ཆུང་ཚེ་རིང་།
དེ་རིང་དྲྭ་ལམ་ཁག་ཏུ། མཁས་དབང་གདོང་ཐོག་བསྟན་པའི་རྒྱལ་མཚན་(༡༩༣༤-༢༠༡༥) མཆོག་དགོངས་པ་རྫོགས་པའི་གནས་ཚུལ་ཐོན་འདུག་པས། རིན་པོ་ཆེ་ཐེངས་ཁ་ཤས་ཞལ་མཇལ་མྱོང་བའི་ཆ་ནས་གཤམ་གསལ་རྗེས་དྲན་གྱི་རྩོམ་འདི་བྲིས་པ་ཡིན། གྲོགས་པོ་གཞན་ཚོས་ཀྱང་གཤམ་དུ་མཆན་བཀོད་དེ་ཁོང་གི་མཛད་པ་ཆ་ཚང་བར་མཛོད།
ཕྲན་ལ་གདོང་ཐོག་རིན་པོ་ཆེ་མ་མཇལ་གོང་། ཁོང་གིས་མཛད་པའི་དབྱིན་བོད་ཚིག་མཛོད་སྣང་བ་གསར་པ་ཞེས་པ་དེ་མཇལ། ཚིག་མཛོད་དེའི་ནང་། དབྱིན་ཇིའི་མ་ཚིག་དང་། དེའི་གོ་དོན་སྟོན་པའི་བོད་ཚིག དབྱིན་ཡིག་གི་སྒྲ་གདངས་སྒྲ་རྟགས་བཅས་ཡོད་པར་མ་ཟད། དབྱིན་ཇིའི་མིང་ཚིག་ཅིག་ནས་ཁྱད་ཚིག་དང་བྱ་ཚིག་ཏུ་འགྱུར་བ་འགྲོ་ཚུལ་སོགས་གསལ་པོ་ཡོད་པས། དབྱིན་ཡིག་ཐོག་མར་སྦྱོང་མཁན་ཚོར་ཕན་ཐོགས་ཧ་ཅང་ཆེ། ལྷག་པར་དུ་ཚིག་མཛོད་དེའི་ནང་བཀོད་པའི་བོད་ཚིག་མང་ཆེ་བ་བོད་རང་གི་གཞུང་ལུགས་ནས་བྱུང་བའི་ཐ་སྙད་དང་མཐུན་ཆེ་བས་ངས་གདེང་འཇོག་ཆེན་པོ་ཞུ་གི་ཡོད།
དེ་བཞིན་གདོང་ཐོག་རིན་པོ་ཆེས་༡༩༦༤ ལོར་བརྩམས་པའི་བསྟན་བཅོས་“དེང་དུས་དང་མཐུན་པའི་དབྱིན་སྐད་ཀྱི་སྒྲ་གཞུང་རིག་ལམ་གསལ་བའི་སྒྲོན་མེ་”ཞེས་པ་དེ་ནི། ཕལ་ཆེར་བོད་མི་ཞིག་གིས་དབྱིན་སྐད་ཀྱི་བརྡ་སྤྲོད་རྣམ་གཞག་སྐོར་ལ་བོད་སྐད་ནང་བརྩམས་པའི་བསྟན་བཅོས་ཐོག་མ་དེ་ཡིན་ཞིང་། བསྟན་བཅོས་དེའི་ས་བཅད་ཕྱེ་སྟངས་དང་གཞུང་བསྲིངས་སྟངས་སོགས་བོད་ཀྱི་སྲོལ་རྒྱུན་གྱི་བསྟན་བཅོས་རྩོམ་སྟངས་ལྟར་ཡིན་པ་གང་ཞིག་ལ། དབྱིན་སྐད་ཀྱི་བརྡ་སྤྲོད་གནད་འགག་རྣམས་བོད་སྐད་དུ་གོ་བདེར་བཀྲལ་བ་དང་། བེད་སྤྱོད་བྱེད་སྟངས་དབྱིན་ཡིག་གི་དཔེ་བརྗོད་དང་། དེའི་གོ་དོན་བོད་འགྱུར་དབུས་གཙང་གི་ཁ་སྐད་གཙོ་བོར་མཛད་པ་བཅས་ཡོད།
བསྟན་བཅོས་དེའི་རྩོམ་པར་དམ་བཅའ་བའི་སྐབས་ཁོང་གིས་“དེ་ལས་སྒྲ་ཡི་རིག་པའི་སྐོར། །ཀུན་ལ་སྦྱོང་བར་མ་ནུས་ཀྱང་། །གང་ཞིག་སྐྱེས་ཡུལ་རང་རིགས་དང་། །རྒྱལ་ཁམས་ཀུན་ཏུ་ཁྱབ་ཆེ་བའི། །སྒྲ་རིག་དག་ལ་བསླབ་པ་ནི། །དགོས་གནད་ཆེ་བར་ཡོངས་མཐོང་ནས། །འཛམ་གླིང་ཀུན་ཏུ་ཆེས་དར་བའི། །དབྱིན་སྐད་རྣམ་གཞག་ཅུང་ཟད་སྤེལ། །ཞེས་གསུངས་ཡོད། གོང་གསལ་ཚིག་མཛོད་དང་སྒྲ་གཞུང་གཉིས། བོད་ནས་རྒྱ་གར་དུ་ཕེབས་རྗེས་ཆ་རྐྱེན་ཤིན་ཏུ་ཞན་པའི་གནས་སྟངས་འོག་མཛད་པའི་ཆ་ནས་བལྟས་ན། དེ་གཉིས་ཀྱི་སྤུས་ཚད་ལ་ཧང་སངས་དགོས་པ་ཞིག་རེད།
གདོང་ཐོག་རིན་པོ་ཆེའི་གསུང་རྩོམ་གཞན་ཞིག་ནི། རྩོམ་བྲིས་སྣ་ཚོགས་ཕྱོགས་བསྡུས་ཨུཏྤལ་གཞོན་ནུའི་ཆུན་པོ་ཞེས་པ་དེ་ཡིན། དེབ་འདི་ཕྲན་རྡ་ས་མེག་ལོར་གྷན་ཇིའི་ཁྲོམ་གཞུང་མྱུལ་སྐབས་ཤིག་ལ། ཁྲོམ་སྲང་དུ་བཙོང་གི་འདུག་པ་ལག་ཏུ་ལེན་སྐབས། ཁོ་བོའི་དགེ་རྒན་ཤ་འབྲོང་བཀྲ་ཤིས་རྒྱ་མཚོ་ལགས་ཀྱིས། དེབ་འདི་ཉོ་འོས། གདོང་ཐོག་རིན་པོ་ཆེའི་སྙན་ངག་དང་ཡིག་གཟུགས་ལ་མཁས་པ་མང་པོས་བསྔགས་བརྗོད་ཞུ་གི་ཡོད་རེད་ཟེར་བས། ངས་ཀྱང་ཉོས་ཏེ་བཀླགས་པ་ཡིན། དཔེ་དེབ་དེ་ནི་གདོང་ཐོག་རིན་པོ་ཆེའི་དཔེ་དེབ་མང་ཆེ་བ་དང་འདྲ་བར་སུག་བྲིས་པར་མ་ཡིན་ཞིང་། ནང་དོན་ནི་ཆབ་ཤོག་དང་སྙན་ཚིག་སོགས་རྩོམ་ཡིག་ཐོར་བུ་མང་པོ་ཕྱོགས་གཅིག་ཏུ་བསྡེབས་པ་ཞིག་རེད་འདུག
https://www.facebook.com/photo.php?fbid=894083727309326&set=a.105410009510039.2824.100001231217805&type=1
