བསོད་ནམས་ཟླ་བ།
གུ་གུལ་གྱི་དྲ་ཐོག་ཡིག་བསྒྱུར་ཞབས་ཞུའི་ Google Translator ནང་རྒྱལ་ཁབ་ ༩༠ ལྷག་གི་སྐད་ཡིག་ཡོད། རང་ཅག་བོད་ཀྱི་སྐད་ཡིག་ཀྱང་ཡིག་བསྒྱུར་གྱི་ཞབས་ཞུའི་ནང་དུ་རྐུབ་སྟེགས་ཞིག་ཐོབ་པར་བོད་མི་མི་རེ་ངོ་རེར་ལག་ཐོག་ཏུ་འདུག །དེའང་དང་ཐོག་དབྱིན་ཡིག་གི་མིང་ཚིག་མི་ཉུང་བ་ཞིག་བོད་ཡིག་ནང་བསྒྱུར་ཚར་དགོས་པ་དང་། མིང་ཚིག་དེ་དག་མི་སུས་བསྒྱུར་ན་ཡང་འགྲིགས་ཀྱི་འདུག
གཤམ་ལ་གུས་པས་གུ་གུལ་ཡིག་བསྒྱུར་ཞབས་ཞུའི་ནང་དབྱིན་ཡིག་མིང་ཚིག་དེ་དག་བོད་ཡིག་ནང་བསྒྱུར་སའི་ས་ཐོག་དེ་སྟོན་གྱི་ཡིན།
- གཤམ་གྱི་འགྲོ་ལུགས་ལྟར་བྱོས།
༡༽ དྲ་ཚིགས་དེར་ཕེབས་ https://translate.google.com/
༢༽ འོག་འོག་གི་ Community ཟེར་བ་དེར་གནོན།
༣༽ My Language ལ་གནོན་རྗེས་དབྱིན་ཇི་ཤེས་མཁན་ཚོས་ English དང་ Tibetan དེ་གཉིས་འདེམས། རྒྱ་ཡིག་ཤེས་མཁན་ཚོས་ Chinese དང་ Tibetan འདེམས། ཧིན་དྷི་ཤེས་མཁན་ཚོས་ Hindi དང་ Tibetan དེ་གཉིས་འདེམས།
༤༽ དེ་ནས་ Translate ཞེས་པའི་སྔོ་རྟགས་དེར་མནན་ནས་མིང་ཚིག་རེ་རེ་བཞིན་བོད་ཡིག་ནང་བསྒྱུར་འགོ་བཙུགས་ན་འགྲིག
༥༽ མིང་ཚིག་རེ་རེ་བསྒྱུར་ཟིན་པ་དང་ Submit བྱེད་དགོས། གལ་ཏེ་མིང་ཚིག་ཁ་ཤས་ཁྱེད་ཀྱིས་བསྒྱུར་མ་ཤེས་ན་ skip ཐོག་ལ་གནོན་ན་འགྲིགས།
གུ་གུལ་ཡིག་བསྒྱུར་ཞབས་ཞུའི་ནང་བོད་ཡིག་སླེབས་ཐུབ་མིན་གཙོ་བོ་ནི་མིང་ཚིག་བརྒྱ་ཆ་ 60% ཡན་བོད་བསྒྱུར་བྱས་ཟིན་པ་དགོས། དེར་བརྟེན་ང་ཚོ་མི་རེ་ངོ་རེས་ཤུགས་རྒྱག་དགོས་པར་མཐོང་།
འབྲེལ་ཡོད་གཞན་རྣམས་འབྲེལ་ཐག་འདིར་གཟིགས་ http://www.sonamdawa.com/2015/01/blog-post.html
