ཡི་གེར་བཀོད་པ་པོ། མགལ་དུམ།
(ཀླུ་ཆུ་མི་མང་གིས་ཀླུ་ཆུ་མི་དམངས་སྲིད་གཞུང་ལ་དཀའ་ངལ་སྙན་ཞུ་བྱེད་བཞིན་པའི་བརྙན་རིས་སྐར་མ་གཉིས་དང་སྐར་ཆ་ང་དགུ་ཅན་ཞིག་ཡི་གེར་བཀོད་པ)
སྐད་ཆ་བཤད་མཁན་གཉིས་སུ་ཡིན་མི་ཤེས་པས་ཀ་བ་དང་ཁ་བ་ཞེས་འབོད་ཆོག་པར་ཞུ།
ཀ་བ། ༽ཨ་རོ། འདི་རུ་(མི་དམངས་སྲིད་གཞུང་ཁང་)འདི་འདྲའི་མི་མང་པོ་ཞིག་བསྡད་འདུག་པ་དེ་ཅི་ཞིག་མ་འགྲིག་པ་རེད་ཅེས་ཐེངས་གཉིས་ལ་ཁ་བ་ལ་དྲིས་མཐར།
ཁ་བ།༽ ས་འདི་མི་མང་སྲིད་གཞུང་ཁང་རེད། དེ་ཚོ་སློབ་མ་དང་སློབ་མའི་ཁྱིམ་བདག་རེད། ཁ་སང་སློབ་མ་ཚོས་རྒྱུགས་(ཡིག་ཚད)སྤྲད་དུས་རྒྱུགས་ཤོག་རྫུན་མ་བཙོངས་པ་སོགས་གནས་ཚུལ་བྱུང་འདུག་ལ། མ་ཟད་རྒྱུགས་སྤྲད་མཁན་གྱི་ནང་དུ་ཀླུ་ཆུ་རྫོང་གི་ས་གནས་མ་ཡིན་པའི་ཕྱི་ཕྱོགས་ཀྱི་མི་མང་པོ་ཞུགས་པས། ས་གནས་འདིའི་སློབ་མ་ཚོར་རྒྱུགས་སྤྲོད་པའི་གོ་སྐབས་འཕྲོག་འདུག་པ་བཅས་ཀྱི་དཀའ་ངལ་རབ་དང་རིམ་པ་ཞིག་གི་རྐྱེན་པས། ད་ནངས་ཆུ་ཚོད་བརྒྱད་པ་ནས་བཟུང་མི་མང་གིས་སྲིད་གཞུང་ལ་དཀའ་ངལ་སྙན་གསེང་ཞུ་རུ་ཡོང་བ་རེད་མོད། རྫོང་དཔོན་སོགས་གཅིག་ཀྱང་མི་འདུག ཉིན་གུང་རྒྱབ་ཀྱི་ཆུ་ཚོད་གསུམ་པ་རུ། རྫོང་དཔོན་གྱི་གཞུང་ལས་ཁང་སོགས་སུ་བལྟ་རུ་ཆས་དུས་གཞུང་ལས་ཁང་གི་སྒོ་བརྒྱབ་འདུག རྫོང་དཔོན་མི་འདུག་ལབ་ཀྱིན་འདུག གང་དུ་སོང་མིན་ཧ་གོ་གི་མི་འདུག སྙན་གསེང་ཞུ་ས་གཞན་རེ་ཡོད་པ་དང་དེ་ཚོ་ཐོན་གྲབས་ཐོན་གྲབས་ཡོད་རེད་ལབ་མོད། ད་ལྟ་མཚན་མོའི་ཆུ་ཚོད་བཅུ་གཉིས་བར་དུ་སྒུག་པ་ཡིན་ལ། ད་དུང་སླེབས་རྒྱུ་མི་འདུག དངོས་གནས་དཀའ་ལས་འདུག ཀླུ་ཆུ་རྫོང་མི་དམངས་སྲིད་གཞུང་གི་འགོ་ཁྲིད་དག་གིས་ཀླུ་ཆུ་མི་མང་གི་དཀའ་ངལ་ལྟ་རྟོགས་བྱེད་ཀྱིན་མི་འདུག