བོད་མི་མང་པོ་ཞིག་གིས་གུ་གུལ་ཡིག་བསྒྱུར་ཞབས་ཞུའི་ནང་བོད་ཡིག་སླེབས་ཆེད་ངལ་རྩོལ་བྱེད་བཞིན་ཡོད་པ་ནི་དགའ་འོས་པ་ཞིག་མཐོང་། འོན་ཀྱང་དྲ་གྲོགས་མི་ཉུང་བ་ཞིག་ད་དུང་གུ་གུལ་ཡིག་བསྒྱུར་ཞབས་ཞུའི་ནང་འགྲོ་སྟངས་གསལ་པོ་མ་བྱུང་བ་དེ་འདྲ་འདུག དེར་བརྟེན་འདིར་གུས་པས་བརྙན་ཟློས་ཐུང་ཐུང་ཞིག་བཟོས་ཡོད་པས་ཕན་ཐོགས་ཡོང་བའི་རེ་བ་ཞུ།
གུས་བསོད་ནམས་ཟླ་བས།
ངས་མིང་ཚིག་བརྒྱ་སྐོར་ཞིག་བསྒྱུར་ཚར།
ཚེ་རིང་སྐྱིད་་་་དབྱིན་སྐད་ནང་ག་འདྲ་བསྒྱུར་ཡོད་དམ་ལགས།
ཡིག་བསྒྱུར་འདི་ལ་ཇི་ནས་་ཀྱང་གཟབ་རིག ཕྱིས་སུ་དག་བཅོས་བྱེད་བདེ་བོ་མེད་པ་འདྲ། ད་ལྟ་ནས་ལྟོས་དང་google གཅིག་བུ་དེར ་གྷོ་གྷལ་ དང་གུ་གུལ་ ཞེས་བསྒྱུར་མི་འདྲ་བ་གཉིས་སླེབས་ཚར་འདུག
འདི་ཡག་པོ་ཞིག་འདུག གསར་འགྱུར་ཡག་པོ་འདུག ཚང་མས་འདི་ལ་འབད་བརྩོན་བྱེད་ན་ལེགས། འདི་ལ་མཛེས་མ་ཚེ་རིང་སྐྱིད་ལགས་ཀྱིས་ཁ་སང་དྲ་ནང་གི་བོད་ནས་གསར་འགྱུར་ཡག་པོ་ཞིག་སྤེལ་སོང་མོད། ད་དུང་བོད་ཡིག་གི་དྲ་ལམ་ཁག་ལ་ཡང་སྤེལ་ན་ཁེ་ཕན་ཆེ་བ་ཡོད་ས་རེད་དྲན། གང་ཡིན་ཟེར་ན་ཁ་བརྡ་དྲ་ལམ་ལྟ་བུ་ལ་ཆ་བཞག་ནས་བཤད་ན་ཡི་གེ་འབྲི་མཁན་མང་པོ་འདུག་ལ་སྤུས་ཀ་ཡང་ཡག་པོ་འདུག འོན་ཀྱང་ཁོང་ཚོའི་ཤེས་ཡོན་དེ་ལོག་པར་བེད་སྤྱོད་གཏོང་བ་མ་གཏོགས། བཟང་ཕྱོགས་སུ་བེད་སྤྱོད་གཏོང་ཐུབ་ཀྱི་མི་འདུག དེ་བས་ཁོང་ཚོའི་ཤེས་ཡོན་དེ་བཟང་ཕྱོགས་སུ་བེད་སྤྱོད་གཏོང་བ་ལ་ཐབས་ལམ་གཅིག་མ་གཏོགས་མི་འདུག