༡༩༩༥ལོར་ཨ་མྱེས་རྨ་ཆེན་བོད་ཀྱི་རིག་གཞུང་ཞིབ་འཇུག་ཁང་གིས། བོད་རྒྱལ་ཡོངས་རྩོམ་པ་པོའི་ཚོགས་འདུ་ཐེངས་དང་པོ་དེ། བཞུགས་སྒར་རྡ་སར་སྐོང་སྐབས་ཕྲན་ཡང་མགྲོན་འབོད་བྱུང་བ་ལྟར་ཚོགས་བཅར་ཞུས། སྐབས་དེར་སུད་སི་ནས་མཁས་དབང་རཀ་ར་ཐུབ་བསྟན་ཆོས་དར་རིན་པོ་ཆེ་དང་། ཨ་རི་ནས་མཁས་དབང་གདོང་ཐོག་བསྟན་པའི་རྒྱལ་མཚན་རིན་པོ་ཆེ། བཞུགས་སྒར་རྡ་ས་ནས་རིགས་སློབ་དབུ་དགེ་མཁས་དབང་བློ་བཟང་རྒྱ་མཚོ་སོགས་མཁས་དབང་བགྲེས་གྲས་མང་པོ་ཕེབས་འདུག་པས། དེ་དུས་གདོང་ཐོག་རིན་པོ་ཆེ་ཐོག་མར་མཇལ། འོན་ཀྱང་སྐབས་དེའི་ཚོགས་བཅར་བའི་ཁོངས་ཕྲན་གྱི་སློབ་གྲོགས་མགོན་སྐྱབས་དང་ཕྲན་གཉིས་ལོ་ན་ཆུང་ཤོས་གྲས་ཡིན་འདུག་པས། མཁས་དབང་བགྲེས་གྲས་ཚོའི་མདུན་དུ་འཚང་ནས་ཞལ་འདྲིས་གླེང་མོལ་ཞུ་བའི་སྤོབས་པ་ནི་མ་བྱུང་།
ཚོགས་ཐུན་གཅིག་གི་སྐབས་སུ། དབྱིན་སྐད་ཀྱི་མི་མིང་དང་ས་མིང་བོད་ཡིག་ནང་འབྲི་སྟངས་སྐོར་གླེང་སློང་བྱུང་སོང་ཞིང་། སྐབས་དེར་མང་ཆེ་བས་སྔགས་ཡིག་གི་འབྲི་སྟངས་རང་རྩ་འཛིན་བྱས་ན་ལེགས་པའི་བསམ་ཚུལ་གསུངས། ཕྲན་གྱིས་སྔགས་ཡིག་དེ་རྒྱ་གར་གྱི་སྐད་ནས་ས་མིང་མི་མིང་བསྒྱུར་སྐབས་བེད་སྤྱོད་བཏང་ན་ལེགས་ཀྱང་། སྐད་ཡིག་གཞན་དབྱིན་ཇི་ལྟ་བུ་ནས་བསྒྱུར་སྐབས་མི་ལེགས། སྔགས་ཡིག་ཀློག་ཤེས་མཁན་ཡང་ཧ་ཅང་ཉུང་ཚུལ་བསམ་འཆར་ཞུས་པར། དེ་གའི་མཇུག་ཏུ་གདོང་ཐོག་རིན་པོ་ཆེ་བཞེངས་ཏེ། ཕྲན་གྱི་བསམ་ཚུལ་ངོ་མ་གང་ཡིན་ཞིབ་ཆ་མཁྱེན་རྟོགས་མ་བྱུང་ཞེས་གསུངས་པ་དང་སྦྲགས་ཁོང་གི་དགོངས་ཚུལ་གསུངས་སོང་། དེ་གའི་མཇུག་ཏུ་ཚོགས་འདུའི་གཙོ་སྐྱོང་བས་ཆུང་ཚེ་རིང་གིས་འདིར་འཛོམས་བོད་ཀྱི་མཁས་དབང་ཚོས་སྔགས་ཀློག་ཤེས་ཀྱི་མ་རེད་ཅེས་མཐོང་ཆུང་བྱས་སོང་ཞེས་བཀའ་བཀྱོན་ཚ་ནན་ཞིག་ཚོགས་ཐོག་རང་ལ་གནང་སོང་སྟེ། ང་ནི་རང་གི་བསམ་ཚུལ་ཞུ་ཐུབ་པ་དེ་གས་ཡིད་ཚིམ་ནས་བསྡད།
བར་སྐབས་ཤིག་ནས་དོལ་རྒྱལ་གྱི་རྙོག་གྲ་དེ་ཤུགས་ཆེན་པོ་ཆགས་སྟབས། ཕྲན་གྱི་ངོས་ནས་ཀྱང་དེའི་སྐོར་གྱི་དཔེ་དེབ་འགའ་བཙལ་བས། གདོང་ཐོག་རིན་པོ་ཆེས་དོལ་རྒྱལ་སྐོར་ལ། ༸གོང་ས་༸སྐྱབས་མགོན་༸རྒྱལ་བའི་དབང་པོ་མཆོག་གི་ལྷ་སྲུང་བསྟེན་ཕྱོགས་བཀའ་སློབ་ལ་རྒོལ་བའི་རྩོད་ཟློག་བདེན་གཏམ་ས་གཞི་འདར་བའི་འབྲུག་སྒྲ་ཞེས་པ་དང་། དགག་ལན་རྣོ་མྱུར་རིགས་པའི་རལ་གྲིའི་འཕྲུལ་འཁོར། འཇམ་མགོན་རྒྱལ་བའི་བསྟན་དགྲ་རྡུལ་དུ་རླག་བྱེད་ལུང་རིགས་གནམ་ལྕགས་ཐོག་མདའ། འཐད་པར་སྨྲ་བའི་གཏམ་མདོངས་མཐའ་སིམ་པའི་ཟློས་གར་བཅས་མཛད་ཡོད་པ་ཤེས། དེ་ཚོ་ཕལ་མོ་ཆེ་ནི་མདོ་སྨད་པ་ཡོན་ཏན་རྒྱ་མཚོར་དོལ་རྒྱལ་སྐོར་ལ་དགག་པ་མཛད་པའི་དགག་རྩོམ་རེད། དེ་མིན་གཞན་ཡང་ཡོད་སྲིད།
ཕྱི་ལོ་༢༠༠༢ ལོར་མཁས་དབང་ཁོང་གིས་བོད་ཀྱི་རྒྱལ་རབས་ལོ་ཚིགས་དང་དུས་འགྱུར་ལ་དཔྱད་པ་ཞེས་པའི་དཔེ་དེབ་གསར་དུ་བརྩམས་ཏེ་སྤེལ་བ་དང་སྟབས་བསྟུན། རྒྱ་གར་ནང་ཕེབས་སྐབས་ཤིག་ལ་རྡ་ས་བོད་ཀྱི་དཔེ་མཛོད་ཁང་གིས་དཔེ་མཛོད་ཚོགས་ཁང་དུ་ཁོང་གདན་འདྲེན་ཞུས་ཏེ་གསུང་བཤད་གནང་སོང་། སྐབས་དེ་དུས་ཁོང་གིས་ལོ་རྒྱུས་དཔེ་དེབ་དེའི་ནང་དོན་སྤྱི་དང་། ལྷག་པར་རིན་པོ་ཆེས་གལ་ཆེར་དགོངས་པའི་དོན་གནད་ཁག་ཅིག་སྐོར་ལ་གསུང་བཤད་ཟབ་རྒྱས་གནང་སོང་བའི་ཁོངས་ནས། རིན་པོ་ཆེས་གནའ་རབས་ཀྱི་ལོ་རྒྱུས་གསུང་སྐབས་ཀྱི་གཞི་འཛིན་སའི་རྒྱུ་ཆ་མང་པོ་ཞིག ཉེ་རབས་གཞོན་སྐྱེས་ཚོས་བྲིས་པའི་ལོ་རྒྱུས་སྐོར་གྱི་རྩོམ་ཡིག་གསར་པ་རྣམས་རེད་འདུག་པས། དེ་ལ་ང་རང་དེ་ཙམ་མགུ་པོ་མ་བྱུང་།
ཕྱི་ལོ་༢༠༠༤ ལོར་རིན་པོ་ཆེའི་རང་རྣམ་“ཏྲེ་ཧོར་གདོང་སྤྲུལ་བསྟན་པའི་རྒྱལ་མཚན་འདིར་སྣང་ཡོ་ལང་ལོ་རྒྱུས་བརྗོད་པ་ཟོལ་མེད་ངག་གི་རོལ་མོ་”ཞེས་པ་དེ་སྤེལ། ༢༠༡༠ ལོར། “བོད་ཀྱི་ལོ་རྒྱུས་དང་འབྲེལ་བའི་ལོ་ཚིགས་ངེས་རྙེད་མཁས་པའི་ངག་རྒྱན་”ཞེས་པ་སྤེལ། དེ་མིན་བཙན་བྱོལ་ནང་གི་ཚགས་པར་དུས་དེབ་སོགས་སུ་ཁོང་གི་དགོངས་འཆར་སྤེལ་བ་འགའ་ཞིག་མཆིས།
