ཨ་འདུས་མིག་ཆུ།
བརྩེ་དུང་གི་ཐག་སྣེ་དང་། འདོད་ཆགས་ཀྱི་རླབས་རྩེ་ན་བུད་མེད་ལས་ལྷག་ཅིག་མེད་དེ། སྤྱིར་འགྲོ་པ་སྤྱི་དང་ཡང་སྒོས་མྱིའི་རིགས་ཁ་ནང་དུ་ཕྱོགས་ཏེ་བསམས་ན། རང་ཉིད་ལ་བྱམས་ཤིང་དྲིན་གྱིས་སྐྱོང་བ་ལ་ནི་ཨ་མ་ལས་ལྷག་ཅིག་མི་འདུག་ལ། ཁ་ཕྱིར་ཕྱོགས་ཏེ་འདང་ཞིག་བརྒྱབས་ཀྱང་ཨ་མ་ལས་དགའ་ཞིག་དང་ཨ་མ་ལས་ལྷག་ཅིག་མེད་པ་ཚང་མས་ཤེས་གསལ་རེད་འདོད།
དེ་བཞིན་སྤྱིར་བཏང་གི་བུད་མེད་ཅིག་ཡིན་ཡང་སྐྱེས་པ་ལ་མཚོན་ན། ཕྱི་རོལ་རྫུ་ལ་བརྟེན་མ་བརྟེན་གྱི་ཁྱད་པར་ཙམ་ལས་ནང་སེམས་རྒྱུད་ན་ཁ་ཕྱི་ནང་གང་ལ་ཕྱོགས་ཀྱང་“སེམས་པ་འདི་ལ་འགྲོ་འགྲོ། དམ་པའི་ཆོས་ལ་ཕྱིན་ན།། ཚེ་གཅིག་ལུས་གཅིག་ཉིད་ལ།། སངས་རྒྱས་ཐོབ་པ་འདུག་གོ།” ཞེས་པ་ལྟར་ཉལ་ན་རྨི་ལམ་ཚུད་ཆད་དང་། ཕྱིན་ན་མིག་ཟུང་རིག་རིག་གིས་མ་མཐོང་བ་ཡང་བུད་མེད་ཡིན་པ་ལོས་ཤེས་སྙམ།
དེ་ལྟར་ན། རང་ཉིད་ལ་སྙིང་ཉེ་ཞིང་རང་ཉིད་ཀྱིས་ཤིན་ཏུ་གཅེས་པའི་བུད་མེད་དག་ལ་སྐྱེས་དམན་ཞེས་ཚིག་གི་མཚོན་གྱིས་གཏེས་ཏེ། རང་ཉིད་ལས་དམན་པ་དང་རང་ཉིད་ལས་སྐྱོ་བར་སྒྲུབ་གང་ཐུབ་བྱས་ན། ང་ལ་མཚོན་ན་ནི། སེམས་ཀྱིས་མི་བཟོད་པ་ཞིག་རེད་ལ། སྙིང་ལ་མ་བདེ་ཞིག་ཀྱང་དངོས་གནས་རེད། དོན་དངོས་སྐྱེས་དམན་ཞེས་པའི་ཐ་སྙད་དང་ཐོག་བཀོལ་སྤྱོད་བྱེད་མཁན་དེ་སུ་ཡིན་ནའང་འགྲོ་བ་གྲངས་མེད་ཀྱི་ཚེ་སྲོག་འཕྲོག་པའི་འབར་རྫས་དང་པོ་གསར་བཏོད་བྱེད་མཁན་ལྟར་ཉེས་པ་ཆེ་བ་བཤད་ཅི་དགོས།
རྒྱུ་མཚན་ནི། བྱམས་པ་དང་སྙིང་རྗེ་གཉིས་ཀྱི་མཚོན་བྱེད་དུ་གྱུར་པའི་ཨ་མ་ལ་དམན་པའོ་ཞེས་སྨོད་པར་མ་ཟད། སྒྲིབ་གཉིས་དྲ་བ་མ་ལུས་གཅོད་པའི་སྒོ་གཅིག་ཤེས་རབ་གྱི་རལ་གྲིའི་མཚོན་བྱེད་མོ་ལ་ཡང་དམན་ཞེས་དམའ་ཕབ་པར་བྱེད་པའོ། མདོར་ན་འདོད་ཆགས་ཀྱི་དམིགས་རྟེན་དང་བྱམས་བརྩེ་ཡི་བདག་ཉིད་ལ་རིན་ཐང་དང་གོང་བཀུར་གྱི་འདུ་ཤེས་ཡག་པོ་ཞིག་ཡོད་ན། དེའི་སྤྱི་ཚོགས་ལ་འདྲ་མཉམ་དང་འཆམ་མཐུན་གྱི་དཔལ་ཡོན་ཚད་ལྡན་ཞིག་ཡོང་ངེས།
དེང་སང་སྐྱེས་སྨན་ཞེས་འབྲི་མཁན་འདུག་ལ། དེ་ནི་དོན་དངོས་ཀྱང་འབྲི་ཚུལ་སྙིང་རྗེ་མོ་ཞིག་རེད་འདོད། སྐྱེས་སྨན་ཞེས་པའི་དག་སྡེབ་འདི་ནི། འདོད་རྒྱལ་དང་རྗེས་གྲུབ་གཉིས་ལས་ཕྱི་མ་ཡིན་པར་ཐེ་ཚོམ་གང་ཡང་མི་དགོས་འདོད། སྤྱིར་དེང་སང་རྗེས་གྲུབ་ཅེས་པར་ངེས་པར་ཐ་སྙད་དེ་མཐུན་གྱི་ངེས་ཚིག་ཅིག་བསྙད་དུ་ཡོད་དགོས་པར་འདོད་བཞིན་ཡོད་མོད། བརྡ་གཞུང་ལ་སློབ་སྦྱོང་ཡང་དག་ཅིག་བྱས་ཡོད་ཚེ། རྗེས་གྲུབ་ཅེས་པ་དེ་ཙམ་ལ་གོ་ན་ཁྱབ་ཆུང་སྐྱོན་ཡོད་པར་ངེས་ཤེས་འདྲོངས་ངེས།