དེ་ནི་མཛངས་མ་ཚེ་རིང་སྐྱིད་ནས་འབོད་སྐུལ་ཞུ་རྒྱུ་དེ་རེད། དྲ་ལམ་གྱི་ཤེས་ཡོན་པ་འདི་རྣམས་ལ་སུས་བཤད་ན་ཡང་ཕན་ཐོག་གི་མ་རེད། ཁོང་ཚོ་ཚང་མ་དྲ་རྒོད་རྐྱང་རྐྱང་རེད། མཛེས་མ་ཚེ་རིང་སྐྱིད་ནས་འབོད་སྐུལ་བྱས་པ་ཡིན་ན་ཚང་མ་རླུང་ནག་འཚུབ་མ་ལྟར་ཉིན་ཤས་རིང་ཚིག་མཛོད་དེ་ལེགས་འགྲུབ་བྱུང་རྒྱུ་རེད། འདི་ལ་རྟགས་མཚན་ཁ་ཤས་ཅིག་ཡོད། དྲ་ལམ་འདི་ལྟ་བུ་ལ་མཚོན་ནས་བཤད་ན་མཛེས་མ་ཚེ་རིང་སྐྱིད་ཅེས་པའི་མིང་ཞིག་སླེབས་ན། བླ་མ་སྤྲུལ་སྐུ་གཙོ་བྱས། མཁན་པོ་མཁན་ཟུར། དགེ་བཤེས་དགེ་ལོག གྲྭ་བ་གྲྭ་རྐྱང་། རྒད་པོ་རྒད་མོ་ཚང་མ་གཅིག་ཤོར་གཉིས་ཤོར་གྱིས་མཆན་བཏབ་ཡོང་གི་ཡོད་པ་དེ་རེད། ཡིད་ཕངས་པ་ཞིག་ལ་གྷོ་གྷོལ་ཡིག་བསྒྱུར་བྲིས་པ་ལས། ཚེ་རིང་སྐྱིད་ཡིག་བསྒྱུར་བཏགས་ཡོད་ན། དྲ་མཆན་པ་ཚང་མས་ཉིན་ཤས་རིང་ཚིག་མཛོད་དེ་ལམ་སང་བསྐངས་ཐུབ་མིན་ལ་ཐེ་ཚོམ་མི་འདུག
་་་་་་་་་་་་་ ད་དུང་བོད་ཡིག་གི་དྲ་ལམ་ཁག་ལ་ཡང་སྤེལ་ན་ཁེ་ཕན་ཆེ་བ་ཡོད་ས་རེད་དྲན། གང་ཡིན་ཟེར་ན་ཁ་བརྡ་དྲ་ལམ་ལྟ་བུ་ལ་ཆ་བཞག་ནས་བཤད་ན་ཡི་གེ་འབྲི་མཁན་མང་པོ་འདུག་ལ་སྤུས་ཀ་ཡང་ཡག་པོ་འདུག འོན་ཀྱང་ཁོང་ཚོའི་ཤེས་ཡོན་དེ་ལོག་པར་བེད་སྤྱོད་གཏོང་བ་མ་གཏོགས། བཟང་ཕྱོགས་སུ་བེད་སྤྱོད་གཏོང་ཐུབ་ཀྱི་མི་འདུག ་་་་་་་་
་་་་་་་་་་ ཚེ་རིང་སྐྱིད་ཡིག་བསྒྱུར་བཏགས་ཡོད་ན། དྲ་མཆན་པ་ཚང་མས་ཉིན་ཤས་རིང་ཚིག་མཛོད་དེ་ལམ་སང་བསྐངས་ཐུབ་མིན་ལ་ཐེ་ཚོམ་མི་འདུག ་་་་་་་་་་་
གུ་གུལ་ལས། གྷོ་གྷལ་དག་པ་མཐོང་སོང་ཡང་། མི་དམངས་ཀྱིས་གང་མང་བ་བེད་སྤྱད་པ་དེ་གཏན་འཁེལ་བ་རེད།
ཟས་ལྷག་ཐུང་ལྷག་ལ་རེ་བ་མ་བཅོལ་ལོ་།
ན་ཟ་འགོས་་ན་སྡུག་གྱོང་རེད་ད་།