བོད་ཡིག་ཏུ་ ཡིག་སྒྱུར་ དང་བླངས་ ཞབས་ཞུ་ འདིར་ སྟོན་བགྱིད་ འདུག གདའ།
གུ་གུལ་བོད་ཡིག་ཡིག་བསྒྱུར་གྱི་དཔེ་རིས་གསལ་པོ་སྟོན་མིན་འདུག །འགྲེལ་བཤད་དང་དཔེ་རིས་རྒྱས་པ་དྲ་ཚིགས་ཨ་མ་ http://goo.gl/itpXyO ཐོག་ཡོད་དེར་འཕེབས།
གྷོ་གྷོལ་ཡིག་སྒྱུར་དེ་འཕྲུལ་ཆས་ཡིན་པས། དེས་ཅང་ཕན་ཐོགས་ཀི་མ་རེད།
དེ་ལ་རེ་བ་མ་རྒྱག
ས་མིག་མ་སྟོང་ཙམ་ཞིག་ཡོང་སྲིད་པ་རེད། དེ་ལས་གཞན་པས། ཞེ་པོ་ཞིག་ཡོང་མདོག་ཁ་བོ་མ་རེད། སྐད་ཡིག་གཞན་པ་ཚོ་ཡང་ཡག་པོ་ཧང་སང་བ་དེ་འདྲ་བསྒྱུར་ཐུབ་པ་མི་འདུག། ཡིན་ན་ཡང་། འདྲ་འདྲའི་གྲལ་ནས་འདྲ་འདྲ་ཞིག་བྱེད་ཐུབ་ན། ཨ་མའི་བུ་རེད། རྒོད་མའི་རྟེའུ་རེད། ཤུགས་ཤིག་ཡོད་ན། ཕུད་ཤོག་ཨ། དྲ་འབུ་བཤད་ལ་དགའ་ཚོ། ཧ་ཧ་ཧ།
ལམ་སྟོན་ཡག་པོ་གནང་འདུག་ཐུགས་རྗེ་ཆེ་།བཀྲིན་ཆེ་།ཁ་བྲོ་་།ཡག་འདའ་།
མང་པོ་ལ་ཕན་འདའ་།ངོ་མཚར་ཆེ་།
གུ་གུལ་ཡིག་བསྒྱུར་ཞབས་ཞུ་འདི་ནི་གློག་ཀླད་ཙམ་དུ་མ་ཟད་ཉིན་རེའི་འཚོ་བའི་ནང་སྤྱོད་བཞིན་པའི་ལག་ཐོག་ཁ་པར་ཆ་ཚང་ནང་བེད་སྤྱོད་ཡོང་ཐུབ། རྒྱལ་ཁབ་གཞན་གྱི་སྐད་ཡིག་གི་ཚིག་རེ་གཉིས་བོད་ཡིག་ཐོག་བསྒྱུར་ཐུབ་པ་ནས་འགོ་བཙུགས་ནས། སྐད་ཡིག་གཞན་གྱི་ནང་ཡོད་པའི་ཡིག་ཆ་ཆ་ཚང་། དེ་བཞིན་སྐད་ཡིག་གཞན་གྱི་དྲ་ཚིགས་དག་ཀྱང་ཐད་ཀར་བོད་བསྒྱུར་བྱེད་དེ་བལྟ་ཀློག་བྱེད་ཐུབ་པ་སོགས་ཀྱི་ཕུགས་རྒྱང་གི་དགེ་མཚན་ཆེན་པོ་ལྡན་ཡོད།
ཡིག་བསྒྱུར་གྱི་སྤུས་ཚད་དེ་ཐོག་མར་ལེགས་པོ་ཞིག་མེད་ངེས་ཀྱང་། དྲ་གྲོགས་ཚོས་ཡིག་བསྒྱུར་གྱི་ཞབས་ཞུ་བེད་སྤྱོད་ལོ་རེ་བཞིན་གཏོང་བའི་དུས་ཚོད་ནང་ལེགས་ནས་ལེགས་སུ་འགྲོ་རྒྱུ་ཉགས་ཅིག་རེད། དཔེར་ན། ཕྱི་ལོ་ ༢༠༡༡ ནང་ དབྱིན་ཡིག་ནས་རྒྱ་ཡིག་ཡིག་བསྒྱུར་གྱི་སྤུས་ཚད་ནི་བརྒྱ་ཆ་ 45% ལས་མེད་ཀྱང་ ཕྱི་ལོ་ ༢༠༡༤ ཟླ་བ་ ༨ པའི་ནང་ དབྱིན་ཡིག་ནས་རྒྱ་ཡིག་ཡིག་བསྒྱུར་གྱི་སྤུས་ཚད་ནི་བརྒྱ་ཆ་ 61% ཟིན་ཡོད།