མཁས་དབང་ཏྲེ་ཧོར་གདོང་ཐོག་བསྟན་པའི་རྒྱལ་མཚན་རིན་པོ་ཆེ་མཆོག་ནི། བོད་ཀྱི་ནང་དོན་རིག་པ་དང་། སྐད་ཡིག རྩོམ་རིག་བཅས་ལ་བྱང་ཆུབ་པའི་མཁས་དབང་ཞིག་ཡིན་པར་མ་ཟད། དབྱིན་སྐད་དང་བོད་ཀྱི་ལོ་རྒྱུས་ལའང་མཁས་པ་ཞིག་རེད། རིན་པོ་ཆེས་སྐུ་ཚེ་ཧྲིལ་པོར་འཆད་རྩོད་རྩོམ་གསུམ་གྱི་སྒོ་ནས་མཁས་པའི་མཛད་པ་བསྐྱངས་ཡོད་ཅིང་། ལྷག་པར་ཆོས་སྲིད་གང་ཐད་ལ་རང་ཉིད་ཀྱི་དགོངས་ཚུལ་གསུངས་རྒྱུར་འཇིགས་ཞུམ་མེད་པ་ཞིག་རེད།། །།
༼རྩོམ་པ་པོ་ཆུང་ཚེ་རིང་ལགས་ཀྱི་ངོ་དེབ་ནས་དྲངས།༽
གདོང་ཐོག་རིན་པོ་ཆེས་དོལ་རྒྱལ་བསྐོར་ལ་འགག་ལན། དུས་ཀྱི་མེ་ལོང་དང་། དུས་ཀྱི་སྦྲང་ཆར་ཞེས་པ་དེབ་གཉིས་ཡོད་པ་གོ་མྱོང་ཡོད། ཡིན་ནའང་ཀློག་མྱོང་མེད།
ལོ་མང་པོ་ཞིག་སྔོན་ནས་དེབ་དེ་གཉིས་བཀླགས།
རྒྱལ་བ་ཙོང་ཁ་པའི་འདས་མཆོད་ལ་བོད་གཞུང་ལས་བྱེད་ངལ་གསོ་ཡོད་པར་དེ་ལྟར་ན་ཆོས་བརྒྱུད་གཞན་པལའང་དགོས་པའི་རེ་འདུན་བཏོན་པ་དང་། རྒྱལ་དར་གྱི་མཐའ་ལྕགས་སེར་པོའི་འགྲེལ་བཤད་དུ་དགེ་ལྡན་རིང་ལུགས་དུ་བཀྲལ་བར་རྡོར་གླིང་རང་དབང་གསར་ཁང་བརྒྱུད་བསམ་ཚུལ་བཏོན་པར་གསེར་སྦྱང་གཙོ་མ་ལྟ་བུའི་རིང་ལུགས་དུ་བསྒྱུར་བ་སོགས་བོད་དོན་ལ་བཀའ་དྲིན་ཤིན་ཏུ་ཆེ་བ་ཡིན།
ང་དྷ་སར་ སློབ་གཉེར་ བྱེད་དུས་ ཁོང་སྐྱ་ལ་ བབས་ནས་ ༸སྐྱབས་རྗེ་ ཁྲི་བྱང་ རིན་པོ་ཆེ་ མཆོག་གི་ མཞལ་ཁ་ལ་ བཅར་དུས། ༸སྐྱབས་རྗེ་ ཁོང་གིས་ གདོང་ཐོག ཁོང་ལ་ ཁྱེད་རང་ གྲྭ་པ་ལོག་པ་ མ་གཏོགས་ བླ་མ་ལོག་ ཡོད་མ་རེད། ད་དུང་ ཡག་པ་གྱིས་ སོགས་གསུངས་ནས་ གདོང་ཐོག་ རིན་པོ་ཆེ་ཡི་ ཐུགས་སྤོབས་ གཟེངས་སུ་ བསྟོད་པ་ མཛད་པ་ ཁོང་རང་གིས་ གསུངས་པ་རེད་ ཅེས་པ་ཅིག་ གོ་མྱོང་བས་ འདིར་ བཀོད་པ་ ཡིན་།
འདས་པོར་ མྱ་ངན་ གུས་དུད་དང་ སྨོན་ལམ་ ཞུའོ།།
གདོང་ཐོག་བསྟན་པའི་རྒྱལ་མཚན་ཡོངས་སུ་གྲགས་།
ཆོས་སྲིད་གཉིས་ལ་མཁྱེན་པའི་བློ་བརྩལ་ཆེ་།
ཞལ་མཇལ་གསུང་ཐོས་སྐལ་བ་མ་བྱུང་ཡང་།
བང་ཆེན་གསར་ཤོག་བརྒྱུད་ནས་གཏམ་གླེང་གིས་།
ཐུགས་ཀྱི་དགོང་པ་གསལ་པོ་ཤེས་པ་ནས་།
དྲང་གཏམ་གཅེར་བུའི་ངོ་ཚ་འབས་བསང་མེད་།
བདེན་གཏམ་གསལ་པོར་བརྗོད་པ་ངོ་ཚར་ཆེ་།
སྐུ་བཞིའི་གོ་འཕང་བདེ་རླག་མྱུར་ཐོབ་ཤོག་།
གདོང་ཐོག་སྤྲུྤྲུལ་སྐུ་ནི་ཆོས་ལུགས་གི་ལྟ་བ་ཕྱོགས་འཛིན་པ་ཞིག་ཡིན་པ་གོ་མཐོས་བྱུང་བའི་ཡིན་མིན་ཆ་མ་ཏོག
༄།། མཁས་པའི་དབང་པོ་གདོང་ཐོག་སྐུ་འཕྲེང་ལྔ་པ་བསྟན་པའི་རྒྱལ་མཚན་མཆོག་སྐུ་གཤེགས་པར་མྱ་ངན་གུས་འདུད་ཞུ།
རིན་པོ་ཆེ་ཉིད་ཀྱིས་མཛད་པའི་དུས་ཀྱི་སྦྲང་ཆར་ལས། རབ་བྱུང་བཅུ་དྲུག་པའི་ཆུ་བྱ་ཕྱི་ལོ་ ༡༩༣༣ ལོར་འཁྲུངས་པར་གསུངས།
ས་སྐྱ་བདག་ཆེན་ངག་དབང་ཀུན་དགའ་རིན་ཆེན་གྱིས་གདོང་སྤྲུལ་བཞི་པའི་ཡང་སྲིད་དུ་ངོས་འཛིན་མཛད། རྫོང་གསར་ཁམས་བྱེ་བཤད་གྲྭ་སོགས་སུ་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས་དང་། མཁན་པོ་ཐུབ་བསྟན་རྒྱལ་མཚན་ངོར་ཁང་གསར་མཁན་པོ་གཞན་ཕན་སྙིང་པོ་སོགས་ཀྱི་ཞལ་སྔ་ནས་མདོ་སྔགས་རིག་གནས་དང་བཅས་པར་གསན་སྦྱོང་མཛད། བཙན་བྱོལ་དུ་ཕེབས་རྗེས་རྡ་རམ་ས་ལར་ཞབས་ཞུའི་ཕྱག་ལས་གནང་། ཕྱིས་སུ་ཨ་རིར་ཕེབས། ཁོང་གི་སྐུ་ཚེའི་ནང་མཁས་པའི་བྱ་བ་འཆད་རྩོད་རྩོམ་གསུམ་ལས་རྩོམ་པ་གཙོ་བོ་མཛད། གསུང་རྩོམ་གོང་དུ་དྲངས་པ་རྣམས་དང་། ད་དུང་དུས་ཀྱི་སྦྲང་ཆར། དག་བྱེད་ཟེགས་མ། ས་སྐྱ་ཆོས་འབྱུང་རྣམས་ཡོད། རིགས་པའི་རལ་གྲིའི་འཕྲུལ་འཁོར་དང་། ལུང་རིགས་གནམ་ལྕགས་ཐོག་མདའ་གཉིས་འབྲི་བ་པོ་ནི་ཕྲན་གྱི་རྣམ་རྟོག་གི་ངོ་ན་ཡོན་ཏན་རྒྱ་མཚོ་ཡིན་པ་ལས་གདོང་ཐོག་སྤྲལ་སྐུ་མ་ཡིན་སྙམ།