རྒྱ་ཅང་དཀྲུག་པ་མ་གནང་ཟིལ་བས་འབང་རོགས་ཡིན་འགྲོ་།
དེ་ལས་ཁམ་སྡོང་དཀྲུགས་ན་ཁམ་བུ་ཟ་རྒྒྱུ་ཡོད་རེད་།
ཧ་ཧ་ཧ་
བོད་སྐད་སྡེ་ཚན། | གསར་འགྱུར། ཕ་སྐད་ཚོགས་པ་འཛུགས་མི་ཆོག་ལ་དེར་ཞུགས་མི་ཆོག
༢༠༡༢ལོར་རེབ་གོང་ཕྱོགས་སུ་དམ་དྲག་བྱེད་བཞིན་པ།
Photo: RFA
རེབ་གོང་རྒྱལ་པོ་ཕྱོགས་སུ་རྒྱ་ནག་གཞུང་གིས་དྲག་རྡུང་ལས་འགུལ་སྤེལ་ཏེ་མང་ཚོགས་ལ་སུན་པོ་བཟོ་བཞིན་ཡོད་འདུག
དེ་ཡང་བོད་ནང་གི་གནས་ཚུལ་ཡོང་ཁུངས་ཀྱིས་བརྗོད་དོན། དེང་སྐབས་རེབ་གོང་ས་ཁུལ་དུ་དྲག་རྡུང་ལས་འགུལ་ཟེར་བ་ཞིག་སྤེལ་མགོ་ཚུགས་ནས་མང་ཚོགས་ལ་སུན་པོ་བཟོ་ཡི་ཡོད་པ་དང་། དྲག་རྡུང་ལས་འགུལ་ནི་རེབ་གོང་རྫོང་ཡོངས་སུ་སྤེལ་གྱི་ཡོད་ལ། ཞང་ཟེར་བའི་ཡུལ་ཚོའི་ལས་ཁུངས་ཀྱི་ལས་བྱེད་ནས་མང་ཚོགས་ཁྲོད་སྤེལ་བཞིན་ཡོད་འདུག
དཔེར་ན། རེབ་གོང་རྒྱལ་པོ་ཞང་དུ་དྲག་རྡུང་ལས་འགུལ་སྤེལ་རིམ་ལ་མཚོན་ན། ལོ་ཤས་གོང་ནས་བཙུགས་པའི་ཕ་སྐད་ཚོགས་པ་ནི། བོད་ཀྱི་སྐད་ཡིག་སྲུང་སྐྱོབ་བྱེད་པའི་དམངས་ཁྲོད་ཚོགས་པ་ཞིག་ཡིན་པ་དང་། ཚོགས་པ་དེས་བོད་སྐད་གཙང་མ་བེད་སྤྱོད་བྱེད་སྒོ་སྤེལ་བ་དང་། མཚམས་རེར་མཁས་པ་དང་དགེ་རྒན་ཁག་ཅིག་གདན་འདྲེན་ཞུས་ནས་སྐད་ཡིག་སྲུང་སྐྱོབ་སྐོར་ལ་བགྲོ་གླེང་ཚོགས་པ་སོགས་ཀྱི་ལས་དོན་སྒྲུབ་བཞིན་ཡོད་པ་རེད། ཡིན་ནའང་། བདུན་ཕྲག་གཉིས་ཀྱི་གོང་ནས་འགོ་བཙུགས་པའི་དྲག་རྡུང་ལས་འགུལ་སྤེལ་མཁན་ལས་བྱེད་ཚོས། ཕ་སྐད་ཚོགས་པ་གསར་འཛུགས་བྱེད་མཁན་རྣམས་ལ་འདྲི་བརྩད་ནན་པོ་དང་། ཚོགས་པར་ཞུགས་མཁན་གྱི་ཚོགས་མི་རྣམས་ཀྱང་ཞང་གི་ལས་ཁུངས་