ཨེ་མ་ཧོ།
རྒྱ་ནག་གི་གྲོང་ཁྱེར་(深圳)ནང་མཐོ་སློབ་ཀྱི་སློབ་མ་ཞིག་རང་ཉིད་ཀྱི་གྲོགས་པའི་སྐྱེས་སྐར་སྤྲོ་ཚོགས་ལ་སོང་འདུག མོ་རང་སྐྱིད་པོ་བྱུང་སྟེ་ཆང་མང་ཙམ་བཏུང་ཡོད་པ་དང་། ཏག་ཏག་སྐབས་དེར་ཕོ་གསར་བློ་ཡིད་དུ་འབབ་པ་ཞིག་མོ་རང་གི་མདུན་དུ་བསྡད་དེ། ཕོ་གསར་དེ་ཡིས་འདོད་བརྩེ་ཚིག་སྙན་དང་ལན་མང་ཨུ་ཚུགས་བྱས་མཐར། མོས་ཁས་ལེན་བྱས་ཏེ་རང་ཁྱིམ་ཉེ་འགྲམ་གྱི་ཆང་ཁང་ཞིག་གི་ནང་དུ་ཕྱིན་པ་མ་ཟད། མཛེས་ཉམས་དོད་པའི་མགྲོན་ཁང་ཞིག་གླས་འདུག
མགྲོན་ཁང་ནང་དུ་མོས་ཆང་བཏུང་བ་…དང་། ག་ལེར་ག་ལེར་ཚོར་བ་རབ་རིབ་ཏུ་གྱུར་ཏེ་གཉིད་དུ་ཤོར་འདུག མོ་རང་གཉིད་ལས་ཚེ་ཁོ་མོ་ཁྲུས་རྫིང་ནང་དུ་ཡོད་པ་མ་ཟད། ཁྲུས་རྫིང་ཡོངས་རྫོགས་འཁྱག་རོམ་གྱིས་ཁེངས་ཡོད་འདུག
ཁྲུས་རྫིང་མདུན་དུ་ཤོག་འཛིན་ཞིག་བཞག་ཡོད་པ་དང་སྟེང་དུ་སྣག་ཚ་དམར་བོས་120(མྱུར་སྐྱོབ་སྨན་ཁང) ལ་ཁ་པར་ཐོངས། དེ་མ་གཏོགས་ཁྱེད་རང་ཤི་ངེས་ཡིན་ཞེས་གསལ་བོར་བྲིས་ཡོད་པ་དང་། མོའི་ཁ་པར་ཡང་ཉེ་འགྲམ་དུ་བཞག་ཡོད་པས། མོས་མགྱོགས་མྱུར་ངང་ཁ་པར་བཏང་འདུག
མོས་རང་ཉིད་གྱི་མིག་མདུན་གྱི་གནས་ཚུལ་ཆ་ཚང་གསལ་བོར་བཤད་འདུག སྨན་པས་མོ་ལ་བཤད་རྒྱུར།རང་ཉིད་ཀྱི་ལུས་རྒྱབ་ཏུ་བརྟག་དཔྱད་བྱ་རོགས་ཞེས་བསམ་ཚུལ་བཏོན་འདུག མཐར་མོས་ལུས་སྟོད་སྨད་དུ་སོར་མོ་དགུ་ཙམ་གྱི་རྨ་ཁ་གཤགས་ཡོད་པ་རྟོགས་འདུག སྨན་པས་མོ་ལ་འཁྱག་རོམ་གྱི་ཁེངས་ཡོད་པས་ཁྲུས་རྫིང་ནང་ཉལ་ནས་མ་འགུལ་རོགས། མྱུར་སྐྱོབ་རུ་ཁག་ལམ་སང་ཡོང་ངེས་ཞེས་ལབ་འདུག དོན་དངོས་སུ་མོའི་མཁལ་མ་མི་གཞན་གྱིས་རྐུས་ཡོད་པའདུག ལུས་སྟོད་སྨད་ཀྱི་རྒྱབ་ཕྱོགས་ཀྱི་རྨ་ཤུལ་གཉིས་ནི་མཁལ་མ་ཕྱིར་བཏོན་དུས་བཟོས་བ་རེད་འདུག
