ཁྲི་རལ་པ་ཅན།
འཇིག་རྟེན་འདིར་རྒྱལ་ཁ་ཐོབ་དགོས་ན་སྤྱོད་པ་ངན་པ་མང་ཙམ་ཤེས་དགོས།
ང་ཚོ་མི་རྣམས་རྩ་བའི་བདེ་བ་འདོད་པ་དང་སྡུག་བསྔལ་མི་འདོད་པ་ཞེ་གཅིག་ཡིན་གཤིས། ནམ་རྒྱུན་ཆོས་སྲིད་ཀྱི་འགོ་ཁྲིད་སུ་རུང་གིས་མི་ཡ་རབས་སྤྱོད་བཟང་གནང་དགོས་པ་མང་ཙམ་གསུང་གིན་ཡོད་ནའང་། དོན་དངོས་པོའི་གནས་ཚོད་ལ་ང་ཚོའི་སྤྱི་ཚོགས་གང་གི་ནང་མཐོང་ཆོས་སུ་གྱུར་པ་ནི། མི་འཇོན་པོ་དང་རྒོད་པོ། དབང་ཅན་དང་འབྱོར་ལྡན། དགྲ་འདུལ་གཉེན་སྐྱོང་སོགས་འཇིག་རྟེན་གྱི་བྱ་བ་ཡོངས་རྫོགས་ལེགས་པར་གྲུབ་བསྡད་པ་དང་གནས་བཟོད་བདེ་བསྡད་པ་མང་དག་ཅིག མི་མགོ་བདེ་བོ་དང་གཡོ་སྒྱུ་ཅན། གཞན་གྱི་བདེ་སྡུག་ལ་ཇི་མི་སྙམ་པར་རང་བདེ་དོན་གཉེར་ཆེད་གང་ཡང་བྱེད་ཐུབ་པ། ཁྲེལ་དང་ངོ་ཚ་འདོར་ཐུབ་པ་མང་པོ་ཞིག་འཇིག་རྟེན་འདིར་ཡུན་རིང་འཚོ་ཐུབ་ཅིང་། དེ་ཚོར་རྒྱལ་ཁ་ཐོབ་ཏེ་གནས་བཟོད་བདེ་བོ་དང་ཉལ་ས་དྲོན་པོའི་ནང་འཆི་བཞིན་པ་རེད།
དཔེར་ན། མིའི་ལོ་རྒྱུས་ནང་གཡོ་སྒྱུ་གདུག་རྩུབ་ཆེ་ཤོས་གྲས་མོའོ་ཙེ་ཏུང་དང་ཧོར་ཇིང་གར་རྒྱལ་པོ། སི་ཏ་ལིན་སོགས་རྒྱལ་ཁའི་ངང་ཉལ་ས་དྲོན་པོར་ཤི་ཡོད་ལ། ང་ཚོ་བོད་ལ་རྒྱུས་ཡོད་པ་ཁ་ཆེ་མ་པུ་ཧྥང་ལྟ་བུ་རྒྱུ་ནོར་ལོངས་སྤྱོད་བུ་ཕྲུག་དང་བཅས་པར་ཁ་ཆག་སྣ་རལ་མེད་པར་སྐྱིད་པོ་བྱས་ཏེ་མི་ཚེ་བསྐྱལ་ཡོད།
དེ་ལས་ལྡོག་སྟེ་གཞན་ཕན་གྱི་བསམ་བློ་ཡོད་པ་དང་ལྷག་བསམ་རྣམ་དག་ཅན། དྲང་པོ་དྲང་བཞག་གནང་མཁན་ཚོ་ལས་ཁུངས་འཁྱོལ་མཁན་ཤིན་ཏུ་ཉུང་ལ། ལྷག་པར་དེ་རིགས་ཀྱི་མང་ཆེ་བ་ཡིད་ཆེས་དང་རེ་བའི་འོག་ནས་ལམ་སེང་ཕམ་འགྲོ་བཞིན་པ་རེད། ང་ཚོའི་སྤྱི་ཚོགས་ཀྱི་ནང་དེ་འདྲ་དཔེར་མཚོན་ཤིན་ཏུ་མང་པོ་ཡོད་ཅིང་། ལོ་རྒྱུས་ནང་བལྟས་ན་གནའ་སྔ་མོ་ཆོས་རྒྱལ་མྱ་ངན་མེད་དང་སིངྒལའི་རྒྱལ་པོ་ཁག་ཅིག ཀུཤུནཱ་རྒྱལ་རབས། ལྷག་པར་མོགྷལ་ཨགྦྷར་རྒྱལ་པོས་ཆོས་ལུགས་ཀུན་གྱི་ལེགས་ཆ་བསྡུ་བ་དང་འདྲ་མཉམ་དུ་ལྟ་བ། ཆབ་འབངས་ཀུན་ལ་བྱམས་སྐྱོང་གི་བསམ་བློ་སོགས་ཁྲིམས་མང་པོ་ཅིག་ཀྱང་ཁོ་རང་ཤི་བ་ནས་ཕམ་ཉེས་སུ་གྱུར་ཡོད།
ནང་བའི་རྒྱལ་པོ་ཆོས་དད་དང་ལྷག་བསམ་ལྡན་པ། དྲང་བདེན་སྲོག་ལས་གཅེས་མཁན་མང་པོ་ཞིག་ཕྱི་རོལ་པ་དང་ཁ་ཆེའི་རྒྱལ་བློན་ངན་དགུ་གདུག་རྩུབ་དང་གཡོ་སྒྱུས་ཁེངས་བསྡད་པ་ཚོའི་ལག་ནས་ལས་སླ་བོར་ཕམ་ཉེས་སུ་ཕྱིན་མྱོང་ཡོད།
སོག་པོའི་རྒྱལ་པོ་སྟོབས་ལྡན་འཛམ་གླིང་ན་སྙན་གྲགས་ཅན་ཚོའི་རྒྱལ་རབས་དང་མི་རིགས་ཁག་ཀྱང་། ནང་ཆོས་དང་བཟང་སྤྱོད། གཞན་ཕན་གྱི་བསམ་བློ་སོགས་ཤུགས་ཆེར་དར་ནས་བཟུང་ལོ་རྒྱུས་སྟེང་སྟོབས་ཤུགས་རྒྱས་རྒྱུ་མེད་པ། ཐ་ན་རྒྱ་རིགས་ལྟ་བུ་ཞིང་པའི་མི་རིགས་གཉོམ་ཆུང་ནུས་མེད་ཚོ་ཚུན་ནས་ཐུབ་ཚོད་གཏོང་ཡུལ་དུ་གྱུར་ཡོད།
ཕྱོགས་གཞན་ནས་ལོ་རྒྱུས་སྟེང་ནས་ད་ལྟ་བར་སྟོབས་ཆེན་རྒྱལ་ཁབ་ཚོའི་ལོ་རྒྱུས་ལ་ཕྱིར་མིག་ཅིག་ལྟོས་དང་། དེ་ཚོའི་ནང་དྲང་བདེན་སྐྱོང་མཁན་དང་རྒྱུ་འབྲས་བརྩི་མཁན། སྤྱི་སེམས་ཅན་དང་སྤྱོད་པ་བཟང་པོ་ཅན་ཕལ་ཆེར་གཅིག་ཀྱང་མེད་ཅེས་ན་རྫུན་དུ་མི་འགྲོ། དུས་རབས་ཉི་ཤུ་བའི་ནང་ནས་སྟོབས་ཆེན་འབྱོར་ལྡན་རྒྱལ་ཁབ་མང་ཆེ་ཤོས། རྒྱལ་ཁབ་གཞན་མང་པོ་བཙན་གྱིས་དབང་དུ་བསྡུས། ས་གནས་ཡུལ་མི་བྲན་དུ་བཀོལ། རང་ཉིད་ལྷའི་ལོངས་སྤྱོད་ནང་བཞིན་འབྱོར་བ་རྒྱས་ཀྱང་གཞན་ཉམ་ཆུང་རྣམས་དུད་འགྲོ་བཞིན་བཀོལ་སྤྱོད་པ་ཞེ་གཅིག་ཡིན་ལ།