རྗེས་གྲུབ་ཅེས་པའི་མིང་ཚིག་འདི་ནི་ཐོག་མའི་མིང་གི་བསྐྱེད་འབྲས་ཡིན་པ་རེད་ལ། ཡང་ན་རྗེས་གྲུབ་ཅེས་པ་ནི་ཐོག་མའི་མིང་གི་རྗེས་སུ་གྲུབ་པའི་རྒྱུ་མཚན་གྱིས་རྗེས་གྲུབ་ཅེས་བསྙད་པའོ། དེའི་ཕྱིར་ན། རྗེས་གྲུབ་ཅེས་པའི་བརྡ་ཆད་འདིའི་འཇུག་གཞིར་གྱུར་པའི་མིང་ཚིག་ཀུན་ལ་ཐ་སྙད་དེ་མཐུན་གྱི་འགྲེལ་བཤད་ཅིག་མི་དགོས་པ་ངེས་པར་ཤེས་དགོས།
འོན་ཀྱང་བུད་མེད་ལ་སྐྱེས་སྨན་ཞེས་འབྲི་ཚུལ་འདི་ནི། རྗེས་གྲུབ་ཡིན་པར་མ་ཟད། རྗེས་གྲུབ་ལ་ཡང་ཡང་ལོག་གི་རྗེས་གྲུབ་གཉིས་ཡོད་པ་ལས། སྔ་མ་དེ་ངེས་པའི་ཚིག་གིས་ཡང་དག་པའམ་དོན་དང་ལྡན་པར་བསྙད་དུ་ཡོད་པའི་རྗེས་གྲུབ་ཡིན་པ་དོན་གྱིས་གྲུབ། སྤྱིར་སྐྱེས་ཞེས་པ་ནི་འཕེལ་བའམ་བསྐྱེད་པ་ལ་གོ་ཞིང་། སྨན་ཞེས་པ་ནི། ཕན་པ་དང་ཡང་ན་འབྲས་བུ་ཡག་པོ་འབྱུང་བའི་མིང་ལ་གོ་བ་ནི་ཚིག་མཛོད་སོགས་ལ་ཧ་ཅང་གསལ།
འོ་ན། སྐྱེས་སྨན་གྱི་ཚིག་གི་ཟུར་གྱི་སྨན་ཞེས་པ་དེ་ཉིད་སྒྲ་ཡངས་དོག་གི་འཇུག་པ་གཉིས་ལས་ཡངས་པའི་དབང་དུ་བྱས་ན། བུད་མེད་དུ་འབོད་པ་ཐམས་ཅད་ལ་གོ་བ་དང་། དོག་པའི་དབང་དུ་བྱས་ན། དར་བབས་ལང་ཚོ་ལྡན་པའི་བུད་མེད་ལ་མ་གཏོགས་མི་གོ་བར་འདོད། རྒྱུ་མཚན་ནི། དབྱངས་ཅན་དགའ་བློས་“སྨན་ཞེས་པ་མོའི་མིང་ལ་འཇུག་གོ”ཞེས་གསུངས་པ་དང་། དེ་བཞིན་དཔའ་རིས་སངས་རྒྱས་ཀྱིས“ལང་ཚོའི་དཔལ་ཤར་བའི་དུས་ཡིན་པས་སྨན་ཤར”ཞེས་གསུངས་པའི་ལུང་སྔ་ཕྱི་གཉིས་ལས། སྔ་མས་སྨན་ཞེས་པ་བུད་མེད་སྤྱི་ལ་འཇུག་པ་དང་། ཕྱི་མས་ནི་སྨན་ཞེས་པ་ན་ཆུང་བུད་མེད་ལ་འཇུག་གསུངས་པ་བཞིན་ནོ།།
དེའི་ཕྱིར། སྣ་འཐེན་ནས་ཁ་ནང་ལ་ཡོང་ཐབས་བྱེད་པ་ལྟར་བུད་མེད་ལ་སྐྱེས་དམན་ཞེས་ཨུ་ཚུགས་ཀྱིས་བྲིས་བསྡད་པ་ལས་སྐྱེས་སྨན་ཞེས་ཡང་དག་པའི་ཚིག་ལ་སྙེག་གང་ཐུབ་བྱས་ན་ཡག་པོ་ག་འདྲ་མི་འདུག་གམ་སྙམ། སྤྱིར་དེང་སང་གི་རང་ཆེ་རང་རྩིས་ལ་དགའ་བ་མང་དག་ཅིག་གིས་སྐྱེས་དམན་ཞེས་སྐྱེས་དེ་ཉིད་ཕོ་ལ་གོ་བ་དང་། དམན་ཞེས་པ་དེ་བུད་མེད་ལ་གོའོ་ཞེས་ཁེངས་པ་དང་དྲེགས་པའི་འགྱིང་ཚུལ་སྟོན་མོད། དོན་དངོས་བྱས་ན། རང་གི་ནང་གི་དེ་ཉིད་ཕྱིར་མངོན་པ་མ་ཤེས་པ་ཉིད་དོ།།
སྐྱེས་སྨན་ཞེས་པའི་སྐྱེས་ནི་གོང་དུ་བཤད་པ་ལྟར་བསྐྱེད་པ་ལ་གོ་བ་ལས་སྐྱེས་པ་ཕོ་གཅིག་པུ་ལ་ནམ་ཡང་གོ་བར་མི་སེམས། དེའི་ཕྱིར་ན་ཅི་ཞིག་སྐྱེས་སྙམ་ན་རིགས་རྒྱུད་སྐྱེ་འཕེལ་བྱེད་པ་ལ་གོ་ཞིང་། རིགས་རྒྱུད་སྐྱེ་འཕེལ་བྱེད་པའི་ས་ཞིང་གཤིན་པོའམ་ཕན་ཐོགས་ཤོས་ནི། བུད་མེད་ཡིན་པས་སྨན་ཞེས་གོ་བ་བླངས་ན་མི་ཆོག་པ་མི་འདུག་སྙམ།
