སྤྱན་ཆེན་པོ།
གཙང་བོ་ཞིག་བརྒལ་ཏེ་རྒྱང་ལ་སྐྱོད་སྐབས
ཁང་མིག་གི་ཕྱི་རོལ་ན
ཉི་མར་ལྡེས་པའི་རྡོ་བ་དག་དྲན་སོང
རླུང་མ་ལྡང་བའི་ཡར་སྔོན་དེར
རྡོ་བ་འདི་དག ཟོ་ཁ་ནས་འཐོར་བའི་ཆར་སྙིལ་བཞིན
གྱང་ཆག་དེའི་གས་སྲུབས་ནས་ཟགས་པས
རུལ་དྲི་དང་བག་འཁུམས་ཀྱི་རྩུབ་བརྡར་བར་ན
གད་སྙིགས་ལྷག་མ་དེའི་སྐྱོ་རོགས་སུ་གྱུར་འདུག
བཙན་པོ་སུ་ཞིག་གིས་མ་མཐོང་བ་དང
ཉམ་ཆུང་གང་དེས་མ་ཐེག་པའི་རྡོ་བ་འདི་དག
དུར་ཁྲོད་དང་འདྲ་བའི་ཁྱོད་ཚོའི་མིག་མདུན་ནས
རྩྭ་ལོའི་གསེབ་ཀྱི་ཀེང་རུས་དེ་ཡིན་ན་ཡང
སྙན་འཇེབས་ཀྱི་མགྲིན་པ་གཟེངས་སུ་གཏོད་དུས
རྡོ་བ་འདི་དག་ནི་འོད་ཀྲིག་ཀྲིག་གི
སེར་ལམ་ལམ་གྱི་རྣམ་ཤེས་དེའོ
༢༠༡༤-༡༡-༡༧