ཀླུ་ཆུ་མི་མང་གི་དཀའ་ངལ་ཞིག་སྲིད་གཞུང་ལ་སྙན་གསེང་ཞུ་རུ་སོང་ཡང་མི་མང་ལ་བདག་པོ་བྱེད་ཀྱིན་མི་འདུག ཧ་ཅང་ཐབས་སྐྱོ་བོ་རེད་འདུག དངོས་གནས་དཀའ་ལས་འདུག ཀྲུང་ཧྭ་མི་མང་སྤྱི་མཐུན་རྒྱབ་ཁབ་ཀྱི་ཁྲིམས་འདི་འདྲ་ཞིག་མ་རེད་མོད། ས་གནས་ཁག་གི་འགོ་ཁྲིད་དག་གིས་རང་གིས་སྒེར་གཅོད་བྱས་པའི་ཁྲིམས་འདིས་མི་མང་ལ་ཧ་ཅང་དཀའ་ལས་སྤྲད་བཞིན་འདུག དཀའ་ངལ་འདི་ནི་ད་ལོ་ཙམ་མ་ཡིན་པར། ན་ནིང་དང་གཞེ་ནིང་ལོ་སོགས་སུ་ཡང་ཧ་ཅང་དཀའ་ངལ་འདུག སློབ་མ་ཚོས་སྒང་ལ་ཞུ་གཏུགས་བྱ་དགོས་ན་རང་གི་བྱ་བ་ལ་དཀའ་ངལ་ཡོད་པས། ཞུ་གཏུགས་བྱེད་མ་ཐུབ་པར་ལུས་པ་དང་། ན་ནིང་གཞེ་ནིང་ལོ་ནས་སློབ་ཕྲུག་དག་ལ་བྱ་བ་མ་སྤྲད་པར་བྱ་བ་ལ་རེ་སྒུག་བྱེད་བཞིན་བསྡད་འདུག་པའི་སློབ་མ་ཧ་ཅང་མང་པོ་ཡོད་རེད། དངོས་གནས་དཀའ་ཁག་ཧ་ཅང་གི་ཆེན་པོ་འདུག མི་མང་གིས་དོ་དགོང་འདི་ལྟར་མཚན་གང་བོར་རྫོང་དཔོན་ལ་ཨེ་ཐུག་བལྟ་ཞེས་ཚང་མས་རྫོན་དཔོན་ལ་སྒུག་རྩིས་རེད་འདུག མི་མང་གི་ཁྲོད་ཁྱིམ་བདག་རྒས་འཁོགས་དང་རྐང་ལག་ནད་པ་ཅན། ལུས་པོ་བདེ་ཐང་མིན་པར་ན་ཚ་ཡོད་མཁན་སོགས་ཧ་ཅང་མང་པོ་འདུག ཁོ་ཚོས་ལུས་པོ་ལ་དཀའ་ངལ་ཇི་ཙམ་ཡོད་ཀྱང་བུ་ཕྲུག་ཚོར་མདུན་ལམ་ཞིག་ཡོད་སོང་ཚེ་ཁོ་ཚོའི་སྲོག་ཤོར་ཡང་མི་སྐྱོན་ཞེས་རྡོ་འཁྱག་ཏུ་བཞུགས་ཏེ་འགོ་ཁྲིད་ཚོར་སྒུག་བསྡད་ཡོད་པ་རེད།
ཀ་བ།༽ ཁྱོད་ཚོས་ཕྱིར་ཡུལ་ཏུ་ལོག་ཏེ་ཇ་དང་ཟ་མ་(ཁ་ལག) སོགས་ཨེ་ཟོས།
ཁ་བ།༽ ག་རེ་ལབ་བཞིན་ཡོད། དེ་རིང་ཉིན་གང་ལ་ཁ་ནང་དུ་ཆུ་ཐིགས་ཤིག་ཡོད་པ་མ་རེད། རྫོང་དཔོན་སོགས་ལ་ཨེ་ཐུག་སྙམ་པའི་རེ་བ་དང་བཅས་སྒུག་ནས་བསྡད་ཡོད་པ་རེད། མི་ཐུག་གི མཐོང་ས་རུ་མི་འདུག གང་དུ་སོང་མིན་ཡང་ཤེས་ཀྱིན་མི་འདུག གཞུང་ལས་ཁང་དུ་སོང་ཚེ་སྒོ་ཟྭ་བརྒྱབ་འདུག དེ་འདྲ་ཞིག་རེད་འདུག