ཁ་ཞིག་རང་གི་ཆོས་བརྒྱུད་ལས་གཞན་པའི་མཁས་དབང་འདྲ་མཐོང་དུས་ཆོས་ལུགས་ཀྱི་ལྟ་བ་ཕྱོགས་འཛིན་པའི་མིང་འདོགས་གྲབ་བྱེད་གི གལ་ཏེ་ཁོང་རང་གི་ཆོས་བརྒྱུད་ཀྱི་ཡིན་ན་ག་རེ་ཟེར་ཡོང་།
ད་བོད་ཀྱི་བླ་སྤྲུལ་མཁན་དགེ་བསླབ་པ་རྒན་པ་རྣམས་དང་མཁས་པ་རྒན་རབས་པ་རྣམས་རྫོགས་འགྲོ་བཞིན་འདུག ཁོང་ག་དུས་དགོངས་པ་རྫོགས་མིན་གསལ་ཁ་གསུང་ཐུབ་མཁན་ཡོད་ན་དགའ་བསུ་ཞུ། ཁོང་དགོངས་པ་རྫོགས་པ་རེད་ཟེར་དུས། གང་དུ་ཇི་ལྟར་ག་དུས་དགོངས་པ་རྫོགས་པའི་སྐོར་ཤེས་རྒྱུ་ནི་ཤིན་ཏུ་གལ་ཆེན་རེད།
ཁོང་གིས་བརྩམས་པའི་ལམ་འབྲས་བླ་བརྒྱུད་ཀྱི་རྣམ་ཐར་ཆོས་འབྱུང་ཞིག་དང་བདག་ཁྲི་རྡོ་རྗེ་འཆང་གི་གསན་ཡིག་ཅིག་ཀྱང་བཀླགས་མྱོང་། དེང་དུས་གློག་ཀླད་ཀྱི་མཐུན་རྐྱེན་ཡོད་བཞིན་དུ་ལག་བྲིས་ཀྱི་ལམ་ནས་དཔེ་དེབ་མཐུག་པོ་འབྲི་བའི་སྙིང་སྟོབས་གཅིག་པུར་བལྟས་ཀྱང་། ཞེ་ས་མ་ཞུས་ན་ཁོང་པ་མགོ་མཁྲེགས་པོ་དང་སེམས་སྟོབས་ཡོད་མཁན་ཀྱི་རྒན་པོ་ཞིག་རེད། ཁོང་ལྟ་བུའི་མཁས་པ་རྒན་གྲས་ཤིག་ཞལ་མཇལ་མ་བྱུང་བ་ནི་བློ་ཕམ་པོ་ཡིན།
༄།། ཕྲན་གྱིས་མཐོང་ཐོས་བྱུང་བར ༢༠༡༥/༡/༡༣ ལ་ཨ་རིར་དགུང་ལོ་གྱ་གཉིས་སྟེང་དགོངས་པ་རྫོགས་འདུག
ད་གདོང་ཡོན་གཉིས་མཇལ་འཕྲད་ཡོང་སྲིད
གདོང་ཐོག་རིན་པོ་ཆེ། ཆོས་བརྒྱུད་ས་སྐྱ་རེད་དམ། ཆུང་ཚེ་རིང་ལགས་ཀྱིས་རྩོམ་ཞིག་སྤེལ་ཁུལ་བྱས་པ་ཙམ་ལས་གོ་ཆོད་པ་ཞིག་བྲིས་མི་འདུག གལ་ཏེ་འདི་འདྲ་སྤེལ་ན་ངེས་པར་དུ་གདོང་ཐོག་ཚང་གི་ངོ་སྤྲོད་མདོར་བསྡུས་ཤིག་དགོས་པ་རེད། དེ་མིན་ཆ་མ་ཚང་བའི་རྩོམ་འདི་འདྲ་སྤེལ་ན་དོན་འབྲས་དབེན་ནོ། གདོང་ཐོག་ཟེར་ན་སུ་ཡིན་མི་ཤེས་མཁན་ང་དང་ང་འདྲ་བ་མང་པོ་ཡོད་སྲིད་པ་རེད།།
གདོང་ཐོག་རིན་པོ་ཆེ་མཁས་པ་ཆེན་པོ་ཞིག་རེད། བོད་རྒྱ་ཚིག་མཛོད་ཆེན་མོའི་མཇུག་གི་ལོ་ཚིགས་ཀྱི་ཁུངས་སུ་ཡང་བཙན་བྱོལ་ནང་གི་མཁས་པའི་གྲས་ལ་་གདོང་ཐོག་དང་བདུད་འཇོམས་གཉིས་ཙམ་ལས་གཞན་སུ་ཡང་བཅོལ་མེད་པ་རེད། ཁོང་རྣམ་པ་ལ་མཁས་པའི་གདེངས་འཇོག་ཡོད་སྟངས་དེ་འདྲ་རེད།
གྱོང་གུད་ཆེ་ཤོས་དེ་གདོང་ཐོག་རིན་པོ་ཆེ་ཨ་མེ་རི་ཁར་ཕེབས་པ་དེ་རེད། རིན་པོ་ཆེ་ཕྱི་རྒྱལ་དུ་ཕེབས་ནས་བཟུང་བོད་རང་གི་རིག་གནས་ཀྱི་སློབ་སྦྱོང་འཕྲོ་མཐུད་མ་ཐུབ་པའི་སྟེང་དུ་ཅིག་ཤེས་པ་དེ་དག་ཀྱང་རིམ་གྱིས་བརྗེད་འགྲོ་བ་ཆོས་ཉིད་རེད། བཟོ་གྲྭའི་ལས་ཀ་ཙམ་གྱིས་ཁྱིམ་ཚང་གི་འཚོ་བ་མགོ་འདོན་ཙམ་གྱིས་དུས་འདས། ལས་ཀ་བ་དཀྱུས་མ་ཞིག་གི་ཚུལ་གྱིས་སྐུ་ཚེ་འཁྱོལ་བ་མ་གཏོགས་ཕྱིའི་རིག་གནས་ལ་ཡང་སློབ་སྦྱོང་གི་གོ་སྐབས་མ་ཐོབ། རྒས་ཡོལ་བྱས་རྗེས་སུ་ས་པན་བཤད་སྒྲུབ་གླིང་དུ་དེབ་རེ་ཟུང་པར་བསྐྲུན་སོགས་ལས་ཀ་ཅུང་ཟད་རེ་བྱེད་མགོ་བརྩམས་ཀྱང་མིང་ཙམ་ལས་དོན་ཐོག་ཏུ་འཁྱོལ་བ་མང་པོ་ཅང་མ་བྱུང་བ་རེད། ཕྱི་རྒྱལ་དུ་ཕེབས་ཚུན་བྲིས་པའི་རྩོམ་ཡིག་ཚོར་ཡང་ཡར་རྒྱས་ཀྱི་རྣམ་པའམ།་དུས་དང་མཐུན་པའི་མདུན་སྐྱོད་ཀྱི་བཟང་ཆ་ཆེར་མཐོང་རྒྱུ་མེད་པའི་སྟེང་ལ་ཞིབ་ཆ་མེད་པ་སོགས་ཅུང་ཉམས་རྒུད་དུ་ཕྱིན་པ་ལྟ་བུ་ཡང་འདུག