ཡིག་བསྒྱུར་གྱི་སྤུད་ཚད་དེ་ནི་དྲ་མི་ཚོས་ཕྱག་གྲུ་མཉམ་འདེབས་ཀྱི་རྩོལ་ལ་རགས་ལས་ཡོད། དོན་བསྡུས་པོར་ཞུས་ན་ད་བར་སྒེར་ཚོང་གི་མཉེན་ཆས་དང་དྲ་ཚིགས་མང་པོ་ཞིག་གི་ནང་དབྱིན་བོད་ཡིག་བསྒྱུར་ལས་གཞི་དང་ཚོང་རྫས་མང་པོ་ཡོད་ཀྱང་། གུ་གུལ་གྱི་ཡིག་བསྒྱུར་གྱི་ཞབས་ཞུ་ནང་ལྟར་རིན་མེད་དང་། བེད་སྤྱོད་རྒྱ་ཁྱབ་ཐུབ་པ་དེ་ལྟར་མེད།
ངའི་བསམ་པར་སེམས་ཤུགས་འཕར་ནས་བོད་ཀྱི་སྐད་ཡིག་དེ་བཞིན་བརྡ་འཕྲིན་ལག་རྩལ་གྱི་གཤོག་པར་དུས་ཐོག་ཏུ་བཟུང་ཐུབ་པ་དགོས་རྒྱུ་ནི་གལ་ཆེ་ཤོས་རེད་བསྙམས། ད་ལྟའི་གོམ་པ་ཆུང་ཆུང་དེས་མ་འོངས་གནད་ཀ་ཅན་གྱི་འདེམས་ག་ཞིག་ཡིན་པ་ཤེས་ངེས།
རྩོམ་པ་པོའི་ལམ་སྟོན་ལྟར་ཚིག་ཁ་ཤས་ཤིག་སྒྱུར་ཐབས་ཞུས་པ་ཡིན། ད་དུང་མུ་མཐུད་རང་གིས་ཤེས་པའི་ཚིག་སླ་པོའི་རིགས་ཁ་ཤས་གང་ཐུབ་བསྒྱུར་རྒྱུ་ཡིན།
མ་དག་པ་སྒྱུར་མཁན་དེ་འདྲ་ཡོང་སྲིད་པ་རེད། དེ་དག་ལ་དག་བཅོས་སོགས་ཇི་ལྟར་བྱེད་ཀྱི་ཡོད་དམ། ཅིག་གསུངས་རོགས།
བསོད་ནམས་ཟླ་བ་ལགས་ཀྱིས་སྐད་ཡིག་གཞན་ནས་བོད་ཡིག་ནང་ཡིག་སྒྱུར་ཡོང་ཐབས་ཀྱི་ངོ་སྤྲོད་བྱས་པ་ཡག་པོ་འདུག བྱ་དངོས་གང་ཞིག་ཡིན་རུང་དེར་སྐྱོན་དང་ནོར་འཁྲུལ་ཅུང་ཟད་རེ་འབྱུང་སྲིད་པ་ནི་ཆོས་ཉིད་ལྟ་བུ་ཡིན་གཤིས། མི་རེ་ངོ་རེའི་ངོས་ནས་འདི་ལྟ་བུའི་ཞབས་ཞུ་རེ་བྱུང་ན་དེ་བས་ཀྱང་ཕུན་སུམ་ཚོགས་པཪ་འགྱུར་ངེས་ཡིན།
རྩོམ་པ་པོའི་རྔ་རྗེས་ལམ་སྟོན་ལྟར་ཕྱིན་ཀྱང་ཡོང་གི་མི་འདུག་ན་ལམ་སྟོན་