དེང་སང་དུས་རབས་ཉེར་གཅིག་པའི་ནང་ཡར་རྒྱས་ཆེན་པོ་འགྲོ་བཞིན་པ་རྒྱ་ནག་ལྟ་བུ་ཡང་སྤྱོད་པ་ཇི་ཙམ་ངན་པ་ཡོད་པ་བོད་མི་མང་ཆེ་བར་རྒྱུས་ཡོད་པ་རེད། གནས་ཚུལ་དེ་ཚོའི་རྒྱུ་རྐྱེན་འཚོལ་རྒྱུ་དཀའ་ལས་ཁག་པོ་གང་ཡང་མ་རེད།
རྒྱུན་ཤེས་སྟབས་བདེ་བོ་ཅིག་རེད། དེ་ནི་སྲོག་ཆགས་གང་ཡིན་ན་ལྷན་སྐྱེས་སུ་འབུ་ཆེ་བས་ཆུང་ཟོས་ཀྱི་དཔེ་བཞིན། སྟོབས་ཆེན་གདུག་རྩུབ་ཅན་དེས་ནུས་མེད་ཉམ་ཆུང་གི་རིགས་ཁ་ཟས་སུ་སྤྱོད་པ་མཐོང་ཆོས་སུ་གྱུར་ཡོད་ཅིང་། མི་ཡང་སྲོག་ཆགས་དང་སེམས་ཅན་གྱི་རིགས་ཤིག་ཡིན་པས་རྩ་བའི་སེམས་ཅན་གྱི་གཤིས་ཀ་དེ་འདོར་ཁག་པོ་རེད།
མི་མང་ཆེ་ཤོས་སངས་རྒྱས་དང་བྱང་ཆུབ་སེམས་དཔར་མ་གྱུར་བར་དུ། གཡོ་སྒྱུ་མགོ་སྐོར་དང་ངོ་ཚ་ཁྲེལ་མེད། དྲག་སྤྱོད་གདུག་རྩུབ་སོགས་ཀྱི་ཁ་གཏད་དུ་འཚེ་བ་མེད་པ་དང་ཞི་བ། བསམ་ཤེས་སོགས་བཟང་སྤྱོད་ཀྱི་རིགས་ནི་གཉོམ་ཆུང་དང་ནུས་མེད་ཀྱི་མཚོན་རྟགས་ཙམ་ལས་གང་ཡང་མ་རེད།
སྡུག་ས་ནས་བཤད་ན་སྤྱོད་པ་དེ་ཚོ་ངན་པ་རྒྱ་ཡན་དུ་གཏོང་བ་དང་།ཆུ་ངན་ལམ་ཤོར་གྱི་རོགས་པ་ཡག་ཤོས་ཙམ་རེད། མི་བརྒྱ་ཆ་༩༩ སེམས་ཉོན་མོངས་ཆགས་སྡང་གིས་ཁ་ལོ་བསྒྱུར་བཞིན་པ་ཡིན་སྟབས། ཚུར་སྡུག་པོ་བཏང་བར་བཟོད་སྒོམ་ཇི་ཙམ་བྱས་ན་གདུག་རྩུབ་དང་གཉའ་གནོན་ཇེ་ཆེར་འགྲོ་རོགས་མ་གཏོགས་མེད་པ་རེད། དེ་ནི་འགྲོ་བ་མིའི་གསར་བརྗེ་དང་བྱུང་བ་ཁག་གིས་ར་སྤྲོད་བྱེད།
དེས་ན་དེ་ཚོར་ཁ་གཏད་ཐབས་བཟང་ཤོས་ནི་ཁྲིམས་ཀྱི་དབང་བསྒྱུར་དང་ཆད་པ་དྲག་པོ་གཅོད་པ་དེ་རེད། སོ་སོ་ལ་དེ་འདྲ་སྡུག་པོ་དང་ཆད་པ་འབབ་རྒྱུར་ཞེད་སྣང་གིས་མིའི་སྤྱོད་པར་བདག་པོ་གང་འཚམས་བརྒྱབ་ཐུབ་ཀྱིན་ཡོད་པ་ལས། རང་ཉིད་ལ་ཉེན་ཁ་དང་ཆད་པ་ཡོང་རྒྱུར་འཇིགས་སྣང་མི་དགོས་ན། མི་མང་པོ་ཅིག་ལ་ང་ཚོ་མི་ཕན་ཚུན་གསོད་རྒྱུར་ར་ལུག་གསོད་རྒྱུའི་ཚོར་བ་ལས་གང་ཡང་མེད་པ་རེད། དེ་ཚོ་མདོར་དེད་ན་ཉོན་མོངས་ཀྱི་ཁ་གཏད་ཉོན་མོངས་ཀྱིས་གཅལ་བའི་དཔེར་མཚོན་རེད།
བོད་ཀྱི་རྒྱལ་པོ་༧གོང་ས་ལྔ་པའི་བསླབ་བྱ་མུ་ཐི་ལི་ཚུན་གྱི་ནང་དུའང་མི་གོ་བ་མེད་པ། ནག་ཉེས་ཚབས་ཆེན་དང་བསགས་པ་ཚོར་སྙིང་རྗེ་སྒོམ་ན་རང་གཞན་གཉིས་ཕུང་ཡིན་པས། སྲོག་ཆད་ཚུན་ལག་ལེན་མ་བསྟར་ན་ཉེན་ཚབས་ཆེན་པོ་ཡིན་པ་གསུངས་ཡོད་པ། ཁོང་རྒྱལ་པོ་བྱས་ཏེ་དོན་མང་པོར་འདྲེས་པའི་ཉམས་མྱོང་གི་སྐད་ཆ་རེད།
དེ་འདྲར་བརྟེན། བོད་མི་ཚོའང་འཇིག་རྟེན་འདིར་མུ་མཐུད་འཚོ་ཐུབ་འདོད་པ་དང་། གཞན་ལས་རྒྱལ་འདོད་པ་དང་གཞན་གྱི་གཉའ་གནོན་ཐུབ་ཚོད་འོག་ནས་གྲོལ་འདོད་ན། རྟག་པར་སྤྱོད་བཟང་སྐོར་རྐྱང་རྐྱང་ལབ་བསྡད་པ་ལས། སྤྱོད་པ་ངན་པ་སྣ་ཚོགས་ལ་མང་བསླབ་དགོས་པ་རེད།།
ཁྲི་རལ་གྱིས་གསུང་པ་ལ་བདེན་ཁ་ཕྲན་ཙམ་མཐོང་འོན་ཀྱང་བདེན་པ་དེ་ཕུགས་ཐག་རིང་པོ་ཞིག་མ་མཐོང་ལ།
ད་དུང་མཚན་གཞི་མའོ་རྩེ་ཏུང་ལབ་ཡ་དེ་སྤྱིར་བོད་པའི་ཕྱོགས་ནས་བཤད་ན་ངོ་མ་གཡོ་སྒྱུ་ཅན་སྙིང་རྗེ་མེད་པ་དང་
