བོད་ཀྱི་དུས་བབ་ནས་འདྲེན་བཀོད་བྱས།
བྱ་བྲལ་བྱམས་པ་འཕྲིན་ལས་རིན་པོ་ཆེ་ད་ལྟ་སྐུ་འཚོ་བཞུགས་ཨེ་ཡིན།
པཎ་ཆེན་སྐུ་ཕྲེང་བཅུ་བའི་ཡང་སྲིད་འཚོལ་ཞིབ་ཚོགས་ཆུང་གི་ཚོགས་གཙོ་བྱ་བྲལ་རིན་པོ་ཆེ་མཆོག་རྒྱ་གཞུང་གིས་འཛིན་བཟུང་བྱས་རྗེས་ཁོང་གར་ཡོད་ཅི་ཆགས་ཀྱི་གནས་ཚུལ་དང་། ད་ལྟ་སྐུ་འཚོ་བཞིགས་ཡོད་མེད་ཙམ་ཡང་ཤེས་རྟོགས་མ་ཐུབ་པར་ལོ་ངོ་ ༢༠ འགྲོ་བཞིན་ཡོད་པའི་སྐབས་འདིར་ཁོང་བསྐྱར་དུ་གླེང་སློང་བྱས། ཀུན་གཟིགས་པཎ་ཆེན་སྐུ་ཕྲེང་བཅུ་བ་མཆོག་༡༩༨༩ ལོའི་ཟླ་༡ ཚེས་༢༨ ཉིན་གློ་བུར་དགོངས་པ་རྫོགས་རྗེས།
གནས་ཚུལ་ཞིབ་རྒྱས་འབྲེལ་ཐག་འདིར་གཟིགས་http://www.tibettimes.net/news.php?showfooter=1&id=9674
བྱ་བྲལ་རིན་པོ་ཆེ་ད་ལྟ་སྐུ་འཚོ་བཞུགས་ཨེ་ཡིན།
འདི།
བྱ་བྲལ་རིན་པོ་ཆེ་ད་ལྟ་སྐུ་འཚོ་བཞུགས་ཨ་ཡོད།
འབྲི་དགོས།
ཨེ་ཡིན་དང་ཨ་ཡོད་དོན་གཅིག་མིང་གི་རྣམ་གྲངས་རེད་།
ཨེ་ཡིན་ཁམས་སྐད་དང་ཨ་ཡོད་དབུས་སྐད་རེད་།
ཡིན་དང་། ཡོད། ཨེ་ཡིན་དང་། ཨ་ཡོད་་ཀྱི་ཁྱད་པར་མི་ཤེས་མཁན་ཐུས་ཏོག་ཁྱོད། ང་ལ་བྱུས་གཏོགས་མ་བྱས་པར་བོད་ཀྱི་སྐད་ཡིག་ལ་ཐུས་གཏོགས་མ་བྱས་སྔོན་ལ། བོད་རིགས་སྤྱི་སྐད་མང་ཙམ་སྦྱོངས་དང་། དྲ་གྲོགས་ཇུས་ཏོག་ལགས།
གོ་སྐབས་འདི་བཟུང་ནས་དྲི་བ་ཁ་ཤས་ཞུ་ཆོག་པ་ཞུ། དོན་དག་ཤེས་མཁན་ཚོས་དྲིས་ལན་ཡོད་པ་ཞུ།
༡ ཕྱི་ལོ༡༩༩༥ལོའི་ཟླ༥ ཚེས ༡༤ཉིན་རྒྱལ་བ་རིན་པོ་ཆེ་ཡིས་པཎ་ཆེན་ཡང་སྲིད་ཕྱི་ལ་བསྒྲགས་པ་ནི་བྱ་བྲལ་རིན་པོ་ཆེར་གྲོས་བྱས་ནས་བསྒྲགས་པ་ཞིག་ཡིན་ནམ། ཡང་ན། རྒྱལ་བ་རིན་པོ་ཆེའི་ཕྱོགས་གཅིག་པུས་བྱ་བྲལ་རིན་པོ་ཆེ་མཆོག་གི་སྙན་ཞུ་གཞིར་བཟུང་ནས་བསྒྲགས་པ་ཞིག་ཡིན།
༢ གོ་ཐོས་ལྟར་ན། ཡང་སྲིད་ཕྱི་ལ་བསྒྲགས་སྐབས། དགེ་འདུན་ཆོས་ཀྱི་ཉི་མ་དང་ཡབ་ཡུམ་བཅས་པ་གཙང་བཀྲ་ཤིས་ལྷུན་པོར་ཕེབས་ཟིན་པ་རེད་ཟེར་བ་བདེན་པ་རེད་དམ།