གསལ་པོ་ཞིག་གནང་རོགས་གནང་།
མི་སོ་སོས་རང་རང་ས་ནས་བསྒྱུར་བསྡད་ན་མ་དག་པ་མང་པོ་ཡོང་ཡ་གཏན་འཁེལ་རེད། དབྱིན་བོད་གཉིས་དང་རྒྱ་བོད་གཉིས་སོགས་ལ་ཚད་ལྡན་གྱི་ཡིག་སྒྱུར་བྱེད་ནུས་པ་དག་གིས་ནུས་ཤུགས་གང་ཐུབ་འདོན་རོགས།
ཚོད་ལྟ་བྱས་ནས་དབྱིན་ཚིག་ཁ་ཤས་བོད་སྐད་ཐོག་བསྒྱུར་ཟིན། སྤྱིར་བཏང་སྟབས་བདེ་བོ་དང་ལས་སླ་བོ་འདུག་མོད། ཡིན་ནའང་ཁ་སྐད་ལྟར་བསྒྱུར་ན་ལེགས་སམ་ཡིག་སྐད་ལྟར་བསྒྱུར་ན་ལེགས། དཔེར་ན་ what are you doing ལྟ་བུ་ ཁྱོད་ཀྱིས་ཅི་ཞིག་བཞིན་ཡོད་་་་ཡང་ན ཁྱོད་ཀྱིས་ག་རེ་བྱེད་ཀྱི་ཡོད། རང་གིས་གང་བྱེད་ཀྱི་ཡོད། ལྟ་བུ་ལས་གང་བྲིས་ན་ལེགས་སམ། བསམ་བློ་ཞིབ་ཏུ་བཏང་ན་སྒྱུར་མཁན་འདྲ་མིན་མང་པོར་སྒྱུར་སྟངས་ཡང་འདྲ་མིན་ཡིན་པས་འགྲོ་སྟངས་གཅིག་གྱུར་ཅིག་ཡོང་དཀའ་ས་རེད། རྗེས་མ་ག་འདྲ་ཞིག་ཆགས་མིན་བཤད་དཀའ། ཚང་མས་དགོངས་འཆར་རེ་གསུང་རོགས།
what are you doing?
ཡིག་ཐོག་ལ།
ཁྱོད་ཀྱིས་ཅི་ཞིག་བྱེད་ཀྱི་ཡོད། ཟེར་བ་རེད།
བོད་སྐད་ལ།
ཁྱོས་ཆི་ཟིག་བྱེད་ཀི་ཡོད། ཟེར་ནི་རེད།
ག་རེ་དང་གང་གཉིས་ཀྱི་གང་རུང་བཀོལ་ན་ཡང་བོད་སྐད་དང་བོད་ཡིག་ལ་ཡག་པོ་མ་མཁྱེན་པ་འམ་བསྒྱུར་མ་ཤེས་བའི་སྐྱོན་དུ་ལྷག་པ་ཡིན་པ་རེད། དགའ་དགའ་ཚོ།
རིག་རྩལ་ཅན་་ཚོ་ངོ་མའི་ཡག་འདའ་།
ངེད་ཚང་ལ་ཏག་ཏག་ཅིག་ཡོང་གི་མི་འདའ་།
ཆི་ཡིན་ངོ་མའི་ཤེས་མ་ཐི་ལོ་།
བོད་མདོ་སྟོད་སྨད་བར་གསུམ་གཅིག་འགྱུར་ཡོང་ཆེད་ཡིག་སྐད་གཙོ་ཆེ་འཛིན་ཏེ་བསྒྱུར་ན་ལེགས་སྙམ། ཡིག་སྐད་དེ་ཡང་སྐུ་མདུན་གྱི་བཀའ་སློབ་དང་གསུང་འཕྲིན་ལྟར་མཐོ་དམན་བར་གསུམ་གྱི་གོ་ཐུབ་ཞིག