ད་ལྟོས་དང་། ཁ་བརྡ་དྲ་ཁང་གི་ལུང་ཁུག་སྐམ་པོ་འདིའི་ནང་སེར་དམག་བླུགས་འདུག ད་ཁྱེད་ཚོས་ཡེ་ཤེས་དང་མཉམ་པོ་ཁྱི་འཛིངས་རྒྱབ་བསྡད་ནས་དུས་ཚོད་འཕྲོ་བརླག་ལ་མ་གཏོང་། དེ་བས་ཕ་ཡུལ་ནང་ལ་གཅིག་ལྟོས་དང་། ༢༠༢༠ ལོར་རྒྱ་ནག་དམངས་གཙོ་ཆགས་རྒྱུ་ཡིན་པའི་སྐོར་ཞིག་བྲིས་འདུག དེ་བརྗོད་མཁན་ཡང་། རྒྱ་གཞུང་དབུས་དམར་ཤོག་གི་སློབ་སྟོན་པ་ཀྲའོ་ཐེན་ཡོང་ཟེར་བ་ཞིག་རེད། ད་དེ་ཨེ་བདེན་ན། རྒྱ་ནག་འདིས་རྫུན་མ་བྱས་བྱས་ནས་ད་རུང་ཡིད་ཆེས་ལ་མ་ཆེས་ཞིག་རེད། | ||
|
ཨ་རོ་མདའ་ཚན་པ། ཁྱོད་གང་ཟིག་ག་བུད་སོང་ནེ། ཁྱོད་མེད་ན་ང་ཚོས་ཡེ་ཤེས་འདི་ལ་གླགས་མི་རྙེད་གི རྒྱ་ནག་གི་དམངས་གཙོའི་སྐོར་ལ་ཤོད་དང་། འདིས་བོད་ལ་ཕན་གནོད་ཅི་ཟིག་ཡོད་གི
ཡེ་ཤེས་ལ་ཁ་གཏད་ཅིག་དགོས་ན་མགོན་པོ་ཕྱག་གཉིས་པ་དང་སྟག་སྨྱོན་གཉིས་སྐད་ཐོངས།
རྒྱ་ནག་དམངས་གཙོ་ཆགས་ན་བོད་ནང་ལ་ཡང་དམངས་གཙོ་ཆགས་ཀྱི་མ་རེད་དམ།
ད་ལོའི་ Miss Tibet གསར་འགྱུར་མཐོང་སྐབས་དེ་དང་འབྲེལ་བའི་དྲ་རྒྱར་ཕྱིན་པ་ཡིན་ཏེ་ཡ་ཚན་ཞིག་ལ་དྲ་རྒྱ་དེར་རྒྱ་ནག་གཞུང་གི་བོད་ཐོག་དྲིལ་བསྒྲགས་ཀྱི་དྲ་རྒྱའི་ཁྱབ་བསྒྲགས་འདུག གཟིགས་གནང་དང་།
http://www.misstibet.com/history/2008/event/20081012-programme_overview.html
རྒྱ་ནག་དམངས་གཙོ་ཆགས་ན་བོད་ལ་ག་རེ་ཡོང་གི་རེད་ཟེར་བའི་དྲི་བ་འདི་ཆེ་དྲགས་ནས་གཏམ་གཅིག་གཉིས་ཤིག་གིས་འདུ་བ་ཞིག་མ་རེད། ཡིན་ན་ཡང་སྐད་ཆ་འདི་བོད་ཀྱི་ལས་དབང་གླེང་མཁན་ཚོའི་ཁ་ལ་སླེབས་ནས་ཡུན་རིང་པོ་ཕྱིན་ཡོད་པ་རེད། ངས་ཕྱོགས་གཉིས་མཐོང་གི་འདུག གཅིག་ནི་རེ་བ་རེད། བོད་ལ་ཡང་རང་སའི་དཔོན་པོ་རང་མིས་བྱེད་ཆོག་པ་ཞིག་ཡོང་གི་རེད། རྫོང་དཔོན་དང་ཁུལ་དཔོན། ཞིང་ཆེན་གྱི་དཔོན་པོ་སོགས་བོད་མིས་བྱེད་ཐུབ་པ་ཞིག་ཡོང་གི་རེད། འདི་ནི་གཏམ་བཟང་ཞིག་རེད། ང་ཚོ་ལ་དམངས་གཙོ་འདི་འདྲའི་གོ་སྐབས་ལེན་ཐུབ་པའི་གོམས་གཤིས་དང་བློ་སྤོབས་ཡོད་མེད་དེ་དྭོགས་པ་ཞིག་རེད། བཙན་བྱོལ་ནང་ལའང་དམངས་གཙོ་མིན་པ་ལས་ཡིན་ཆེ་བ་ཞིག་ལ། ཡིན་པ་ལ་མིན་ཆེ་བ་འདྲ་ཞིག་ཡོད་པ་རེད། དེ་ནས་གཉིས་ནི་རྩ་དོན་གྱི་ངོ་བོའི་ཐོག་ནས་ལྟ་རྒྱུ་དེ་རེད། ཁ་སྔོན་མདའ་ཚན་པས་ཁེ་ཎ་ཌའི་ས་ཆ་ཁི་བྷེ་ཁི་ཟེར་བའི་སྐོར་བཤད་སོང་ང། དེ་ནས་ཚེ་རིང་ཤཱཀྱ་ཡིས་རྒྱ་གར་གྱི་ཀ་ཤི་མི་རིའི་སྐོར་བཤད་སོང་ང། འདི་དག་དང་རྒྱ་མིའི་བྱེད་ཕྱོགས་བསྡུར་དགོས་པ་རེད། ཡིན་ན་ཡང་། དམངས་གཙོ་ནི་དམར་ཤོག་ལས་བཟང་བ་དེ་སུ་གཅིག་གིས་ཀྱང་དྭོགས་པ་མེད་པར་བཤད་ཐུབ་པ་ཞིག་རེད། མདོར་བསྡུས་ཙམ་ཞུས་པ་ཡིན།
མ་འོངས་པར་རྒྱ་ནག་དམངས་གཙོ་ཅན་དུ་འགྱུར་མིན་དེ་བཤད་དཀའ་སེ་བ་ཞིག་འདུག་ལ། ལྷག་པར་དུ་༢༠༢༠ལོའི་ནང་རྒྱ་ནག་འདི་བཞིན་དམངས་གཙོ་འགྱུར་མིན་དེ་ལས་ཀྱང་ཁག་པོར་མཐོང་། ཡིན་ནའང་། དམངས་གཙོ་ཞེས་པའི་ཚིག་འདི་ལ་རིགས་དབྱེ་རྒྱུ་མང་པོ་ཞིག་ཡོད་ཀྱི་རེད་དེ། རྡོང་རྡོག་གིས་བཤད་ན། དམངས་གཙོ་འདི་ལ་དོན་དངོས་ཀྱི་དམངས་གཙོ་དང་མིང་ཙམ་གྱི་དམངས་གཙོ་གཉིས་ཡོད་གི་བསམས།
དོན་དངོས་ཀྱི་དམངས་གཙོའི་རྒྱལ་ཁབ་དེ་སུ་རེད་ཟེར་ན། ངས་གནའ་བོའི་རྒི་རུ་སིའི་རྒྱལ་ཁབ་རེད་ཅེས་མགྲིན་པ་གཟེངས་སུ་བཏེགས་ནས་བཤད་ཐུབ། གནའ་བོའི་རྒི་རི་སིའི་ལོ་རྒྱུས་ནང་དུ། རྒྱལ་ཁབ་ཀྱི་བདག་པོ་དམངས་ཚོགས་རེད་ལ། རྒྱལ་ཁབ་ཀྱི་གླ་བའང་དམངས་ཚོགས་རེད། དམངས་ཀྱིས་སྟོབས་ཤུགས་འོག་རྒྱལ་ཁབ་དེ་སྐྱེད་བསྲིང་བྱས་ཡོད་པའི་ཚོར་སྣང་བྱུང་ལ། ད་དུང་འོས་ཤོག་བླུགས་དུས་ཀྱང་། ཕོ་མོ་ལ་དབྱེ་ཁྱད་མེད་ཅིང་། ཐ་ན་བཙོན་པ་ཚོས་ཀྱང་དམངས་གཙོའི་ཆ་ཤས་ལོངས་སུ་སྤྱད་དེ་འོས་ཤོག་བླུགས་ཡོད་པར་གྲགས། དེ་བཞིན། མིང་ཙམ་གྱི་དམངས་གཙོ་ཟེར་བ་ནི། ར་ཤི་ཡའི་རྒྱལ་ཁབ་ལྟ་བུ་རེད། རྒྱལ་ཁབ་དེའི་ནང་མི་མང་གིས་འོས་ཤོག་བླུགས་ཆོག་གི་ཡོད་པ་རེད་དམ་ཟེར་ན། ཆོག་གི་ཡོད་པ་རེད་དེ། དེ་ནི་མང་ཙམ་རེད། འོས་ཤོག་འཕེན་དུས། འོས་ཤོག་གི་སྔ་ཕྱི་བར་གསུམ་དབང་ཆེན་ཁ་ཤས་ཀྱི་སྟངས་འཛིན་འོག་ནས་འགུལ་ཆོག་གི་ཡོད་པ་མ་རེད། དེ་གཅིག་རེད། དེ་མིན་གཞུང་ལ་ཁ་གཏད་གཅོག་མཁན་གྱི་ཚོགས་པ་ཡིན་ནའང་འདྲ། གང་ཟག་སྒེར་སུ་གཅིག་གིས་ཀྱང་རྒྱལ་ཁབ་ལ་སྐྱོན་བརྗོད་བྱེད་ཆོག་གི་ཡོད་པ་མ་རེད། དེ་ལ་བསམ་བློ་བཏང་ཡོང་དུས་མིང་ཙམ་གྱི་དམངས་གཙོ་ཆགས་སོང་ང་། ད་དུང་རྒྱལ་ཁབ་འདི་འདྲ་མང་པོ་ཡོད། སྔོན་ཆད་ཀྱི་སམ་ཏན་གྱི་གཞུང་ལྟ་བུ་རེད། དེ་ཡིན་དུས། རྒྱ་ནག་རྒྱལ་ཁབ་འདི་མིང་ཙམ་གྱི་དམངས་གཙོའི་རྒྱབ་ཁབ་ཅིག་ཏུ་གྱུར་ཚེ། མི་མང་ལ་ཁ་ཡོད་ལག་ཡོད་ཀྱི་ཐོབ་ཐང་མེད་དུས། རྫོང་དཔོན་དང་། ཁུལ་དཔོན་སོགས་ཀྱང་མི་མང་གི་གང་འདོད་ལྟར་ཡོང་ཆོག་ཆོག་ཅིག་མིན་སྟབས། ངས་རྒྱ་ནག་དམངས་གཙོ་ཟེར་བ་འདི་གོ་དུས། མ་འོངས་པར་བོད་འདིར་རང་བཙན་རེག་ཆོག་ཆོག་ཅིག་དང་། བོད་མི་མང་ལ་ཐོབ་ཐང་ཞིག་ཡོད་ཆོག་ཆོག་ཅིག་ཨེ་ཡོད་འདོད།
རྒྱ་ནག་དམངས་གཙོ་ཆགས་པའི་ཉི་མ་དེ་བོད་དོན་འདི་འཛམ་གླིང་སྟེང་ནས་རྩ་ཡལ་དུ་འགྲོ་བའི་ཉི་མ་དང་པོ་དེ་ཡིན། དཔེར་ན་འཛམ་གླིང་མི་དམངས་ཀྱིས་དམངས་གཙོའི་རྒྱལ་ཁབ་རྒྱ་གར་ནང་གི་ཀ་ཤི་མིར་དོན་དག་ལ་མིག་རྣ་མི་གཡོ་བ་བཞིན་ནོ།།བོད་དོན་འཛམ་གླིང་སྟེང་དུ་ཁྱབ་པའི་རྒྱུ་རྐྱེན་ཆེ་ཤོས་དེ་ནི་བོད་པ་ཚོས་འཇོན་དྲགས་པ་ཞིག་མ་ཡིན་པར་རྒྱ་ནག་དམར་ཕྱོགས་སྲིད་གཞུང་དེ་སྡུག་དྲགས་པས་རེད།
བོད་རེ་བས་ཕུང་ཟེར་བ་ཅིས་མ་བདེན། རྒྱ་ནག་དམངས་གཙོར་འགྱུར་མི་འགྱུར་དེ་བོད་ལ་མཚོན་ན་དེ་ཙམ་གལ་ཆེན་པོ་ཞིག་མ་རེད། བོད་ལ་རང་བཙན་མེད་རུང་རང་སྐྱོང་ཚད་ལྡན་ཞིག་ཐོབ་མིན་དེ་གནད་འགག་རེད། དམངས་གཙོ་ཡིན་པ་ཙམ་གྱིས་ཅི་ཕན། རྒྱ་གར་དམངས་གཙོ་ཡིན་ནས་ཀ་ཤི་མིར་དང་སེ་ཀིམ་ལ་ལ་ག་རེ་ཕན་འདུག གསོད་རྐྱང་རྡུང་རྐྱང་རེད་འདུག་ག ར་ཤི་ཡ་དམངས་གཙོ་ཆགས་ནས་ཆི་ཆིན་ལ་ག་རེ་ཕན་འདུག མི་ཤིན་རྒན་གྱི་གཙགས་རྐྱང་རེད་འདུག་ག ཨ་མེ་རི་ཁ་དམངས་གཙོ་ཡིན་ནས་ཨིན་ཌི་ཨིན་པ་ཚོར་ཁེ་བཟང་ག་རེ་རག་འདུག ཨོ་སི་ཁྲི་རལ་ལི་ཡ་དམངས་གཙོ་ཡིན་ནས་གཉུག་གནས་མི་རིགས་ལ་ཕན་ག་རེ་ཐོགས་འདུག མདོར་ན་རང་མགོ་གཞན་ལ་ཤོར་ཡོད་ཡོད་པ་རེད། མན་ཇུ་ནས་གོ་མིན་ཏང་། དེ་ནས་དམར་ཤོག་ཤི་གསོན་གྱི་བརྗེ་བསྒྱུར་དེ་སྙེད་ཅིག་བྱུང་ཡང་་བོད་ཀྱི་ཡུལ་ལུང་རྒྱ་ཆེ་ཞིང་མཛེས་སྡུག་ལྡན་པ་དེ་མི་དགོས་པའི་ཉིན་ཞིག་རྒྱ་ནག་ལ་ནམ་བྱུང་མྱོང་བ་རེད། སྐད་ཆ་ཆོ་མེད་དང་རེ་བ་སྟོང་པ་དེ་ཚོ་ཕར་གཡུག་ནས་གྲྭ་དམག་རྒྱག་ཏུ་ཆུག་དང་ཡག་ཤོས་རེད། བོད་ལ་ཅིག་ཡོད་ན་མེད་ན་དེ་གྲྭ་དམག་རེད། དམར་ཤོག་པའི་འོག་ནས་ཀྱང་ཤི་མ་གསོན་དུ་འཕག་འཚགས་རེ་རྒྱག་ཐུབ་མཁན་དེ་ཡང་གྲྭ་དམག་རེད།
རྒྱ་རྒན་འདི་ཚང་དམར་གཙོ་ནས་དམངས་གཙོ་ལ་ཆི་མོ་ཟིག་འགྱུར་རུང་དོན་ལ་རྒྱ་གཙོ་རིང་ལུགས་ཀི་མྱིང་བརྗེས་ནོ་མིན་ནས་ཡོད་ནི་མ་རེད། དེས་ཨུ་ཆ་ག་གཅིག་ར་ཧན་ནི་མ་རེད། མགོ་ལོག་རོ་ཆ་བོའི་མགོ་ནས་མ་ཆི་ཚང་གི་ལྕགས་ཞྭ་ཧུད་མ་ཐག་ཏུ་མའོ་སང་གི་ཀོ་ཞྭ་གཡོགས་ནོ་མི་དྲན་ནེ། རྒྱ་རྒན་འདི་ཆ་ག་མྱིག་གི་མི་རིག་ས་ཟིག་ག་བུད་སོང་བའི་ཉི་མ་དེ་ད་ཨུ་ཆོའི་སྐྱིད་ཀི་ཉི་མ་ངོ་མ་དེ་རེད། དུ་མིན་ནས་གཞུང་ཟིག་གི་ཁ་ཕྱོགས་ཆོ་མོ་ཟིག་བརྗེས་རུང་ལུག་བདག་མེད་ཟིག་གི་ནང་ང་སྐྱ་ཁུ་གཡས་ནས་བརྒྱུགས་ན་རེད། གཡོན་ནས་བརྒྱུགས་ན་རེད། ཉིན་དཀར་བརྒྱུགས་ན་རེད། དགུང་མོར་བརྒྱུགས་ན་རེད། ངའི་ལུག་ཉོག་ཆོ་ཇེ་ཉུང་ང་འགྱོ་རྒྱོ་གཅིག་ར་གཅིག་རེད། སྐྱང་རྒན་དེ་ཆོ་ནག་མེད་སེ་གཅིག་མ་སོང་བར་དུ་ངའི་ལུག་ཉོག་འདི་ཚོ་སྙིང་ཟིག་རྗེ། ཞི་ལི་ཆོ། ཧ་གོ་ན་སེམས་མ་འདི་ཟུངས། མི་གོ་ན་མ་ར་སྒོ་བུད།
དྲིན་ཆེན་སྤོབས་པ་དང་ཀླུ་སྨྱོན་གཉིས་གསོན་ཅིག
