབ་མཁན་མང་།།
ཏ་ཐ་ག་ཏའི་བསྟན་ལ་རྒྱབ་བསློགས་ནས།།
ཐ་མཚམས་ཡུལ་གྱི་ན་ཆུང་རྗེས་སུ་འབྲངས།།
ད་ལྟའི་སྐབས་སུ་གཡོ་ཁྲམ་མི་རྣམས་སྐྱིད།།
ན་གཞོན་ལས་མེད་ནུབ་ཕྱོགས་གླིང་ལ་བལྟ།།
པ་ཕ་ཨ་མས་རང་མེད་གཞན་འཚོལ་བྱེད།།
ཕ་བཟང་འདྲ་བའི་བུ་རབས་ཚོར་བསམ་ན།།
བ་ཕྱུགས་བཞིན་དུ་མ་ཉལ་ལས་ལ་བརྩོན།།
མ་རབས་བྱ་སྤྱོད་མི་མགོ་བསྐོར་མཁན་མང་།།
ཙ་བ་རང་ཁ་རང་གསོའི་དམ་ངག་ཟབ།།
ཚ་བའི་ཡུལ་དུ་རང་ཁ་རང་གསོ་དཀའ།།
ཛ་དྲག་བྱས་ནས་རང་ས་མ་རྩོད་ན།།
ཝ་སྤྱང་བཞིན་དུ་མི་ཡུལ་ལྷག་ཉེན་ཆེ།།
ཞ་མོ་འཐོམ་ཞ་གྱོན་པའི་སྤྱང་པོ་མང་།།
ཟ་འཐུང་གཞན་ལ་བསྟེན་པའི་ཕྱུག་པོ་མང་།།
འ་འུར་བརྒྱབ་ནས་དབུ་མ་རང་བཙན་གླེང་།།
ཡ་མཚན་ཆེ་བའི་བོད་མིའི་ཆབ་སྲིད་འདིས།།
ར་བ་གངས་ལྗོངས་ཕ་ཡུལ་བརླག་ཉེན་ཆེ།།
ལ་ལུང་བགྲོད་ནས་མི་ཡུལ་ལྷ་ཡུལ་མཐོང་།།
ཤ་ཚ་ཆེ་བའི་གཏམ་ལ་སྙན་ཆ་མེད་།།
ས་ཆའི་བདག་དབང་མེད་པའི་འཛུགས་སྐྲུན་བརྒྱུད།།
ཧ་ཅང་ཡར་རྒྱས་འགྲོ་བའི་ལམ་ཁ་ཉུང་།།
ཨ་གསར་འཛུགས་སྐྲུན་རོགས་དངུལ་ཆུ་ནང་བཏབ།།
གཞུང་པའི་བུ་ཡིས་ས་མཐའི་ཁ་དམག་རེད།
གཞུང་པའི་ཆུ་ཡི་སྒད་སྙིགས་ལྐུག་ཇུས་རེད།
གཞུང་པའི་བུ་ཡིས་སྒེར་དོན་ཁོག་བཅངས་རེད།
གཞུང་པའི་བུ་ཡི་རྗེས་ལུས་ལྐུག་ཇུས་རེད།།
གཞིས་ཆགས་ཁུག་བསྡད་རྒྱལ་ཁམས་མཐོང་མདོག་བྱེད།
གཞིས་ཆགས་ཁུག་བསྡད་དཔོན་ཆུང་ཡིན་མདོག་བྱེད།
གཞིས་ཆགས་ཁུག་བསྡད་རྡ་སར་འཕུར་མདོག་བྱེད།
གཞིས་ཆགས་ཁུག་བསྡད་མི་ཤེས་ཤེས་མདོག་བྱེད།།
གཞིས་ཆགས་དེ་གར་ཚེ་ལྷག་བསྐྱེལ་ན་དགའ།
གཞིས་ཆགས་རང་དུ་བྱིས་ཕུག་སྐྱོང་ན་དགའ།
གཞིས་ཆགས་དེ་གར་ཨ་ཤོམ་བཟའ་ན་དགའ།
གཞིས་ཆགས་རང་དུ་སྔོ་རིལ་རུལ་ན་དགའ།།
ཀོ་ལི་གྷ་བ་ཚེ་དབང་བསོད་ནམས་ཀྱིས། ། ཁོ་བའི་བསམ་ཚུལ་ཀ་བཤད་མང་བྲིས་ཀྱང་། ། གོ་ལོག་ཆེ་བའི་བོད་པའི་མི་མང་ཚོས། ། ངོ་མ་རྟོགས་ཀྱིན་ཡོད་མེད་འཕྱང་མོ་ཉུག།
ཙ་༼རྩ་བ༽བ་རང་ཁ་རང་གསོའི་དམ་༼གདམས་༽ངག་ཟབ།།
ཚ་བའི་ཡུལ་དུ་རང་ཁ་རང་གསོ་དཀའ།།
ཛ་དྲག་བྱས་ནས་རང་ས་མ་རྩོད་ན།།
ཝ་སྤྱང་བཞིན་དུ་མི་ཡུལ་ལྷག་ཉེན་ཆེ།།
ཞ་༼ཞྭ་༽མོ་འཐོམ་ཞ་༼ཞྭ་༽གྱོན་པའི་སྤྱང་པོ་མང་།།