ཁོང་གི་སྐུ་ཚེའི་རྣམ་ཐར་འདིའི་ཐོག་ནས་བོད་ཀྱི་མཁས་པ་ན་གཞོན་ཚོར་དཔེ་གསལ་པོ་ཞིག་སྟོན་གྱིན་འདུག དེ་ནི་རང་རང་གི་རིག་གནས་གང་དང་གང་ལ་སྦྱངས་ཀྱིན་ཡོད་ན་ཡང་འདྲ། སྐབས་སུ་བབ་པའི་བོད་རང་དབང་ལས་འགུལ་གྱི་ཆབ་སྲིད་ལས་ཀ་བྱེད་ཀྱིན་ཡོད་ན་ཡང་འདྲ། ཚེ་དང་སྒྲུབ་པ་མཉམ་པའི་ཆོས་པ་ཞིག་བྱེད་འདོད་ཡོད་ན་ཡང་འདྲ། ལས་ཀ་དེ་མགོ་བརྩམས་ན་མཇུག་ཡོད་པ་ཞིག་མཛད་རྒྱུ་དང་། ལྷག་པར་ཡང་ཕྱི་རྒྱལ་ལ་འགྲོ་མཁན་ཚོས་སློབ་སྦྱོང་གི་ལས་དོན་གཙོས་པའི་མི་ཚེའི་ཁ་ཕྱོགས་ལམ་ཕྱོགས་འཕྲོ་བརླགས་སུ་འགྲོ་བའི་ཉེན་ཁ་ཧ་ཅང་ཆེ་བ་ཤེས་དགོས་ཀྱིན་འདུག ཡར་རྒྱས་ཅན་གྱི་ཡུལ་ལུང་ནང་དུ་འཚོ་བ་སྐྱེལ་བ་དེ་ཕྱོགས་གཅིག་ནས་ཁྲ་ཁྲ་ཟིང་འདྲ་བོ་ཞིག་ཡོད་ན་ཡང་དོན་དུ་ཉིན་མཚན་ཁོར་མོ་ཡུག་ཏུ་ལས་བྲེལ་གྱིས་ངང་ནས་མི་ཚེ་རྫོགས་འགྲོ་ས་ཞིག་རེད།
འདི་ནི་ངས་མཁས་པའི་དབང་པོ་གདོང་ཐོག་བསྟན་པའི་རྒྱལ་མཚན་མཆོག་ལ་རྗེས་དྲན་ཞུ་སྟངས་ཞིག་ཡིན།
མཐའ་དོན་ལ། ཁོང་གི་རྣམ་དཔྱོད་ལས་བྱུང་བའི་ཡིག་ཆ་དེ་དག་ལ་དཔེ་གཟིགས་སློབ་སྦྱོང་ནུས་ན་ཕན་ཐོགས་ཡོད་པ་མང་པོ་ཞིག་ཡོད་ངེས་པ་ལགས་སོ།།
མཁས་དབང་ཁོང་ལ་གུས་འདུད་དང་། ནང་མིར་འཚམས་འདྲི་ཡོད།
གང་ལྟར་ཁོང་རྩོད་རྙོག་གིས་མི་ཚེ་ཟད། རྩོད་རྙོག་གིས་དྲན་གསོ་ཞུ་དགོས་པའི་མཁས་པ་ཞིག་རེད་འདུག ཁོང་གི་ནང་མི་རྣམས་ལ་སེམས་གསོ་འབུལ་རྒྱུ་དང་། འཇིག་རྟེན་གྱི་ཕ་རོལ་དེར་མདོ་སྨད་ཡོན་ཏན་རྒྱ་མཚོ་དང་། ཁྲི་བྱང་རིན་པོ་ཆེ། ཕ་བོང་ཁ་པ་རིན་པོ་ཆེ་བཅས་ཀྱིས་ཁོང་ལ་རྟགས་བསལ་ཚ་པོ་ཞིག་གཏོང་བར་སྒུག་ནས་བསྡད་མེད་པའི་སྨོན་ལམ་ཡོད། དེ་མིན་ཚེ་ཕྱི་མ་ཡང་རྩོད་རྙོག་སྟེང་ཟད་པའི་ཉེན་ཁ་མེད་པ་མིན། སྔོན་མ་ཁོང་ལ་བྲིས་པའི་ཚིགས་བཅད་འདི་འདྲ་ཞིག་མཐོང་མྱོང་། ཡ་ད་མ་འབྲི། གཞན་སེམས་འཁྲུག་རོགས་རེད། དེ་ལས་མ་ནི་འདོན་གྱི་ཡིན།
ཨོཾ་མ་ཎི་པད་མེ་ཧཱུཾ།
གདོང་ཐོག་རིན་པོ་ཆེ། རྩ་བའི་ཆོས་བརྒྱུད་ས་སྐྱ་ཡིན་པ་འདྲ། ཕྱིས་སུ་་་་་་་
་་་་་་་་་་ # 15 སྤོབས་པ་མཐའ་ཡས།་ལགས་ཀྱིས་མཆན་བཏབ་པ།:
January 15th, 2015 at 7:06 PM
གདོང་ཐོག་རིན་པོ་ཆེ་མཁས་པ་ཆེན་པོ་ཞིག་རེད། བོད་རྒྱ་ཚིག་མཛོད་ཆེན་མོའི་མཇུག་གི་ལོ་ཚིགས་ཀྱི་ཁུངས་སུ་ཡང་བཙན་བྱོལ་ནང་གི་མཁས་པའི་གྲས་ལ་་གདོང་ཐོག་དང་བདུད་འཇོམས་གཉིས་ཙམ་ལས་གཞན་སུ་ཡང་བཅོལ་མེད་པ་རེད། ་་་་་་་་་་་
་་་་་་་་་་་་ འཇིག་རྟེན་གྱི་ཕ་རོལ་དེར་མདོ་སྨད་ཡོན་ཏན་རྒྱ་མཚོ་དང་། ཁྲི་བྱང་རིན་པོ་ཆེ། ཕ་བོང་ཁ་པ་རིན་པོ་ཆེ་བཅས་ཀྱིས་ཁོང་ལ་རྟགས་བསལ་ཚ་པོ་ཞིག་གཏོང་བར་སྒུག་ནས་བསྡད་མེད་པའི་སྨོན་ལམ་ཡོད། ་་་་་་་་་་ ཨེ།
གཟུགས་མེད་འདྲེ་རྒོད་དོལ་རྒྱལ་དང་། །
འཕྲིན་བཅོལ་རྩོམ་མཁན་༸ཕ་བོང་ཁ། །
སྲོག་གཏད་སྤེལ་མཁན་༸ཁྲི་བྱང་ལ། །
གདོང་ཐོག་བླ་སྤྲུལ་སྐྲག་མི་དགོས། །
གདོང་ཐོག་རིན་པོ་ཆེ་ཨིན་བོད་ཚིག་མཛོད་དེ། བོད་སྐད་ཐོག་ནས་ཨིན་ཚིག་ཤེས་དགོས་པར་ཕན་ཐོགས་ཆེ་བས་ཡུན་རིང་པོ་ཞིག་ལ་དོན་གཉེར་གྱིས་བལྟས། རིན་པོ་ཆེ་སྔོན་རྒྱ་གར་ཌལ་ཧོ་ཟིར་རྒྱ་གར་པ་འགའ་ཞིག་བོད་སྐད་སློབ་པར་མཛད་ཅེས་ཐོས། དེ་ནས་ཨ་རིའི་གྲོང་ཁྱེར་ནེཝ་ཡོརྐ་ལ་ལ་རྩེ་དཔེ་མཛོད་དུ་གསུང་བཤད་བགྲོ་གླེང་ལ་གདན་འདྲེན་ཞུས་སྐབས་ཞལ་མཇལ། རིང་པོར་མི་ཐོགས་པར་རང་ཅག་ཚང་མ་འགྲོ་དགོས་ལྟར། རིན་པོ་ཆེ་མཆོག་སྐུ་གཤེགས་པར་གང་གི་ཐུགས་བཞེད་ཡོངས་སུ་རྫོགས་པ་དང་། རིན་པོ་ཆེ་སྲས་མོ་ཞིག་ཀོ་ལམྦི་ཡ་སློབ་གྲྭ་ཆེན་མོར་ལོ་མང་སྔོན་དུ་སློབ་སྦྱོང་ལ་ཡོད་པ་མཇལ་མྱོང་སོགས་ནང་མི་ཡོངས་ལ་མི་རྟག་པར་མཉམ་སྐྱེད་གདུང་བ་ཞུའོ། །
གདོང་ཐོག་རིན་པོ་ཆེ་དངོས་གནས་གཟུར་གནས་ཀྱི་མཁས་པ་དང་སྙིང་སྟོབས་ཅན་ཞིག་རེད། འོན་ཀྱང་འཇིག་རྟེན་མི་ཐབས་ནི་ཅི་ཡང་མི་འཇོན་མཁན་ཞིག་ཡིན་པ་འདྲ། གང་ལྟར་དམ་པའི་སྐྱེས་བུ་ཞིག་མ་བཞུགས་པའི་གནས་ཚུལ་ཐོས་དུས་སེམས་མ་བདེ་ལྷང་ལྷང་ཞིག་བྱུང་། ཡང་སྲིད་འཁྲུལ་བྲལ་འབྱོན་པའི་འདུན་སྨོན་དང་སྐུ་འཁོར་ཤུལ་ལུས་ལ་ཐུགས་གསོའི་འཚམ