ཁྱེད་ཀྱིས་གསུངས་པ་དེ་རྒྱུ་མཚན་གཞི་ལ་བཅོལ། ཁུངས་ལུང་མཛུབ་མོས་སྟོན་པ་ཞིག་རེད་འདུག་ན། དེ་ལ་ལགས་སོ་ཞེས་ཞུ་རྒྱུ་ཡིན། འོན་ཀྱང་གནད་དོན་གཞན་ཞིག་ཁྱོད་ཀྱིས་ཤོར་འདུག ཁྱེད་ཀྱིས་མཛུབ་སྟོན་བྱས་པའི་ཡུལ་ལུང་དེ་དག་གི་ནང་བཙན་གནོན་ཡོང་གི་ཡོད་ལ། ཡོང་གི་ཡོད་པ་དེ་ཁྱེད་ཀྱིས་ཀྱང་མཁྱེན་གྱི་ཡོད། ཁྱེད་ཀྱིས་མཁྱེན་དགོས་པ་ལ་རྒྱུ་མཚན་གཅིག་མ་གཏོགས་མེད། དེ་ནི་ས་ཁུལ་དེ་དག་ཏུ་རང་དབང་གི་གསར་འགོད་པ་ཡོད་པས་ཡིན། རང་དབང་གི་གསར་འགོད་པ་ཡོད་པ་ནི་ཆེ་ཆུང་ལ་མ་ལྟོས་པར་དམངས་གཙོ་ཟེར་བ་འདིའི་བཀའ་དྲིན་ཡིན། བོད་ལ་ཟིང་བསླངས་པ་དང་དུས་གཅིག་ཏུ་གསར་འགོད་པ་རྣམས་ཕྱིར་འབུད་བྱས་པ་རེད། གསར་འགོད་པས་གསར་འགྱུར་སྤེལ་བ་ནི་བོད་མི་ཚོས་སྲོག་ལ་མ་འཛེམས་པར་གནས་ཚུལ་ཕྱི་རོལ་དུ་བཏང་བ་དེ་ལས་བརྒལ་ཐུབ་མེད། འདི་ལ་བསམ་བློ་ཞིག་ཐོངས་དང་། དམངས་གཙོ་ནི་དགའ་བསུ་ཞུ་དགོས་པ་ཞིག་ཡིན་པ་ཤེས་མི་ཡོང་ངམ།
ངས་གོང་ནས་བཤད་དང་ང་། རྒྱ་གི་དམངས་གཙོའི་སྲིད་འོག་ནས་བོད་མི་གསོད་རྡུང་བྱེད་རྒྱུ་ནི་ངའི་ལུག་ཉོག་ཚོའི་ནང་ལ་ཁྱི་སྤྱང་འདི་ཚོ་ཉིན་དཀར་བརྒྱུགས་པ་དང་། རྒྱ་གི་དམར་གཙོའི་སྲིད་འོག་ནས་བོད་མི་ཚོར་བཙན་རྡུང་བྱེད་པ་ནི་སྤྱང་རྒན་འདི་ཚོ་ངའི་མ་ཉོག་ཚོའི་ནང་ལ་དགུང་མོའི་མུན་ནག་གི་ནང་ནས་བརྒྱུགས་པ་འདྲ་ཟིག་རེད། གང་ལྟར་ངའི་ལུག་ཉོག་འདི་ཚོ་ཚར་རྒྱུ་མ་རེད་ན་ཁྱོའི་ཤ།
ཁྱུ་ཆོས་ནག་ཚང་ཞི་ལིའི་སྐྱིད་སྡུག་ནང་གི་ལུག་ཁྱུ་ཟིག་སྤྱང་ལོང་ང་འཕུད་ཀི་ཡོད་ནོའི་སྐོར་དེ་ལྟ་མ་མྱོང་ནེ། ཨུ་ཆོའི་མགོ་ཡོང་གོ་ནོ་ད་ཨ་ན་མ་ན་དི་མོ་ཟིག་རེད་ཡ།
རྒྱ་ནག་དམངས་གཙོར་ཆགས་ན། མ་མཐའ་ཡང་གཞུང་སྲིད་འཛིན་སྐྱོང་། གྲོས་ཚོགས། ཁྲིམས་སྲིད་འདི་ཚོ་གཅིག་ཁོངས་གཅིག་མིན་པར་ལོགས་ཀ་ཡིན་རྒྱུ་རེད། དེའི་ཐོག་གཏམ་བརྗོད་རང་དབང་ (གསར་འགོད་རང་དབང་དང་པར་སྐྲུན་རང་དབང་སོགས)ཡིན་རྒྱུ་རེད།
དེའི་སྐབས་མི་རིགས་ཀྱི་འཐུས་མི་ཞིག་ཡིན་ན་ཡང་རང་གི་བསམ་ཚུལ་ཇི་བཞིན་བརྗོད་རྒྱུའི་གོ་སྐབས་ཤིག་ཡོང་གི་རེད། ད་ལྟ་ནང་བཞིན་ཞེད་སྣང་སྐྱེས་སྡོད་དགོས་ཀྱི་མ་རེད། ཁྲིམས་ཐོག་ལ་མཚོན་ན་ཡང་མ་དྲང་བའི་རིགས་གཏུག་ན་གཏུགས་ས་ཞིག་ཡོད་རྒྱུ་རེད། མི་རིགས་ཀྱི་གནད་དོན་ཞིག་ཡིན་ན་ཡང་གྲོས་ཚོགས་ནང་སླེབས་སླེབས་ཆོག་ཆོག་ཡོད་པ་དང་། གསར་འགོད་བརྒྱུད་ལམ་ནས་ཚང་མས་ཤེས་ཆོག་ཆོག་ཡོད་པས་དྲང་བདེན་མིན་པའི་གཉའ་ཤིང་ལྗིད་པོ་ཞིག་མུ་མཐུད་དུ་ཁུར་ནས་སྡོད་ཨེ་དགོས་བསམ། འདི་ནི་དམའ་མཐའ་ནས་བསམ་བློ་བཏང་བ་ཡིན། ད་གཙོ་བོ་དམངས་གཙོ་འདི་ག་འདྲ་ཞིག་ཡིན་མིན་དེ་རེད། ང་ཚོས་ཀྱང་ངེས་པར་འདིའི་ཆ་ཤས་ལེན་རྒྱུར་བརྩོན་དགོས་པ་དང་གྲངས་ཉུང་མི་རིགས་ཀྱི་ཐོབ་ཐང་སྐོར་བསམ་ཚུལ་འདོན་རྒྱུ་གལ་ཆེན་པོ་ཡིན་རྒྱུ་རེད་སྙམ། གཅིག་བྱས་ན་དམངས་གཙོ་ཟེར་ནས་འགྱུར་བ་གལ་ཆེན་པོ་ཞིག་འགྲོ་རྒྱུ་ཡིན་པ་དང་གཅིག་བྱས་ན་འགྱུར་བ་ཆུང་ཙག་ཅིག་ཡིན་རྒྱུ་རེད།
སྤྱང་ཁུའི་ཁ་ན་ལུག་གཙོ་མེད། །ལུག་གཙོ་ཡོད་ཀྱང་དཀར་སྐྱོང་མིན། །
ར་ཤི་ཡ་དམངས་གཙོ་ཆགས་ཀྱང་དེས་ཆི་ཆིན་གྱི་ནང་ལ་ག་རེ་བྱས་རུང་དེ་ལ་ཇུས་གཏོགས་བྱེད་ཐུབ་མཁན་གཞན་མི་འདུག་ག རྒྱ་ནག་དམངས་གཙོ་ཆགས་རུང་ཁོ་ཚོས་བོད་ལ་དེ་ག་ནང་བཞིན་བྱེད་པ་ཐག་གིས་ཆོད། ཉེ་སྔོན་རྒྱ་གར་གྱི་དམག་མིས་ཀ་ཤི་མི་རི་བ་མང་པོ་བསད་སོང་ང་། སྐྱོབ་མཁན་སུ་གཅིག་ཀྱང་མི་འདུག་ག རྒྱ་ནག་དམངས་གཙོ་ཆགས་ན་རྒྱ་མི་ལ་ཁེ་ཕན་ཡོད་སྲིད། དེ་ཡང་ཕལ་ཆེར་ཡོད་རྒྱུ་མ་རེད། རྒྱ་མི་ཟེར་བ་འདི་དངུལ་གཙོ་བོར་འཛིན་པ་ལས་ཆབ་སྲིད་རང་དབང་སོགས་ལ་དོ་སྣང་བྱེད་མཁན་སྲིད་མཐའ་མ་བཀག་ཙམ་ལས་མེད། རྒྱལ་ཁབ་ཕལ་མོ་ཆེར་དམངས་གཙོ་ཟེར་ཡང་ལྟར་སྣང་བ་ཞིག་ལས་དོན་དུ་སྐྱེས་བུ་སྒེར་གྱི་ཐོབ་ཐང་དང་བདེ་སྡུག་ལ་འགན་འཁུར་ཤེས་ཀྱི་མེད་པས་དམངས་གཙོ་ཟེར་བ་འདིས་ཕན་ཐོགས་ཡོད་མེད་དེ་ཡང་བེད་སྤྱོད་མཁན་ལེགས་ཉེས་ལ་ཐུག་འདུག
ང་ཀ་ཤི་མི་རིའི་གནད་དོན་འདི་རྒྱ་གར་གཅིག་པུ་ལ་ཁག་འགེལ་བྱེད་མཁན་ཞིག་ཀྱང་མིན། འདིའི་ན་ཚ་དེ་ཡང་འབྲས་ནད་ཅིག་རེད། ཕྱོགས་མང་པོ་ནས་ལྟ་དགོས་པ་རེད། རྒྱ་གར་གྱིས་ཕར་བསད་པ་དང་ཁོང་ཚོས་ཚུར་བསད་པ་གཉིས་ཀ་ལ་བལྟ་དགོས་པ་རེད། ད་དུང་མི་རིགས་ཀྱི་གནད་དོན་ཡོད་པ་རེད། ཆོས་ལུགས་ཀྱི་གནད་དོན་ཡོད་པ་རེད། ཁོར་ཡུག་གི་གནད་དོན་ཡོད་པ་རེད། ད་ལྟ་ང་ཚོའི་ལ་དྭགས་རྒྱལ་ཕྲན་དེ་ཡང་འདིའི་ཁུངས་སུ་བཙུད་ཡོད་པ་རེད། རི་རྒྱུད་འདི་ན་ཡོད་པའི་བོད་ཌི་ཡུལ་ཞེས་པ་དེ་ལ་བསམ་བློ་གཏོང་རྒྱུ་ཡོད་པ་རེད། རལ་གྲི་གནམ་གཡུགས་མ་གནང་རོགས། བོད་ཀྱི་གནད་དོན་དེ་རྒྱ་གར་གཞུང་གིས་ཀ་ཤི་མི་རི་ལ་སྤྲད་པའི་ཐོབ་ཐང་འདྲ་ཞིག་ཡིན་ན་སྔ་ས་ནས་འགྲིག་ཚར་པ་རེད་ད།
ཨ་རོ། ཁ་ཤི་མིར་གྱི་གནད་དོན་དེ་ནི་ཕར་བསད་ཚུར་བསད་འགྲིག་རྒྱུ་མེད་པ་ཞིག་རེད། ཁྱོས་བོད་ལ་དེ་འདྲ་ཞིག་བྱུང་ན་དོན་དག་འགྲིགས་པ་རེད་ཟེར་བ་འདི་ལ་གོ་བ་ཡག་པོ་ཞིག་ལོན་ཐུབ་མ་སོང་། གསལ་བཤད་གསལ་བོ་ཞིག འབྲས་ནད་ཅེས་པ་དེ་གསོ་བ་རིག་པའི་གཞུང་གི་བརྡ་ཆད་ཅིག་རེད། འདི་ལ་སྲིད་དོན་པའི་ཐ་སྙད་རེ་ཡོད་ན། ཞེ་འཁོན་རྙིང་བ་ཞིག་ཟེར་གི་ཡོད་པ་མིན་ནམ།
ག་རེ། རྒྱ་གར་གྱིས་ཐོབ་ཐང་ག་རེ་སྤྲད་པ་རེད། ཀ་ཤི་མིར་རྒྱ་གར་གྱིས་བཙན་བཟུང་མ་བྱས་ན་ཀ་ཤི་མི་རི་བས་རྒྱ་གར་གྱི་དམག་མི་གསོད་དགོས་མེད། དེའི་འགན་ཆ་ཚང་རྒྱ་གར་རང་ཉིད་ཀྱིས་འཁུར་དགོས་པ་རེད། བོད་པས་ཀྱང་རྒྱ་མི་བསད་པ་རེད། དེ་ཡང་རྒྱ་མིས་བོད་ལ་བཙན་འཛུལ་མ་བྱས་ན་བོད་པས་རྒྱ་མི་གསོད་དོན་མེད་པ་དེ་ཚོ་གཅིག་མཚུངས་རེད། རྒྱ་གར་གྱི་ཡུལ་ན་ད་ལྟ་འཇིགས་སྐུལ་རིགས་ལུགས་ཀྱི་སྒྲིག་འཛུགས་བརྒྱ་དང་བདུན་ཅུ་ཡིན་ནམ་ཅིག་འདུག་ཟེར་ནས་ཁྱབ་བསྒྲགས་བྱས་འདུག འཇིགས་སྐུལ་རིང་ལུགས་པ་ཟེར་བའི་མིང་བཏགས་པ་མ་གཏོགས་དོན་དུ་རང་དབང་འཐབ་རྩོད་པ་དེ་ཚོ་རེད། དེ་བཞིན་ར་ཤི་ཡ་ཡང་གཅིག་མཚུངས་རེད། གླེང་ན་དེ་འདྲ་མང་པོ་འདུག ང་ཚོ་ཕོ་རང་གིས་ཅིག་མ་འཇོན་ན་ཨ་ཞང་ཚང་གིས་ཐར་བར་མི་གཏོང་ཐག་ཆོད་འདུག རྒྱ་ནག་གི་དམངས་གཙོ་དེ་ཚོ་སྐྱག་དོངས་རིམ་པ་དགུའི་ནང་ལ་གཡུགས་ཞོག
ངས་དེ་སྐྱག་དོང་ནང་ལ་འཕེན་མི་ཐུབ། གང་ཡིན་ཟེར་ན་རྒྱ་མི་ཁོ་རང་ཚོ་ལ་ཕན་ཐོགས་ཤིག་ཏན་ཏན་ཡོད་པ་རེད། དཔེར་ན་རྒྱ་ནག་གི་དཔལ་འབྱོར་ལམ་ལུགས་དེ་སྤྱི་ཚོགས་རིང་ལུགས་ནས་མ་རྩ་རིང་ལུགས་ཀྱི་ཕྱོགས་སུ་ཤར་བསྐྱོད་བྱས་པ་དེས་རྒྱ་ནག་གི་རྒྱལ་དམངས་དཔལ་འབྱོར་ཡར་རྒྱས་དགའ་རབ་ཅིག་ཕྱིན་པ་མ་རེད་དམ།
འདིར་བཟང་ཕྱོགས་ནས་བཤད་པ་ཡིན། ངན་ཕྱོགས་ནས་དེ་དམྱལ་བའི་དོང་ཞབས་སུ་ཅིག་འཕེན་ཨེ་ཐུབ་བལྟ་ཡ།
ང་ཚོ་ཚང་མ་དབྱིན་ཡིག་ཤེས་ཟེར་མཁན་རྐྱང་ཡིན་པ་འདྲ། ངས་འདི་ནས་ཀ་ཤི་མི་རིའམ་ཀསྨྲིའི་སྐོར་བསྒྱུར་ནས་བཤད་འདོད་མི་འདུག གཤམ་གྱི་གསལ་བཤད་འདི་ལ་གཟིགས། འདི་ཝི་ཀེ་པི་ཌི་ཡ་ནས་བཏོན་པ་ཡིན། མཛུབ་ཐེབ་གཅིག་གི་ཕར་ཕྱོགས་ན་འདུག
Kashmir (Balti: کشمیر; Poonchi/Chibhali: کشمیر; Dogri: कश्मीर; Kashmiri: कॅशीर, کٔشِیر; Shina: کشمیر; Uyghur: كھسىمڭر) is the northwestern region of the Indian subcontinent. Until the mid-19th century, the term “Kashmir” referred only to the valley lying between the Great Himalayas and the Pir Panjal range; since then, it has been used for a larger area that today includes the Indian-administered state of Jammu and Kashmir consisting of the Kashmir valley, Jammu and Ladakh; the Pakistani-administered provinces of the Northern Areas and Azad Kashmir, and the Chinese-administered region of Aksai Chin.