འཁྱོག་ཐོ་ཞིག་ངོས་འཛིན་གནང་ན་བདེན་མོད། སྤྱིའི་ཆ་ནས་བཤད་ན་དམར་ཤོས་ཀྱི་ལྟ་བ་དེ་ཉིད་དྲང་པོ་མེད་པ་ཞིག
་རེད་ལབ་ན་དེ་ཙམ་མི་བདེན་སྙམ། ཧོར་ཇི་གྷིར་ལབ་ཡ་དེ་ཡང་དེ་བཞིན་སྐབས་དེར་དམག་དཔུང་སྟོབས་ཆེ་དྲག་ནས་
ཤར་ཕྱོགས་རྒྱལ་ཁབ་ད་ཡིན་ད་ཡིན་ད་ནུབ་ཇལ་མེན་ལ་སོགས་རྒྱལ་ཁབ་མང་པོ་དབང་བསྡུ་ནུས་མཁན་ཞིག་ཡོད་
པ་ལས་རྫུན་མ་ཁོ་ནས་བཀའ་དྲིན་གྱི་ཉལ་སར་ཤི་ཐུབ་པ་ཞིག་རྩ་བ་ནས་མ་རེད་སྙམ།
ཁྲི་རལ་ཤིན་ཏུ་ནས་བདེན། དེང་གི་དུས་སུ་བསླབ་བྱ་ཟེར་ཡག་དེ་རང་གིས་མི་བྱེད་པ་དང་། བྱེད་མི་ཐུབ་པ་ཤ་ཏག་གཞན་ལ་ཤོད་རྒྱུ་དེ་འདྲ་རང་རེད། དྲང་པོ་ནི་(ལབ་སྟོང་ལག་སྟོང་)གཉིས་ལྡན་རེད་འདུག་གོ། ད་ད་དུང་སྤྱོད་ངན་མང་ཙམ་གནང་དང་སྤྱི་ཚོགས་ནང་ངོས་ལེན་ཡག་པོ་ཐོབ་ཀྱིན་ཡོད།
ཨོ་ཙི་འདྲ་ཞིག་བྲིས་འདུག་་་་ཡིན་ཀྱང་འཇིག་རྟེན་གྱི་ཁམས་འདི་ན་་་བཟང་དང་ངན། ཡག་དང་ཉེས། གཙང་དང་བཙོག་་་ཟེར་བ་འདི་དག་ཁྱད་པར་འབྱེད་དཀའ་མོ་རེད། དཔེར་ན་་་སོག་རྒྱལ་ཇར་གེ་རྒྱལ་པོ་ལྟ་བུ་ནི་འཇིག་རྟེན་མི་ཆོས་ཀྱི་ཕྱོགས་ནས་བལྟས་ན་དགྲ་འདུལ་གཉེན་སྐྱོང་ཐུབ་པའི་སྐྱེས་ཕོ་རབ་ཤིག་དང་། སྐྱེས་མཆོག་ཞིག་རེད། ཐེག་ཆེན་ལྷ་ཆོས་ཀྱི་ཕྱོགས་ནས་བལྟས་ན་བདུད་རྒན་མི་ཡུལ་དུ་བསླེབས་པའི་མི་ངན་གླུད་རྫས་འདྲ་བ་ཞིག་རེད། སྐྱེ་བོ་ཉེས་ཅན་པ་ཞིག་རེད།
སྤྱོད་ངན་དང་སྤྱོད་བཟང་ཟེར་བའི་ས་མཚམས་ག་འདྲ་ཞིག་ལ་འཇོག་གྱི་ཡིན་ནམ། ང་ཚོས་བོད་ཀྱི་བླ་དཔོན་ཚོའི་བཤད་བསྡད་པའི་ཡ་རབས་བཟང་སྤྱོད་དེ་དག་དགྲ་འདུལ་གཉེན་སྐྱོང་གི་འཇིག་རྟེན་མི་ཆོས་ཕྱོགས་ནས་བལྟས་ན་སྤྱོད་ངན་གླུད་རྫས་འདྲ་པོ་རེད། བྱང་ཆུབ་སེམས་དཔའི་སྤྱོད་པ་ཡོད་མཁན་གྱི་མི་རྣམས་ནི་ཕྱི་ནང་མེད་པའི་དུད་འགྲོ་འདྲ་པོ་རེད། དགྲ་གཉེན་ངོ་ཤེས་ཀིན་མ་རེད། དགྲ་ལ་སྡང་གྱི་དང་གཉེན་ལ་དགའ་གྱི་མེད་པའི་མྱི་ངན་རེད།་་་ཧཧཧ
ཁྲི་རལ་པས་སྤྱོད་བཟང་དང་ངན་སྤྱོད་ཀྱི་ས་མཚམས་ཤིག་ཞོག་དང་། དེ་ནས་སྤྱོད་ངན་བྱས་ན་རྒྱལ་ཁབ་ཡོད་དང་སྤྱོད་བཟང་བྱས་ན་རྒྱལ་ཁ་ཡོད་ཤེས་འོང་གི་རེད་འདོད།་་་ཧཧ
ང་ནི་སྤྱོད་པ་ངན་པ་བྱས་ཏེ་གསོན་པ་ལས་སྤྱོད་པ་བཟང་པོ་བྱས་ཏེ་ཤི་ན་དགའ་བར་ལྟ་མཁན་ཞིག་ཡིན། ངས་ནི་གསོན་པ་དེ་བདེ་སྐྱིད་དང་འཆི་བ་དེ་སྡུག་བསྔལ་ཁོ་ནར་ཚོར་གྱིན་མེད། ངས་མི་བཟང་པོ་ཟེར་བ་དེ་ནམ་ཡང་ཤི་བ་མེད་ཅིང་མི་ངན་པ་དེ་དག་གསོན་ན་ཡང་དོན་དུ་ཤི་ཟིན་པར་མཐོང་གིན་ཡོད། སོ་ཁིར་ཁྲི་དང་མ་ཧ་ཏི་མ་གན་དྷེ་སོགས་བདེན་པའི་དོན་དུ་ཤི་ན་ཡང་ད་དུང་དྲང་བདེན་ལ་དགའ་བའི་སྐྱེ་བོའི་སྙིང་ཁོངས་སུ་གསོན་པོར་གནས་ཡོད། དེ་ལས་ལྡོག་སྟེ་དེ་དག་གསོད་མཁན་ཚོའི་མིང་ཙམ་ལ་ཡང་བསྡིགས་དམོད་ཅི་ཐུབ་བྱེད་པའི་གནས་སུ་གྱུར་ཡོད།
དེ་འདྲ་ཞིག་གང་ལ་ཡིན། མི་ཆེ་ཆེ་མཐོ་མཐོ་ཚང་མ། སྡེ་ཁག་གཅིག་ལ་ཡག་པོ་དང་ཡ་རབ་ཡོད་པ་རྐྱང་རྐྱང་རེད། སྡེ་ཁག་དེའི་ཆེད་དུ། གསོན་ཐུབ་པ་དང་མཆོང་ཐུབ་པའི་ལམ་བར་ནས། གཞན་ལ་ཕོག་ཐུག་དང་ཕམ་ཁ་བཞག་པ་ནི་འགྲོ་སྟངས་འགྲོ་ལུགས་ཙམ་རེད། ལྷ་རེད་ཟེར་ན་འདྲ། བདུད་རེད་ཟེར་ན་འདྲ། ཁྱད་པར་ཡོད་པ་མ་རེད། ཡིན་ན་ཡང་། བདུད་དུ་མཐོང་མཁན་ཚོས་བདུད་དེ་བཏུལ་ཐུབ་པ་བྱེད་པ་དེ་ཡང་འགྲོ་ལུགས་འགྲོ་སྟངས་ཙམ་རེད།