འདྲི་ཞུ། ཁོང་དང་རྩོད་ཟླ་མདོ་སྨད་པ་ཡོ་ཏན་རྒྱ་མཚོ་ཞུ་བ་དེ་སུ་ཡིན་ནམ། དེས་བརྩམས་པའི་བརྒལ་ལན་དེབ་ཁ་ཤས་བལྟ་མྱོང་ཡང་ངོ་ཐོག་མི་སུ་ཡིན་རྩ་བ་ནས་ཤེས་མ་སོང་།།
མཁས་དབང་གདོང་ཐོག་རིན་པོ་ཆེའི་བརྩམ་ཆོས་ཕལ་ཆེར་བ་ཁོང་རང་གི་ཕྱག་བྲིས་ལས་དཔེ་གཟུགས་དུ་བསྐྲུན་པ་འདིས་མཁས་དབང་ཁོང་ནི་སྐྱེས་བུ་ག་འདྲ་ཞིག་ཡིན་མིན་ཤེས་ཐུབ། ངས་ཁོང་གི་སྙིང་སྟོབས་ལ་གུས་འདུད་ཞུ།
སྤྱང་ཤོག་ལ་བདེན། གདོང་ཐོག་རིན་པོ་ཆེ་མི་སྙིང་སྟོབས་ཅན་ཞིག་རེད། འོན་ཀྱང་ཆགས་སྡང་ཤིན་དུ་ནས་ཆེ་བ་ཡང་བདེན་པ་རེད། རིན་པོ་ཆེ་དགེ་ལུགས་ངོས་ལ་ཤིན་དུ་ནས་སྡང་སེམས་ཆེ་བས་བར་ལམ་གོང་ས་མཆོག་ཡང་ཅུང་མི་བདེ་བ་བྱུང་བ་གསལ་པོ་རེད། གདོང་ཐོག་གིས་སྐུ་མདུན་ལ་ཕ་བོང་ཁ་པ་བདུད་ཀྱི་སྤྲུལ་པ་རེད་ཞུས་པར། གོང་ས་མཆོག་གིས་དེ་བདེན་པ་མ་རེད། ཕ་བོང་ཁ་པ་ལམ་རིམ་བསྟན་པའི་བདག་པོ་རེད། ཁྱེད་རང་ངའི་རྩ་ནས་གསུང་ཆོས་ཞུས། སྐྱབས་རྗེ་ཕ་བོང་ཁ་བདུད་རེད་ཟེར་ན་དམ་ཚིགས་ལ་གནོད་པས་བསམ་བློ་ཡག་པོ་ཐོངས་གསུངས་འདུག
ཕ་བོང་ཁ་བདུད་ཡིན་པའི་ཁུངས་དུས་ཀྱི་མེ་ལྕེ་དང་དུས་ཀྱི་སྦྲང་ཆར་ནང་གསལ་པོ་འདུག་ག དེ་ཡིན་དུས་བདུད་ཡིན་མིན་ལ་ཐེ་ཚོམ་ཅང་མི་འདུག ༧གོང་ས་རིན་པོ་ཆེས་དེ་དུས་བདུད་དུ་མགཟིགས་ནའང་ད་ནི་ཁོའི་རྗེས་འབྲང་དང་བཅས་པས་བོད་བསྟན་སྲིད་དང་༧གོང་ས་མཆོག་ལ་ཏ་ལ་དང་ཏ་ལ་ཞེས་མི་དཀྱུས་མ་ཞིག་གི་འདུ་ཤེས་ཀྱང་མེད་པར་མང་དུ་སྡིག་གིན་འདུག་པས་ད་གཟོད་༧བདུད་དུ་མཁྱེན་གྱི་ཡོད་ལའང་ཐེ་ཚོམ་མེད།
གདོང་ཐོག་སྤྲུལ་སྐུས། དོལ་རྒྱལ་དགག་དོན་དེ། བསྟན་པ་སྤྱི་དང་། དགེ་ལྡན་ལ་ཤ་ཚ་ནས་མིན་པར། ཕྱོགས་ལྷུང་ཆེ་དྲགས་ནས་ཡིན་པ། ད་གཞི་ནས་གོ་བཞིན་འདུག་གདའ། ཧཧཧ།
གདོང་ཐོག་སྤྲུལསྐུའི་སྐུ་པར་འདིའི་གཟི་བརྗིད་ནི། ཡོ་རོབ་མི་རིགས་ཅིག་གི་ཧོམ་ལེས་སམ། ཁྱིམ་མེད་འཁྱམས་པོའི་ངོམ་མདོག་ཅིག་ལས་མི་འདུག
༄།། གདོང་ཐོག་རིན་པོ་ཆེས་དོལ་ཚོགས་བཀག་པ་དེ་བོད་བསྟན་སྲིད་ལ་ཞབས་འདེབས་སུ་གྱུར་ཡོད། དེ་རྒྱལ་བ་རིན་པོ་ཆེས་ཀྱང་གསལ་པོ་མཁྱེན་གྱི་རེད། ཕྱི་ལུས་ཀྱི་ཤ་ཚུགས་ལས་ནང་ལུང་རྟོགས་ཀྱི་ཡོན་ཏན་དཔོག་ཐུབ་ཀྱི་མ་རེད། བླ་མར་དགོས་པ་དེ་མཁས་གྲུབ་ཀྱི་ཡོན་ཏན་རེད།
མཁས་དབང་དམ་པ་སྐུ་མྱ་ངན་འདས་པར་གདུང་སེམས་མཉམ་བསྐྱེད་ཡོད།
མཚུངས་མེད་དགེ་བའི་བཤེས་གཉེན་རྣལ་འབྱོར་པ།།
ཟླ་མེད་འཆད་རྩོད་རྩོམ་མཁས་གདོང་ཐོག་པ།།
བླ་མེད་བསྟན་པའི་རྒྱུད་འཛིན་མཁས་གྲུབ་རྗེ།།
རིས་མེད་བླ་མ་དམ་པ་ཁྱེད་ལ་གུས།།
དགོངས་པ་ཡོངས་སུ་རྫོགས་པར་སྨོན་ལམ་འདེབས།།
ཀ་རྡོ་ལགས། ཁང་ཁྱིམ་ཁོ་ན་གཙོ་བོ་བྱེད་པ་ཀརྨ་ནག་རིལ་ཚོགས་པ་རེད་མ་གཏོགས། སངས་རྒྱས་ཤྰཀྱ་ཐུབ་པའི་དཀའ་སྤྱད་དང་། མི་རས་པ་ཟེར་བ་ཡང་མི་ཡི་བལྟས་ན་འདྲེ་དང་འདྲ།།ལྷ་ཡིས་བལྟས་ན་སངས་རྒྱས་དངོས་ཞེས་པ་མིན་ནམ། དཀོར་ཟས་ལན་ཆགས་ཀྱིས་རྒྱག་པའི་བླ་གཟུགས་ཚོས་མཁས་དབང་དམ་པ་ཁོང་གི་གསུང་ཚིག་གཅིག་གི་ཆ་ཙམ་ཡང་མི་དོ། ཐོགས་མར་གསུང་རྩོམ་རྣམ་ཀློགས། གཟོད་ཤི་བོ་བླ་རྡུང་དང་ཀར་ནག་གིས་རྗེས་འདྲིངས་ཞིག་ཡིན་ཤེས་ཨ།