ནག་ཉེས་ལྐོག་འབྲེལ་གྱི་གྲོང་ཁྱེར་ནང་དུ་མཁལ་མ་ལ་རྒྱ་སྒོར་300000 ཙམ་བྲིན་གྱི་ཡོད་པ་དང་། སྨན་ལུགས་བརྟག་དཔྱད་ཐག་གཅོད་བྱས་བ་ལྟར་ན། མོའི་ཆང་གི་ནང་དུ་མགོ་འཐོམས་སྨན་དང་ཟུག་འཇགས་སྦྲིད་སྨན། ད་དུད་འཁྱག་རོམ་ཡང་ཟུག་གཟེར་འཇགས་བྱེད་དུ་བཀོལ་ན་ཕན་པས། འཕྲལ་སེལ་རིང་ན་ཟུག་གཟེར་མི་ཚོར་བ་རེད། མཐར་མོ་རང་སྨན་ཁང་དུ་མཁལ་མ་རོགས་སྐྱོབ་ཞལ་འདེབས་མ་རེག་པས་གྲོངས་ཡོད་འདུག
ཉེན་རྟོགས་མི་སྣས་ཉེན་བརྡ་སྤྲོད་དོན།
འདི་ནི་གསར་དུ་བྱུང་བཞིན་པའི་ནག་ཉེས་གསར་བ་ཞིག་ཡིན་པ་དང་། ཕོ་གསར་མོ་གསར་དང་། ཡུལ་སྐོར་སྤྲོ་འཆམ་པ། སློབ་མ་སོགས་དམིགས་ཡུལ་དུ་བཟུང་འདུག་པ་མ་ཟད། ནག་ཉེས་འདི་ལ་ཚོགས་པ་ལ་རྩ་འཛུགས་དང་ཆེད་ལས་ཚད་ལྡན་མི་སྣ་ཡིས་སྒྲུབ་ཀྱིན་ཡོད་པ་རེད། ནག་ཉེས་འདི་ནི་གཙོ་བོ་གྲོང་ཁྱེར་ཁག་ཏུ་བྱུང་གིན་ཡོད་པ་རེད། ཉེ་ཆར་ཧྲན་ཏུང་། ཀུང་ཀྲིག ཧྲིན་ཁྲོན། ཧྥོ་ཧྲན། པེ་ཅིང་། ཧྲང་ཧེ། སི་ཁྲོན། ཁྲོན་ཆི་སོགས་རྒྱལ་ཡོངས་ཀྱི་ཆང་ཁང་ནང་དུ་བྱུང་བཞིན་འདུག
འདི་ནི་རྒྱ་ཡིག་ལས་ཚུར་བསྒྱར་བ་ཡིན། ཚང་མས་རང་ཉིད་ཀྱི་གྲོགས་པོ་གྲོགས་མོ་དང་མི་གཞན་ལ་ལབ་པར་མཁྱེན། དགེ་བ་བསམ་གྱིས་མི་ཁྱབ། མི་སྲོག་བསྐྱབས་པ་དང་ཁྱད་པར་མེད།
སྙིགས་དུས་ཀྱི་ཉམས་འགྱུར་ཞིག་ཡིན་རྒྱུ་རེད་ཡ་ཡ་་་་་་
ལོ་གསུམ་སྔོན་གྱི་སྐད་ཆ་རྙིང་བ་རེད།
མི་དེས་གསོན་པོར་ཟ་འི་ལབ་ཡ་དེ་འདི་འདྲ་ཞིག་ལ་གོ་དགོས་བ་འདྲ། ལོ་གསུམ་གོང་གི་སྐད་ཆ་ཡིན་ན་འདྲ། ད་ལྟ་རིང་གི་སྐད་ཆ་ཡིན་ན་འདྲ། གང་ལྟར་དགྱ་ནག་གི་ཁྲོམ་ར་ནག་པོའི་བྱེད་ལས་འདི་མི་ཚང་མས་ཤེས་དགོས་བ་དང་། ཤེས་བ་བསྒྲགས་དགོས་བའི་འགན་ཞིག་ཡང་ཡོད་ཡོད་པ་རེད། ཐུགས་རྗེ་ཆེ།