In the first half of the first millennium, Kashmir became an important centre of Hinduism and later of Buddhism; later still, in the ninth century, Kashmir Shaivism arose in the region.[1] In 1349, Shah Mirza became the first Muslim ruler of Kashmir and inaugurated the line Salatin-i-Kashmir.[2] For the next five centuries Kashmir had Muslim monarchs, including the Mughals, who ruled until 1751, and thereafter, the Afghan Durranis, who ruled until 1820.[2] That year, the Sikhs under Ranjit Singh, annexed Kashmir.[2] In 1846, upon the purchase of the region from the British under the Treaty of Amritsar, the Dogras—under Gulab Singh—became the new rulers. Dogra Rule, under the paramountcy (or tutelage) of the British Crown, lasted until 1947, when the former princely state became a disputed territory, now administered by three countries: India, Pakistan, and the People’s Republic of China.
གཡང་སྐྱབས་རྒྱལ་ལགས། འདི་ཀ་ཤི་མིར་གྱི་ལོ་རྒྱུས་ཤིག་ཡིན་པ་ལས་རྒྱ་གར་གར་དང་ཀ་ཤི་མིར་བར་གྱི་རྩོད་རྙོགས་ཀྱི་སྐོར་གང་ཡང་མི་འདུག་ག ཁོ་རང་ཚོ་ལ་རང་དབང་རང་བཙན་གྱི་ལོ་རྒྱུས་རྫིགས་ཐག་ཆོད་ཅིག་འདུག་ག རྒྱ་གར་དམངས་གཙོ་ཡིན་ཡིན་པ་རེད། པ་ཀི་སི་ཡང་ཕྱེད་དམངས་གཙོའི་གཞུང་རེད། ད་རྒྱ་ནག་དམངས་གཙོར་གྱུར་པ་ཡིན་ན་ཀ་ཤི་མིར་གྱི་ཆ་ཤས་གསུམ་པོ་ཚུར་བསྡུས་ནས་རང་བཙན་བྱ་རྒྱུར་རྒྱབ་སྐྱོར་བྱེད་ཀྱི་རེད་དམ། ཁོ་རང་ཚོས་ཅིག་མ་འཇོན་ན་གཏན་ནས་སྤྲོད་ཀྱི་མ་རེད།
མཇུག་གི་རྒྱ་རྒན་ཚང་གི་ཚབ་ཏུ་བོད་བཞག་ན་འགྲིག གཞན་ལོ་རྒྱུས་ངོ་མ་ཞིག་ཡིན་རྒྱུ་རེད།
བོད་ལ་བདེ་སྐྱིད་དགོས་ན། བོད་མིས་བདེ་སྐྱིད་ལེན་དགོས་པ་རེད། འདི་ནི་བཤད་མ་དགོས་པ་ཞིག་རེད། དཀོན་མཆོག་ལ་གསོལ་བ་བཏབ་ནས་དམངས་གཙོ་རག་གི་མ་རེད། འདི་ཡང་བཤད་མ་དགོས་པ་ཞིག་རེད། རྒྱ་འདི་དམངས་གཙོའི་ལམ་དུ་འགྲོ་རྒྱུའི་སྐད་ཆ་འདི་སྔ་མོ་ཞིག་ནས་ཡོད་ལ། རྒྱ་ནག་ནང་ཁུལ་དུ་ཀུང་ཧྲེ་རིམ་པའི་ཐོག་ནས་ཧྲུའུ་ཅི་འོས་འདེམས་བྱེད་པ་ཞིག་གསར་འགྱུར་ནས་མཐོང་བྱུང་། གྲོང་གསེབ་པ་དེ་ཚོས་འོས་ཤོག་བླུགས། དེ་ནས་ནག་པང་ཞིག་གི་སྟེང་དུ་ རྒྱ་ཡིག་གི་ཨང་ཀི་ལྔ་དེ་ཐིག་རེ་རེ་བཞིན་བྱས་ཏེ་བྲིས། ཐིག་རེ་རེ་ཡིས་འོས་ཤོག་རེ་རེ་མཚོན་པར་བྱས་ནས་འོས་ཤོག་གྲངས་ཀ་བརྩིས་ནས་རྒྱ་མོ་ཞིག་ལ་རྒྱལ་ཁ་ཐོབ་པ་ཞིག་གསར་འགྱུར་ནང་མཐོང་བྱུང་། འདི་ཏན་ཏན་བཟང་ཕྱོགས་ཤིག་རེད། འདི་བོད་ལ་སླེབས་པ་ཡིན་ན་ཡང་། ང་ཚོ་ལ་ཧྲུའུ་ཅི་དེ་བོད་རིགས་ཤིག་ཐོབ་པའི་རེ་བ་ཡོད་པ་རེད། རེ་བ་དེ་ད་ལྟའི་གནས་སྟངས་ལས་ཆེ་བ་ཡོད་རེད། བོད་མི་ཞིང་པ་པ་དང་འབྲོག་པ་དེ་ཚོ་ལ་ཡང་གཞུང་གི་ནང་ལ་ཆ་ཤས་ལེན་པའི་ལག་ལེན་ཞིག་ངོ་སྤྲོད་བྱེད་པ་རེད།
དང་པོ་འདི་ཡག་པོ་བྱས་ཀློག དེ་ནས་བསམ་ཚུལ་ཤོད། སྲིད་དོན་ཚོགས་པ་དུ་མ་ལས་གྲུབ་པའི་དམངས་གཙོ་དང་ཚད་ལྡན་གྱི་དམངས་གཙོ་ཞིག་ཡིན་མིན་དེ་འདྲ་གསལ་ཁ་བཏོན་མི་འདུག ཡིན་ན་ཡང་དམངས་གཙོ་འདིའི་འོག་རྒྱ་ནག་སྐམ་ས་དང་ཐའེ་ཝན་གཉིས་ཟླ་སྒྲིལ་གཏོང་ཐུབ་པའི་རེ་བ་ཡོད་པ་ལྟ་བུ་ཞིག་བྲིས་ཡོད་པ་འདི་དང་ extensive public participation in policy-making, such as drawing up new legislation ཟེར་བ་ལྟ་བུ། གཞན་ལོ་བཅུ་གཉིས་ཀྱི་འཆར་གཞི་ཡོད་པ་འདི་ཚོ་བལྟས་ན་དམངས་གཙོ་གང་འཚམས་ཞིག་ལ་འཆར་གཞི་འཐེན་གྱི་མེད་འགྲོ་སྙམ། གལ་སྲིད་འདི་དངོས་གནས་ཡིན་ན་བོད་གཞུང་གི་ངོས་ནས་འདི་ལ་རྣམ་འགྱུར་གསར་པ་གང་ཞིག་བསྟན་རྒྱུ་ཡོད་པ་རེད། འདིར་ཚང་མས་ཀློག་བདེ་བའི་ཕྱིར་རྒྱ་ནག་དམངས་གཙོའི་སྐོར་གྱི་རྩོམ་དེ་ངས་འདིར་བཀོད་ཡོད་ན་གཟིགས་རོགས་ཞུ། དེ་མིན་ཁྱེད་ཚོས་ཡེ་ཤེས་ཀྱི་ཁ་བལྟས་བསྡད་ན་རེ་བ་མེད་ལས་གཞན་ཡོད་པ་མ་རེད།
Zhou Tianyong, an adviser to the Communist Party’s Central Committee and one of its most liberal voices, told the Daily Telegraph that “by 2020, China will basically finish its political and institutional reforms”.
He added: “We have a 12-year plan to establish a democratic platform. There will be public democratic involvement at all government levels.”
Mr Zhou also predicted “extensive public participation in policy-making, such as drawing up new legislation”.
Mr Zhou is deputy head of research at the Central Party School, the most important institution for training senior leaders. President Hu Jintao is among its former directors.
After two weeks of heightened tension between China and Taiwan because of a £3.5 billion American arms sale to the island, Mr Zhou said the transition to democracy was “essential for relations with Taiwan and a possible peaceful reunification”.
His comments appear to rebuff the widespread belief that Chinese political reform had stalled after the riots in Tibet in March and a security clampdown before the Olympic Games in Beijing.
Instead, Mr Zhou said the government was determined to reform itself, but that there had been some infighting between different departments. He called for the number of ministries in Beijing to be halved to between 19 and 21 in order to form a “modern government structure”.
Mr Zhou added that civil society in China would also play an important role. “There will be many more non-governmental organisations, chambers of commerce, industry associations and other social groups. Religion should also be given a wider platform to play a positive role. We should protect religious freedom,” he said.
“People should not follow the traditional mindset,” he added. “We should recognise that the government should serve the people and society.”
But Mr Zhou did not predict the end of the one-party state, nor the demise of the Communist Party’s monopoly of power.
Any transition to democracy is likely to be a slow process. China already has grassroots elections in over 660,000 villages, although these contests are often rigged. However, there are already small signs of change, with larger cities, such as Nanjing and Guangzhou, recently opening more important posts to public
ཁྱི་ལ་ཚིལ་ཡོད་ཀྱང་མྱི་ལ་ཅི་ཕན་ཞེས་པའི་གནའ་བོའི་གཏམ་དཔེ་འདི་ཐོལ་བྱུང་དུ་དྲན་སོང་།