༣ ལོ་ཤས་སྔོན་བྱ་བྲལ་རིན་པོ་ཆེ་བཀྲོངས་ཟིན་ཞེས་གསར་ལམ་དུ་ཐོན་པ་མ་རེད་དམ།
(ཨེ་ཡོད། ཨེ་ཡིན། ཨེ་མཐོང་།) ཞེས་པའི་ཐ་སྙད་འདི་དག་སྔོན་བྱོན་མཁས་པའི་ཚད་ཐུབ་གཞུང་ལུགས་རྣམས་སུ་མང་དུ་འབྱུང་བས་བོད་ཀྱི་སྤྱི་སྐད་ཡིན་མིན་གྱི་དོགས་པ་བྱེད་པ་ནི་དགོས་པ་ཆུང་ཞིང་།རང་གིས་ཅི་ཡང་མི་ཤེས་པའི་དེ་ཉིད་ཕྱིར་བསྟན་པ་ལས་མེད། ཆོལ་ཁ་གསུམ་སོ་སོ་ན་ཐ་སྙད་འདི་དག་བེད་སྤྱོད་བྱེད་སྟངས་ལ་ཤུགས་ཆེ་ཆུང་གི་ཁྱད་པར་ནི་ཡོད་མོད། འོན་ཀྱང་། དེ་ཙམ་གྱིས་བོད་ཀྱི་སྤྱི་སྐད་མིན་པར་སྒྲུབ་མི་ནུས།
ལེགས་སོ་ལེགས་སོ་ཇི་ལྟར་ཁྱོད་ཀྱུ་ི་གསུང་པ་ལ་མངོན་པར་སྟོད་དོ་།
༡༽ལྷ་བདེ་གནམ་ལོ་ཡག་ལགས། ཕྱི་ལོ་༡༩༩༥ ཟླ་༥ ༡༤ ཉིན་དེར་ཡང་སྲིད་རིན་པོ་ཆེ་སྐོར་ལ་གོང་ས་མཆོག་གི་བཀའ་སློབ་གཅིག་ཏུ་ཤང་ཁང་དེ་འདྲ་ཞིག་ནས་མི་ཞིག་གིས་བློ་བུར་རྒྱ་གཞུང་གིས་ཡང་སྲིད་རིན་པོ་ཆེ་ངོས་འཛིན་དྲིལ་བསྒྲགས་བྱ་རྒྱུ་ཡིན་པའི་གསང་བརྡ་ཞིག་འབྱོར་བར་བརྟེན་ནས་གོང་ས་མཆོག་གིས་སྐབས་དེ་རང་ལ་ངོས་འཛིན་གསལ་བསྒྲགས་གནང་སྐོར་གསུངས་པ་དྲན་སོང་ཚིག་ཇི་མ་ཇི་བཞིན་དྲན་གྱི་མིན་འདུག་ཀྱང་དོན་ལ་དེ་རང་ཡིན་པ་ཡོད། སྐབས་དེ་དུས་གནས་ཆུང་ཆོས་རྒྱལ་ཆེན་པོ་མཆོག་དང་། བཀའ་སྤྱི་གཉིས་ནས་ཀྱང་། རྒྱ་དམར་གྱི་སྔོན་ལ་གོང་ས་མཆོག་ནས་ངོས་འཛིན་གནང་དགོས་སྐོར་ཞུས་ཡོད་ས་རེད། ཡིན་ན་ཡང་སྲིད་རིན་པོ་ཆེ་སྐུ་འཁོར་དང་། བྱ་བྲལ་རིན་པོ་ཆེ་སོགས་ཀྱི་མ་འོང་བའི་མདུན་ལམ་ལ་ཐུགས་བསམ་འཁོར་བ་དེ་འདྲ་བྱུང་ཡོད་ས་མ་རེད། དེ་རྗེས་སྤྱི་འཐུས་ཚོགས་གཙོ་ཟམ་གདོང་བླ་མ་རིན་པོ་ཆེ་མཆོག་ལ་གསར་འགྱུར་ལས་ཁང་ཞིག་གིས་ཡང་སྲིད་རིན་པོ་ཆེའི་མ་འོང་བའི་སྐོར་བཀའ་དྲི་གནང་བའི་བཀའ་ལན་དུ་ཡང