ནང་སྐད་བཏང་ནས་འདྲི་གཅོད་དང་། ཕ་སྐད་ཚོགས་པ་འཛུགས་མི་ཆོག་པ་དང་། དེར་ཞུགས་མི་ཆོག་པ། དེ་བཞིན་དུ། བོད་ཆས་གྱོན་པའི་ཚོགས་པ་དང་། དམངས་ཁྲོད་དུ་དགུན་དུས་གྲོང་སྡེ་ཁག་ཏུ་ཡིག་རྨོངས་སེལ་བའི་འཛིན་གྲྭ་འཚོགས་ཀྱི་ཡོད་པ་སོགས་ཀྱང་འཚོག་མི་ཆོག་ཅེས་བཙན་ཤེད་བྱེད་བཞིན་ཡོད་ཟེར། གནས་ཚུལ་ཡོང་ཁུངས་ནས་བརྗོད་ན། རྒྱལ་པོ་ཕ་ལུང་སྡེ་བའི་གཞོན་སྐྱེས་ཤིག་གིས། སྡེ་མི་ཁག་ཅིག་བསྡུས་ཏེ་སྒྲོལ་མ་སོགས་ཁ་བཏོན་རིགས་བསླབ་འདུག་པ་དེའང་སྐད་བཏང་སྟེ། དེ་རིགས་ཁྲིམས་འགལ་ཡིན་པས་བསླབ་མི་ཆོག་པ་དང་། གཞན་རོང་ཁུལ་དུ་དབྱར་དུས་ཞིང་སྲུང་ཁྱིགས་བདག་ཅེས་བ་བསྐོ་འཛུགས་བྱ་སྲོལ་ཡོད་དེའང་། རྗེས་མ་ནས་བཙུགས་མི་ཆོག་པའི་བཙན་ཤེད་བྱེད་ཀྱིན་འདུག་ཟེར།
ས་གནས་བོད་མི་ཞིག་གིས་བརྗོད་དོན། འདི་ནི་རྒྱལ་པོ་ས་ཁུལ་དུ་དྲག་རྡུང་གི་གནས་སྟངས་ཙམ་ཡིན་ལ། ཞང་དང་གྲོང་སྡེ་གཞན་དག་ཏུའང་ལས་འགུལ་འདི་སྤེལ་བཞིན་ཡོད་པས། ངེད་ཚོ་མང་ཚོགས་ལ་མཚོན་ན། ལོ་ཤས་གོང་ལ་ཁྲིམས་མཐུན་དང་། ཡང་ན། གནའ་ནས་ད་བར་ཁྲིམས་མཐུན་ཡིན་པའི་དམངས་ཁྲོད་ཀྱི་ལས་རིགས་སམ་བྱེད་སྒོ་མང་པོར། ད་ལྟ་ཁྲིམས་འགལ་ཡིན་པར་ངོས་འཛིན་གྱིས་བཀག་སྡོམ་བྱེད་ཀྱིན་པ་འདི་ནི། གཞི་རིམ་ཞང་སྲིད་གཞུང་དང་། རྫོང་རིམ་པའི་འགོ་ཁྲིད་ཁག་ཅིག་གིས་དངོས་ཡོད་གནས་སྟངས་མང་པོ་གོང་རིམ་ལ་འཁྱོག་བཤད་བྱས་པ་ལས་བྱུང་བ་ཞིག་རེད་ཅེས་གནས་ཚུལ་ཡོང་ཁུངས་ནས་འགྲེལ་བརྗོད་བྱས་འདུག
གསར་འགོད་པ་ལྕགས་མོ་འཚོ།
ལྕགས་མོ་མཚོ་ཡི་གནས་ཚུལ་སྤེལ་།
ལྕགས་ཕྲུག་དྲ་འབུའི་གནས་ཚལཀློག་།