ཡང་ན་གང་ཞིག་སྐྱེས་པ་ནས་མ་འཚར་བར་དུ་ཕན་འདོགས་པར་བྱེད་མཁན་ལ་ཡང་གོ་བ་བླངས་ན་མ་འགྲིག་པ་གང་ཡོད་སྙམ། དེ་ལྟར་ན། ཁྱིམ་ཚང་དུ་ཕྲུ་གུ་ཞིག་སྐྱེས་པ་ནས་དེ་ཆེར་མ་ཆགས་བར་དུ་དྲིན་ཆེན་མ་ཡིས་ཐུགས་ཁུར་དང་བྱམས་བརྩེ་ལ་བརྟེན་ནས་ཕྲུ་གུའི་འཚར་བསྐྱེད་ལ་ཕན་པར་བྱེད་པའི་ཆ་ནས་སྐྱེས་སྨན་ཞེས་བཤད་ན་ཡང་དོན་ལྡན་རྗེས་གྲུབ་ཀྱི་ངེས་ཚིག་ཡང་དག་ཅིག་བསྙད་དུ་ཡོད་པ་དེའོ།།
ཡང་ན་སྐྱེས་ཞེས་པ་ནི་ཕོ་མོ་གཉིས་ཆ་ལ་ཁྱད་མེད་དུ་འཇུག་མོད་སྨན་ཞེས་ནི་བུད་མེད་གཅིག་པུ་ལས་མི་འཇུག་པ་རེད། གང་དུ་སྐྱེས་པ་སྟེ་འདོད་པའི་ཁམས་སུ་སྐྱེས་པ་ལ་གོ་ཞིང་། སྨན་ཞེས་པ་ནི་མིའི་ནང་བསམ་བློ་དང་ཕྱིའི་འཚང་ལོངས་ཀྱི་རིམ་པ་གང་ལ་ཡང་བུད་མེད་ཉིད་ཕན་པས་སྐྱེས་སྨན་ཞེས་གོ་བ་བླངས་ཀྱང་མི་འགྲིག་པ་མེད་དོ་སྙམ།
དེའི་ཕྱིར་ན་དགེ་ཆོས་ཀྱིས་གསུངས་པ་ལྟར་རྒྱལ་ཁབ་ཀྱི་སྲིད་དོན་དང་སྤྲང་པོའི་འཚོ་ཐབས་གང་ཡིན་ཡང་མེད་དུ་མི་རུང་བ་ནི་མེད་ཡིན་གསུངས་པ་ཡང་འཁྲིག་སྤྱོད་ཙམ་མ་ཡིན་པར་མི་རིགས་དེ་དང་རྒྱལ་ཁབ་གང་འདྲ་ཞིག་ཡིན་རུང་ངེས་པར་ཡོད་དགོས་པ་ནི། རིགས་རྒྱུད་རྒྱུན་འཛིན་བྱེད་པའི་སོན་རྩ་དག་ཡིན་ལ། དེ་བསྐྱེད་པར་བྱེད་པ་ལ་མེད་དུ་མི་རུང་བའི་ས་ཞིང་གཤིན་པོ་ལྟ་བུ་ནི། བུད་མེད་ཡིན་པ་དེའོ།།
དེའི་ཕྱིར་ན། བུད་མེད་ལ་སྐྱེས་དམན་ཞེས་བསྙད་པ་ནི་བཙན་པོ་དར་མ་གླང་ངོ་ཞེས་པའི་གླེན་རྨོངས་དང་ཕྱོགས་ཞེན་གྱི་དྲི་མ་ལས་བྱུང་བ་ལྟར། རྒྱུ་ཕྱོགས་ཞེན་གྱི་བསམ་བློ་དང་སྦྱོར་བ་བུད་མེད་ཐམས་ཅད་ལས་རང་མཆོག་གཞན་དམན་གྱི་བྱེད་ལས་ལས་བྱུང་བས་ཐ་སྙད་འདི་རིགས་དུས་རབས་རྙིང་པའི་གླེན་རྨོངས་ཀྱི་སྐབས་སུ་མཁོ་ཆེ་ཡང་། འདྲ་མཉམ་གྱི་སྤྱི་ཚོགས་དང་རིགས་རུས་ལ་ཁྱད་མེད་དུ་གཟིགས་པའི་ཆོས་ལུགས་ལ་གཏན་ནས་མི་མཁོ་བས་འདོར་བར་བྱ་བ་ཉིད་དོ།།
ཡང་ལ་ལ་ཞིག་གིས་སྐྱེས་སྨན་ཞེས་པ་ནི་སྐྱེས་པས་ལོག་པར་གཡེམ་པ་ལ་སྨན་པའི་ཆ་ནས་ཞེས་འགྲེལ་ཙམ་བྱེད་མོད། དེ་ནི་ཐ་སྙད་འདིའི་རིན་ཐང་དང་ཁྱབ་ཚད་ཀྱི་ཉམས་དམའ་རུ་བཏང་བ་ལས་དོན་ལྡན་ཡང་དག་གི་ངེས་ཚིག་ཅིག་རེད་མི་འདོད།
གང་ལྟར་བདག་གི་བསམས་ན་སྐྱེས་སྨན་ཞེས་པ་འདི་རྗེས་གྲུབ་ཀྱི་མིང་དུ་བསྙོན་དུ་མེད་ཙང་། དེའི་ངེས་ཚིག་གི་འགྲེལ་བཤད་ནི། རིགས་རྒྱུད་སྐྱེ་འཕེལ་ལ་མཆོག་ཏུ་གྱུར་ཅིང་། བུ་ཕྲུག་སྐྱེས་ནས་འཚར་བསྐྱེད་མ་བྱུང་བར་ཕན་ཐོགས་པ་ལ་དོ་བའི་ཟླ་མེད་པས་སྐྱེས་སྨན་ཞེས་ངེས་ཚིག་གིས་འགྲེལ་ན། ཡང་དག་པའོ་སྙམ།
2015.1.9
མཆན།