མི་ཚང་མ་ཡ་རབ་དང་ཡོན་ཏན་ཡོད་པ་ནས་གཞི་འཛུགས་དགོས། གཞི་བཙུགས་པས་མ་ཚད་མཇུག་ཡང་དེ་ལྟར་དུ་སྐྱོང་དགོས་བ་ཡིན། ཡིན་ན་ཡང་། དགྲ་བོའི་སྔུན་སོ་ན། ཡ་རབ་མ་རབ་ཀྱི་སྐད་ཆ་མེད། ཅི་བྱུང་གི་ལས་འབྲས་ནི་འགྲོ་ལུགས་འགྲོ་སྟངས་ཙམ་རེད།
་་་་་་་་་་་་་་་ མི་མང་ཆེ་ཤོས་སངས་རྒྱས་དང་བྱང་ཆུབ་སེམས་དཔར་མ་གྱུར་བར་དུ། གཡོ་སྒྱུ་མགོ་སྐོར་དང་ངོ་ཚ་ཁྲེལ་མེད། དྲག་སྤྱོད་གདུག་རྩུབ་སོགས་ཀྱི་ཁ་གཏད་དུ་འཚེ་བ་མེད་པ་དང་ཞི་བ། བསམ་ཤེས་སོགས་བཟང་སྤྱོད་ཀྱི་རིགས་ནི་གཉོམ་ཆུང་དང་ནུས་མེད་ཀྱི་མཚོན་རྟགས་ཙམ་ལས་གང་ཡང་མ་རེད། ་་་་་་་་་་་་་་
་་་་་་་་་་་་་་་ དེ་འདྲར་བརྟེན། བོད་མི་ཚོའང་འཇིག་རྟེན་འདིར་མུ་མཐུད་འཚོ་ཐུབ་འདོད་པ་དང་། གཞན་ལས་རྒྱལ་འདོད་པ་དང་གཞན་གྱི་གཉའ་གནོན་ཐུབ་ཚོད་འོག་ནས་གྲོལ་འདོད་ན། རྟག་པར་སྤྱོད་བཟང་སྐོར་རྐྱང་རྐྱང་ལབ་བསྡད་པ་ལས། སྤྱོད་པ་ངན་པ་སྣ་ཚོགས་ལ་མང་བསླབ་དགོས་པ་རེད།། ་་་་་་་་་་་་་་་་་་་་ ཟེར།
་་་་་་་་་་་་་་་་ སྤྱོད་ངན་དང་སྤྱོད་བཟང་ཟེར་བའི་ས་མཚམས་ག་འདྲ་ཞིག་ལ་འཇོག་གྱི་ཡིན་ནམ། ང་ཚོས་བོད་ཀྱི་བླ་དཔོན་ཚོའི་བཤད་བསྡད་པའི་ཡ་རབས་བཟང་སྤྱོད་དེ་དག་དགྲ་འདུལ་གཉེན་སྐྱོང་གི་འཇིག་རྟེན་མི་ཆོས་ཕྱོགས་ནས་བལྟས་ན་སྤྱོད་ངན་གླུད་རྫས་འདྲ་པོ་རེད། བྱང་ཆུབ་སེམས་དཔའི་སྤྱོད་པ་ཡོད་མཁན་གྱི་མི་རྣམས་ནི་ཕྱི་ནང་མེད་པའི་དུད་འགྲོ་འདྲ་པོ་རེད། དགྲ་གཉེན་ངོ་ཤེས་ཀིན་མ་རེད། དགྲ་ལ་སྡང་གྱི་དང་གཉེན་ལ་དགའ་གྱི་མེད་པའི་མྱི་ངན་རེད།་་་ཧཧཧ ་་་་་་་་་་་་་་་་་
ང་ནི། སྤོབས་མཐས་རྗེས་སུ་འབྲང་བཞིན་ཡོད་གདའ། ད་རྩོད་ཅིག ད་དུང་ཉན་འདོད་ཆེ།
ཁྲི་རལ་གྱིས་མིའི་བརྒྱ་ཆའི་༩༩ ཆགས་སྡང་གིས་དབང་དུ་སོང་ཡོད་ཅེས་པ་ལྟར། རྩོམ་ཡིག་འདི་དང་དེར་མཆན་འདེབས་པ་བོའི་བསམ་སྤྱོད་ཡི་གེར་བཀོད་པ་དག་ལས། མིའི་བརྒྱ་ཆའི་མང་ཤོས་གཡོ་རྒྱུ་ཅན་དང་སྒེར་སེམས་ཅན། རང་གི་བདེ་ཐབས་ཆེད་གཞན་གྱི་གནས་བབ་ལ་ཅི་མི་སྙམ་པ་ཞེ་གཅིག་ཡིན་པར་ར་སྤྲོད་ཐུབ་མོད། གཡོ་རྒྱུ་དང་སྐྱག་རྫུན། ཕྲག་དོག་དང་འགྲན་སེམས། ང་རྒྱལ་དང་རང་རློམ། གཞན་འདོར་སྒེར་སེམས་སོགས་ཀྱི་བསམ་བློ་ཆེས་ཆེར་ལྡན་པ་འདི་དག་ལ། ནམ་དུ་ཡང་ཅིག་གིས་མ་བྱུང་བ་དང་། ཉིག་གིས་མ་མགུ་བར་ཡོད་པ་ནི། ཁྲི་རལ་གྱིས་བདེ་ཐབས་རྒྱུ་རྐྱེན་དེ་གཡོ་རྒྱུ་དང་འགྲན་སེམས་སྐྱག་རྫུན་སོགས་ཀྱིས་བྱེད་ཅེས་པར་ཐད་ཀར་གནོད་བྱེད་དུ་འགྲོའོ།།
འཇིག་རྟེན་འཁོར་བ་དེ་དུག་སྦྲུལ་གྱི་ཚང་ནང་བཞིན་མཐོང་།འཇིག་རྟེན་ཆོས་བརྒྱད་མཚན་སྙན་གྲགས་དང་བརྙེད་བཀུར་བསྟི།ཐ་ན་སྐད་ཅིག་ཕྲ་མོ་ཙམ་ལའང་རང་བདེ་མི་འདོད་པར།འཇིག་རྟེན་གྱི་བྱ་བ་ཀུན་ཕྲུག་གུའི་རྩེད་མོ་ལྟ་བུར་མཐོང་བསྡད་པ་ཅིག་ཡིན་ན།དེ་ཚོར་གང་ཡང་ལབ་རྒྱུ་མེད།མི་ཞིག་ཡིན་ན་སོ་སོས་མི་ཚེ་གང་འདྲ་ཅིག་བསྐྱལ་མིན་མི་སོ་སོའི་གདམས་ཀ་རེད།