་སྲིད་རིན་པོ་ངོས་འཛིན་ཞུ་ཐུབ་པ་དེས་འགྲིག་ཡོད་རེད་ང་ཚོས་གང་བྱེད་དགོས་ཡག་ཡོད་མ་མེད་ཅེས་འགན་འཁུར་འདོད་མེད་པའི་བཀའ་མོལ་དེ་འདྲ་གསུངས་པ་རྡོར་གླིང་བོད་མིའི་རྩ་དོན་ནང་བཀོད་ཡོད། གོང་དུ་དུས་བབས་་ནང་འཁོད་པའི་ཆོས་བཀའ་པད་་འབྱོར་བཀའ་སློབ་དེས་ཀྱང་ཟམ་གདོང་བླ་མའི་བཀའ་སློབ་དེ་དྲན་དུ་བཅུག་སོང་། བྱ་བྲལ་རིན་པོ་ཆེ་སྐུ་འཁོར་དྲན་འདུ་གནམ་ཐང་ནས་འཇུས་པ་དེ་ཡང་བློ་བུར་གྱི་གནས་ཚུལ་དེ་ཚོ་དང་འབྲེལ་བ་ཡོད་ངེས་སྙམ།
༢༽ཡང་སྲིད་་རིན་པོ་ཆེ་ཡང་སྲིད་ངོས་འཛིན་གནང་སྐབས་གདན་བཀྲ་ཤིས་ལྷུན་པོར་ཨེ་ཡོད་ཤེས་མ་སོང་ཡང་དེ་སྔོན་གདན་སར་ཕེབས་པའི་སྐུ་པར་མཇལ་རྒྱུ་འདུག བྱ་བྲལ་རིན་པོ་བཀྲོངས་པའི་གཏམ་ཞིག་བཙན་བྱོལ་བདེན་གཏམ་དུ་བརྩིས་སོང་ཡང་ད་ལྟ་སྐུ་བཞུགས་དང་། བཤེགས་པའི་སྐོར་བདེན་ཐུབ་ཀྱི་བཀའ་མོལ་སུ་ལ་ཡང་གསུངས་རྒྱུ་ཨེ་ཡོད།
ས་མཐའི་མིག་ཆུ་ལགས། བཀའ་དྲིན་ཤིན་ཏུ་ཆེ། དྲང་མོར་ཞུས་ན། ངས་རྒྱ་ཡིག་བཀོལ་ནས་བོད་ཀྱི་དེང་རབས་ལོ་རྒྱུས་ཞིབ་འཇུག་བྱེད་ཀྱིན་པའི་ཁུལ་ཡིན། དེ་བས། གནད་དོན་འདི་དག་གཞོལ་ཐུབ་མེད་པ་ཞིག་རེད་ལ། དུས་ཚོད་འོས་འཚམས་ཤིག་བཙལ་ནས་སྐུ་སྒེར་ལའང་བཀའ་འདྲི་ཞུ་བསམ་ཡོད།
ལགས་སོ་ལྷ་སྡེ་གནམ་ལོ་ལགས
བྱ་བྲལ་རིན་པོ་ཆེའི་སྐོར་གྱི་གནས་ཚུལ་དང་དྲི་བ་དེ་ཚོ་ཧ་ཅང་གལ་ཆེན་ཆགས་འདུག ཁོང་དང་འབྲེལ་ཡོད་ཚོས་དེ་སྔའི་ཁོང་གི་གནས་ཚུལ་གསུངས་པ་ཡག་པོ་རེད།
དེ་ལས་ལྷག་གི་འགན་འཁྲི་ཡོད་པའི་ཆོས་དོན་བཀའ་བློན་གྱིས་ཁ་གསལ་མེད་པའི་ལན་འདེབས་སྟབས་བདེ་ཞིག་ལས་གནང་མ་ཐུབ་པར་བློ་ཕམ་ཡོད།