ད་རེས་ཀྱི་སྐད་ཆ་འདི་གཙོ་བོ་ཐེ་ཝན་ལ་དམིགས་ནས་བཤད་པ་རེད་ལ། ལོ་བཅུ་གཉིས་ཆུན་གྱི་འཆར་གཞི་འདི་ཡང་གཅིག་བྱས་ན་བདེན་པ་ཡིན་སྲིད་ཀྱི་རེད། གང་ལྟར་དོན་དམ་པའི་ཁ་ཡོད་ལག་ཡོད་ཀྱི་དམངས་གཙོ་ཞིག་མ་བྱུང་གི་བར་ཏུ་ཐེ་ཝན་མི་དམངས་ཀྱི་སེམས་པ་འགུགས་ཐུབ་ཀྱི་མ་རེད་ལ། དེ་མ་ཐུབ་ན་གུང་ཁྲན་གྱི་གཅིག་གྱུར་གཏོང་ཡའི་རེ་བ་དེ་ཡང་རྨི་ལམ་བཞིན་ཡལ་འགྲོ་གི་རེད། བྱས་ཙང་ད་རེས་འགྱུར་བ་འདྲ་གཏོང་ཡ་དངོས་གནས་ཡིན་ན་འགྱུར་བ་དགའ་རབས་ཤིག་ལ་རང་ཅག་གིས་ཀྱང་ངང་སྒུག་བྱས་ཆོག་གི་རེད་དྲན་གི དེའི་དུས་རང་རེས་ཕྱི་ནང་གཉིས་ནས་གནམ་ལྡིང་ས་ལྡིང་ཡེད་ཡ།།
གོང་གི་མིའུ་ཕྲུག་ནང་བཞིན་རེད། རྒྱ་ནག་གི་རྒྱ་རྒྱ་རེད་ལ་ཐེ་ཝན་གྱི་རྒྱ་ཡང་རྒྱ་རེད། ཐེ་ཝན་པ་འདི་ཚོས་མ་འཇོན་པ་མ་གཏོགས་རང་རེའི་སྤྱི་ཚོགས་ནང་ལ་གཏོར་བཤིགས་ག་ཚོད་ཅིག་བཏང་སོང་། ཐེ་རྒྱ་མཉམ་འབྲེལ་བྱས་ན་ཡང་རྒྱ་ཞེན་རིང་ལུགས་ཇེ་མཁྲེགས་ལོས་ཡིན། མི་བདེན་ན་ཐེ་རྒྱ་ཨོ་ལིས་ཡིན་ན་དེའི་གཏམ་བཤད་ཁག་ལ་ཉོན་དང་། ཐེ་རྒྱ་མཉམ་འབྲེལ་བྱས་ན་རེད་ཁ་ཁ་བྱས་ན་རེད། བོད་དོན་ལ་འགྱུར་བ་ཅང་འགྲོ་གི་མ་རེད་ཀོ་ལོ་ལོ་ཆ་བོ།
སྨན་བླ་སྐྱབས་ཀྱི་ཁ་ཤགས་ཤིག་ཏུ། ད་སྡེ་བ་འདི་གཉིས་འགྲིགས་སོང་ནི་ཡིན། ད་སྡེ་བ་ཕྱི་ནང་སྤྲད་ནས་སྡེ་བ་གཞན་ཞིག་ལ་དམག་རྒྱག་རྒྱུ་ཡིན། ཟེར་བ་དེ་དྲན་ཡོང་། སྡེ་བ་གཞན་དེ་སུ་རེད་ཅེ་ན་འུ་ཚང་རེད་ཡ། ཨ་རི་དང་རྒྱ་ནག་མ་རེད་ད།
བོད་མི་ཚོས་ཀྱང་གང་ཐུབ་ཐུབ་ཁྲིམས་བཟོ་འདིའི་ཆ་ཤས་ལེན་དགོས་པ་མ་རེད་དམ། ཆོལ་གསུམ་གཅིག་ཏུ་བསྒྲིལ་བའི་རང་སྐྱོང་ཟེར་བ་དེ་ཁྲིམས་་གཞི་གསར་བ་འདིའི་ནང་ཡོང་མ་སྲིད་པ་ཨེ་ཡིན། དེ་མ་ཡོང་ན་ཡང་མཉམ་སྦྲེལ་གྱི་བོད་ཀྱི་མངའ་སྡེ་གསུམ་མམ་ཡང་ན་གཉིས་ལྟ་བུ། འཛིན་སྐྱོང་གཅིག་གི་འོག་མིན་ན་ཡང་མཉམ་སྦྲེལ་གྱི་འཛིན་སྐྱོང་གཅིག་བྱས། ནང་གི་རང་དབང་ཆ་ཚང་ཡོད་པ་ཞིག་བྱུང་ན་མ་འགྲིགས་པ་མི་འདུག་ག
ང་ཚོ་ལ་མི་འགྲིག་པ་མེད་པ་དག་དག་རྒྱ་རྒན་འདི་ཚོས་འགྲིག་གི་འཇུག་གི་ཡོད་པ་མ་རེད། ང་ཚོ་ལ་ནི་ལྷ་ས་གྲོང་ཁྱེར་དུ་ཨ་རིའི་གཞུང་ཚབ་ལས་ཁུངས་ཆུང་ཆུང་ཞིག་བཙུགས་ན་ཡང་འགྲིག་གི་ཡོད་ཟེར་གི་ཡོད་པ་རེད་དེ་རྒྱ་རྒན་ཚོར་འགྲིག་གི་ཡོད་པ་མ་རེད།
དོ་དགུང་མང་གཙོའི་སྐོར་ལ་ཁ་བརྡ་ལྷོད་ལྷོད་ཅིག་བྱེད་དགོས་བསམ་ནས་བསྡད་ཡོད་མོད། ཀླུ་སྨྱོན་ལྷ་བབས་འདུག་པས་དོ་དགུང་ཡོང་ས་མ་རེད། ཁྱེད་ཚོས་གཟའ་འདིའི་མིག་དམར་ཉིན་རྒྱ་རིས་ཨེ་ཤི་ཡ་རླུང་འཕྲིན་ཁང་གི་བཅར་འདྲི་ལ་ལན་བཏབས་པ་དེ་ལ་ཉན་ནམ། བཀའ་ཟུར་ཚོས་དགོངས་འཆར་ཡི་གེ་དེ་ཁོ་ལ་བསྐུར་ཡོད་ཟེར་མོད་ད་དུང་མཐོང་མ་སོང་ཞེས་བཤད་པས། དེ་ནི་བཀའ་ཟུར་ཚོ་ཧོན་ལོག་ནས་བསྐུར་ས་ནོར་བ་ཡིན་ནམ། ཡང་ན་རྒྱ་རིས་སྐྱག་རྫུན་བཤད་ཀྱི་ཡོད་དམ། རྒྱ་ནག་གི་མང་གཙོ་གལ་ལོས་ཆེ། བོད་ཀྱི་མང་གཙོ་ལའང་བརྟག་ཞིབ་དང་བགྲོ་གླེང་བྱེད་རྒྱུ་གལ་ཆེན་པོ་མ་ཡིན་ནམ།
དེ་བདེན་པ་རེད། བཀའ་ཟུར་ཚོས་ང་ལ་བསྐུར་འདུག
ལྟ་འདོད་ཡོད་ན་ངས་གཤམ་དུ་བཀའ་ཟུར་ཚོའི་ཡི་གེ་རེ་བཞིན་དགོད་ཆོག ཡིན་ན་ཡང་ང་ལ་བསྐུར་བ་དང་རྒྱ་རི་ལ་འབྱོར་བ་གཉིས་གཅིག་པ་ཡིན་མིན་དོགས་པ་ཡོད། ང་ལ་བསྐུར་བའི་ཡི་གེ་དེ་དག་ནི་མགོ་ན་ཨོམ་མེད་མཇུག་ན་ཧྰུང་མེད། དཀྱིལ་ན་གི་གུ་ཞབས་ཀྱུ་འགྲེང་བུ་ན་རོ་ཡ་རྟ་ར་རྟ་ས་མགོ་ལ་མགོ་ཚེག་དང་ཤད་མེད་པའི་ཡི་གེ་དག་དག་རེད།
ཀྲོའུ་ཐེན་ཡོང་གིས་བཤད་པ་ལྟར། ༢༠༢༠ ལོ་ནས་རྒྱ་ནག་དམངས་གཙོའི་ལམ་ལུགས་སུ་འགྱུར་ཐུབ་རྒྱུ་ཡིན་མིན་ནི་ཐེ་ཚོམ་རེད། ཡིན་ནའང་རྒྱ་ནག་གི་ཏང་གི་འགོ་འཁྲིད་མཐོན་པོ་ཞིག་གིས་རྒྱ་ནག་དམངས་གཙོར་འགྱུར་ཐུབ་རྒྱུའི་བསམ་ཚུལ་དང་རེ་བ་བཤད་པ་འདི་ནི་དོ་སྣང་བྱེད་འོས་པ་ཞིག་ལོས་ཡིན། རྒྱ་ནག་ནང་ཁུལ་དང་ལྷག་པར་དུ་གོང་རིམ་ནས་དམངས་གཙོའི་བཅོས་སྒྱུར་མ་བྱས་པར་གཤམ་འོག་ནས་དམངས་གཙོ་རྩོད་རྒྱུ་ནི་ད་སྔའི་གནས་སྟངས་ལ་བལྟས་ན་བཤད་མི་ཐུབ་པ་ཞིག་འདུག ཕྱི་རྒྱལ་ཁག་ཏུ་རྒྱ་ནག་དམངས་གཙོ་རུ་བསྒྱུར་རྒྱུའི་འབད་བརྩོན་བྱེད་མཁན་གྱི་ཆབ་སྲིད་དང་ཆབ་སྲིད་མིན་པའི་ཚོགས་པ་འདྲ་མིན་སྣ་ཚོགས་ཤིག་ཡོད་ཀྱང་། དེ་དག་གིས་ཁོ་ཚོ་ནང་ཁུལ་ནས་དཀྲུགས་ཤིང་བརྒྱབ་སྡོད་རྒྱུ་མ་གཏོགས། རྒྱ་ནག་གཞུང་ལ་ཁབ་གཙགས་འབིག་གཙགས་ཙམ་ཡང་བྱེད་ཐུབ་ཀྱི་མི་འདུག ཟླ་བ་གཉིས་ཀྱི་གོང་ལ་འཇར་པན་གྱི་རྒྱལ་ས་ Tokyo རུ་རྒྱ་ནག་དང་ཨེ་ཤ་ཡ་མང་གཙོར་བསྒྱུར་རྒྱུའི་རྒྱལ་སྤྱིའི་རྒྱབ་སྐྱོར་ཚོགས་ཆེན་ཞེས་པ་ཞིག་འཚོགས་སོང་། རྒྱལ་སྤྱིའི་ཚོགས་ཆེན་དེ་ནི་ལོ་རེར་ཐེངས་རེ་འཚོགས་ཀྱི་ཡོད་ལ། ད་ལོའི་ཚོགས་ཆེན་ཐོག་ཏུ་པེ་ཅིན་གྱི་ཨོ་ལིམ་པིཀ་ཚར་རྗེས་རྒྱ་ནག་དང་ཨེ་ཤ་ཡ་མང་གཙོའི་ལམ་ལུགས་སུ་བསྒྱུར་རྒྱུའི་ཐད་ལ་ནུས་པ་ཅི་ལྟར་འདོན་རྒྱུའི་སྐོར་གྱི་བགྲོ་གླེང་བྱས་འདུག
རྒྱ་ནག་དམངས་གཙོའི་མི་སྣ་མང་པོ་ཞིག་༧གོང་ས་ཏཱ་ལའི་བླ་མ་ལ་མཇལ་འཕྲད་གནང་ཞིང་། ཁོང་ཚོས་གུང་ཁྲན་ཏང་གི་སྲིད་ཇུས་གདུག་རྩུབ་ཆེ་བའི་གནས་ཚུལ་བཤད་པ་ན། བཙན་བྱོལ་གྱི་བོད་མི་ཁག་ཅིག་ལ་རྒྱ་ནག་དམངས་གཙོར་གྱུར་ན་བོད་ལ་རང་དབང་འཐོབ་རྒྱུ་ཡིན་པའི་རེ་བ་བསླངས་སོང་། ཡིན་ནའང་རྒྱ་ནག་གི་དམངས་གཙོ་བ་དེ་དག་གི་དམིགས་ཡུལ་གཙོ་བོ་ནི་རྒྱ་ནག་གུང་ཁྲན་ཏང་ལ་ཁ་གཏད་གཅོག་རྒྱུ་དེ་རེད། ཁོང་ཚོར་མ་འོངས་པར་བོད་ཀྱི་ཐོག་ལ་སྲིད་ཇུས་ཅི་འདྲ་ཞིག་ཡོད་པ་ཤེས་པ་ཙམ་གྱིས་བོད་མི་ཁག་ཅིག་འདྲོགས་ལངས་ཡོད་པ་ནི། དཔེར་ན། ད་ལོ་སྤྱི་ཟླ་བརྒྱད་པར་གདུགས་དཀར་འབུམ་གོང་གི་ཚོགས་ཆེན་དེའི་ཐོག་ཏུ་སོང་སྟེ་མཐོང་ཚུལ་འདི་འདྲ་བྱུང་འདུག ཐེངས་འདིའི་ཚོགས་འདུའི་སྟེང་མངོན་གསལ་དོད་པའི་རྣམ་པ་ཞིག་ནི། ཕྱི་རྒྱལ་ན་སྡོད་པའི་རྒྱ་རིགས་མང་གཙོ་དོན་གཉེར་ཅན་ཚོས། རྒྱ་ནག་གཞུང་གིས་བཙན་བཟུང་བྱས་པའི་བོད་ཀྱིས་གཙོས་པའི་མི་རིགས་གཞན་གྱི་མངའ་ཁོངས་དེ་དག་གློད་འདོད་རྩ་བ་ནས་མི་འདུག རྒྱུ་མཚན་ནི་ཚོགས་འདུའི་ཐོག་བོད་དང་ནང་སོག ཤར་ཏིར་ཀི་སི་ཐན་བཅས་རྒྱ་ནག་ནང་ཁུལ་གྱི་གནད་དོན་ཐད་བཞག་ཏེ་བགྲོ་གླེང་གནང་བ་ན། ངའི་སེམས་སུ་རྒྱ་ནག་མང་གཙོ་ཅན་དུ་བསྒྱུར་ཐུབ་པ་ཙམ་གྱིས་མང་གཙོ་དོན་གཉེར་ཅན་ཚོར་འགྲིག་འདུག་མོད། ཡིན་ནའང་བོད་ལ་མཚོན་ན་རྒྱ་ནག་མང་གཙོ་ཅན་དུ་བསྒྱུར་བ་ཙམ་གྱིས་ཆོག་གི་མེད་པས། ད་དུང་རྒྱ་ནག་གི་མང་གཙོ་དོན་གཉེར་བ་ཚོ་དང་ང་ཚོའི་བར་ཕུགས་དམིགས་དང་འོས་འགན།གནས་བབས་སོགས་ཕྱོགས་གང་ཅིའི་ཐད་ཉིན་མཚན་གོ་ལྡོག་གི་བར་ཁྱད་ཡོད་པའི་རྣམ་པ་ཞིག་ཤར་སོང་ཞེས་བཤད་ཡོད།
གདུགས་དཀར་འབུམ་ལ་སྐབས་དེར་ངས་ལན་ཞིག་བརྒྱབ་ཡོད་ལ། དེའི་ནང་དོན་ནི་གོང་དུ་སྤོབས་པ་ཟེར་བ་དེས་བཤད་པ་ལྟར། རྒྱ་མི་ཟེར་བ་འདི་དངུལ་གཙོ་བོར་འཛིན་པ་ལས་ཆབ་སྲིད་རང་དབང་སོགས་ལ་དོ་སྣང་བྱེད་མཁན་སྲིད་མཐའ་མ་བཀག་ཙམ་ལས་མེད་ཅེས་པ་འདི་ཡིན། སྤོབས་པ་ལགས་ཀྱིས་རྒྱལ་ཁབ་ཕལ་མོ་ཆེར་དམངས་གཙོ་ཟེར་ཡང་ལྟར་སྣང་བ་ཞིག་ལས་དོན་དུ་སྐྱེས་བུ་སྒེར་གྱི་ཐོབ་ཐང་དང་བདེ་སྡུག་ལ་འགན་འཁུར་ཤེས་ཀྱི་མེད་པས་དམངས་གཙོ་ཟེར་བ་འདིས་ཕན་ཐོགས་ཡོད་མེད་དེ་ཡང་བེད་སྤྱོད་མཁན་ལེགས་ཉེས་ལ་ཐུག་འདུག་ཅེས་པ་འདི་དངོས་ཡོད་གནས་ཚུལ་དང་མཐུན་པའི་གཏམ་རེད་བསམ།
