ད་སྔ་འགྲེམ་སྤེལ་ཟིན་པ་དང་གསར་དུ་དགྲམ་འགྱུར་གྱི་དེབ་དག
ན་གཞོན་རྩོམ་པ་པོ་དང་སྙན་ངག་པ། ཤིས་ཚང་ལྗང་མྱུག་ལགས་ནི་བོད་མི་རིགས་དང་བོད་ཀྱི་རིག་གཞུང་གི་ཆེད་དུ་བརྩམས་ ཆོས་གང་མང་སྤེལ་མཁན་ཞིག་དང་། སྤྱི་ཚོགས་ཞབས་ཞུའི་ལས་རིགས་འདྲ་མིན་བརྒྱུད་པའི་གྲྭ་རྐྱང་དཀྱུས་མ་ཞིག་སྟེ། ཁོས་བསམ་བློའི་ངར་ཤུགས་ལྡན་ཞིང་ན་ཟུག་དང་འགན་འཁྲི་མཆིས་པའི་རྩོམ་ཡིག་མང་བོ་ ཞིག་དེབ་ཚགས་དང་དྲ་བ་སོགས་སུ་སྔ་གཞུག་ཏུ་སྤེལ་བར་མ་ཟད། ཐེངས་འདིར་ཡང་ཁོས་དུས་ཡུནརིང་བོ་ཞིག་ལ་འབད་བརྩོན་གྱིས་བརྡ་དག་ཕྱེ་མ་ལེབ་དང་ ལེགས་ བཤད་ལྗོན་དབང་གཉིས་ཀྱི་ཚིག་དོན་གྱི་འགྲེལ་བའི་པོད་རེ་ལེགས་འགྲུབ་བྱུང་འདུག་ པས་འདི་ནི་བོད་མི་ཤེས་ཡོན་པ་ཞིག་གི་འགན་འཁྲི་དང་དུ་བླངས་པ་ཞིག་དང་བོད་ཡིག་ གི་མདུན་ལམ་ལ་འོད་སྣང་མི་ཆུང་བ་ཞིག་བསྩལ་སོང་བ་འང་སྨྲས་མེད་ཡིན་པར་སེམས་སོ། སྒེར་དོན་རྐྱང་བ་སྒྲུབ་པར་ཤིན་ཏུ་མཁས་པའི་ང་ཚོའི་སྤྱི་ཚོགས་ཁྲོད་དུ་མི་མང་ བོ་ཞིག་ནི་བོད་ཡིག་དང་བོད་སྐད་ལ་སུན་སྣང་སྐྱེས་ཏེ་གཞན་ཞིག་ཏུ་འཐིམ་པར་སྤྲོ་བཞིན་ཡོད་མོད། བོད་ཡིག་དང་བོད་ཀྱི་རིག་གཞུང་། བོད་མི་རིགས་སོགས་ལ་སེམས་ཁྲལ་ཤིན་ཏུ་ཆེ་བའི་རྩོམ་པ་པོ་ཁོང་གིས་སྔ་གཞུག་ཏུ་ དཔེ་དེབ<<སྤྲང་བོའི་ངུ་རྒྱངས>>དང་། <<ཀ་ཁའི་ང་རོ>> ད་དུང་འགྲེམ་སྤེལ་བྱས་མ་ཐག་པའི་བརྡ་དག་སྐོར་གྱི་འགྲེལ་བ་འདི་དག་དང་དེབ་དུ་མ་འཁོད་པའི་འབོལ་རྩོམ་དང་དཔྱད་བརྗོད་ཀྱང་མང་དུ་བརྩམས་འདུག་པས། མི་ཚེ་ཐལ་སྐད་ཁོ་ནས་རྫོགས་དགོས་པར་དགོངས་མཁན་ཞིག་གིས་གཟིགས་ཚེ་གང་དུ་འཇོག་ མིན་བཤད་དཀའ་མོད། མི་རིགས་ཤིག་གི་ངོས་ནས་སམ། རིག་གཞུང་ཞིག་གི་ངོས་ནས་སམ། བོད་མི་ཞིག་གི་ངོས་ནས་བསམ་ཚེ་བསྔགས་འོས་པའི་ཡུལ་དུ་ནི་ཅིས་ཀྱང་ཡིན་པར་འདུག་གོ སྒོས་སུ་བརྡ་དག་དང་སུམ་ཅུ་བའི་འགྲེལ་བ་འདི་གཉིས་ནི་ཉེ་སྔོན་འགྲེམ་སྤེལ་བྱས་མ་ཐག་ཡིན་པས་དགོས་མཁོ་ཡོད་རིགས་ཀྱི་ཀློག་པ་པོ་དག་གིས་རྩོམ་པ་པོ་ལ་འབྲེལ་བ་གནང་ཚེ་རེ་བ་བསྐང་ངེས་ཡིན།
《གངས་ལྗོངས་ཕོ་ཉའི་དྲ་ཚིགས་》ལས་འདྲེན་བཀོད་བྱས་པ་ཡིན། གསར་དུ་དགྲམ་འགྱུར་གྱི་གོང་འཁོད་བརྡ་དག་སྐོར་གྱི་དེབ་འདི་ཐུགས་མཁོ་མཆིས་རིགས་ཀྱི་དྲ་གྲོགས་ཚོས་ཁོ་བོར་འབྲེལ་བ་གནང་རོགས། ངའི་གློག་འཕྲིན་ཁ་བྱང་། shitsangwa@yahoo.com