ཕྱི་ལོ་༡༩༩༣ ལོའི་བོད་ཟླ་གསུམ་པའི་ནང་ཁོང་གི་གཟིམ་ཤག་ནང་ཐེང་ཞིག་མཇལ་བྱུང་དེ་དུས་ཁོང་མོག་མོག་བཟོས་ནས་བཞུགས་འདུག་གསོལ་ཇ་ཞིག་གནང་བྱུང་། ཁོང་འཁྲུངས་ཡུལ་་གཙང་འོད་ཡུག་ཕུའི་འབྲོག་པ་རེད་དེང་སྐབས་མང་ར་ཤངས་ཁོངས་རེད། ཡབ་གྱི་མཚན་དངོས་ཇི་ཡིན་མི་ཤེས་ཀྱང་རྒྱ་ཟོག་ཟོག་ཅིག་ཡོད་པས་ལུང་པའི་མི་ཚོས་རྒྱ་ཆུང་ཡབ་ཆེན་ཞེས་འབོད་ཕྲུ་གུའི་སྐབས་སུ་མང་པོ་མཇལ་མྱོང་། ཁོང་སྐུ་གོང་མ་དེ་འཁྲུངས་ས་འོད་ཡུག་རྟག་རྩེ་བདུད་གླིང་ནས་རེད། རྩ་བའི་དགོན་པ་འོད་ཡུག་ལྡིང་མ་དགོན་ཡིན་ཡང་། སྐུ་གོང་མ་དང་་དབེན་དགོན་གཟིམ་སྦུག་གོང་མ་དེ་ཐུགས་སྣང་གཤིན་པས་དབེན་དགོན་དུ་ཡང་སྒྲིག་བཞུགས་གནང་སྲོལ་འདུག ངོས་འཛིན་ཞུས་གྲུབ་པའི་རྗེས་ལ་གདན་ས་བཀྲ་ཤིས་ལྷུན་པོར་སློབ་གཉེར་ལ་ཕེབས་ནས་གྲངས་ཆེན་དཀའ་ཆེན་ལྷག་པ་ཚེ་རིང་མཆོག་ཡོངས་འཛིན་དུ་བསྟེན་ནས་གཞུང་ཆེན་བཀའ་པོད་ལྔ་ལ་སྦྱང་བརྩོན་གནང་། ཕལ་ཆེར་རྣམ་རྒྱལ་ཚེ་དབང་རིན་པོ་ཆེ་དང་དགེ་རྒན་གཅིག་པ་ཡིན་པ་འདྲ་ཁོང་གཉིས་ནི་ཀུན་གཟིགས་མཆོག་ལ་དབུ་འོག་དཔུང་འདེགས་ཞུ་མཁན་ཐུགས་སྲས་གཙོ་བོ་གཉིས་རེད། རིག་གསར་གྱི་གཡས་གཡོན་ལ་རིན་པོ་ཆེ་རྒྱ་ནག་ཏུ་ཁྲིད་ནས་ལོ་མང་བཞུགས་དགོས་བྱུང་ཞིང་། སྐབས་དེར་རྒྱ་ཡིག་དང་། བོད་ཀྱི་རིག་གནས་སྐོར་ལ་སྦྱངས་པ་གནང་རྒྱུ་གོ་སྐབས་བྱུང་བ་འདྲ། ༡༩༧༠ གཡས་གཡོན་ལ་གདན་ས་བཀྲ་ཤིས་ལྷུན་པོར་སློག་ཡོད་ཀྱང་རིག་གསར་གྱི་རླུང་ཚུབ་མ་ཡར་བར་སོང་འཐབ་འཛིང་བཏང་བར་མ་ཟད་རྔ་ཆེན་གློག་ཁང་གི་ལས་གྲར་བཏང་ནས་འོ་རྒྱལ་གང་ཙམ་བྱུང་བ་འདྲ།
༸པཎ་ཆེན་ཀུན་གཟིགས་གློ་བུར་འདས་ལ་ཡིད་མ་ཆེས། །
༸ཀུན་གཟིགས་པཎ་ཆེན་མཆོག་སྤྲུལ་ཕེབས་པར་བཀའ་དྲིན་ཆེ། །
༸མཆོག་སྤྲུལ་བསྟན་འཛིན་དགེ་འདུན་བློ་བུར་བཙན་འཁྲིད་བྱས། །
༸མཆོག་སྤྲུལ་གར་བཞུགས་གར་ཡོད་ཞལ་མཇལ་ཞུ་འདོད་ཡོད། །
བྱ་བྲལ་བླ་མའི་བཀའ་དྲིན་དེ། །
ཆོལ་ཁ་གསུམ་གྱིས་འཇལ་བར་དཀའ། །
བྱ་བྲལ་རིན་པོ་ཆེ་ཡི་སྐུ། །
འཚོ་བཞུགས་ཡོད་དང་མེད་དམ་ཅི། །