འོན་ཀྱང་།མི་མང་ཤོས་དེ་ལས་ལྡོག་པར་རང་བདེ་དོན་གཉེར་བ་དང་མཚན་སྙན་བརྙེད་བཀུར་དགོས་པ།གཞན་གྱིས་ཚུར་བརྙས་བཅོས་མཐོང་ཆུང་བྱས་ན་དེ་ལ་བཟོད་སྒོམ་མི་ཐུབ་པ།ཁོང་ཁྲོ་ཞེ་སྡང་སོགས་རང་ཆས་སུ་ཡོད་པ་ཞེ་གཅིག་ཡིན་པ་མ་ཟད།ཐ་ན་བོད་པའི་ཆོས་པ་ཚོའང་མང་ཆེ་ཤོས་འདོད་ཆགས་ཆེ་བའི་རྟགས་སུ་རིག་མ་སྣ་ཚོགས་བཞེས་དགོས་པ་དང་།སྒོར་མོ་དང་འཚོ་བ་སྐྱིད་པོར་ཆགས་ཏེ་ནུབ་ཕྱོགས་ཡུལ་ལུང་ཁག་ནང་འཚངས་ཀ་བྱེད་བཞིན་ཡོད།ཞེ་སྡང་ཆེ་བའི་རྟགས་སུ་ཆོས་ལུགས་ཆགས་སྡང་དབང་གིས་བླ་ཆེན་མང་ཆེ་ཤོས་གཅིག་རྒྱལ་གཅིག་ཕམ་གྱི་འཐབ་རྩོད་ནང་ཞུགས་ཏེ་ད་བར་ཡོང་བ་རེད།གཏུ་མུག་ཆེ་རྟགས་སུ་ཆོས་ཉམས་ལེན་བྱས་ཏེ་ཞི་གནས་ཙམ་འཐོབ་མཁན་ཡང་ཉིན་མོའི་སྐར་མ་ཙམ་རེད།
དེ་འདྲ་ཡིན་བཞིན་དུ་མིན་ཞེས་ཚུའ་འཆོས་བྱེད་པ་ལས།འཛམ་གླིང་སྤྱི་འགྲོས་ཀྱི་སྲིད་དོན་པ་ཚོས་སྤྲོད་བཞྀན་པའི་སློབ་གསོ་རང་རྒྱལ་གཞན་ཕམ་ལ་གང་ཐུབ་སྤྲད་དགོས་པ་རེད།དེ་མ་གཏོགས་སྤྱོད་པ་དེ་ཙམ་མེད་པའི་འགོ་ཁྲིད་ཚོས་སྤྱོད་ལམ་རྐྱང་རྐྱང་ལབ་ཏེ་མི་མང་ཚོས་འཐོམས་ཞ་གཡོག།གལ་ལ་ཐུག་དུས་སྨྲེ་སྔགས་འདོན་པ་ཙམ་ལས་བོད་པ་ལ་མགོན་དང་སྐྱབས་མེད་པར།ཚང་མའི་ལག་རྩེད་རྩེད་གཞི་འདྲ་བོ་བྱས་ཏེ་མི་རབས་ནས་མི་རབས་སུ་གཉའ་གནོན་མྱོང་དགོས་ན།ཆོས་ཀྱི་སྟེང་ནས་བཤད་ནའང་དེ་སྡུག་པ་ཆེན་པོ་ཡིན་ས་རེད།
འཛམ་གླིང་མི་མང་གི་རྒྱབ་སྐྱོར་དང་དྲང་བདེན།འཚེ་བ་མེད་པ་སོགས་རྐྱང་བྱས་ཏེ་བསྡད་ན།ཐ་མ་འཛམ་གླིང་ཡོངས་ཀྱིས་ཚུར་ཐུབ་ཚོད་བྱས་ཏེ་བརྙས་བཅོས་ཁུར་དགོས་རེད་ད།
འཛམ་བུའི་གླིང་འདིར་སྟོབས་ཤུགས་ཀྱིས་འཚོ་དགོས་ན་དགྲ་འདུལ་གཉེན་སྐྱོང་གི་ཞི་དྲག་གཉིས་ཀ་མེད་ན་ལྟ་དངོས་གནས་ཁག་པོ་འདྲ་ཞིག་ཡིན་ས་རེད། དབྱིན་ཡུལ་གྱི་ལོ་རྒྱུས་རིག་པ་གྲགས་ཅན་ Niall Ferguson གྱིས་བྲིས་པའི་དཔལ་ཡོན་ Civilization: The West and the Rest. ཞེས་པའི་དཔེ་དེབ་དང་།
Jared Diamond གྱིས་བྲིས་པའི་ Guns, Germs, and Steel: The Fates of Human Societies. ཞེས་པའི་དཔེ་དེབ་དེ་ཚོ་ཀློག་ན་ལྟ་གཞན་ཕན་དང་སྙིང་རྗེའི་བློ་སྦྱོང་ཉམས་ལེན་གཙོ་བོར་བྱེད་མཁན་ཚོ་འཇིག་རྟེན་འདིའི་ཐོག་འབུར་རྒྱུ་མི་ཡོང་བ་དངོས་གནས་འདྲ་པོ་རེད།
འོན་ཀྱང་བྱམས་སྙིང་རྗེ་དང་འཚེ་བ་མེད་པའི་ལམ་སྟོན་པ་ཚོར་ལོ་རྒྱུས་ནང་བསྟོད་བསྔགས་དང་སྙན་གྲགས་ཀྱི་ཆེ་མཐོང་ཐོབ་པ་ཙམ་ནི་ཡོང་སྲིད་པ་རེད།
ཁྱི་རལ་ཅན་གྱི་ཁྱི་སྐད་དེས་ཀུན་ཀྱང་དྲན་བདེན་ལ་ངོ་ལོག་བརྒྱབ་དགོས་པའི་རྣ་བ་བཙེས་རུ་འཇུག་བཞིན་འདུག་མོད། ང་རང་དཀར་གཙང་ཞིག་བྱེད་དཀའ་ཡང་ནག་རྐྱང་ཞིག་ནམ་ཡང་བྱེད་འདོད་མེད། ཁྱེད་ཀྱིས་བསྟན་པའི་ལམ་དེར་བཞུག་ན་སླེབས་ས་བཙོན་རྭ་དང་འཆི་ས་མགོ་བོ་རས་ནག་གིས་བཏུམས་ནས་ཁྲོམ་སྲང་དུ་སྐེ་ཐག་རྒྱབ་རྒྱུ་དེ་ཡིན་ངེས། དེ་ཁྱོད་དང་འདྲ་བའི་ལོག་སྤྱོད་པ་ཚོར་རན་པ་ཞིག་ཡིན་སྲིད་ཀྱང་། ང་འདྲ་བའི་ཚུལ་མཐུན་ལ་མོས་པ་ཅན་ཚོར་ནམ་ཡང་མི་རན་པ་དང་མི་འོས་པ་ཞིག་རེད།
འདས་ཟིན་པའི་མ་ཧ་ཏི་མ་གྷན་དྷི་དང་ནེལ་སོན་མན་ཌ་ལ་སོགས་དང་། བཞུགས་བཞིན་པའི་རྒྱལ་བ་བསྟན་འཛིན་རྒྱ་མཚོ་དང་ཨང་སན་སུ་སྐྱིད་སོགས། འཛམ་བུ་གླིང་གི་མི་ས་ཡ་མང་པོས་དགའ་མོས་དང་རྒྱབ་སྐྱོར་ཞུ་ས་འདི་ཚོ་སྐྱོད་ངན་འཁྲབ་རང་རྒྱལ་གཞན་ཕམ་ཁོ་ན་རྩོད་ནས་འདི་ལྟར་ཆགས་པ་ཨེ་རེད། གཉིས་ནས་སྐྱོད་ངན་མཐར་ཐུག་པ་འཁྲབ་མཁན་རང་རྒྱལ་གཞན་ཕམ་ཁོ་ན་རྩོད་མཁན་མའོ་དང་ཧི་ཊི་ལི་སོགས་འཛམ་གླིང་མི་མང་གིས་གོ་མི་འདོད་པ་དང་ཐུ་ལུད་འཕེན་པའི་ཡུལ་དུ་གྱུར་ཡོད་པ་ཁྱོད་ཚོས་མ་མཐོང་ངམ། ཁྱོད་ཚོས་བསམ་བློ་གཏབ་བདེ་པོ་འདི་ཙམ་ཡང་གཏོང་མི་ཤེས་པར་ད་དུང་འུར་རྒྱག་པ་ནི་བྱབ་ཆུང་གི་བྱ་སྤྱོད་ཅིག་ཅི་ལ་མིན།