1 གོང་གི་དབྱངས་ཅན་དགའ་བློ་དང་། དཔའ་རིས་སངས་རྒྱས་ཀྱི་ཁུངས་གཉིས་རྩོམ་པ་པོ་ཆུང་ཚེ་རིང་གི་སྐྱེས་སྨན་སྐོར་གྱི་རྩོམ་ལས་དྲངས།
2 དེང་དུས་ཐ་སྙད་འདིར་གླེང་སློང་བ་མང་བས་རང་གིས་ཀྱང་དེ་ལྟར་བྲིས།
3 རྗེས་གྲུབ་སྐོར་ཏོག་ཙམ་འཕྲོས་པ་ནི། གལ་ཆེ་བར་སྙམ་ནས་ཏོག་ཙམ་གླེང་།
ཕོ་ལ་ཡོད་པའི་དངོས་པོ་་གཉིས་མ་ཚང་བ་ནས་་སྐྱེས་དམན་( སྐྱེ་་བ་དམན་པ་)
ཟེར་( ཁ་ལ་སྑུ་མི་སྐྱེ་བ་དང་ཕོ་ཚན་མེད་པ་ནས་པོ་ལས་སྐྱེས་པ་དམན་པས་ན་
སྐྱེས་དམན་ཟེར་བ་རེད་།
སྐྱེས་པ་དང་སྐྱེས་མ།
སྐྱེ་སྨན་ཞེས་ཡག་པོ་འདུག་ཏེ། ཚིག་འདིའི་རྒྱབ་ལྗོངས་ལ་སྐྱེས་དམན་ཞེས་ལོ་རྒྱུས་འཛོར་པོ་ཞིག་ཡོད་ཡོད་པ་ལ། དམའ་འབེབ་དང་མཐོང་ཆུང་གི་དོན་གཉིས་ཀ་ཡོད་པས། ཇི་ཙམ་ང་ཚོས་དེ་ལ་གོ་བ་ལེགས་པོ་ཞིག་སྟེར་འདོད་རུང་། མིང་ཚིག་རྩོད་ཅན་ཞིག་གྱུར་ཚར་སྟབས། ཕན་ཐོགས་ཡོད་མེད་བརྗོད་པར་དཀའ། དེ་ལས་མིང་གསར་པ་ཞིག་བཙལ་ན་མི་ལེགས་སམ་སྙམ།
ཕོ་ལ་ཡོད་པ་གཉིས་མ་ཚང་བས་དེ་ལྟར་བརྗོད་རིགས་ན། འོ་ན་མོ་ལ་ཡོད་པའི་ནུ་མ་འབུར་བ་དང་མོ་མཚན་པདྨ་ཕོ་ལ་མེད་པས་ཕོ་ལ་སྐྱེས་དམན་ཞེས་བཏགས་ན་འགྲིག་གམ། གང་ལྟར་སྐྱེས་དམན་ཞེས་པ་ནང་བསྟན་ལས་བཤད་ཅིང་དེ་ཡང་འདུལ་རྒྱུད་ཀྱི་བཀའ་དང་བསྟན་བཅོས་ལས་གསུངས་ཡོད་དེ་ནི་གཙོ་བོ་དགེ་སློང་ཕོ་ལས་སོགས་ཀྱིས་བུད་མེད་ལ་ཆགས་པ་མི་སྐྱེ་བའི་ཕྱིར་དུ་བཤད་འདུག
ཁྱུང་སེ་ལགས། མཆན་བཏབ་པར་བཀའ་དྲིན་ཆེ། ལྷག་བསམ་ལྡན་པའི་སྐད་ཆ་ལ་ཉན་འདོད་ཡོད།
སྐྱེ་བ་དང་སྐྱེ་མ། གང་ཞིག་སྐྱེ་བ་ཡིན་ནམ། ཕོ་རྟགས་མོ་རྟགས་སྐྱེ་བ། དེས་ཕྱིར་ཕོ་རྟགས་ལས་མོ་རྟགས་སྐྱེ་བ་མེད་པ་ལྟར་སྣང་བས་དམན་པའི་སྒྲ་སྦྱར་བས་སྙམ།
འབུད་བྱ། འབུད་བཞིན་པ། བུད་ཟིན། བུད་ཅིག
གང་ཞིག་རྟགས་སམ་མཚན་མ་ཕྱི་ལ་བུད་མེད་པས་ན་བུད་མེད།
ཕོ་རྟགས་ལ༼་འབུད་ལེ་༽ཟེར་སྲོལ་ཡོད། འདིའི་སྐོར་མི་མང་བོ་འཛོམས་སར་ཚིག་ལ་གོས་བསྐོན་ནས་བཤད་པ་ལས་ཚིག་དམར་རྗེན་དུ་བཤད་སྲོལ་མེད་པས་ཡུལ་ལུང་སོ་སོའི་ཚིག་གི་བེད་སྤྱོད་བྱེད་སྟངས་མ་འདྲ་བ་མང་བོ་ཡོད་པ་འདྲ།
གང་ལྟར་སྐྱེ་དམན་དང་བུད་མེད་གང་བྲིས་ཀྱང་མ་འགྲིག་པ་མེད་པར་སྙམ། གང་ཡིན་ཟེར་ན་ཕོ་མོའི་རྟགས་ཡོད་མེད་དང་ཕོ་མོའི་རྟགས་ཕྱི་ལ་མངོན་གསལ་གྱིས་ཐོན་ཡོད་མེད་ཀྱི་ཆ་ནས་མིང་བཏགས་པ་ལས་སྐྱེ་བ་ཕོ་མོ་བཟང་ངན་གྱིས་མིང་བཏགས་པ་གཏན་ནས་མིན་པས་སོ།། སྐྱེ་བ་དང་སྐྱེས་པ། སྐྱེ་མ་དང་སྐྱེས་མ། དུས་གསུམ་གྱི་ཁྱད་པར་ལས་མིང་བཟོས་པ་རེད།