དེང་དུས་སྤྲུལ་སྐུ་གཞོན་སྐྱེས་ནང་ནས་དྷ་སའི་ཀརྨ་པ་མཆོག་རེད་འདུག ཀརྡོ་ལགས་ཁྱེད་རང་ནམ་རྒྱུན་ཤུགས་ལྡན་ལ་དགག་པ་བྱེད་མཁན་ཞིག་ཡིན་དེ་གས་ཆོག་པ་དང་རྒྱབ་སྐྱོར་བྱེད་མཁན་ཞིག་མ་རེད་པས། མི་བུ་གང་ཞིག་ཡིན་ཀྱང་རང་རང་གི་ལུགས་ལ་དགའ་མོས་སམ་ཆགས་པ་དང་དེ་མིན་གཞན་གྱི་ལུགས་ལ་མི་མོས་པའམ་མི་ཆགས་པ་ནི་དངོས་ཡོད་རེད་་་དེ་ཀུན་ལ་རང་བཞིན་རང་ཆས་སུ་གྲུབ་པའི་གནས་ཚུལ་རེད་དེ་འདྲ་མེད་མཁན་ཞིག་ས་སྟེང་འདི་ན་དཀོན་སེ་རེད་ད།
༧ས་སྐྱའི་གྲུབ་མཐའ་ཤེས་པའི་མཁས་པའི་དབང་། །ཡང་ཕུར་ཉམས་སུ་ལེན་པའི་རྣལ་འབྱོར་བ། །སྐད་སྒྱུར་གསུང་རྩོམ་མཛད་པའི་ལྷག་བསམ་ཅན། །ཧྲེ་ཧོར་གདོང་སྤྲུལ་དགོངས་པ་རྫོགས་གྱུར་ཅིག །ནང་མི་ཡོངས་ལ་གདུང་སེམས་མཉམ་བསྐྱེད་ཞུ། །དམ་པ་འདི་ཉིད་འཆད་རྩོད་རྩོམ་པ་ཁོ་ན་དོན་དུ་གཉེར་བ་ལས་འཇིག་རྟེན་གྱི་དཔལ་འབྱོར་ཐད་རྩོལ་སྒྲུབ་མེད་པས་ཕ་ཡུལ་དུ་ཕེབས་པའི་གནམ་གྲུའི་འཛིན་བྱང་གི་འགྲོ་སོང་ཡང་མ་རྙེད་པ་བཞུགས་པའི་གནས་ཚུལ་གོ །
སྔ་མོ་ཀ་ཤོད་པས་དགེ་འདུན་ཆོས་འཕེལ་རྒྱ་གར་གཡོ་སྒྱུས་བོད་དུ་བཀུག་རྗེས་དགེ་ཆོས་ལ། ཁྱོད་མཚོ་སྣ་བ་སི་པན་བཙོང་མཁན་འདྲ་པོ་འདུག་ཅེས་བཤད་པ་དང་། དེང་སང་ཀ་རྡོ་ཟེར་བ་འདིས་གདོང་ཐོག་ལ་ཡུ་རོབ་པ་ཧོམ་ལེས་འདྲ་པོ་འདུག་ཟེར་བ་གཉིས་འདྲ་པོ་བྱུང་།
དོལ་རྒྱལ་འགོག་དོན་དེ་བསྟན་པ་སྤྱི་དང་དགེ་ལྡན་ལ་ཤ་ཚ་ནས་མིན་པར་ཕྱོགས་ལྷུང་གིས་སོགས་ཟེར་དུས་རང་མདོག་ངོ་མ་དེ་སྟོན་འདུག་སྟེ། བསྟན་པ་སྤྱི་དང་དགེ་ལྡན་ལ་ཤ་ཚ་ནས་ཡིན་ན་ཕྱོགས་ལྷུང་མིན་དགོས་པ་ཤུགས་ལ་གོ་འདུག་པས་དོན་དུ་དེ་ཡང་ཕྱོགས་ལྷུང་གི་ར་བ་ལས་བརྒལ་མེད་དོ། །
“ཟེར”མཁན་པོ་འདི་ནམ་རྒྱུན་རྡོ་རྗེ་ཤུགས་ཕུད་གཞན་ལ་དག་སྣང་དགའ་རབ་ཡོད་མཁན་ཞིག་ཡིན་དྲན་སོང་སྟེ། ད་རེས་རང་མདོག་སྟོན་སོང་།
# 20 ཀརྡོ་གཉེར་ཕྱག་པ་་ལགས་ཀྱིས་མཆན་བཏབ་པ།:
January 16th, 2015 at 2:20 AM
་་་་་་་་་་་་ འཇིག་རྟེན་གྱི་ཕ་རོལ་དེར་མདོ་སྨད་ཡོན་ཏན་རྒྱ་མཚོ་དང་། ཁྲི་བྱང་རིན་པོ་ཆེ། ཕ་བོང་ཁ་པ་རིན་པོ་ཆེ་བཅས་ཀྱིས་ཁོང་ལ་རྟགས་བསལ་ཚ་པོ་ཞིག་གཏོང་བར་སྒུག་ནས་བསྡད་མེད་པའི་སྨོན་ལམ་ཡོད། ་་་་་་་་་་ ཨེ།
# 21 ཀརྡོ་གཉེར་ཕྱག་པ་་ལགས་ཀྱིས་མཆན་བཏབ་པ།:
January 16th, 2015 at 2:23 AM
གཟུགས་མེད་འདྲེ་རྒོད་དོལ་རྒྱལ་དང་། །
འཕྲིན་བཅོལ་རྩོམ་མཁན་༸ཕ་བོང་ཁ། །
སྲོག་གཏད་སྤེལ་མཁན་༸ཁྲི་བྱང་ལ། །
གདོང་ཐོག་བླ་སྤྲུལ་སྐྲག་མི་དགོས། །
འདི་ཟེར་མཁན་དེ་ང་རེད། མེ་དཀར་ལགས།
གདོང་ཐོག་སྐུ་པར་གྱི་ངོམ་མདོམག་ཡུ་རོབ་ཀྱི་ཧོམ་ལས་སམ། ཁྱིམ་རེད་འཁྱམས་པོའོ་ངོ་མདོག་ལས་མི་འདུག་ཟེར་མཁན་ཡང་ང་རེད་དོ།། རང་ངོ་འདི་རརད་དོ།། དྲ་གྲོགས་ཚོ།། །།
མནའ་དེང་ཤེས་བྱའི་ལྷ་ལམ་ཡངས་པོ་རུ། །
བག་ཡངས་རྒྱུ་བའི་བསྟན་པའི་རྒྱལ་མཚན་དང་། །
ཟེར་ཟེར་ཟེར་བའི་ཀརྨ་རྡོ་རྗེ་ཁྱོད། །
ཨོ་བྷ་མ་དང་ལ་དིན་དཔེ་རུ་འོས། །
འགའ་་ཤས་ལ་ཞེད་པོ་ཅིག་ཕོགས་ཤག སྙིང་གཅེས། ཁྱད་པར་དུ། མེག་དཀར་བོད་མིན་ནང་མིན་ལ་གནོད་འདུག ཧཧཧཧཧཧཧ།། །།
རྒྱལ་སྲས་གཞོན་ནུ་དོན་གྲུབ་ཀྱི་ལོ་དྲུག་དཀའ་བ་སྤྱད་པའི་སྐུ་འདྲ་དེ་མཛེས་པོ་འདུག ཟེར་ན་བདེན་པ་མ་རེད། དགེ་ཆོས་ལགས་ལགས། སྐུ་དྲག་ཅིག་གིས། རྒྱ་གར་འཁོར་མ་ཐག་པ་ཐོག་མར་ཐུག་དུས་མཚོ་སྣ་པའི་སུར་པན་ཚོང་མཁན་འྡར་བོ་འདུག་བཤད་དེ་ཡང་བདེན་ཡིན་ངེས་རེད། ངས་ཀྱང་འདིར་རང་གིས་གང་མཐོང་བ་དེ་བཤད་པ་ལ་ཉེས་ཅང་ཨ་ཡོད། ལགས།