མའོ་དང་ཧེ་ཐི་ལ་གཉིས་དེ་འདྲ་སྡུག་སྐྱ་ཡིན་ན་ཁོང་གཉིས་ཀྱི་བུ་ལྟ་བུ་ཡིན་མཁན་ཟེར་ཚོ་ལ་ཡང་ཡག་རྟགས་ཅང་ཡོད་ཀྱི་མ་རེད་བ།་་་་ཧཧཧ ་ཁྲམ་པ་འདི་ཚོ་་་ཁ་བདེ་མདོག་ཡོད།
དུས་རབས་གསར་པའི་ནང་ལ་ནུབ་ཕྱོགས་སུ་མི་གདུག་རྩུབ་ཆེ་ཤོས་དེ། ཧིཊ་ལར་དང་། ཤར་ཕྱོགས་པ་མའོ་ཙེ་ཏུང་ལས། གདུག་རྩུབ་ཆེ་བ་བྱུང་མེད་ཚོད་འདུག
རྒྱ་ཁྱི་ཆུང་ཆུང་དེས་ངུ་ཟུག་རྒྱག་བཞིན་འདུག ཕལ་ཆེར་ནམ་ཟླ་གྲང་མོ་དེར་ཚ་ཆིལ་ཆིལ་གྱི་ཚང་དུ་མ་བཞག་མཁན་གྱི་ཨ་ཞང་དེ་ཡིན་ས་རེད།
རྒྱ་ཕག་དེས་ཙི་ཧྲད་བརྒྱབས་ཀྱི་འདུག ཕལ་ཆེར་ནམ་ཟླ་གྲང་མོ་དེར་ཕག་ཚང་ཚ་ཆིལ་ཆིལ་གྱི་ཚང་དུ་མ་བཞག་མཁན་དེ་ཨ་ཁུ་དེ་ཡིན་ས་རེད།
ཁྲི་རལ་པའིརྩོམ་དེ་བདེན་ཚོད་རེད། དེའི་ནང་དུ་༧གོང་ས་ལྔ་པ་ཆེན་པོ་ཡང་གཅིག་རེད། ་ཁོང་གིས་སོག་དམག་གདན་དྲངས་ནས་ཀམ་ཚང་དང་ཇོ་ནང་གཉིས་གཏོར་གཤིགས་བཏང་ནས། རང་ཉིད་བོད་རྒྱལ་དུ་མངའ་གསོལ།
ཀརྨ་པ་བཅུ་པ་འཇང་ཡུལ་དུ་བྲོས་ནས་འཇང་གི་རྒྱལ་པོས་དམག་རོགས་བསྐུལ་མ་བཏང་ཡང་ཁོང་གིས་མ་གསན་པར་རང་ཉིད་ཕམ་འཁུར་དུ་བཅུག
སྤྱོད་པ་ངན་པར་ང་མི་དགའ། །
སྡིག་གསོག་ལས་ལ་ང་མི་མོས། །
ཧིཊ་ལར་མ་འོར་ང་མི་འདུད། །
གན་དྷི་ཏྰ་ལར་ངས་བཏུད་དོ། །
རྒྱ་ཁྱི་དེ་མའོའི་བུ་དོལ་རྒྱལ་གྱིས་གསོས་ཕྲུག་དེ་རེད་དོ། ཧཧཧ
ཟས་མེད་ལས་མེད་དྲ་འབུ་མང་།
སྤྱི་ཚོགས་བདེ་འཇགས་དཀྲུགས་མཁན་མང་།
རང་དོན་མ་འགྲུབ་ངུ་མཁན་མང་།
རང་བདེན་གཞན་རྫུན་སྨྲ་མཁན་མང་།
རང་ཉིད་ནས་གཞན་ལ་སྟོབས་དང་དཔའ་རྩལ་གང་ཆ་ནས་འགྲན་ཡ་མ་ཡོང་དུས།སྙིང་རྗེ་དང་བཟོད་སྒོམ་ཡོད་མདོག།གཞན་ཕན་ཡིན་པ་དང་གཞན་པ་རོལ་པོར་དེ་མེད་པ་ཇི་ཙམ་བཤད་ཀྱང་ཐབས་ཤེས་གང་ཡང་ཡོད་མ་རེད།
འཚེ་མེད་ཞི་བའི་འཐབ་རྩོད་ཟེར་བ་དེར་ངེས་པར་དུ་གཞན་ཕ་རོལ་པོས་སྙིང་རྗེ་དང་བསམ་ཤེས་དགོས་པ་རེད་མ་གཏོགས་ཁོ་ལ་ནུས་པ་གང་ཡང་མེད་པ་རེད།དེ་ལ་བརྟེན་སངས་རྒྱས་ཀྱི་ཆོས་སུའང་ཞི་རྒྱས་དབང་དྲག་གི་ལས་དང་ཞིང་བཅུ་ཚང་བའི་དགྲ་བོ་བསྒྲལ་དགོས་པ་སོགས་དངོས་སུ་གསུང་འདུག་ག།སངས་རྒྱས་ཀྱི་ཆོས་དེ་འཚེ་བ་མེད་པ་ཁོ་ན་དེ་འདྲ་ཡིན་ས་མ་རེད་ད།
བདག་ཉིད་ཆེན་པོ་གྷནྔྷེ་ལ་གུས་ཞབས་ཚད་མེད་ཡོད།འོན་ཀྱང་།ཁོང་གི་འཚེ་མེད་ཐབས་ལམ་ཁོ་ནས་རྒྱ་གར་རང་བཙན་ཐོབ་བཞག་དེ་འདྲ་གང་ཡང་མ་རེད།
སྤྱིར་རྒྱ་གར་གྱི་མི་ཐེར་འབུམ་བརྒལ་བའི་ནང་ཨྀན་ཇི་ཉུང་ཉུང་ཅིག་ལས་མེད་ལ།དེའི་སྟེང་སོབྷཤེ་ཅནྔྷར་བྷོ་སི་སོགས་ཀྱིས་དྲག་འཐབ་ཤུགས་ཆེར་བྱེད་བཞིན་པ་མ་ཟད།གྷནྔྷེ་གི་ཞི་བའི་ཡར་ལངས་དེ་ཡང་མི་མང་གིས་དྲག་འཐབ་ཀྱི་ངོ་བོར་ཐེངས་མང་ཕྱིན་ཡོད་པ་རེད།ལྷག་པར་ཨིན་ཡུལ་དེ་དམག་ཆེན་གཉིས་པ་སོགས་ཀྱི་ནང་ལྷུང་སྟེ་ས་རྒྱ་ཤྀན་ཏུ་ཆེ་ཞིང་མི་འབོར་མང་བ།ཨིན་ཡུལ་ལས་རྒྱང་ཐག་རིང་བའི་རྒྱ་གར་ལ་དབང་བསྒྱུར་ནུས་པའི་མ་འདང་བར་རང་བཙན་བྱུང་བ་རེད་མ་གཏོགས།ཨིན་ཇིས་བསམ་ཤེས་བྱས་པ་མ་རེད་ལ།འཚེ་བ་མེད་པའི་ནུས་སྟོབས་ཀྱིས་བྱུང་བའང་མ་རེད།