འདྲེ་མོ་། ལྷ་མོ་། སྲིན་མོ། གདོན་མོ། སྨན་མོ། སོགས་ལས་སྨན་པོ་ནི་མི་མོ་ལ་གོ་བ་ལྟར་བུད་མེད་ལ་མོ་སྨན་ཟེར་ན་མ་འགྲིག་པ་མེད། བོད་ཀྱི་བརྟན་མ་བཅུ་གཉིས་ཀྱི་ནང་དུ་སྨན་པོ་བཞི་ཡོད་པ་ཡང་མི་མོ་ཡིན་པས་སོ།
ཕོ་མོའི་དབྱེ་འབྱེད་ཙམ་ལ།
ཕོ་དང་། མོ།
སྐྱེས་པ་དང་། སྐྱེས་མ།
ཕ་དང་། མ།
ཡབ་དང་། ཡུམ།
ཨ་ཞང་དང་། ཨ་སྲུ།
ཨ་ཁུ་དང་། ཨ་ནེ།
ཅོ་ཅོ་དང་། ཨ་ཅག
ཁྱོ་ཤུག་གཉིས་སམ། བཟའ་ཟླ་ཕོ་མོ་གཉིས་ཀྱི་ཁྱད་པར་ལ།
ཁྱོ་ག་དང་། སྐྱེས་དམན།
ཁྱིམ་བདག་དང་། ཆུང་མ།
བཟའ་ཟླ་ཕོ་དང་། བཟའ་ཟླ་མོ།
ཟླ་བོ་དང་། ཟླ་མོ།
མག་པ། མནའ་འམ་བག་མ།
བུད་མེད་ལ་སྐྱེས་དམན་ཞེས་འདོགས་པ་ནུས་པའི་ཆ་ནས་ཡིན་ལ། དེ་ཡང་། གནའ་སྔ་མོར་འཐབ་འཛིང་དང་ཤུགས་འགྲན་པ། དམག་སྣ་འདྲེན་པ་དང་ཇག་ལ་རྒྱུགས་པ་སོགས་དྲག་ཤུལ་གྱི་ལས་ལ་ནུས་པ་ལྡན་མཁན་ཚོར་ཆེ་མཐོང་དང་རྩིས་ཐང་ཡོད་ལ། བུད་མེད་རྣམས་སྐྱེས་པ་དང་བསྡུར་ན་ཁྱད་ཆོས་དེ་དག་ལས་ཞན་པ་དང་ནུས་པ་ཆུང་བ་ཡིན་པ་མངོན་གསལ་དུ་ཡོད་པས། སྐྱེས་དམན་ཞེས་བཏགས་པར་འདོད། དེ་ནི་བུད་མེད་ལ་དགའ་ཡང་ཁས་མི་ལེན་སར་མི་འགྲོ། དེས་ན། རང་ཉིད་བུད་མེད་ལ་དགའ་བའི་རྐྱེན་གྱིས་རང་གི་འདོད་མོས་ལྟར་མིང་ཇི་འདྲའི་ཡག་པོ་ཞིག་བཏགས་ན་འདོགས་ཆོག་མོད། སྔོན་གྱི་ལོ་རྒྱུས་དང་ཡིག་ཚང་དུ་བཀོད་པའི་ཐ་སྙད་རྣམས་བསྒྱུར་ཏུ་མི་བཏུབ་བོ།། བརྩེ་དུང་དང་འདོད་ཆགས་ཀྱི་ཡུལ་ན་བུད་མེད་ལས་ལྷག་ཅིག་མེད་ཅེས་པ་ནི། སྐྱེས་པ་ཞིག་གིས་མཐོང་སྣང་དང་མྱོང་ཚོར་ཡིན་པ་ལས་བུད་མེད་ཀྱི་ངོར་དེ་འདྲ་ག་ལ་ཡིན། དེ་བས། ཉིད་ཀྱིས་བུད་མེད་ལ་གདེང་འཇོག་དང་མཐོང་ཆེན་བྱེད་ཆེད་བུད་མེད་ཀྱི་འདོད་པ་གཙོ་བོར་བཟུང་སྟེ། བརྩེ་དུང་གི་ཐག་སྣེ་དང་འདོད་ཆགས་ཀྱི་རླབས་རྩེ་ན་སྐྱེས་པ་ལས་ལྷག་ཅིག་མེད་ཅེས་ལབ་ན་མི་ཡག་གམ། ཧ་ཧ་ཧ།
བུད་མེད་ལ་སྐྱེས་དམན་ཞེས་འདོགས་པ་ནུས་པའི་ཆ་ནས་ཡིན་ལ། དེ་ཡང་། གནའ་སྔ་མོར་འཐབ་འཛིང་དང་ཤུགས་འགྲན་པ། དམག་སྣ་འདྲེན་པ་དང་ཇག་ལ་རྒྱུགས་པ་སོགས་དྲག་ཤུལ་གྱི་ལས་ལ་ནུས་པ་ལྡན་མཁན་ཚོར་ཆེ་མཐོང་དང་རྩིས་ཐང་ཡོད་ལ། བུད་མེད་རྣམས་སྐྱེས་པ་དང་བསྡུར་ན་ཁྱད་ཆོས་དེ་དག་ལས་ཞན་པ་དང་ནུས་པ་ཆུང་བ་ཡིན་པ་མངོན་གསལ་དུ་ཡོད་པས། སྐྱེས་དམན་ཞེས་བཏགས་པར་འདོད། དེ་ནི་བུད་མེད་ལ་དགའ་ཡང་ཁས་མི་ལེན་སར་མི་འགྲོ། དེས་ན། རང་ཉིད་བུད་མེད་ལ་དགའ་བའི་རྐྱེན་གྱིས་རང་གི་འདོད་མོས་ལྟར་མིང་ཇི་འདྲའི་ཡག་པོ་ཞིག་བཏགས་ན་འདོགས་ཆོག་མོད། སྔོན་གྱི་ལོ་རྒྱུས་དང་ཡིག་ཚང་དུ་བཀོད་པའི་ཐ་སྙད་རྣམས་བསྒྱུར་ཏུ་མི་བཏུབ་བོ།། བརྩེ་དུང་དང་འདོད་ཆགས་ཀྱི་ཡུལ་ན་བུད་མེད་ལས་ལྷག་ཅིག་མེད་ཅེས་པ་ནི། སྐྱེས་པ་ཞིག་གིས་མཐོང་སྣང་དང་མྱོང་ཚོར་ཡིན་པ་ལས་བུད་མེད་ཀྱི་ངོར་དེ་འདྲ་ག་ལ་ཡིན། དེ་བས། ཉིད་ཀྱིས་བུད་མེད་ལ་གདེང་འཇོག་དང་མཐོང་ཆེན་བྱེད་ཆེད་བུད་མེད་ཀྱི་འདོད་པ་གཙོ་བོར་བཟུང་སྟེ། བརྩེ་དུང་གི་ཐག་སྣེ་དང་འདོད་ཆགས་ཀྱི་རླབས་རྩེ་ན་སྐྱེས་པ་ལས་ལྷག་ཅིག་མེད་ཅེས་ལབ་ན་མི་ཡག་གམ། ཧ་ཧ་ཧ། གསལ་བཤད་ཅིག་ལ་ངའི་ཕ་ཡུལ་ནས་བུད་མེད་ལ་ནགས་སྐྱག་ཅེས་འབོད་པ་ལས་སྐྱེས་དམན་མི་ཟེར།
འགའ་ཤས་ཀྱིས་ཡག་པོ་གསུངས་འདུག ཡང་ལ་ལ་ཞིག་གིས་རང་གཞན་གཉིས་ཀ་ལ་བོགས་ཐོན་པ་ཞིག་བཤད་རྒྱུ་མེད་པར་སྨྱོ་བཤད་གཟའ་བཤད་བྱས་འདུག གཡེར་ཚ་བ་མེད་པ་ནི་ཡ་རེ་ང་།
རྡོག་རྡོག་བཤད་ན། བུད་མེད་མོ་དང་། བུད་ཡོད་ཕོ་ལ་གོ་དགོས་འདུག
ཉི་ཧོང་གི་སློབ་གསོ་དང་རྒྱལ་ནང་གི་སློབ་གསོའི་ཁྱད་པར།
སྤེལ་དུས། 2015-01-12 ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ། རྩོམ་པ་པོ། གཡུ་ལྕམ།
ཉི་ཧོང་བས་ཁྱེའུ་དུས་སློབ་གསོར་གཙིགས་འཛིན་བླ་ལྷག་བྱེད་སྟབས། ཨ་མ་ཕལ་ཆེ་བས་ཕྲུ་གུ་སྐྱེས་རྗེས་ལས་སྐྱུར་བྱས་ནས་བུ་སྐྱོང་གི་ལས་ལ་གཞོལ་བ་རེད། དེ་ལྟར་བྱེད་དོན་ནི། ཕྲུ་གུ་སྐྱེས་པ་ནས་ལོ་ན་གསུམ་ལ་ལོན་པའི་བར་ནི་ཁྱེའུ་དུས་སྐབས་སུ་ཡིན་ཕྱིར་སྐབས་དེའི་འཚར་ལོངས་ཀྱི་གོ་རིམ་ཁྲོད་ཕྲུ་གུའི་རང་གཤིས་ལ་ངན་རྐྱེན་ཐེབས་ཚེ་ཧ་ཅང་བཅོས་དཀའ་བས་དུས་སྐབས་དེ་ནི་གལ་ཆེ་བར་འདོད། དེར་མ་ཟད་ཉི་ཧོང་གི་སྐྱེས་པ་རྣམས་ནི་ལས་ལ་བརྩོན་ཞིང་ཡོང་འབབ་ཀྱང་མང་པོ་ཡོད་པར་བརྟེན། ཨ་མ་རྣམས་ཀྱིས་ཕྲུ་གུ་ལོ་གསུམ་ལ་ལོན་པའི་བར་ལས་སྐྱུར་བྱས་ནས་ཁྱིམ་དུ་བསྡད་ཀྱང་སྤྱི་ཚོགས་ཀྱི་འཕེལ་རྒྱས་ལ་གནོད་པ་ཐེབས་མི་སྲིད་ལ། མི་རབས་རྗེས་མའི་འཚར་ལོངས་ལ་ཕན་རླབས་ཆེན་པོ་བསྐྲུན་ཡོད་པ་རེད།
གཞན་ཉི་ཧོང་གི་བུ་སྐྱོང་རྩ་དོན་ནི། ཕོ་བ་མ་ལྟོགས་ཙམ་དང་རྒྱབ་མ་གྲང་ཙམ་སྟེ། བྱིས་པ་རྣམས་ལ་ཁ་ཟས་རྒྱགས་ཚད་ཅིག་ཟ་རུ་མི་འཇུག་པ་དང་། གྱོན་གོས་མཐུག་པོ་ཡང་གྱོན་དུ་འཇུག་མི་སྲིད། ཐ་ན་སྟོན་ཟླ་ར་བར་བྱིས་པས་ལྭ་བ་སྲབ་མོ་ཙམ་གྱོན་ནས་ཕྱི་རོལ་ཏུ་ཆུ་རྩེད་བྱས་ན་ཡང་ཁོ་ཚོ་འཁྱག་འགྲོ་བར་སེམས་ཁྲལ་མི་བྱེད། དེའི་རྐྱེན་གྱིས་ཉི་ཧོང་གི་ཡུལ་དུ་སྐྱེ་བོ་རྒྱགས་པོ་ནི་ཧ་ལམ་མཐོང་རྒྱུ་མེད།
ཉི་ཧོང་བས་བྱིས་པ་རང་སྟེང་ན་ནད་འགོག་གི་ནུས་པ་ཡོད་པར་འདོད་པའི་དབང་གིས། ན་ཚ་བྱུང་ན་རང་རེ་དང་འདྲ་བར་ལམ་སེང་གནམ་ཁབ་རྒྱག་རྐྱང་མི་བྱེད།