ཀ་བ།༽ ཁོ་ཚོས་ཅི་ལབ་ཀྱིན་འདུག ཡོང་གི་རེད་ཟེར་རམ་ཡོང་གི་མ་རེད་ལབ་སོང་། ཡོང་མིན་ལ་ཁག་ཐག་འདྲ་ཡོད་དམ། ཅི་ཟེར་གི
ཁ་བ།༽ འོ་རེད། ནང་སྲུང་འདྲ་བོ་ཅི་ཡིན་མི་ཤེས་ཀི སྒོ་སྲུང་རེ་འདུག་ལ། ཁོ་ཚོས་ཐོན་གྲབས་ཡོད་རེད། ཐོན་གྲབས་ཡོད་རེད་ལབ་སོང་མོད། ཐོན་རྒྱུ་ཅི་ཡང་མི་འདུག ད་ནངས་ནས་ད་ལྟ་བར་དུ་སྒུག་པ་ཡིན་ལ། སུ་ཡང་ཐོན་མ་སོང་།
ཀ་བ། ༽ རེད་རེད།
སུ་ཞིག་གིས་དབྱིན་ཡིག་སོགས་སུ་བསྒྱུར་ཐུབ་ཚེ་ཀླུ་ཆུ་མི་མང་གི་ཚབ་བྱས་ཏེ་བཀའ་དྲིན་ཆེ་ཞུ་ངེས་ཡིན།
མགོ་བ་དཔོན་པོ། ཁྲམ་པ་ཧམ་པ་ཅན་དེ་ཚོ་བོད་རིགས་ཡིན་འགྲོ་བསམ་བསམ་ཞིག་ཤར་གི། བོད་པའི་ཁྱི་སེང་ཁ་ཤས་ལ་མི་མང་གི་ཁ་རྒྱབ་འཕྲོག་པ་ལས། མི་མང་གི་ཁ་རྒྱབ་མདུན་ལམ་ལ་ཁ་ཡ་མི་བྱེད། སློབ་གསོ་ཡིས་མ་འདང་བ་ཡིན་ནམ། རིགས་ཞེན་གྱིས་མ་འདང་བ་ཡིན་ནམ་གང་ཤེས། ཕར་ལ་རེ་བ་ཞུས་ན། ཚུར་ལ་བཀའ་བཀྱོན་འདྲ་བཏང་ནས་འདུག། བོད་པ་ཁ་ཤས་ནི་བཟའ་ངོ་མི་ཤེས་ནིའི་ཁྱི་ཁྱི་ནག་ཡིན། གོང་གི་ཁ་ངོ་འཚོ་ཐབས་ལས་དམངས་ཀྱི་བདེ་སྡུག་བསམ་ནི་ཉུང་ཉུང་ལས་མེད། དེ་ནི་ས་ཕྱོགས་ཀླུ་ཆུ་ཟེར་བ་གཅིག་པོ་མ་རེད། བོད་གྲོང་ཚང་མ་ན་ཡོད་པ་རེད།
སྙིང་རྗེ། བོད་མི་བདག་མེད་ཚོ། ད་ནས་ཕན། བོད་རིགས་བོད་ཕྲུག་ཚང་མ་ཁྲིམས་ཡིག་སློབ་གྲྭ་ཆེན་མོ་ནས་མཐར་ཕྱིན་པ་བྱོས། དགེ་འོས་དང་སྨན་ཞབས་པ་མང་སོང་བ་རེད།
ཁྲིམས་མ་ཤེས་ན་ལུགས་ཡིན། ཆོས་མ་ཤེས་ན་ཟོག་ཡིན། ཚོང་མ་ཤེས་ན་བྲན་ཡིན།
སྙན་ངག་མ་འབྲི། སྙིང་ནད་ཕྲིས། གནས་སྐབས་མ་རྩོད། ཕུགས་མདུན་སྙེགས། བོད་རིག་པ་ཅན། རྐང་སྲ་མོ་ཅན། ཁྲིམས་ཁ་ནས་མགོ་སྒུར། ཕམ་ཁ་ནས་ཀི་ཐོབ།
མཇུག་འབྲས་ཡག་པོ་ཡིད་ཚིམས་ཞིག་ཡོང་པའི་སྨོན་ལམ་ཡོད།