བྱིས་པའི་ནང་ཁྲོལ་དང་ལུས་ཀྱི་ཆ་ཤས་རྐུ་འཁྱེར་བྱེད་བཞིན་པའི་གནས་ཚུལ་ཁ་ཤས་རེ་བོད་མིའི་སྤྱི་ཚོགས་ལ་ཡང་གོ་རྒྱུ་འདུག དྲ་གྲོགས་ཚོས་རང་རང་གི་ནང་མི་ཉེ་འབྲེལ་བོད་དུ་ཡོད་ན་གཟབ་གཟབ་དགོས་པའི་སྐུལ་མ་བྱས་ན་དགའ་ས་རེད།
་་་་་་་་་་་་་ བྱིས་པའི་ནང་ཁྲོལ་དང་ལུས་ཀྱི་ཆ་ཤས་རྐུ་འཁྱེར་བྱེད་བཞིན་པའི་གནས་ཚུལ་ཁ་ཤས་རེ་བོད་མིའི་སྤྱི་ཚོགས་ལ་ཡང་གོ་རྒྱུ་འདུག ་་་་་་་་་་་་
ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ལྷ་ཡུལ་ལ་སླེབས་དུས་འདི་འདྲ་ཡོང་གི་ཡོད་ས་རེད།
ཁོ་མོ་སྙིང་རྗེ། འོན་ཏེ། གནས་ཚུལ་འདི་རིགས་རྒྱ་ནག་གཅིག་བུ་མིན་པར་ག་ས་གང་དུ་བསླེབས་ཡོད། དཔེར་ན། རྒྱ་གར་ལྷོ་ཕྱོགས་བྷེལ་ཀོབ་ཏུ་གྲྭ་ཕྲུག་འགའ་ཤས་ཀྱི་མཁལ་མ་བཙན་ལེན་བྱས་པ་མ་ཟད་མགོ་བོ་རྡོ་ཡིས་བརྡུངས་ཏེ་བསད་པ་དང་སྐྱ་བོ་ཞིག་ལའང་གྲིས་བརྒྱབ་ཏེ་བསད་ནས་མཁལ་མ་ཁྱེར་ཡོད་པ་དང་། རྒྱ་གར་གྱི་སྨན་ཁང་དག་ནས་གཤའ་བཅོས་སྐབས་བོད་པའི་སྐྱ་སེར་མང་བོའི་མཁལ་མ་རྐུ་ལ་ཤོར་བ་ཉུང་ཉུང་མིན། ད་དུང་དེར་ཁྲིམས་གཏུགས་དང་གྱོད་རྒྱག་མཁན་མེད་ལ་གྱོད་རྒྱག་པའི་ནུས་པ་ཡང་མེད་པས། ཉེས་ཅན་ཚོས་ཉེན་ཁ་མེད་པའི་ཁེ་བཟང་དུ་བསམས་ཡོད། གང་ནས་ཡིན་ཡང་སྙོམས་ཆུང་ལ་གཉའ་ཞུམ་པའི་གནས་བབས་འདི་བོད་པ་སྐྱབས་བཅོལ་བ་ཚོར་ཅུང་དམིགས་བསལ་ཅན་དུ་གྱུར་ཏེ་ཡོད། ནམ་ཡང་ནང་ཁུལ་ལ་ཁ་ཕོ་སྒྲོག་ཅིང་ཅི་མི་སྙམ་པ་ཚོ་ཡང་གནས་ཚུལ་འདི་རིགས་ནས་ལྷག་ཏུ་འཇམ་ཐིང་ཡིན།
་་་་་་་་་་་་་ རྒྱ་གར་གྱི་སྨན་ཁང་དག་ནས་གཤའ་བཅོས་སྐབས་བོད་པའི་སྐྱ་སེར་མང་བོའི་མཁལ་མ་རྐུ་ལ་ཤོར་བ་ཉུང་ཉུང་མིན། ་་་་་ཟེར།