རྒྱ་ནག་པའི་མ་འོངས་པའི་མི་རབས་ཀྱི་བསམ་བློ་སྲོལ་རྒྱུན་ལ་འགྱུར་བ་འགྲོ་སྲིད་པ་ཞིག་རེད། ཡིན་ན་ཡང་རྒྱ་ནག་གི་མ་འོངས་པའི་མི་རབས་ཀྱི་བསམ་བློའི་སྲོལ་རྒྱུན་ལ་འགྱུར་བ་འགྲོ་བར་བསྒུགས་བསྡད་ན་བོད་འདི་སངས་རྒྱས་བྱོན་དུས་བྲམ་ཟེར་རྒས་ཟེར་བ་བཞིན་བོད་ཡུལ་རྒྱ་མིས་གང་རྒྱུ་རེད་ལ་བོད་མིས་བོད་སྐད་ཀྱང་བརྗེད་ཚར་བ་རེད།
ངས་རྒྱ་མི་ནང་པ་ཡིན་ཟེར་མཁན་ངོ་ཤེས་ཀྱིན་ཡོད། ཁོང་ཚོས་སྨོན་ལམ་རྒྱག་སྐབས་ཆེས་ཐོག་མར་ཧྤ་ཚེ་ཧྥ་ཚེ་ཟེར་ནས་རྒྱུ་ནོར་ཡོང་བའི་སྨོན་ནམ་རྒྱག་གི་འདུག ལོ་གསར་སྐབས་ཧྥ་ཚེ་ཟེར། ལྦུ་ཆང་ཁ་ཕྱེ་ནས་ཕྱིར་འཕྱུར་སྐབས་ཀྱང་ཧྥ་ཚེ་ཟེར། གང་ལྟར་རེ་བ་དང་རྨི་ལམ་ཚང་མ་ཧྥ་ཚེ་རེད། ནུབ་ཕྱོགས་པའི་སྲོད་དོན་པ་ཚོས་ཀྱང་རྒྱ་མིའི་སེམས་ཁམས་ངོས་མ་ཟིན་པས་འདིའི་ཕྱོགས་ལ་ནོར་འཁྲུལ་བཟོས་སོང་སྙམ། ད་ལྟ་རྒྱ་མི་མང་ཆེ་བས་རྒྱ་ནག་ལ་རང་དབང་མེད་ཟེར་བ་དེ་གང་ཡིན་ཡང་ཤེས་ཀྱིན་མི་འདུག གང་ལྟར་ཡང་གུང་ཁྲན་ཏང་གི་མགོ་ཁྲོད་འདི་ཚོ་དཔལ་འབྱོར་ཡར་རྒྱས་དང་གཞན་མགོ་གནོན་པའི་ཐད་ལ་འཇོན་པོ་བྱུང་བ་རེད། རྒྱ་མི་ཕལ་མོ་ཆེས་སེམས་སུ་དེས་ཆོག་ཤེས་བྱེད་ཀྱིན་ཡོད་རེད།
སུན་ཀྲུན་ཧྲན་གྱིས་རྒྱ་མིའི་རང་དབང་ཟེར་ན་ངོ་ཤེས་ཀྱིན་མ་རེད། དེ་ལས་ས་ཞིང་མང་ཚོགས་ལ་བགོ་རྒྱུ་ཡིན་ཟེར་ན་འཚངས་ཁ་རྒྱག་རྒྱུ་རེད་ལབ་མྱོང་བ་རེད་ཟེར་བ་བདེན་པ་རེད། གཅིག་བྱས་ན་རྒྱ་ནག་གི་ལོ་རྒྱུས་སྟེང་ལ་མུ་གེས་མནར་བའི་ལོ་རྒྱུས་རིང་པོ་ཡོད་སྟབས་ཁ་ཟས་ཀྱི་རིན་ཐང་ཁོ་ན་ལ་སེམས་བཞིན་ཡོད་པ་མིན་འགྲོ། དུས་རབས་སྔོན་མའི་ནང་ལ་མུ་གེ་བྱུང་བ་རྒྱ་བོད་གཉིས་གཅིག་མཚུངས་རེད། ཡིན་ན་ཡང་རྒྱ་མིས་རང་གི་ཕྲུ་གུ་དམར་འབྱར་བསད་ནས་ཟོས་པའི་གནས་ཚུལ་བྱུང་ཡོད་ལ་བོད་མི་མུ་གེས་ཤི་ཡང་དེ་ལྟར་བྱས་པའི་ལོ་རྒྱུས་མེད་པ་སོགས་ལ་བསམ་བློ་ཐོངས་དང་།
འབྲུག་རྒྱལ་པོ་སོགས་ཀྱིས་བྱེད་སྟངས་བཞིན་རྒྱ་ནག་གུང་ཁྲན་ཏང་གི་ངོས་ནས་ཀྱང་གུང་ཁྲན་ཏང་ནག་པོ་མ་ཆགས་པ་དང་རྒྱལ་ཁབ་ཀྱི་གཅིག་གྱུར་དང་དཔལ་འབྱོར་ལ་དོ་ཕོག་མ་སོང་བ་་གཉིས་རྨང་གཞིར་བཞག་ནས་དམངས་གཙོར་བསྒྱུར་རྒྱུའི་ཐབས་མཁས་པ་ཞིག་ལ་བསམ་བློ་གཏོང་གི་ཡོད་རྒྱུ་རེད། དེ་ལྟར་ཡོང་མིན་སུས་ཤེས། རྒྱ་ནག་དམངས་གཙོར་གྱུར་ཀྱང་ང་ཚོ་ཞེད་ས་མང་པོ་ཞིག་ལུས་ཡོད་རེད། དཔེར་ན་རྒྱ་མིའི་རྒྱལ་ཞེན་དང་། བོད་ཀྱི་མཐོ་རིམ་མི་སྣའི་སྤྲེལ་ལད། ནུབ་ཕྱོགས་པའི་རང་དོན་དབུས་བཞག་གི་གཡོ་ཇུས་བཅས་ང་ཚོའི་མདུན་ན་ལྷགས་ཡོད་ཡོད་པ་རེད།
རྒྱ་ནག་པའི་སེམས་ཁམས་ཀྱི་ཐད་མགོ་སེར་ཚོ་ལས་ང་ཚོ་ལ་ཆ་རྒྱུས་ཆེ་བ་བཤད་མི་དགོས་པས་རེ་བ་སྟོང་པ་ལ་མགོ་མ་འཁོར་རོགས་ཞེས་ཞུ་རྒྱུ་ཡིན།
རྒྱ་ནག་གིས་འདི་འདྲ་ཤ་སྟག་བཤད་ནས་ཐའེ་ཝན་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཁོངས་ནས་མར་ཕུད་པ་རེད། སྟོབས་ཆེན་རྒྱལ་ཁབ་ཚང་མར་ཚོང་འབྲེལ་བཙུགས་པ་རེད། ཧོང་ཁོང་ཕར་བླངས་པ་རེད། ཨོ་ལིམ་པིག་གི་མཛད་སྒོ་དྲ་རྒྱས་པོ་དེ་ཁོ་རང་ཚོའི་ནང་ལ་ཚུགས་བཞག་པ་རེད། ད་དུང་ཡང་འགྲོ་བ་མིའི་ཐོབ་ཐང་རང་མལ་དུ་ལུས་ཡོད་པ་རེད། ཕྱོགས་ཁ་ཤས་ནས་ཇེ་སྡུག་ཏུ་སོང་ཡོད་པ་རེད། དཔེར་ན། ང་༡༩༩༢ལོར་ལྷ་སར་ཐེངས་གཅིག་སོང་བ་ཡིན། རྒྱལ་བ་རིན་པོ་ཆེའི་སྐུ་པར་འཚོང་ཆོག་གི་འདུག་ལ་ཚོང་ཁང་ཟས་ཁང་ནང་ལ་བཤམ་ཆོག་གི་འདུག ༡༩༩༩ལོར་ཐེངས་གཅིག་འགྲོ་སྐབས་སྐུ་པར་གཅིག་ཀྱང་མཐོང་རྒྱུ་མི་འདུག དེ་བཞིན་ང་ལྷ་སར་འགྲོ་ཐེངས་སྔོན་མ་དེར་སྤྲང་པོ་དང་གྲྭ་བ་ཚོས་ཕྱི་རྒྱལ་བ་ལ་སློང་མོ་བརྒྱག་ཆོག་གི་འདུག ཐེངས་རྗེས་མ་དེར་གྲྭ་ཆས་གྱོན་མཁན་ཚོས་དབྱིན་ཇི་ཚོར་སྐད་ཆ་བཤད་ན་ཡང་ཉེན་རྟོག་པས་རྩད་གཅིག་བྱེད་པར་ཞེད་སྣང་སྐྱེས་བཞིན་འདུག ད་ཁོ་ཚོས་དང་བླངས་ཀྱིས་དམངས་གཙོར་བསྒྱུར་རྒྱུའི་སྐད་ཆ་སྙན་མོ་དེས་ཡང་འཛམ་བུ་གླིང་པ་འདི་ཚོ་མགོ་སྐོར་ག་འདྲ་ཞིག་གཏོང་རྩིས་ཡིན་དང་ཁེ་བཟང་ག་འདྲ་ཞིག་ལེན་རྩིས་ཡིན་བསམ་ནས་ང་ཞེད་སྡོད་ཀྱིན་ཡོད།
གོང་དུ་སྤོབས་པས་བཤད་པ་འདི་ལ་མོས་མཐུན་ཡོད། ཁ་སྔོན་རྒྱ་ནག་དམངས་གཙོར་བསྒྱུར་བའི་ཚོགས་འདུའི་གནས་ཚུལ་ཞིག་དང་འབྲེལ་ནས་གཤམ་གྱི་མཆན་
་འདི་བརྒྱབས་པ་ཡིན། ནང་དོན་ཕལ་ཆེ་བ་སྤོབས་པས་བཤད་པ་དང་གཅིག་མཚུངས་རེད་མོད། ཡིན་ནའང་བཤད་སྟངས་མི་འདྲ་བ་མཟད། ཁ་ཤས་ཀྱིས་མཐོང་མེད་པར་དོགས་པ་དང་། གཞན་ཡང་འདིར་རྒྱ་ནག་དམངས་གཙོར་བསྒྱུར་ལུགས་ཀྱི་བརྗོད་གཞི་དང་འབྲེལ་ཆགས་ཀྱི་ཐོག་ནས་ཡང་སྐྱར་བཟོ་བཅོས་ཕྲན་བུ་དང་བཅས་བཀོད་པ་ལ་དགོངས་འགལ་མེད་པ་ཞུ།
རྒྱ་ནག་དམངས་གཙོར་བསྒྱུར་བར་ཐོག་མར་གུང་ཁྲན་ཏང་གི་སྲིད་དབང་སྒེར་འཛིན་ལ་འགྱུར་བ་གཏོང་དགོས་པ་རེད། ཡིན་ནའང་རྒྱ་ནག་གི་འཇོན་པོ་རྒོད་པོ་མང་ཆེ་བས་ཏང་ལག་ཆར་བཟུང་སྟེ་རང་དོན་འགྲུབ་ཡོང་དུས། ཁོ་ཚོར་ཏང་རྩ་ཇེ་ཆེ་ནས་ཇེ་ཆེར་འགྲོ་གི་ཡོད་པ་གསལ་བོ་རེད། དེ་ནི་ཕྱི་རྒྱལ་དུ་སློབ་སྦྱོང་བྱེད་བཞིན་པའི་རྒྱ་མི་ཕྱུག་པོ་ཚོའི་བུ་ཕྲུག་ཚོས་ད་ལོ་བོད་ཀྱི་ཡར་ལངས་སྐབས་སུ་ཨ་རི་དང་། ཕ་རན་སི་སོགས་སུ་ཏང་གི་དར་དམར་འཕྱར་ཏེ་ངར་རྟགས་ཅི་ཙམ་བསྟན་པ་དེའི་ཐོག་ནས་མཚོན་ཐུབ།
ཏང་གི་སྲིད་ཇུས་ལ་མི་དགའ་མཁན་ནི་གཙོ་བོ་ཏང་གི་སྲིད་ཇུས་ལ་བརྟེན་ནས་གྱོང་ཕོག་བསྡད་མཁན་དེ་ཚོ་རེད། འདིའི་གྲས་སུ་རྒྱ་ནག་གི་ཞིང་པ་དབུལ་ཕོངས་ཚོ་དང་། ཕ་ལུང་ཀོང་། སྒེར་རྒྱུ་གཞུང་ལ་ཤོར་ཏེ་སྐྱིན་ཚབ་མ་རེག་མཁན་ཚོ། གཞན་ཡང་། གྲངས་ཉུང་མི་རིགས་ཀྱི་མི་ཁག་ཅིག་རེད། ཀུན་གསལ་ལྟ་བུ་རེ་ཟུང་མ་གཏོགས་བོད་མི་མང་ཆེ་ཤོས་བཤད་མི་དགོས་པ་ཞིག་རེད།
ཕ་ལུང་ཀོང་ནི་དམིགས་བསལ་རེད་མ་གཏོགས་རྒྱ་མི་འདི་ཚོ་ལྟོ་རྒྱབ་འགྲིག་ན་དེས་ཡིད་ཚིམས་འགྲོ་གི་འདུག སྔོན་མ་འབྱོར་ལྡན་གྲལ་རིམ་ལ་དགག་པ་བརྒྱབ་སྟེ་སྤྱི་ཚོགས་རིང་ལུགས་ཀྱི་ལམ་དུ་མདུན་ནས་མདུན་དུ་སྐྱོད་ཅེས་བཤད་མཁན་གྱི་ཏང་དེས། དེང་སང་ཕྱུག་འགྱུར་གྱི་སྐད་ཆ་བཤད་ཀྱི་འདུག འདི་ལ་རྒྱ་སྐད་དུ་向前看ནས་向钱看ལ་འགྱུར་བའི་དུས་རིམ་ཟེར་གྱི་འདུག
རྒྱ་མི་ཚོས་ཆོས་སྒྲུབ་དུས་ཀྱང་ཚེ་ལྷ་དང་ནོར་ལྷ་མཆོད་པ་མང་ཞིང་། སྨོན་ལམ་ཞིག་བརྒྱག་དུས་ཀྱང་ཀོང་ཞིས་ཕ་ཚེ་恭喜发财ཟེར་བས། ད་རེས་ཨོ་རྩལ་གྱི་སྐབས་སུ་རྒྱ་མི་ཚོའི་གྲས་སུ་ཏང་གི་སྒོར་མོ་མི་དགོས། དམངས་གཙོའི་རང་དབང་དགོས་ཟེར་མཁན་ཧ་ཅང་ཉུང་བ་ནི་ཡ་མཚར་སྐྱེས་དགོས་པ་དེ་འདྲ་ཅང་མ་རེད།
རྒྱ་མི་དུང་ཕྱུར་བཅུ་གསུམ་གྱི་ནང་དུ་བོད་ཀྱི་གནས་སྟངས་ལ་གཞུང་གི་ལྟ་ཕྱོགས་དང་མི་འདྲ་བའི་སྐད་ཆ་བཤད་ཐུབ་མཁན་ཝང་ལིས་ཞུང་གིས་གཙོས་པའི་མི་ཉུང་ཤས་ཤིག་རེད། འདིའི་ཐོག་ནས་རྒྱ་མི་རིགས་འདི་ལ་ཆོས་དང་རིག་གཞུང་གང་གི་ཐད་ནས་ཀྱང་དམངས་གཙོའི་འདུ་ཤེས་དང་གཤིས་ཀ་ཏིལ་འབྲི་ཙམ་ཡང་མེད་པ་དེ་མཚོན་ཐུབ། རྒྱ་མི་ཕན་ཚུན་ཐུག་དུས་ཟ་མ་ཟོས་ཡོད་མེད་ཀྱི་འཚམས་འདྲི་བྱེད་པ་འདི་ཙམ་གྱི་ཐོག་ནས་ཀྱང་རྒྱ་འདི་ཚོའི་ཁ་ལ་ཟ་རྒྱུ་ཞིག་མ་གཏོགས་སེམས་ལ་དྲན་རྒྱུ་གཞན་མེད་པ་མཚོན་ཐུབ། རྒྱ་ནག་གི་གསར་བརྗེའི་རྩོམ་པ་པོ་ལུའུ་ཞུན་ཡང་འུ་ཐུག་པ་མིན་ན་གང་ཡིན། ཁོང་གི་སྨན་འཐུང་བ་ཞེས་པའི་རྩོམ་དེའི་ནང་དུ་རྒྱ་འདི་ཚོས་གསར་བརྗེའི་རིན་ཐང་མི་ཤེས་པར་དེ་ལས་ལྡོག་སྟེ། གསར་བརྗེ་བ་དམར་གསོད་བཏང་བའི་མི་ཁྲག་ཁོལ་མ་ཀྲིན་མོག་དང་སྦགས་ནས་སྨན་གྱི་ཚུལ་དུ་ཟ་སྟངས་ལ་སྐྱོན་བརྗོད་བྱས་ཡོད། གཞན་ཡང་ཐང་སིན་རྣམ་ཐར་དུ་ཐང་སིན་བླ་མའི་ཤ་ཁྲག་ལོན་ན་ཚེ་ཐག་རིང་བར་འགྱུར་བའི་དགོངས་དོན་བསྟན་པ་འདི་དག་གི་ཐོག་ནས། དམངས་གཙོ་ནི་ཟ་མ་དང་སྦྱར་ནས་ཞིམ་ཚུལ་བཤད་ན་དེ་ང་ལ་དགོས་ཟེར་མཁན་གྱི་རྒྱ་མི་མང་པོ་ཡོད་ན་མ་གཏོགས་ཁག་པོ་རེད་དོ།།