མཁས་དབང་ཁོང་ལ་དབུལ་ཞིང་འགྲོ་དོན་རྒྱས་པ་མ་བྱུང་བ་འདི་བོད་མི་སྲོལ་རྒྱུན་ངན་པའི་གཞན་དབང་སོང་བ་ཡིན་པ་གསལ་བོ་ཤེས་ཐུབ། དཔེར་ན་ས་སྐྱ་ཚང་ལ་གསེར་དངུལ་གྱི་ལྷ་ཁང་། ཟངས་རག་གི་ཆབ་ཁང་ཡོད། ས་ཡ་མང་པོའི་རིན་པའི་བདག་པོ་རླངས་འཁོར་ཡོད་ཀྱང་། ཤེས་ཡོན་ཅན་ཁོང་ལྟ་བུ་བདག་མེད་དུ་འདས་གྲོངས་སུ་སོང་བ་སྐྱོ་འོས་པ་རེད། ཀརྡོ་འདི་ཚོས་ངོ་རིག་དུས་ས་སྐྱ་ཚང་གི་ཞབས་ཚ་བོ་ལ་བལྡག་གི་རེད། ལྐོག་ནས་ཤི་བོ་ལ་བླ་རྡུང་། གསོན་པོ་ནང་མི་ལ་ངོས་འཚང་འདྲི་བ་ནི་ཁྲེལ་མེད་རེད། མེ་ཏོག་དཀར་པོས་བཤད་པ་ཤིན་ཏུ་་བདེན། དོལ་འདྲེ་ཀར་རྡོ་དང་སི་ཏུ་ཚང་གིས་མགོ་དང་ལྕེ་གཉིས་ཚོས་བོད་ཕྱི་ནང་ལ་སྐྱག་རྫུན་བཤད་པ་དག་ལ་རྣམ་དཔྱོད་ལྡན་པ་དག་གིས་ངེས་པར་གཟབ་དགོས། ས་སྐྱ་གོང་མས་དམ་ཚིག་སྲུང་མི་དགོས་པའི་དབང་བསྐུར་མི་གནང་བར་མཁྱེན་ཞུ་བ་དེ་ཡིན་ནོ། གལ་ཏེ་དམ་ཚིག་སྲུང་དགོས་ན་སི་ཀར་དང་ཀརྨ་དཀར་ནག་གཉིས་ཀའི་དམ་སེལ་ཡོད་བཞིན་དུ་གསང་སྔགས་ཡིན་འདོགས་མ་སྟོན་རོགས། དབང་བསྐུར་ཁྲོམ་བསྒྲགས་བྱས་ན་དམྱལ་བ་སྐྱེ་ཁ་དཔོན་ལུས་ལེན་ཞེས་པ་ཐུགས་ལ་བཞག་རོགས། གལ་ཏེ་སངས་རྒྱས་བསྟན་པ་དང་ས་ཀ་གཉིས་ནང་མཐུན་ཆིག་སྒྲིལ་འདོད་ན་དམ་ཚིག་ཀུན་གཙང་ཞིག་གནང་བར་གལ་ཆེའོ།།
# 39 པདྨ་ལགས་ཀྱིས་མཆན་བཏབ་པ།:
January 17th, 2015 at 1:57 PM
་་་་་་་་་་་་་་་། ཀརྡོ་འདི་ཚོས་ངོ་རིག་དུས་ས་སྐྱ་ཚང་གི་ཞབས་ཚ་བོ་ལ་བལྡག་གི་རེད། ལྐོག་ནས་ཤི་བོ་ལ་བླ་རྡུང་། གསོན་པོ་ནང་མི་ལ་ངོས་འཚང་འདྲི་བ་ནི་ཁྲེལ་མེད་རེད། མེ་ཏོག་དཀར་པོས་བཤད་པ་ཤིན་ཏུ་་བདེན། དོལ་འདྲེ་ཀར་རྡོ་དང་སི་ཏུ་ཚང་གིས་མགོ་དང་ལྕེ་གཉིས་ཚོས་བོད་ཕྱི་ནང་ལ་སྐྱག་རྫུན་བཤད་པ་དག་ལ་རྣམ་དཔྱོད་ལྡན་པ་དག་གིས་ངེས་པར་གཟབ་དགོས། ་་་་་་་་་་་་་་་་་ ཟེར།
ཀརྡོར་གཟབ་དགོས་ཏེ། མའོ་སྡུག་ཤི་ཐེབས་ཟིན་ད་ཀྱང་། ཁོའི་པར་དེ་ཤོག་དངུལ་ལ་འཁོད་ཚརབ་འདི་ལ་ངོ་རྒོལ་དང་། པཎ་རྫུན་རྒྱལ་ནོརལ་ངོ་རྒོལ་དང་། གཟུགས་མེ་དདོལ་རྒྱལ་ལ་ངོ་རྒོལ་དང་། གཟུགས་ཡོད་ཞྭ་མར་དང་། མཐའ་ཡས་རྡོ་རྗེ་སོགས་ལཡང་ངོ་རྒོལ་བྱེད་མཁན་ཅིག་ཡིན་པས། ང་ལ་ངེས་པརདུ་་གཟབ་དགོས། ལྷག་པར་མེ་དཀར་དང་པདྨ་སོགས་ཀྱིས་ཧཧ།། །།
གདོང་ཐོག་རིན་པོ་ཆེས་ཕུན་ཚོགས་ཕོ་བྲང་གི་ཁ་མཆུ་ཁས་བླངས། སྒྲོལ་ཕོའི་གོང་མ་རིན་པོ་ཆེ་ནས་ཞབས་ཁ་ལོ་བའི་བར་དུ་རྡེ་ར་རྡུན་ས་སྐྱའི་སྐྱེ་དགུ་ཀུན་གྱིས་མཆིལ་མ་གདབ་ཡུལ་ཏུ་གྱུར། རྗེས་མ་རྒྱ་གར་ལ་འགྲོ་དུས། ཕུན་ཚོགས་ཕོ་བྲང་གི་དྲུང་ནས་གནམ་གྲུའི་པ་སེ་ཉོ་ཆེད་དངུལ་ཏོག་ཙམ་གཡར། དེ་དུས་ཐོག་ལ་སྤྲོད་མི་ཐུབ་པར། ཕུན་ཕོས་སྡུག་པོ་མང་པོ་བཏང་བ་གདོང་ཐོག་ཁོ་རང་གིས་གསུངས་ཀྱི་འདུག
ཨ་རིར་ལོ་༥༠ ལྷག་ཕྱིན་ཡོད་རུང་ཆོས་དང་འཇིག་རྟེན་གཉིས་ཀ་བྱུང་མིན་འདུག མ་དགོས་དགའ་གཉེན་བར་གསུམ་ལ་དགྲ་བསགས་ནས། རིན་པོ་ཆེ་མཉམ་དུ་གཤིབ་མྱོང་མཁན་ཚོར་ཁོང་ལ་སྐད་ཆ་ལེགས་པ་ཚིག་གཅིག་བཤད་རྒྱུ་མིན་འདུག
རིས་མེད་ཕར་ཞོག ས་སྐྱའི་སྒྲོལ་མ་ཕོ་བྲང་གི་ཕྱོགས་གཏོགས་ཀྱིས་ཁོང་ལ་དགྲ་ལྟར་རྩིས།
མི་ལམ་འགྲོ་ཅན་ཞིག་མ་རེད། རྣལ་འབྱོར་བ་ཞིག་ཡིན་པའི་གདོག་མིན་འདུག
ཆོས་པ་རེད་ཟེར་མང་པོ་བཤད་ན་ངས་རིན་པོ་ཆེས་རང་གི་ཕྲུ་གུའི་ཨ་མར་ལྟ་སྐྱོང་ཇི་འདྲ་བྱེད་ཀྱི་ཡོད་པ་ཚང་མ་འབྲི་རྒྱུ་ཡིན།
མཁས་པ་གྲོངས་ན་རྗེས་དྲན་གདེང་འཇོག་བྱེད་རིགས།
་་་་་་་་་་་་་་་ ཨ་རིར་ལོ་༥༠ ལྷག་ཕྱིན་ཡོད་རུང་ཆོས་དང་འཇིག་རྟེན་གཉིས་ཀ་བྱུང་མིན་འདུག ་་་་་་་་་་་་་་་
༄།། གདོང་ཐོག་རིན་པོ་ཆེ་རྒྱ་གར་དུ་ཕེབས་སྐབས་ས་སྐྱའི་དགོན་སྡེ་ཁག་ལ་གནས་གཟིགས་སུ་ཕེབས་པ་དང། གོང་མ་རིན་པོ་ཆེའི་ཞལ་མཇལ། སྒྲོལ་མ་ཕོ་བྲང་གིས་རིན་པོ་ཆེ་ཞལ་ལག་ལ་གདན་ཞུ་གནང་བ། ས་སྐྱ་མཐོ་སློབ་ཏུ་གསུང་བཤད་དང་། བརྡ་སྤྲོད་ཀྱི་སློབ་ཁྲིད་ཟླ་ཤས་གནང་བ་སོགས་གོ་ཐོས་བྱུང་།