ནེལ་སོན་མནྡྲལ་ནི་མི་རིགས་དཀར་ནག་གི་འཐབ་རྩོད་པ་ཅིག་ནའང་།དེ་ཡང་ལྷོ་ཨ་ཕི་རི་ཀའི་ནང་མི་རིགས་ནག་པོ་མི་དཀར་ལས་ལྡབ་ཧ་ཅང་གིས་མང་པོ་ཡིན་པས།མི་ནག་ཚོར་གླག་མ་ཁེལ་བ་རེད།
ངོ་མ་འཚེ་མེད་ཞི་བའི་འཐབ་རྩོད་ཀྱི་ནུས་པ་ཤེས་མི་འདུག འཚེ་མེད་ཞི་བའི་འཐབ་རྩོད་བྱེད་པ་ལ་ཕ་རོལ་པོས་སྙིང་རྗེ་དང་བསམ་ཤེས་མེད་ན་ནུས་པ་མེད་པར་བཤད་པ་ནི་འཚེ་མེད་ཀྱི་ནུས་པ་མ་ཤེས་པ་རེད། སྤྱིར་མི་སུ་ཡིན་ཡང་འཚེ་བ་མེད་པ་དང་དྲང་བདེན་བཟང་སྤྱོད་ལ་དགའ་བ་དང་། དྲག་སྤྱོད་དང་མགོ་སྐོར་ཐ་ཤལ་ལ་མི་དགའ་བ་ནི་མིའི་རང་བཞིན་རེད། དེས་ན་བསམ་ཤེས་པའི་མི་སུ་ཡིན་ཡང་འཚེ་བ་མེད་པའི་འཐབ་རྩོད་བྱེད་མཁན་ལ་རྒྱབ་སྐྱོར་བྱེད་ཀྱི་རེད་ལ། ཕ་རོལ་པོ་དེ་ཡང་བདུག་རྩུབ་ཅན་ཅི་འདྲ་ཞིག་ཡིན་ཡང་འཚེ་མེད་དང་དྲང་བདེན་གྱི་འཐབ་རྩོད་ལ་བསམ་ཤེས་ཤིག་མ་བྱས་རང་བྱས་ཆགས་ཀྱི་རེད། རྒྱ་གར་ལ་རང་བཙན་ཐོབ་པ་ཡང་འཚེ་བ་མེད་པའི་ནུས་པ་མ་རེད་ཟེར་ས་མི་འགྲོ་སྟེ། གྷན་དྷི་མེད་པའི་སྔོན་ནས་ཀྱང་རྒྱ་གར་གྱིས་རང་བཙན་འཐབ་རྩོད་བྱས་ཡོད་ཀྱང་གྷན་དྷིའི་དུས་སུ་གཞི་ནས་རང་བཙན་ཐོབ་པ་འདི་འཚེ་མེད་འཐབ་རྩོད་ཀྱི་ནུས་པ་ཡིན་པ་གསལ་པོ་ཆགས་པ་རེད། མེན་ཌལ་ལ་ཡང་དེ་བཞིན་རེད། མན་ཌལ་ལ་མ་སྐྱེས་གོང་ལ་མི་རིགས་དཀར་ནག་གི་འཐབ་རྩོད་མེད་པ་ཨེ་རེད་གཏན་ནས་མ་རེད། འོན་མེ་ཌ་ལའི་ཞི་བའི་འཐབ་རྩོད་ཀྱི་ནུས་པས་མི་ནག་ལ་རང་དབང་ཐོབ་པ་མ་ཟད་མན་ཌ་ལ་ཁོ་རང་ཡང་མི་ཀུན་གྱིས་བཀུར་ཡུལ་དུ་གྱུར་པ་རེད།
དོལ་རྒྱལ་ཚོགས་པའི་འཚེ་མེད་ཞི་བདེའི་འཐབ་རྩོད་ལ་ནུས་པ་འདུག་གམ་མི་འདུག ཁྱོད་ཚོས་བསམ་གཞིག་བྱེད་ཡོད་དམ་མེད། དོལ་རྒྱལ་ཚོགས་པས་འཚེ་མེད་ཞི་བའི་འཐབ་རྩོད་ལ་བརྟེན་ནས་ཆོས་དད་རང་དབང་དང་འགྲོ་མིའི་ཐོབ་ཐང་མ་རག་ན་འཚེ་མེད་ཞི་བའི་འཐབ་རྩོད་ཟེར་བ་འདི་ནུས་པ་ཐོན་གྱི་མེད་པའི་ཐབས་ལམ་ཞིག་ཡིན་པར་གསལ་བསྟན་བྱས་པ་རེད།
དོལ་ཚོགས་ཀྱིས་འཐབ་རྩོད་བྱས་སའི་ཁ་གཏོད་པ་ཚོ་ལ་བྱམས་དང་སྙིང་རྗེ་ནི་ཡོད། བྱམས་སྙིང་རྗེ་ཅན་གྱི་ལྷ་རེད་བ། བྱམས་སྙིང་རྗེ་ཅན་ཁྱོད་ཚོ་ལ་འཚེ་མེད་ཞི་བའི་འཐབ་རྩོད་བྱེད་ན་ནུས་པ་མི་ཐོན་ལུགས་ལ་བལྟས་ན་འཚེ་མེད་ཞི་བའི་འཐབ་རྩོད་འདི་ཕན་ཐོགས་རྐྱེན་གྱི་ཐབས་ཇུས་ཤིག་ཅང་ཡིན་ཟོལ་མི་འདུག་ག
དྲི་བ་་་ཁྱོད་ཚོས་དོལ་ཚོགས་ལ་བསམ་གཞིག་མ་བྱེད་རང་བྱེད་ག་དུས་ཆགས་འོང་གི་རེད་དམ། ཧཧཧ ཡིན་ད་་་ལུག་ལགས། ཁ་ཕར་བསྐོར་ནས་བཤད་དུས་ལས་སླ་མོ་རེད་་་ཚུར་བསྐོར་ནས་ལན་རྒྱོབ་ཤོག་ཨ
ད་ལྟ་བར་དུ་དོད་ཚོགས་ལ་བསམ་ཞིག་བྱས་པ་ཁྱོད་ཀྱི་ཤེས་གི་མེད་པ་འདྲ་དགོན་པ་གྲ་ཚང་གི་ཅ་དངོས་རྣམས་སྒོ་ཤ་རྒྱབ་ས་ཆ་སྤྲད་པ་ཁྱོད་ཀྱི་མ་ཤེས་བསམ་ཁྱོད་རང་མོས་ཐོག་དོད་འདྲེ་བརྟེན་རྒྱུའི་ཐོབ་ཐང་ཡང་སྤྲད་ད་དུང་ཐོབ་ཐང་དགོས་ན་རྒྱ་ནག་ལ་སོང་གུང་ཁྲན་གི་རྐུབ་མདོག་དོད་འདྲེ་ཅོ་རི་
ཅོ་རི། དོལ་ཚོགས་ལ་ཐོབ་དགོས་ཤིང་འོས་པའི་གུང་ཐང་ཚང་མ་སྤྲད་ཡོད། ༧ གོང་ས་མཆོག་གིས། ཁོ་ཚོར་ཡང་དག་པའི་ལམ་ཁ་བསྟན་ཏེ་གདམ་ག་བྱིན་ཡོད་པ་ལས་བཙན་དཀའ་བཏང་མེད། ཚོགས་སྡེ་ཁག་ནས་ཁོ་ཚོར་འབྲེལ་བ་བྱེད་མིན་ནི་སྐྱེ་བོ་རང་ག་བའི་ཁེ་དབང་ཞིག་ཡིན་གྱི་བཙན་གནོན་དང་ཉེས་བཅོས་མིན། ཁྱོད་ལྟར་ན། དོལ་ཚོགས་ལ་འགྲོ་མིའི་རང་དབང་དང་ཆོས་དད་རང་དབང་སྤྲོད་ཚེ། ༧ གོང་ས་མཆོག་གཙོ་བའི་བོད་མི་ཡོངས་ཀྱིས་དོལ་རྒྱལ་བསྟེན་དགོས་པ་དེ་ཨེ་རེད། འགྲོ་བའི་མི་ཁྲིམས་དང་ཀུན་སྤྱོད་གང་ལའང་མི་མཐུན་པའི་ཐོབ་ཐང་དེ་ཁྱེད་རང་སྒེར་གྱིས་སྤྲད་ན་ཡག་ས་རེད་དཱ།
་་་་་་་་་་་་་་་་་་ད་དུང་ཐོབ་ཐང་དགོས་ན་རྒྱ་ནག་ལ་སོང་གུང་ཁྲན་གི་རྐུབ་མདོག་དོད་འདྲེ་ཅོ་རི་་་་་་་་་་་་་་་་་་་་་
དོལ་རྒྱལ་བ་ཚོ་དགོན་པའི་ནང་དུ་བསྡད་མ་བཅུག་ནས་ཁ་ཁར་བཟོས། ཚོང་ཁང་ནང་དུ་མ་ཡོང་ཟེར་ཡི་གེ་སྦྱར། སྨན་ཁང་ནང་དུ་མ་ཡོང་ཟེར་ནས་བཀའ་ཡིག་བསྒྲགས། ཁོ་ཚོས་དད་པ་བྱས་སའི་ཤུགས་ལྡན་ལ་འདྲེ་རེད་ལབ། ཁྲོམ་གཞུང་དུ་འདྲེ་འབོད་འཐེན། ཁང་པ་རྡོ་རྡུང་བྱས། དོལ་རྒྱལ་བ་སྐྱེས་པ་ཕོ་ཡི་ནང་དུ་མིག་ནས་མཆི་མ་ཤོར་མཁན་འདུག་ད
ཁ་དང་ཁ་སྤུ་དབྱེ་འབྱེད་དང་། ཆོས་དང་ཟང་ཟིང་གི་འབྲེལ་བ་བཅད་པ་འདི་དག་རྒྱལ་སྤྱིའི་ཁྲིམས་ལུགས་དང་མི་མཐུན་ལ་འགྲོ་བ་མིའི་ཡ་རབས་བཟང་སྤྱོད་དང་ཡང་མི་མཐུན། ཆོས་ལུགས་དབྱེ་འབྱེད་བྱས་པ་འདི་ཁྲིམས་འགལ་རེད་དོ།
རྒྱལ་གཅེས་པ་དགེ་བའི་བཤིས་གཉེན་ཡོངས་འཛིན་ཁྲི་བྱང་རིན་པོ་ཆེན་ལ་་་ཁྱི་བྱང་ཟེར་ནས་ཁྱི་འབོད་འཐེན། འདི་དག་འགྲོ་བ་མིའི་ཀུན་སྤྱོད་དང་མཐུན་པ་ཨེ་རེད། ཡ་རབས་བཟང་སྤྱོད་དང་མཐུན་པ་ཨེ་རེད། སྙིང་རྗེ་་་་དམ་ཉམས་ཚོ།
དཔང་རྟགས་འདི་ན་གསལ་པོ་འདུག
https://www.youtube.com/watch?v=DdvEuwr2AHg
འདྲེ་དང་ལྷ་མཐུན་ཐབས་མེད་བདུད་དང་སངས་རྒྱས་མཐུན་ཐབས་མེད་དོད་འདྲེ་ཚོགས་པ་དང་བོད་མི་མང་མཐུན་ཐབས་མེད་རང་མི་རིགས་གི་ལ་རྒྱ་བཟུང་མཁན་དང་རྒྱ་ནག་གུང་ཁྲན་གྱི་དངུལ་ལ་དགའ་བའི་དོད་འདྲེ་མཐུན་ཐབས་མེད་དེ་ལ་རྟེན་ནས་ཁ་དང་ཁ་སྤུ་ཁག་ཁག་དང་ཟང་ཟིང་གི་འབྲེལ་བ་མེན་དགའ་
ལྷ་མེད་སྨྲ་བའི་སྲིད་གཞུང་དང་ལྷན་དུ་ལྷ་ཡོད་ལུགས་འཛིན་པས་ཞི་མཐུན་དང་མཉམ་གནས་ཡོང་རྒྱུའི་སྐོར་གནམ་སར་སྒྲོགས་བཞིན། བོད་ཀྱི་བླ་དཔོན་ཚོས་སྲིད་དབང་སྒེར་སྤྱོད་ཀྱི་ལག་ཆའི་འོག་ནས་རྟོག་བཏགས་ཀྱིས་ལྷ་འདྲེའི་རྩོད་པར་མཐུན་ཐབ་མེད་ཚུལ་བཤད་པ་ནི་གཡག་ལ་ལྟོས་པ་མ་རེད། ཁྲག་ལ་ལྟོས་པ་རེད། ཞེས་པ་དང་མཚུངས་པ་རེད། དོལ་རྒོལ་བ་ཚོས་ཚོད་མེད་པས་དོལ་ཚོགས་ལ་ཐུབ་ཚོད་བཏང་སོང་བས་ཁོ་ཚོར་ཁག་མེད། ད་ནི་ཁོ་ཚོའི་རང་འདོད་ལྟར་བྱེད་རྒྱུ་ལས་དོལ་རྒོལ་བ་ལ་ཐབ་ཤེས་ཡོད་ནི་མ་རེད། ནམ་ཞིག་རྒྱའི་པཎ་ཆེན་དང་དོལ་ཚོགས་ལ་གུས་བརྩིས་བྱེད་ན་མ་གཏོག་རྒྱ་གཞུང་ལ་ཞི་མཐུན་དང་བོད་ལ་འགྲོ་ས་ཡོད་ནི་མ་རེད།
དོལ་ཚོགས་ཞི་བའི་འཐབ་རྩོད་པ་ཨེ། མཚན་ཉིད་དགེ་བཤེས་དམར་གསོད་བཏང་བ་དེ་ཞི་བའི་འཐབ་རྩོད་ཨེ་རེད། ལྷོ་ཕྱོགས་གཞིས་མགོ་མ་ཤི་ཙམ་བཟོས་པ་དེ་ཞི་བའི་འཐབ་རྩོད་ཨེ་རེད། ད་དུང་གདན་སའི་གྲྭ་པ་མང་པོ་ལ་ཉེས་རྡུང་བཏང་བ་དེ་ཞི་བའི་འཐབ་རྩོད་ཨེ་རེད། འཇིགས་སྐུལ་གྱི་ཡི་གེ་སྣ་ཚོགས་བཀྲམ་པ་དེ་ཞི་བའི་འཐབ་རྩོད་ཨེ་རེད། དོལ་ཕྲུག་ཅོ་རི།
ཧཧ་དེ་ཙམ་དེཙམ་རེད