ཡུལ་སྐད་དང་ཕལ་སྐད་བཀོད་ན་གཅིག་བསྒྱུར་ཞིག་ནམ་ཡང་མི་ཡོང་། གཉིས་པ་ཡིག་བསྒྱུར་ལ་ནོར་འཁྲུལ་དང་བསྒྱུར་ལེགས་པོ་མ་བྱུང་བའི་སེམས་ཁྲལ་བྱེད་མི་དགོས། གུ་གུལ་ཡིག་བསྒྱུར་གྱི་ལས་གཞི་འདིའི་ནང་མི་ཚང་མས་དགོངས་འཆར་ལེགས་ཤོས་དང་། བསྒྱུར་ལེགས་ཤོས་དེ་འཇོག་ངེས། ཇི་ལྟར་ལགས་ཟེར་ན། དཔེར་ན། ཡིག་བསྒྱུར་བ་ཀ་པས་ཡིག་བསྒྱུར་བྱེད་སྐབས་དག་ཆ་ནོར་བའམ་བསྒྱུར་བཟང་པོ་མེད་ན། ཡིག་བསྒྱུར་བ་ཁ་པ། ག་པ། ང་པ་སོགས་ཀྱི་དོ་སྣང་བྱུང་བ་དང་ལས་སེང་བཟོ་བཅོས་བྱེད་ཐུབ། གུ་གུལ་ཡིག་བསྒྱུར་ཞབས་ཞུ་དེ་ལེགས་སྒྲུབ་བྱུང་རྗེས་ང་ཚོས་དབྱིན་ཡིག་ནས་བོད་ཡིག་གམ་བོད་ཡིག་ནས་དབྱིན་ཡིག་ཏུ་ཐད་བསྒྱུར་བྱེད་ཐུབ།
***** དེ་ནས་གོམ་པ་གཉིས་པ་དེ་ཁ་ཞོར་ལམ་ཞོར་ཀྱི་ལས་ཀ་ཞིག་རེད། གསལ་པོ་བཤད་ན་གུ་གུལ་ཡིག་བསྒྱུར་གྱི་ཞབས་ཞུ་དེ་ལེགས་སྒྲུབ་ཐུབ་པའི་རྗེས་ཀྱི་ལས་གཞི་གལ་ཆེན་ཞིག་རེད། དེ་ནི་ཡིག་བསྒྱུར་སྤུས་དག་གཏོང་ཐབས་དེ་ཡིན། དཔེར་ན། house ལྟ་བུའི་མིང་ཚིག་ཞིག་ལ་བོད་ཡིག་ནང་ “ཁང་པ་” “གཤོང་ཚད་དམ་གཤོང་པ་” “ཁང་ཚན་དང་སྡེ་ཚན་” སོགས་ལ་གོ་ཐུབ། ུམིང་ཚིག་དེ་ཚིག་སྒྲུབ་འདྲ་མིན་ནང་དོན་དག་ཁ་ཁག་སྟོན་གྱི་ཡོད། དེར་བརྟེན་དེ་དུས་ང་ཚོས་དོ་སྣང་བྱེད་དེ་བརྗོད་བྱ་མི་འདྲ་ས་ལ་མིང་ཚིག་དེར་དག་བཅོས་བྱེད་རོགས་བྱེད་དགོས་པ་དེ་ཡིན། དེ་ལྟར་བྱེད་ནས་ཡིག་བསྒྱུར་གྱི་སྤུས་ཚད་གོང་མཐོར་གཏོང་ཐུབ།
*** གུ་གུལ་ཡིག་བསྒྱུར་ཞབས་ཞུ་དེས་ཡུལ་ལུང་སོ་སོའི་སྐད་ཡིག་གི་འགྲོ་ལུགས་འགྲོ་སྟངས་ལ་ཉམས་ཞིབ་དང་རྩིས་བརྒྱག་གི་ཡོད། ང་ཚོས་གུ་གུལ་ཡིག་བསྒྱུར་ནང་བོད་ཡིག་བཀོལ་སྤྱོད་ཇི་ཙམ་བྱས་དེ་ཙམ་གྱི་གུ་གུལ་གྱི་རྩིས་འཕྲུལ་ལ་སྦྱོང་བརྡར་སྤྲོད་ཀྱི་ཡོད། རིམ་པས་གུ་གུལ་ཡིག་བསྒྱུར་ཞབས་ཞུས་བོད་ཡིག་ཤེས་ཐུབ། དེ་ནི་མི་ཞིག་ལ་སྐད་ཡིག་གསར་པ་ཞིག་བསླབས་པ་ནང་ལྟར་རེད།