ཉི་ཧོང་གི་སྐྱེ་བོ་དག་གི་ཆ་སྙོམས་ཀྱི་ཚེ་ཚད་ནི་འཛམ་བུ་གླིང་གི་རྩེ་གྲས་ཡིན། དེའི་ཐོག་ནས་ཉི་ཧོང་བའི་འཕྲོད་བསྟེན་གྱི་མཐུན་རྐྱེན་དང་། སྨན་བཅོས་ཀྱི་མཐུན་རྐྱེན། སྐྱེ་ཁམས་ཁོར་ཡུག བཟའ་བཏུང་གི་གོམས་སྲོལ། ལུས་རྩལ་འགུལ་སྐྱོད་སོགས་ཧ་ཅང་བཟང་བ་མཚོན།
ཡུལ་ལུང་དེའི་བུ་བཅོལ་ཁང་ནི་གཙང་ཞིང་གྲལ་དག་ལ་བྱིས་པ་བུ་བཅོལ་ཁང་དུ་སླེབས་ཚེ་ལྷམ་འཕུད་དགོས་པ་དང་། ལྷམ་ཐོག་གི་ས་རྡུལ་སློབ་གྲྭར་ཁྱེར་མི་ཆོག་པ་རེད། དེ་མིན་ཉི་ཧོང་ཡུལ་གྱི་སློབ་གྲྭ་དག་གིས་སློབ་ལྭར་དང་དོད་ཆེན་པོ་བྱེད་པར་མ་ཟད། ཁོ་ཚོའི་སློབ་ལྭ་ཡང་ཧ་ཅང་ཡིད་དུ་འོང་བ་དང་བཟོ་སྟངས་སྣ་མིན་སྣ་ཚོགས་ཡིན་ལ་རྒྱུ་སྤུས་ཀྱང་ཤིན་ཏུ་བཟང་། དེ་ལྟར་སྣང་ཆེན་བྱེད་པར་གཏན་ཚིགས་འདི་འདྲ་ཞིག་ཡོད་དེ། མི་ཞིག་གིས་ལས་གོས་གྱོན་ཚེ་དུས་ནམ་ཡང་རང་ཉིད་ཀྱི་ཐོབ་ཐང་བརྗེད་མི་སྲིད་ལ། ལས་གོས་གྱོན་པའི་མི་ཞིག་གིས་དོན་ངན་སྒྲུབ་ཚེ་ནང་སེམས་བདེ་ལ་འབབ་དཀའ་བས་རེད།
ཉི་ཧོང་གི་ཁྱིམ་ཚང་ཞིག་ལ་མཚོན་ན་ཁྱིམ་ཚང་རེ་རེར་འགྲོ་སོང་རྩིས་དེབ་རེ་ཡོད། ཉིན་རེའི་འགྲོ་སོང་རྩིས་དེབ་ཏུ་མི་འགོད་པའི་ཁྱིམ་བདག་མ་ཞིག་ཧ་ལམ་ཡོད་མི་སྲིད། སྒོ་རྩིས་ཚོང་ཁང་སོགས་སུ་དངུལ་བསྡུ་མཁན་གྱིས་ཁྱེད་ལ་འདོན་པའི་དྲི་བ་དང་པོ་ནི་འགྲོ་སོང་བསྐྱར་དཔར་བྱེད་རྒྱུ་ཡིན་ནམ་ཞེས་པ་དེ་ཡིན། ཉི་ཧོང་གི་ཁྱིམ་བདག་མ་མང་ཆེ་བས་འགྲོ་སོང་བསྐྱར་དཔར་བྱས་རྗེས་རྩིས་དེབ་ཏུ་འགོད་པར་སྟབས་བདེ་བའི་དབང་གིས་ཡིན་པ་རེད། དཔེར་ན། ཡིག་ཆས་དང་། དཔེ་དེབ། ཟས་རིགས་སོགས་ལོགས་སུ་དབྱེ་ཚེ་ཟླ་རེར་སྡོམ་རྩིས་བྱེད་ཐུབ་པ་དང་། ཁོ་ཚོར་མཚོན་ན་ཁྱིམ་ཚང་ནོར་གཉེར་སྐོར་གྱི་ཤེས་བྱ་ནི་ཆུང་དུས་ནས་རྒྱུད་ལ་འཇགས་རྒྱུར་བརྩོན་ནོ། །
སློབ་འབྲིང་གི་སྐབས་སུ་རང་ལག་འགུལ་བའི་འཇོན་ནུས་གཙོ་བོར་བཟུང་ནས་ཁྱིམ་ཇུས་དང་འཚེམ་བཟོ། ལུས་རྩལ་སོགས་ཀྱི་འཛིན་གྲྭ་བཙུགས་པ་དང་། སེམས་ཁམས་རོགས་ཁྲིད་དགེ་རྒན་གྱིས་སློབ་མའི་སློབ་གཉེར་ལ་ཁྲིད་སྟོན་བྱེད།
བྱིས་པ་མང་ཆེ་བར་སྔ་མོ་ནས་སེམས་ནད་ཡོད་སྟབས་སློབ་གྲྭ་ཀུན་ལ་སེམས་ཁམས་རོགས་ཁྲིད་དགེ་རྒན་རེ་ཆེད་དུ་བརྐོས་ཡོད་པ་རེད། དྲག་རྩལ་གྱི་སློབ་ཚན་ལའང་གཙིགས་ཆེན་བྱེད་པས་སློབ་གྲྭ་ཚང་མར་དྲག་རྩལ་ར་བ་ཆེད་དུ་བཙུགས་ཡོད་ཅིང་། དེ་དང་འབྲེལ་ཡོད་ཀྱི་འགྲན་སྡུར་ཡང་རྟག་ཏུ་མཆིས། དྲག་རྩལ་སློབ་ཚན་གྱིས་བྱིས་པའི་གཤིས་ཀ་བརྟན་པོ་དང་དཔའ་ངར་ཞུམ་མེད་ཀྱི་སྙིང་སྟོབས་སྐྱེད་བསྲིང་བར་བྱེད།
མདོར་དྲིལ་ན། ཉི་ཧོང་ཡུལ་གྱི་སློབ་གསོ་ནི་གཞུང་དྲང་ཟོལ་མེད་དང་། རང་སྟོབས་རང་འཕེར། རྒྱལ་ཁམས་བདེ་འཁོད་ཅེས་པ་དེ་ཡིན།