སྐུ་ཞབས་གདུག་དཀར་འབུམ་གྱི་གཟིགས་སྟངས་དེ་མཐའ་གཅིག་ཏུ་མ་ནོར་བ་ཡིན། གན་དེ་ཇི་མཆོག་གིས་རྒྱ་གར་རང་སྲིད་རང་སྐྱོང་གི་དགོས་འདུན་འདོན་སྐབས་དབྱིན་ཇིའི་མིའི་ནང་དུ་རྒྱ་གར་རང་བཙན་ལ་རྒྱབ་སྐྱོར་བྱེད་པར་རྒྱབ་སྐྱོར་བྱེད་མཁན་མང་པོ་བྱུང་འདུག ང་ཚོའི་བོད་རང་བཙན་ལ་རྒྱ་མི་རྒྱབ་སྐྱོར་བྱེད་མཁན་ག་ཚོད་འདུག སྲིད་མཐའ་མ་བཀག་ཙམ་ལས་མི་འདུག་ག རྒྱ་མི་ལ་ལ་ཞིག་གིས་ཏཱ་ལའི་བླ་མ་ཡག་པོ་རེད། བོད་རང་བཙན་བློས་བཏང་པ་རེད་ཁོང་གི་དབུ་མའི་ལམ་དང་རང་སྐྱོང་གི་དགོས་འདུན་ལ་རྒྱབ་སྐྱོར་བྱེད་དགོས་མདོག་མདོག་བྱེད་མཁན་ཉུང་ཤས་རེ་ཡོད་ས་རེད། འོན་ཀྱང་དེས་སྐྱག་གོ་མི་ཆོད་དེ་ཏིང་ཤའོ་ཕང་གིས་ཀྱང་རང་བཙན་མིན་ན་གང་ལྟར་འགྲིགས་མདོག་མདོག་ཅིག་རྒྱལ་ལོ་དོན་གྲུབ་ལ་བཤད་པ་མ་རེད་དམ། ལག་ལེན་ལ་ཐུག་སྐབས་ཇེ་འཁྲེགས་ཇེ་འཁྲེགས་རེད།
ངའི་ཕ་ཡུལ་ནས་ཁྱི་རྒན་ཚོས་གློ་ལུ་རྒྱག་དུས་ཁྱིམ་བདག་ཚོས། ཁ་རྒྱ་ལ་སྐོར། རྔ་མ་ཧོར་ལ་གཡུགས། ཟེར་སྲོལ་ཞིག་འདུག རྒྱ་སོག་འདི་གཉིས་ཀྱིས་འུ་ཚང་ལ་བྱས་བྱས་ཤིག་གཞན་གྱིས་བྱས་མེད་ཡ།
ད་ངར་ལངས་ནས་ཅང་ཕན་ཐོགས་ཡ་དཀའ་ལས་ཁག་པོ་རེད། རང་རེའི་འདོད་དོན་འགྲུབ་པ་ལ་ཐབས་ལམ་ག་རེ་འདུག རེ་བ་ཡག་ས་དང་བཀོད་པ་སྡུག་ས་ནས་འཐེན་དགོས་པ་མིན་ནམ། དབུ་མའི་ལམ་ལས་ལྷག་པའི་ཐབས་ལམ་གཞན་པ་ཡག་པོ་དེ་འདྲ་ཅང་འཁྱེར་ཡོང་ཡ་ཨེ་ཡོད། མེད་ན་རང་བཙན་གཙང་མ་ཟེར་ནས་ཕྱི་ལོག་ནས་ཉི་མ་ཕུད་ཐབས་ལས་སྟབས་གང་འགྲིག་ལ་བོད་ནང་དུ་ལོག་ཐབས་བྱེད་དགོས་རེད་འདོད་གི དེ་ནས་ག་ལེར་གོ་སྐབས་ལ་སྒུག་བསྡད་ན་ག་འདྲ་འདུག གལ་ཏེ་གོ་སྐབས་རེ་འགྲིག་དུས་འུར་ལངས་སེ་བཏང་ན་མ་རེད་དམ། ངས་དེ་འདྲ་ཞིག་འདོད་བཏང་ཐལ། གཞན་པའི་ག་རེ་དྲན་གི་ཡོད་དམ།།
ཧོར་ཁོང་རྒྱ་ནག་ལ་རྩིས་སྤྲོད་སྐབས་ནུབ་ཕྱོགས་ཀྱི་ཆབ་སྲིད་པ་ཚོས་དེ་རིང་ནས་བཟུངས་རྒྱ་ནག་གི་གྲུ་གཟིངས་དེ་གས་ཆག་ཤོར་བ་ཡིན་སྟབས་དམར་ཤོག་པས་ཆག་དུམ་གཉིས་པོ་ཁ་ལོ་སྒྱུར་ཐུབ་ཀྱི་མ་རེད་ཅེས་དང་། ཧོང་ཁོང་ལ་དམངས་གཙོའི་ཉམས་མྱོང་ཡོད་སྟབས་དེའི་ཤུགས་སྐྱེན་སྐམ་ས་ཆེན་པོར་སླེབས་ཀྱི་རེད་ཅེས་རྨི་ལམ་སྟོང་བ་གྲངས་མེད་ཅིག་བཏང་ནས་ཆག་སྒོ་འདི་ཉོས་པ་རེད། རྒྱ་ནག་པས་ཧོང་ཁོང་པ་ལས་ཚོང་རྒྱག་སྟངས་དང་། ཕྱི་རྒྱལ་དང་ཚོང་འབྲེལ་འཛུགས་སྟངས། དེངས་རབས་ཀྱི་རྒྱས་སྤྲོས་འཚོ་བ་སྐྱེལ་སྟངས་སོགས་སློབ་བྱས་ཡོད་འགྲོ། དེ་མིན་དམངས་གཙོ་ཡིན་ནམ་སྐྱག་གཙོ་ཡིན་ནམ་དེ་ཧོང་ཁོང་པས་སྐམ་ས་ཆེན་པོར་བསླབས་མ་སོང་ལ་སྐམ་ས་པས་སྦྱངས་ཡང་མ་སོང་། གྲུབ་འབྲས་ངོ་མ་དེ་ཧོང་ཁོང་ཕྱིར་རག་པའི་ཉིན་མོ་ནས་གུང་ཁྲན་ཏང་གི་ཧམ་སེམས་དེ་རི་རྒྱལ་གྱི་རྩེ་མོར་འཕགས་སོང་བ་རེད། ཁོ་ཚོས་རྒྱ་ནག་གི་ལོ་རྒྱུས་ཀྱི་འགན་འཁུར་ཡོད་ཅེས་བཤད་ནས་རྒྱ་མི་ཚོས་གུང་ཁྲན་ཏང་ལ་བཅངས་པའི་་དད་སེམས་ཇེ་བརྟན་དུ་གྱུར་སོང་ལ་ཐའེ་ཨན་མིན་གྱི་སྒོའི་ཐང་ཆེན་གྱི་སློབ་ཕྲུག་དམར་གསོད་ཀྱི་ལས་ངན་བསག་པ་དེ་ཡང་གུ་ཡངས་སུ་གཏོང་གྲབས་རེད། སྤྱོད་འཇུག་ལས། ཤི་བའི་སྦྲུལ་དང་འཕྲད་གྱུར་ན། །ཁྭ་ཡང་མཁའ་ལྡིང་ལྟ་བུར་སྤྱོད། །ཡིན་ནམ་ཅིག་གསུངས་པ་བཞིན་ཁྱིམ་མཚེས་རྒྱལ་ཁབ་ཚོས་ཀྱང་དེ་གསལ་བོར་མཐོང་སྟབས་བལ་བོ་སྒྱིད་པ་ཕྲ་བོ་དེ་ཚོས་ཀྱང་ང་ཚོའི་སྟེང་ལ་གང་སྡུག་སྡུག་བྱེད་བཞིན་འདུག་ག ད་ཁར་སང་དེ་རིང་ཨ་མེ་རི་ཁའི་དཔལ་འབྱོར་ཉམས་རྒུད་འདིའི་ཤུགས་རྐྱེན་འཛམ་གླིང་ལ་ཐེབས་སྐབས་རྒྱ་ནག་གིས་ཚོང་འབྲེལ་མཚམས་འཇོག་རྒྱུ་ཡིན་ལབ་ན་སྡོད་མི་བཟོད་པའི་འཇིགས་དངངས་སྐྱེས་དགོས་པ་ཆགས་པའི་རྒྱལ་ཁབ་མང་པོ་འདུག་ག ད་དམངས་གཙོར་བསྒྱུར་རྒྱུ་ཡིན་ཞེས་པའི་མ་སྐུལ་དང་བླངས་ཀྱི་སྐད་ཆ་སྙན་པོ་དེས་ཕལ་ཆེར་ཆེ་ས་ནས་ཐའེ་ཝན་བཀུག་རྒྱུའི་འཆར་གཞི་ཡིན་རྒྱུ་རེད། ཆུང་ས་ནས་མགོ་སེར་སྲིད་དོན་པ་ཚོ་མགོ་སྐོར་ག་འདྲ་ཞིག་གཏོང་རྒྱུ་ཡིན་པ་སུས་ཤེས། བླ་མ་མཁྱེན། ས་སྐྱ་པཎ་ཌི་ཏས། གཡོ་ཅན་སྙན་པར་སྨྲ་བ་ནི། །རང་དོན་ཡིན་གྱི་གུས་ཕྱིར་མིན། །སྲིན་བྱ་ཧ་ཧ་དགོད་པ་ནི། །ལྟས་ངན་གཏོང་གི་དགའ་ནས་མིན། །ཞེས་པ་དེ་སེམས་ལ་ཉར་ནས་དོག་ཟོན་དང་བཅས་བཞུགས་རོགས། རང་རང་གི་ལས་འགུལ་རེ་འདྲ་སྤེལ་རྒྱུའི་འཆར་གཞི་ཡོད་ན་རེ་བ་དོན་མེད་དེ་འདྲར་བརྟེན་ནས་མཚམས་འཇོག་མ་བྱེད་རོགས། རྒྱ་མི་ལ་ཆ་རྒྱུས་ཆེ་བ་ལ་ང་ཚོ་ལས་ལྷག་ཅིག་སུ་ཡོད།
རྒྱ་གཞུང་གིས་སྲོག་ཤིང་བྱས་ཐའེ་ཝན། བོད། སོག་པོ། ཤིནཅང་སོགས་ཀྱིས་ཁུར་མཉམ་རུབ་ཀྱི་སྒོ་ནས་ལྷག་བསམ་རྣམ་དག་གིས་འབད་བརྩོན་བྱས། རྒྱལ་སྤྱིས་ཐོག་ནས་ཀྱང་གང་ཡོང་གིས་རོགས་རམ་བྱས་ཏེ་ཚང་མའི་བློ་དང་ནུས་པ་གཅིག་ཏུ་བསྒྲིལ་ནས་ཅིག་བྱས་པ་ཡིན་ན།ང་ཚོས་ཨེ་ཤི་ནང་ཁུལ་འདིར་རྒྱལ་ཁབ་གཞན་ལ་དཔེ་སྟོན་འོས་པའི་གཞུང་ཞིག་འཛུགས་མ་ཐུབ་པའི་ངེས་པ་མེད་པ་རེད། ཡིན་ན་ཡང་། དྲ་ཁང་འདིའི་ནང་གི་བོད་ཀྱི་ཤེས་ལྡན་པ་མང་པོ་ཞིག་བཞིན་རྗེས་ལུས། གུ་དོག རང་ཞེན་ཁོ་ནའི་བསམ་བློ་བཏང་བསྡད་ན་ཅུང་ཁག་པོ་འདུག ང་ཚོ། ཁོ་ཚོ། ཁོ་ཚོ་རྒྱ་མི་ཚོ་ཟེར་བསྡད་པ་འདི་བོད་དོན་གྱི་འགོག་རྐྱེན་ཆེ་ཤོས་ཤིག་ཡིན་ན་ཡོངས་སུ་སྤོང་བར་འོས།
ང་རྩ་བའི་ཆ་ནས་རྒྱ་ནག་དང་རྒྱ་ནག་གི་ཤེས་ལྡན་པ་ཚོར་ཡིད་ཆེས་ཆ་ཚང་ཡོད། རྒྱ་ནག་གི་གཅིག་གཅོད་འོག་མི་མང་པོ་ཞིག་གི་བསམ་བློ་གཏོང་སྟངས་ལ་ཤུགས་རྐྱེན་བྱུང་ཡོད་པ་དང་། ༨༩ ལོ་ཐེན་ཨན་མིན་དོན་རྐྱེན་རྗེས་རྒྱལ་གཅེས་ཀྱི་བསམ་བློ་ཤུགས་ཆེན་པོ་བཏང་བ་འདིས་ལྷག་པར་ཤུགས་རྐྱེན་ཆེ་ཙམ་ཐེབས་ཡོད་པ་རེད་སྙམ། ད་ལོ་ཕྱི་ལོགས་ཀྱི་སློབ་ཕྲུག་ཚོའི་ངོ་རྒོལ་དེ་ཚོ་རྒྱ་གཞུང་གིས་སྣེ་ཁྲིད་བྱས་པ་ཞིག་ཡིན་པ་ལྷོ་ཀོ་རི་ཡའི་ནང་གི་ངོ་རྒོལ་དེ་དང་དེའི་རྗེས་འབྲེལ་ནས་ང་ཚོས་ཤེས་ཐུབ་ཀྱི་རེད་བསམ། ངེད་ཚོའི་འདིར་ཡང་རྒྱ་གཞུང་གིས་སློབ་ཕྲུག་ཚོར་སྐུལ་སློང་གིས་ཚོགས་འདུ་འཚོགས་དེ་འདྲ་བྱས་སོང་། ཡིན་ན་ཡང་མཐའ་མཇུག་སློབ་ཕྲུག་ཆེས་ཉུང་ཤས་ཤིག་མ་གཏོགས་མ་ཡོང་བ་རེད། ངས་དེའི་གནས་ཚུལ་ཤེས་ཀྱི་ཡོད། ང་འདིར་རྒྱའི་སློབ་གྲོགས་རྒྱལ་ཞེན་ཡོད་པ། ཡོན་ཏན་ཡོད་པ། དམངས་གཙོའི་བསམ་བློ་ཤུགས་ཆེན་པོ་ཅན་དེ་འདྲ་ཁ་ཤས་ཡོད།
ཡང་ཨོ་ལིམ་ཕིག་ལ་འགོག་རྐྱེན་བཟོས་པ་དེར་རྒྱ་མི་མང་པོ་ཞིག་འདོད་པ་ཁེངས་ཀྱི་མེད་གསལ་པོ་རེད།
ད་རྒྱ་དོགས་པས་ཕོངས་ཟེར་བ་དེའི་ཚབ་ཏུ་བོད་དོགས་པས་ཕོངས་ཟེར་དགོས་ཀྱི་འདུག ད་དེས་ན། ཁྱེད་ཚོས་བརྗོད་པ་ལྟར་བྱས་ན་གང་ཡང་བྱེད་རྒྱུ་ཡོད་མ་རེད། མ་ཎི་བགྲངས་བསྡད་ན་ཡག་ཤོས་རེད།
སྤོབས་པ་མཐའ་ཡས་ཀྱིས་བརྗོད་པ་ལྟར། རྒྱ་ནག་པའི་མ་འོངས་པའི་མི་རབས་ཀྱི་བསམ་བློ་སྲོལ་རྒྱུན་ལ་འགྱུར་བ་འགྲོ་སྲིད་པ་ཞིག་ཡིན་ན། དེས་འགྲིགས་པ་རེད། དེ་ལ་སྒུག་སྡོད་དགོས་ཀྱི་ཡོད་པ་རེད་སུས་ཀྱང་བརྗོད་ཀྱི་མེད་པ་རེད། ད་འདིར་མཚམས་འཇོག དེ་ཙམ་ཡིན།