ཁང་པ་ལའང་ཤིང་ཁང་རྩ་ཁང་རྡོ་ཁང་ས་ཁང་ལྕགས་ཁང་སོགས་མང་པོ་ཡོད་ཆོག་གམ། སྤྱིར་ཁང་པ་ཟེར་བ་ནི་ཕྱི་ཡི་དབྱིབས་གཟུགས་དེ་ལ་གོ་བ་ཡིན་ས་རེད། ནང་ལོགས་དེ་ལ་་་ཁྱིམ་་་དང་ཡང་ན་སྟོད་སྐད་ལ་་་་ནང་་་ཞེས་ཟེར་སྲོལ་ཡོད། དཔེར་ན་སྟོད་པས་འདི་འདྲ་ཟེར། ཨ་ཅཱོ་འོ་རང་ཀྱག་མུ་འགྲས་ལ་ནང་ལ་ལོག་འགྲོ །
གུ་གུལ་ཡིག་བསྒྱུར་ནང་བོད་ཡིག་སླེབས་ཐབས་ཀྱི་བརྙན་ཟློས་ཐུང་ངུ་ཞིག་བཟོས་ཡོད། འདིར་གཟིགས་http://youtu.be/YD5OnRbSt18 ཕལ་ཆེར་དེས་གསལ་པོ་ཆགས་པའི་རེ་བ་ཡོད།
བསོད་ནམས་ཟླ་བ་ལགས། ཉིད་ཀྱིས་དང་བླང་གིས་བོད་ཀྱི་སྐད་ཡིག་དེང་རབས་ཅན་གྱི་སྐད་ཡིག་གི་རྗེས་བསྙེག་པར་འབད་བརྩོན་བྱས་དང་བྱ་བཞིན་པ་རྗེས་སུ་ཡི་རངས་ཡོད། ཡིན་ཡང་ཉིད་ཀྱིས” Google ” ལ་” གུ་གུལ” བྲིས་འདུག དེ་བས་” གྷོ་གྷལ” བྲིས་ན་སྒྲ་གདངས་ཆ་ནས་ཐག་ཉེ་རུ་འགྲོ་བ་དང་དེ་ལྟར་བྲིས་ན་བཟང་བའི་བསམ་ཚུལ་ཙམ།
གུ་གུལ་སྐད་འགྱུར་ང་རང་ངེས་པར་དགོས་ལགས།
what are you doing?
ཡིག་ཐོག་ལ།
ཁྱོད་ཀྱིས་ཅི་ཞིག་བྱེད་ཀྱི་ཡོད། ཟེར་བ་རེད།
བོད་སྐད་ལ།
ཁྱོས་ཆི་ཟིག་བྱེད་ཀི་ཡོད། ཟེར་ནི་རེད།
ཡང་ན།
ཁྱོད་ ག་རེ་ བྱེད་བགྱིད་ ཡོད།
མདང་ ཁྱོད་ཀྱིས་ ག་རེ་ བྱས་པ།
དེ་རིང་ ཁྱོད་ ག་རེ་ བྱེད་བགྱིད་ ཡོད།
སང་ཉིན་ ཁྱོད་རང་ ག་རེ་ བྱེད་བགྱི་ ཡིན་པེ།
མདང་ ང་ དཔེ་ མཛོད་ལ ཕྱིན་པ་ ཡིན།
དེ་རིང་ ང་ སློབ་གྲྭར་ འགྲོ་བགྱིད་ ཡོད།
སང་ཉིན་ ང་ གུང་སེང་ལ་ འགྲོ་བགྱི་ ཡིན།
ང་ལ་འདི་དྲ་རྒྱ་དགོས་ནང་ལ་འཛུལ་མི་ཤེས་ཡ་