ཀྲུང་གོ་བ་ནི་དོན་ལ་མི་གནས་པའི་འུར་སྒྲོག་གི་གཏམ་ལ་མོས་པ་གང་མུན་ནག་མདའ་འཕེན་གྱི་ངང་ཚུལ་ལས་མ་འདས། དེའི་ཕྱིར། ཕན་མི་ཐོགས་ལ་གོ་མི་ཆོད། གནས་ལུགས་ཆེན་པོ་འཆད་སླ། འོན་ཀྱང་གནས་ལུགས་ཆེན་པོའི་ཕུགས་ཀྱི་གནས་ལུགས་ཆུང་ངུ་དང་། གནས་ལུགས་ཆུང་ངུའི་ཕུགས་ཀྱི་གནས་ལུགས་སྔར་བས་ཆུང་ངུ་དག་རྟོགས་ནས་ལག་ལེན་དུ་བསྟར་ཐུབ་ཚེ། ད་གཟོད་རླབས་པོ་ཆེ་ངོ་མ་ཡིན་ནོ།།
ཇི་སྐད་དུ། བཤད་སྒྲུབ་ཟུང་འཇུག་གནད་དུ་འཛིན་པ་གཅེས། ། དེ་གཉིས་རྒྱུ་འབྲས་ལྟ་བུའི་འབྲེལ་བ་ལགས། ། སོ་སོ་ཡ་བྲལ་ཚུལ་དུ་འཆན་གྱུར་ན། ། རེ་འབྲས་སྟོངས་པའི་འགལ་རྐྱེན་ཁོ་ནའོ། ། ཞེས་གསུངས་པ་ལྟར། རང་ཅག་གིས་གནས་ལུགས་ཕལ་ཆེ་བ་རྟོགས་པ་ལྟར་སྣང་ཡང་དོན་དམ་པར་ཕུགས་ཀྱི་དོན་གོ་མེད། དེའི་ངང་ཚུལ་ནི་གོང་གི་སྤྲོས་པའི་བཤད་སྒྲུབ་ཡ་བྲལ་དུ་གྱུར་བའི་དཔེ་དོན་ལས་མ་འདས་སོ། །
(རྩོམ་འགན་པ། སྒྲོལ་ཚེ།)
ངོ་དེབ་ལས།
Wisdom
WOMAN MEANS :-
W ➖ WONDERFUL MOTHER
O ➖ OUTSTANDING FRIEND
M ➖ MARVELLOUS DAUGHTER
A ➖ ADORABLE SISTER…
འདི་ཅིག་གིས། བོད་སྐད་ལ་སྒྱུརད་དང་། ཐུགས་རྗེས་གཟིགས།
N = NOBLE BIENG
WOMAN MEANS :-
W ➖ WONDERFUL MOTHER
ངོ་མཚར་ཅན་གྱི་ཨ་མ།
O ➖ OUTSTANDING FRIEND
ཁྱད་དུ་འཕགས་པའི་གྲོགས་པོའམ་གྲོགས་མོ།
M ➖ MARVELLOUS DAUGHTER
ཧང་སང་ཡག་གི་བུ་མོ།
A ➖ ADORABLE SISTER…
གུས་བཀུར་འོས་པའི་ཨ་ཅག
N = NOBLE BIENG
བཟང་སྤྱོད་ཀྱི་སེམས་ཡོད་ཅན།
༼ཨེན་དང་དེའི་དོན་གཉིས། ངོ་དེབ་ནང་ལ་ཆད་འདུག་པས་ཨིན་བོད་གཉིས་ཀ་རང་བཟོ་བྱས་༽
བརྗོད་གཞི་རྦད་དེ་རྙིང་གོག་ཅིག་རེད། སྐྱེས་དམན་གྱི་ཚབ་ལ་སྐྱེས་དམན་བྲིས་དགོས་ཟེར་ནས། བོད་ཕྱི་ནང་གི་ཡིག་ཆ་མང་པོའི་ནང་དེ་ལྟར་འབྲི་བཞིན་ཡོད་པ་རེད། སྐྱེས་སྨན་ཟེར་དགོས་ཟེར་མཁན་སྔོན་མ་ནས་མང་པོ་བྱུང་རེད། དེང་སང་ཁ་ཤས་ཀྱིས་རང་གི་གསར་རྙེད་ཡིན་མདོག་གིས་ཅིག་ཤོད་ཀྱིན་འདུག དེ་ལས་བརྗོད་གཞི་གསར་པ་རེའི་ཐོག་ལ་བསམ་ཚུལ་རེ་འདོན་ཐུབ་ན་བཟང་སྙམ།
སྐྱེས་དམན་གྱི་ཚབ་ལ་སྐྱེས་སྨན་
ཐ་སྙད་རྙིང་པ་ལ་འགྲེལ་གསར་པ་རྒྱག་དགོས་པ་གལ་ཆེན་པོ་རེད། ནམ་ཡང་གསར་པ་ཞིག་དགོས་ཞེས་རྙིང་པ་ཡོད་ཚད་འདོར་ཐབས་བྱེད་པ་ནི་རྔོ་ཐོགས་པའི་སྐད་ཆ་ཞིག་ཡིན་པར་མི་འདོད། ཐ་སྙད་དམ་རྩོད་གཞི་ཆེ་བའི་དོན་ལ་བསམ་གཞིག་གྲོས་གླེང་གི་ལམ་ནས་གཅིག་མཐུན་གྱི་ཐ་སྙད་རེ་ཡོང་ན་བསམས་ནས་བྲིས་པ་ལས། ཁྱེད་ཅག་ལ་བསུན་པོ་བཟོ་དགོས་སྙམ་སྟེ། གང་འདོད་དུ་བྲིས་པ་གཞར་ཡང་མིན་ལགས།