ཕྱག་གཉིས་པ་ཁྱོད་མགོ་སེར་ཚོའི་རྗེས་བརྗོད་བྱ་རྒྱུར་དགའ་མཁན་ཞིག་རེད། ཡང་མཚམས་རེར་རྒྱ་མིའི་ཞེན་ཁོགས་དེ་ཡང་ཁྱོད་ལ་སླེབས་ཀྱི་འདུག དར་དམར་འོག་ནས་འཚར་ལོངས་བྱུང་བའི་བྱིན་རླབས་ཉམས་མེད་པ་ཡིན་རྒྱུ་རེད། ཁྱོད་འདྲ་བ་མང་པོས་མེས་རྒྱལ་དང་མེས་རྒྱལ་ཟེར་ནས་བསྟོད་གླུ་བླངས་ནས་ལོ་དྲུག་ཅུ་འགོར་བ་རེད། ཏིང་གིས་རང་བཙན་མིན་པ་གང་ཡིན་ཡང་འགྲིགས་འགྲོ་མདོག་གི་མགོ་སྐོར་ལ་བརྟེན་ནས་ནས་ང་ཚོར་རང་བཙན་མི་བྱ་རྒྱུའི་གསལ་བསྒྲགས་བྱེད་དུ་བཅུག་པ་རེད། ང་ཚོའི་མི་ཆེ་ཆེ་ཆུང་ཆུང་དེ་སྙེད་ཅིག་གིས་རྒྱ་མིར་ཡིད་ཆེས་མང་དྲགས་མེད་ན་ཡང་ཉུང་དྲགས་མེད་པ་ཞིག་ད་ལྟ་བར་དུ་བྱས་པ་རེད། ཝིན་ཁྲོན་ས་ཡོམ་དང་འདམ་གཞུང་ས་ཡོམ་གཉིས་ལ་རོགས་སྐྱོར་ཡོད་མེད་ཀྱི་ཁྱད་པར་དེ་ལ་གཅིག་ལྟོས་དང་། ང་ཚོས་སྤུན་ཟླར་བརྩིས་ཀྱང་ཁོ་ཚོས་བརྩི་གི་མི་འདུག་ག ག་རེ་ཨེ་ཤེ་ཡ། ཁྱོད་དང་ང་འདྲ་བ་ཚོས་ཨེ་ཤེ་ཡའི་ལ་རྒྱ་མགོ་རྣ་ཚོ་བཤད་ཁུལ་བྱས་ན་དགོད་བྲོ་བའི་ཐོག་ལ་ངུ་ཡང་བྲོ་གི་འདུག མ་གཞི་མི་ཅི་གང་ཡང་མི་འཇོན་མཁན་ཚོས་སྐད་ཆ་སྦོམ་པོ་བཤད་ཁུལ་བྱེད་པ་ལ་དགའ་གི་རེད། རྡ་རམ་ས་ལའི་གཡས་གཡོན་གྱི་སློབ་ཕྲུག་སྐྱག་འབུ་འདྲ་བ་ཚོས་འཛམ་གླིང་ཞི་བདེ་བྱེད་དགོས་ཞེས་ཤོད་ཁུལ་བྱེད་པ་ལྟ་བུ་རེད། དེ་བཞིན་ལོ་གཅིག་ལ་བློ་བཟང་དབང་རྒྱལ་གྱི་མཛངས་མ་གཅིག་གིས་ཀྱང་འཛམ་གླིང་ཞི་བདེ་ཡོང་རྒྱུ་དེ་མོའི་རེ་འདུན་གཙོ་བོ་ཡིན་ཚུལ་མཛད་སྒོའི་ཐོག་ཏུ་བཤད་སོང་། ང་ནི་མོའི་ཆེད་དུ་དངོས་གནས་ངོ་འདྲ་ཞིག་ཚ་ཡོང་གི་འདུག ཁྱོད་འདྲ་འདྲ་དང་ང་འདྲ་འདྲ། ཨ་ཧ་བོ། ཕ་རྒོད་པོ་ཤ་ཟན་ལ། བུ་ཁ་ཏྭ་སྐྱག་ཟན་ཟེར་བ་ད་དངོས་གནས་འདི་མིན་ན་གང་ཡིན། ད་དུང་རྒྱ་མིའི་སྲོག་ཤིང་བྱས་ནས་ང་ཚོས་མཉམ་རུབ་བྱས་ནས་ཨེ་ཤ་ཡའི་སྒང་ནས་འཛམ་གླིང་ལ་མིག་དཔེ་སྟོན་རྒྱུ་ཡིན་མདོག་བཤད། ལོ་རྒྱུས་ཀྱི་ནག་ཉེས་གཙོ་བོ་མ་རེད། མི་རབས་གོང་མའི་ནག་ཉེས་གཙོ་བོ་མ་རེད། རྒྱ་གར་དང་ཨ་མེ་རི་ཁའི་རོགས་སྐྱོར་མེད་པ་དེ་ཡང་སྐྱོན་གཙོ་བོ་མ་རེད། གཞན་སུ་གཅིག་ལ་ནག་ཉེས་འགེལ་ས་མེད། མི་འགྲིགས་པ་དེ་ཕྱག་གཉིས་པ་ཁྱོད་འདྲ་འདྲ་དང་མི་ངན་ང་འདྲ་འདྲ་སྐད་ཆ་སྦོམ་པོ་ཤོད་པ་ལས་ཅི་ཡང་མི་འཇོན་མཁན་ཤ་སྟག་བོད་ཁ་བ་རི་པ་ཚང་ལ་སྐྱེས་སོང་ནས་མ་འགྲིགས་པ་རེད། རྒྱལ་ལོ་དོན་གྲུབ་ཀྱིས་བོད་མིའི་བླ་ཉམས་ཚར་འདུག་ཅེས་གསུངས་པ་དེ་ཁོང་གི་སྐུ་ཚེ་གང་བོར་བོད་དོན་བསྒྲུབས་པའི་ཉམས་མྱོང་གི་སྐད་ཆ་ཡིན་ངེས་རེད། རྒྱ་མིས་བོད་ལ་་ཡག་པོ་ཞིག་བྱས་ཡོད་ན་ང་ཚོས་ཀྱང་མེས་རྒྱལ་ཟེར་ནས་བསྟོད་གླུ་ལོས་ལེན། བྱམས་སྡང་བྱིས་པའི་ཡིད་ལ་ཡོད། ཁ་མངར་ལྐུག་པའི་སེམས་ལ་གསལ། ཞེས་པ་བཞིན་རྒྱ་འདི་ཚང་གིས་སྡུག་སྡུག་ངན་ངན་བྱས་ཚད་ལ་བསམ་བློ་རེ་བཏང་ཡོང་དུས་ང་གུང་ཁྲན་ཏང་ལ་དགའ་གི་མི་འདུག ང་མ་གཞི་རྒྱ་མི་ལ་དགའ་གི་མི་འདུག ང་རྒྱ་མིའི་རིག་གཞུང་ལ་དགའ་གི་མི་འདུག གལ་སྲིད་མ་འོངས་པར་བོད་རང་བཙན་འདྲ་རག་ནས་ང་ལ་ཡང་དབང་ཆ་རེ་རག་སོང་ན་ན་ལྷ་སའི་ཇོ་ཁང་གི་ནང་ནས་སྐུ་འདྲ་གཅིག་གཅོག་འདོད་ཡོད། དེ་ནི་རྒྱ་བཟའ་ཀོང་ཇོའི་འདྲ་གཟུགས་དེ་ཡིན། ཨོ་དཀོན་མཆོག་མཁྱེན། ད་ཡིན་ན་ལྟས་ངན་ཚང་གིས་མ་སྐུལ་དང་བླངས་ཀྱིས༢༠༢༠ ཚུན་ལ་དམང་གཙོར་བསྒྱུར་རྒྱུ་ཡིན་ཟེར། ད་འདིས་ནུབ་ཕྱོགས་པའི་སྲིད་དོན་པ་ཚོར་མགོ་སྐོར་ག་འདྲ་ཞིག་ཐེབས་རྒྱུ་མིན་ནམ།
བོད་རེ་བས་ཕུང་། རྒྱ་དོགས་པས་ཕུང་། གཏམ་དཔེ་འདི་ཡིས་བོད་རྒྱ་བར་གྱིས་དཀའ་རྙོག་ལ་སྡོམ་ཚིག་ཆེན་པོ་ཞིག་རྒྱབ་ཡོད་པར་བསྙོན་དུ་མེད། ཕྲན་ནི་རང་དབང་གི་ལུང་པ་རུ་མང་གཙོའི་འཚོ་བ་ལ་ལོངས་སྤྱོད་པའི་རྒྱ་རིགས་དག་ལ་ཧ་ཅང་རྒྱུས་ཡོད་ཡིན་། ཁོ་ཚོས་སེམས་གཏིང་ནས་བོད་དབང་བསྒྱུར་བྱེད་པའི་མངོན་འདོད་ཀྱི་འདུ་ཤེས་ཧ་ཅང་བཙན། ཨ་རི་དང་། དེ་བཞིན་ཐེ་ཝན། ཧོང་ཀོང་། སེངྒ་པུར་སོགས་ལ་ཡོད་པའི་བོད་ཀྱི་ནང་ཆོས་ལ་དད་ཞེན་ཟབ་པའི་རྒྱ་རིགས་དུ་མ་དང་ཁ་བརྩོད་ཡང་ཤོར་མྱོང་། རྒྱ་དམར་ནག་གཉིས་མཐུན་ཕྱོགས་སུ་གྱུར་པ་ནི་བོད་བདག་དབང་དུ་བྱེད་རྒྱུ་དེ་རེད། དེས་ན་ང་ཚོས་རྒྱ་ནག་གཅིག་གྱུར་གྱི་མང་གཙོ་ཆགས་ན་བོད་ལ་རེ་བ་ཡོད་པ་འདོད་མཁན་དག་ནི་གད་མོ་གནས་སུ་གྱུར་པ་ལས་གཞན་ཅི་ཡོད། དེ་ལས་རྒྱ་དམར་ནག་གིས་མང་གཙོ་ལ་སྙད་དེ་བོད་དུ་བདག་དབང་བྱེད་ཤུགས་ཆེ་རུ་བཏང་ངེས་རེད།
ཁ་བརྡའི་ཐོག་ཏུ་དམངས་གཙོའི་སྐོར་ལ་ཁ་སྔོན་ནས་ཁ་བརྡ་ཏོག་ཙམ་བྱས་མྱོང་། གོང་དུ་སྤོབས་པ་ལགས་ཀྱི་བསམ་ཚུལ་ལ་མོས་མཐུན་ཡོད་ཅེས་བཤད་པ་ནི། ཁོང་གིས་རྒྱ་ནག་ལ་དམངས་གཙོའི་རིག་གཞུང་གི་ཤུགས་རྐྱེན་དང་གཤིས་ཀ་མེད་པ་དང་། དམངས་གཙོ་ཟེར་བ་དེའང་སྐྱོན་མེད་ཅིག་མ་རེད་ཅེས་པའི་ལྟ་ཚུལ་འདི་གཉིས་ཀྱི་ཐོག་ལ་བཤད་པ་ཡིན། དམངས་གཙོའི་གཤིས་ཀ་དང་དམངས་གཙོའི་ལག་ལེན་གཉིས་ནི་རྒྱ་ནག་ཁོ་ན་ཙམ་མིན་པར་བོད་ཀྱི་མགོ་ཁྲིད་རྒྱ་རི་བློ་གྲོས་རྒྱལ་མཚན་ལའང་ཨེ་ཡོད་འདོད།
སྤྱིར་ང་རང་གི་ངོས་ནས་དམངས་གཙོ་ལས་ལྷག་གི་ཆབ་སྲིད་ལམ་ལུགས་ཤིག་མཐོང་གི་མི་འདུག རྒྱ་གར་གྱི་དམངས་གཙོ་ལྟ་བུར་སྐྱོན་མེད་པ་མིན་རུང་སྨྲ་བརྗོད་ཀྱི་རང་དབང་དང་རང་དབང་ལྡན་པའི་ཁྲིམས་ཞིབ་ཁང་བཅས་ཀྱིས་རྒྱ་གར་སྤྱི་ཚོགས་ཀྱི་བདེ་འཇགས་ལ་ཕན་འབྲས་ཆེན་པོ་ཐོབ་ཀྱི་ཡོད་པ་ནི་བཤད་མི་དགོས་པ་ཞིག་རེད། དེ་བཞིན་དུ་ཨ་རི་དང་ཡུ་རོབ་གང་གི་དམངས་གཙོ་ལ་བལྟས་རུང་སྐྱོན་མེད་པ་ཞིག་མ་རེད། ལྷག་པར་དུ་ཨ་རི་ལྟ་བུའི་རྒྱལ་ཁབ་ཀྱིས་དམངས་གཙོ་ཁ་ལ་འཁྱེར་ནས་རང་དོན་ཁོག་བཅངས་ཀྱིས་ཚོང་ལས་དང་གནད་འགག་ཆེ་བའི་ཁ་ཆེའི་རྒྱལ་ཁབ་ཁ་ཤས་སུ་གཏོར་བཤིག་གཏོང་བ་དེ་ནི་དམངས་གཙོའི་རིན་ཐང་དང་ལམ་ལུགས་འཛུགས་སྐྲུན་ཞིག་ཏུ་རྩ་ནས་མཐོང་མི་ཐུབ། ཨ་རི་གཞུང་གིས་བོད་དོན་བེད་སྤྱོད་ཀྱིས་རྒྱ་ནག་གི་ཐོག་ལ་སྒྲིམ་ལྷོད་མང་པོ་བྱས་པ་རྒྱ་ལོ་དོན་འགྲུབ་ལགས་ཀྱིས་བོད་དོན་ཐོག་ལ་ CIA ཡི་འབྲེལ་ལམ་གྱི་ཐོག་ནས་གསུངས་བཤད་གནང་བ་དེ་ཚོ་ནས་ཤེས་ཐུབ། རྒྱ་ནག་དང་ཨ་རི་གཉིས་ཀྱི་ཆབ་སྲིད་ཀྱི་རྩེད་མོའི་བར་ནས་བོད་དོན་གྱི་ཟློས་གར་ཅུང་ཟད་འཁྲབ་རྒྱུའི་ལེ་ཚན་ཞིག་ཡོད་པ་དེ་དེང་སང་རྒྱ་རིའི་ལག་ཏུ་ཤོར་ཏེ་ཁོས་བཀའ་ཟུར་ཚོ་ནི་བུ་ངན་པའི་ཕུ་ནུའི་ནང་གཏམ་མི་གོ་བའི་ཚད་ལ་ལྷུང་དུ་བཅུག་ཡོད་པ་མ་ཟད། བཀའ་ཟུར་ཚོའི་དགོངས་འཆར་ལ་སྣང་མེད་ཡིན་པ་ཉིན་ཤས་སྔོན་གསལ་བོར་བསྟན་སོང་།
བཀའ་ཟུར་ཚོའི་ཁྲོད་ན་བོད་མི་དམངས་ཀྱིས་རྒྱ་རི་ལས་ལྷག་གི་ཡིད་ཆེས་བྱེད་ས་རྒྱ་ལོ་དོན་འགྲུབ་ཡོད་ཅིང་། གཞན་ཡང་ཀིརྟི་སྐྱབས་མགོན་ལ་མཚོན་ན་རྔ་བ་ཕྱོགས་ཀྱི་འདི་ཕྱི་གཉིས་ཀྱི་རྩ་བའི་བླ་མ་རེད། དེ་བས་ཀིརྟི་རིན་པོ་ཆེས་ཨ་མདོ་རྔ་བ་མི་དམངས་ཀྱི་ཚབ་བྱེད་ཐུབ་མོད། ཡིན་ནའང་རྒྱ་རི་ཡིས་བཀའ་ཟུར་ཚོའི་དགོངས་འཆར་ལ་སྣང་མེད་བཏང་བ་དེས་ཁོ་ལ་མང་ཚོགས་ཀྱི་བསམ་ཚུལ་ལ་ཉན་རྒྱུའི་གཤིས་ཀ་མེད་པ་གསལ་བོར་བསྟན་པ་རེད།
དམངས་གཙོའི་རིན་ཐང་ལ་སྣང་མེད་བྱེད་པ་ནི་རྒྱ་མི་ཙམ་མིན་པར། རྒྱ་རི་བློ་གྲོས་རྒྱལ་མཚན་ཡང་ཡིན་པ་ལ་སྔར་ནས་དོ་སྣང་བྱུང་སོང་། དུས་བབ་རྩོམ་སྒྲིག་པས་ཉེ་ཆར་དམངས་གཙོ་ཕྱིར་བསྡུ་ཞེས་པའི་རྩོམ་ཞིག་བྲིས་པ་དེར་ངས་ ད་སྐབས་བཙན་བྱོལ་ཆབ་སྲིད་ཁྲོད་དུ་མང་གཙོའི་ཚིག་གོ་རྒྱུ་ཇེ་ཉུང་རེད། སྔར་ཡིན་ན། བོད་ཀྱི་མང་གཙོའི་ལམ་སྲོལ་ནི་རྒྱ་བོད་གྲོས་མོལ་གྱི་འགོག་རྐྱེན་ཆེ་ཤོས་ཤིག་ཏུ་བགྲངས་ཡོད། དེ་ལྟར་བསམ་མཁན་གཅིག་ནི་ཝང་ལིས་ཞུང་ཡིན། ཁོས་རྒྱ་ནག་གཞུང་ནི་མང་གཙོའི་ལྟ་བ་ལ་མ་དགའ་ནས་མང་གཙོ་ལ་ངོ་རྒོལ་བྱེད་པ་མིན་པར། མང་གཙོ་ཡི་གཏམ་བཤད་རང་དབང་གིས་བོད་མི་དམངས་ཀྱི་རང་བཙན་གྱི་མེ་ལྕེ་ནམ་ཡང་ཤི་རུ་འཇུག་མི་སྲིད་པ་དེའི་རྐྱེན་གྱིས་རེད་ཅེས་བཤད་ཡོད།
བཙན་བྱོལ་གྱི་འགོ་འཁྲིད་ཚོའི་ཁྲོད་དུ་མང་གཙོ་ལ་བརྩིས་འདང་ཆེ་ཤོས་ནི་རྒྱལ་བ་ཚང་དང་ཟམ་གདོང་ཚང་གཉིས་རེད། ཟམ་གདོང་རིན་པོ་ཆེ་ཡིས་མང་གཙོ་དང་དབུ་མའི་ལམ་གཉིས་ནི་རྒྱལ་བ་རིན་པོ་ཆེའི་འདས་པའི་ལོ་ངོ་མང་པོའི་ཐུགས་དགོངས་དང་མཛད་རྗེས་ཡིན་པས་འདི་གཉིས་རྒྱ་བོད་གྲོས་མོལ་གྱི་རྨང་གཞི་ཡིན་པ་འདྲ་ཞིག་བཤད་པར་བརྟེན། ངས་ཟམ་གདོང་རིན་པོ་ཆེར་དེའི་སྐོར་ལ་དྲི་བ་འདི་འདྲ་ཞིག་དྲིས་མྱོང་།
གལ་སྲིད་རྨང་གཞི་འདིའི་ཐོག་ནས་རྒྱ་བོད་གཉིས་ཞི་འགྲིག་བྱུང་བ་ཡིན་ན། བོད་མི་ཚོས་མང་གཙོའི་གཏམ་བཤད་རང་དབང་ལོངས་སྤྱོད་ཀྱིས་བོད་རང་བཙན་དགོས་ཞེས་བོད་དུ་ཁྲོམ་སྐོར་བྱས་ན་དེ་ལ་དབུས་དམར་ཤོག་གཞུང་དང་ས་གནས་བོད་མང་གཙོའི་གཞུང་གཉིས་ཀྱིས་རྣམ་འགྱུར་སྟོན་སྟངས་ཅི་འདྲ་ཡིན་ནམ་ཞེས་པ་འདི་ཡིན། ད་ལྟ་ཕྱིར་འདང་ཤིག་བརྒྱབ་ཚེ་དེ་ནི་ལོ་ངོ་ཉི་ཤུ་ལྷག་གི་གོང་ལ་ཡིན་པའི་སྣང་བ་འདུག རྒྱུ་མཚན་ནི་ད་སྐབས་མང་གཙོ་ནི་འབྲེལ་མེད་དོན་གཞན་ཞིག་ཏུ་གྱུར་འདུག་པས་དམངས་གཙོ་ཕྱིར་བསྡུ་ཞེས་པའི་རྩོམ་འདིས་ང་ཕྱིར་དྲན་གྱི་ཞིང་ཁམས་སུ་དྲངས་སོང་ཞེས་བྲིས་པ་ཡིན། རྒྱ་ནག་དམངས་གཙོར་མ་གྱུར་གོང་ལ་རྒྱ་རི་ཡིས་བོད་ཀྱི་དམངས་གཙོ་ཕྱིར་བསྡུ་བྱེད་རྒྱུའི་ཉེན་ཁ་འདུག དེ་བས་ཕྱག་གཉིས་པས་དམངས་གཙོ་བཤད་རྒྱུ་ཡིན་ན། བོད་ཀྱི་དམངས་གཙོ་ཡང་ཤོད།
སྤོབས་པ་མཐའ་ཡས། ཐེངས་གཅིག་སྦྲུལ་གྱིས་སོ་བཏབ་ན།། ཐག་པ་ཕྲ་ཕྲ་མཐོང་ཡང་སྦྲུལ་དུ་འཁྲུལ།།
ངུ་བྲོ་ན་ངུས། དགོད་བྲོ་ན་དགོད། ཁྱེད་རང་འདྲ་བོ་མི་རེ་མེད་མུན་པ་འཐིབས་འཐིབས་ འདྲ་བ་འདི་འདྲར་རྒྱུ་མཚན་བགྲངས་ནས་དགོས་པ་མི་འདུག
ཁྱེད་ཚོས་དམངས་གཙོར་ཆགས་པའི་རྒྱ་ནག་དང་དམངས་གཙོར་མ་ཆགས་པའི་རྒྱ་ནག་གཉིས་ཀྱི་ཁྱད་པར་མ་ཤེས་པར་གཅིག་པར་ལྟ་གི་འདུག གཅིག་པར་བལྟས་ན་གཅིག་པ་རེད། དེས་ན་རེ་བ་ཞིག་གང་ན་ཡོད།
རྒྱ་དམངས་གཙོ་ཆགས་ན་མི་རིགས་འདྲ་མཉམ་ཟེར་བ་འདིར་ཁྲིམས་ཐོག་ནས་འགན་ལེན་ཡོད་དགོས་པ་རེད། དེས་མི་རིགས་དབང་ཤུགས་ཅན་དེ་ཚོའི་ཤུགས་རྐྱེན་མི་རིགས་ཉམ་ཆུང་ཞིག་ནང་འཛུལ་བ་འགོག་དགོས་པ་རེད། ད་ལྟའི་མི་རིགས་འདྲ་མཉམ་ཟེར་བ་དེ་གཉིས་ལ་ཁྱད་པར་ཆེན་པོ་ཡོད་པ་རེད། ལག་ལེན་འདེབས་ཕྱོགས་ལ་ཡང་ཁྱད་པར་ཡོད་རེད། དེའི་སྐབས་ཀྱི་མི་རིགས་ཀྱི་འཐུས་མི་དེ་ཚོ་ཡང་ད་ལྟ་ནང་བཞིན་ཤི་བོ་རྐྱང་རྐྱང་མིན་པར་གསོན་པོ་རྐྱང་རྐྱང་ཡིན་པ་རེད། གསོན་པོ་ཡིན་པའི་རྒྱུ་མཚན་ནི་ཁོ་ལ་དབང་ཆ་ཞིག་ཡོད་པ་རེད། ད་གཙོ་བོ་དམངས་གཙོ་ག་འདྲ་ཞིག་འཛུགས་རྒྱུ་ཡིན་མིན་དེ་རེད། ང་ཚོས་དེར་ཇུས་གཏོགས་བྱེད་རྒྱུ་དེ་གལ་འགངས་ཆེན་པོ་རེད། གལ་སྲིད་རྒྱ་ནག་གི་འཆར་གཞི་འདི་ཁ་མིན་དོན་གྱི་བདེན་པ་ཡིན་ན་ངས་ཅ་ལག་བསྡུ་གསོག་རྒྱབ་ནས་ང་ཕར་ལོག་འགྲོ་གི་ཡིན། ང་ཕར་ཕྱིན་ནས་བཅུ་གཉིས་རྗེས་རྒྱལ་བ་རིན་པོ་ཆེ་ཕར་གདན་འདྲེན་ཞུ་བར་གྲ་སྒྲིག་བྱེད་གི་ཡིན། སྤོབས་པ་མཐའ་ཡས། ཁྱེད་རང་ཤུལ་དུ་ངུས་ནས་སྡོད།
ལྕགས་རྒྱ་འགྲམ་ནག་ལ། མ་འོངས་པར་རྒྱ་ནག་དམངས་གཙོའི་ནང་བོད་མི་མང་ནས་བོད་རང་བཙན་དགོས་ཞེས་ཁྲོམ་སྐོར་བྱེད་མ་སྲིད་པ་མ་རེད། གཙོ་བོ་དེའི་སྐབས་ཀྱི་བོད་མིའི་གནས་སྟངས་ལ་ཐུག་ཡོད་པ་རེད་སྙམ།
གོང་དུ་མགོན་པོ་ཕྱག་གཉིས་པས་མ་འོངས་པར་རྒྱ་ནག་དམངས་གཙོ་ཆགས་པའི་སྐབས་ཀྱི་བོད་པའི་འཐུས་མི་དག་ད་ལྟའི་ཤི་བོ་ནང་བཞིན་མ་ཡིན་པར་གསོན་པོ་དག་དག་ཡིན་ཟེར། འོ་ན་ད་ལྟའི་ཧོང་ཁོང་གི་སྤྱི་ཁྱབ་པ་དེ་དང་དེའི་འོག་གི་གྲོས་ཚོགས་འཐུས་མི་དེ་དག་ཤི་བོ་ཡིན་ནམ་གསོན་པོ་ཡིན། ཕར་བལྟས་ན་གསོན་པོ་ཡིན་པའི་ལས་ཀ་རེ་བྱེད་བཞིན་པའི་གསར་འགྱུར་ཅང་མི་འདུག་ཡ། རྒྱ་རིགས་ཚོ་རྒྱ་རིགས་ཀྱི་དམངས་གཙོའི་ཡུལ་ཁམས་ན་དེ་འདྲ་ཞིག་ཡིན་ས་ནས། བོད་རིགས་འདིས་དམངས་གཙོའི་ཁེ་ཕན་ལེན་ཐབས་བྱས་ན་རྒྱལ་ཁབ་མགོ་རྟིང་སློག་ཐབས་ཀྱི་ནག་ཉེས་འཛུག་གི་རེད་ལ་བཙུགས་ཀྱང་ཆོག་གི་རེད། དམངས་གཙོའི་རྒྱལ་ཁབ་ཇི་འདྲའི་མང་པོ་ཞིག་ཏུ་སྐྱེས་བུ་དམ་པ་མང་པོ་ཞིག་ལ་རྒྱལ་ཁབ་མགོ་རྟིང་སློག་པའི་ཇུས་ངན་བཤམས་སོང་ཟེར་ནས་བཙོན་ཁང་དུ་སྐྱེལ་བཞིན་ཡོད་པ་རེད་ཨང་།
མིའི་སྤྱི་ཚོགས་ཟེར་བ་འདིར་འགལ་རྐྱེན་མཚམས་ཆད་ཡ་ཡོད་མ་རེད། འདི་ཁྱེད་ཚོའི་ཁ་ནང་ན་རྟག་ཏུ་བརྗོད་བཞིན་པའི་དག་ཞིང་ཟེར་བ་དེ་དང་སྦྲེལ་ནས་བཤད་ས་འགྲོ་གི་མ་རེད། མིའི་རིགས་ཆགས་པ་ནས་ད་ལྟ་བར་དུ་འགལ་རྐྱེན་འབྱུང་གིན་འབྱུང་གིན་སེལ་གྱིན་སེལ་གྱིན་བྱས་ཡོང་རེད། མ་འོངས་པར་ཡིན་ན་ཡང་དེ་ལས་མ་འདས། གཅིག་གཅོད་འོག་གི་འཐུས་མི་དང་དམངས་གཙོའི་ནང་གི་འཐུས་མི་གཉིས་ཀྱི་ཁྱད་པར་ལ་ཉིན་གཅིག་རིང་བསམ་བློ་ཐོངས། དེ་ནས་སྐད་ཆ་ཤོད།
བོད་ལ་རང་བཙན་མ་ཐོབ་པར་བསྡད་ཡོད་སྐབས་འདིར་མདའ་ཚན་པ་ཟེར་བ་འདིས་ཁ་ནས་རང་བཙན་ལབ་རྒྱུ་མེད་པར་རྒྱ་ནག་དམངས་གཙོ་ཟེར་ནས་བཀྲ་མ་ཤིས་པའི་གཏམ་འཁྱེར་ཡོང་གི། མགོན་པོ་ཕྱག་གཉིས་ཟེར་བ་འདིས་རེ་བ་ཡོད་མདོག་ཁ་པོ་མང་པོ་ཞིག་ལབ། ང་ཚོ་བོད་གངས་ཅན་ལྐུགས་པ་མ་རེད་ད་ཀེ།
རྒྱ་ནག་ལ་དམངས་གཙོ་ཐོབ་ན་བོད་ལ་དཀའ་ངལ་ཆེ་རུ་འགྲོ་གི་རེད། ད་ལྟ་གུང་ཁྲན་ཏང་ཁུག་ན་དེས་འགྲིགས་པ་རེད། རྗེས་མ་དམངས་གཙོ་ཆགས་དུས་རྒྱ་མི་དུང་ཕྱུར་ལྷག་གི་སེམས་ཁུག་དགོས་པ་རེད། མགོན་པོ་ཕྱག་གཉིས་ཟེར་བའི་སྤ་མགོ་འདི་དྲ་ཁང་འདིར་ཡོང་བཅུག་ཡ་མི་འདུག ད་བར་དུ་ཁོས་བོད་རང་བཙན་ལ་ཕན་པའི་སྐད་ཆ་གཅིག་གེ་བཤད་མ་སོང་ང་། རྒྱ་མིའི་ཁྲིམས་བཤད་བསྡད་ཡོད་པ་རེད།
ངས་ཁྱོད་མང་པོ་ཞིག་བཤད་འདོད་མེད། ཁྱེད་རང་ཕལ་ཆེར་མི་གསར་པ་ཞིག་ཡིན་མདོག་མི་ཁ། དྲ་གནས་འདིའི་ནང་གི་མི་རྙིང་པ་ཞིག་ཡིན་པ་འདྲ། གཙོ་བོ་རྒྱུ་མཚན་ལབ་རྒྟུ་ཡོད་ན་ལན་པ་ཡོད། དེ་མིན་མེད།
དུག་ནག་གི་སེམས་ཤུགས་དེས་གུང་ཁྲན་དམངས་གཙོ་ལ་མ་འགྱུར་གོང་ལ་བོད་རང་བཙན་ལེན་ཡ་ཡིན་པ་འདྲ།
རྒྱ་ནག་གིས་གསར་འགོད་རང་དབང་ཆེ་ཙམ་སྟེར་གི་ཡོད་པའི་གནས་ཚུལ་གསར་པ་ཞིག་ཀྱང་འདུག གཞན་པ་མགོ་ལོག་འཇིགས་མེད་བཙོན་གྲོལ་བཏང་འདུག་པའི་གཏམ་བཟང་ཞིག་ཀྱང་འདུག འདི་གཉིས་རྒྱ་ནག་གི་ཁ་སང་དེ་རིང་གི་ཁ་རི་ངོ་མདོག་དང་འབྲེལ་བ་ཞིག་ཡིན་པས་འདིར་བཀོད་པ་ཡིན།
ད་ལོ་ཞིག་ནས་ངའི་རེ་བ་དེ་ཨོ་ལིམ་ཕིག་གི་རྗེས་ལ་བྱས་པ་ཡིན་མ་གཏོགས་དེའི་སྔོན་དང་སྐུ་ཚབ་ཐེངས་བདུན་པ་ལ་བྱས་མེད། དེ་འདྲ་ཡིན་ཙང་ཁྱེད་ཚོ་ཚང་མ་སེམས་ཤུགས་ཆགས་བསྡད་ཡོད་དུས་ང་ཁྱེད་ཚོར་སེམས་ཤུགས་གསོ་མཁན་ཆགས་པ་རེད། ཡིན་ན་ཡང་རེ་བ་ཡོད་རེད་ཟེར་ནས་འགུལ་སྐྱོད་མ་བཏང་བར་བསྡད་བསྡད་ན་འགྲིགས་གི་རེད་ལབ་ཀྱི་མེད། ཡར་འགྲིབས་མར་འགྲིབས་མང་པོ་ཡོང་གི་རེད། མཐའ་མཇུག་རང་དབང་ཟེར་བ་ཞིག་འཐོབ་རྒྱུ་ཡོད་པ་རེད།
ད་ལོ་རྡོ་གྲུབ་ཆེན་གྱིས་མ་འོངས་ལུང་བསྟན་གནང་བ་ལྟར། ས་བྱི་ལོ་འདི་བོད་ལ་བདེ་སྐྱིད་ཀྱི་ཉི་མ་འཆར་བའི་ལོ་རེད་ད། དེ་ཡིན་ན་ཡིན་གཅིག་མིན་གཅིག་ད་ལོ་རང་དབང་འཐོབ་དགོས་པའི་ངེས་པ་ཡོད་མ་རེད།
བདེ་སྐྱིད་ཟེར་ན་ཡང་གཙོ་བོ་སེམས་ཡིན་པས་བོད་མི་ཚང་མར་དགའ་བར་འོས་པའི་གཏམ་ཞིག་རིང་མིན་གོ་རྒྱུ་ཡོད་མ་སྲིད་པ་མ་རེད།
ཚང་མར་རང་བཙན་གྱི་འདུན་པ་ཡོད་ན་རང་བཙན་མ་ཐོབ་པ་ཡོད་མ་རེད། རང་བཙན་གྱི་འདུན་པ་བཏང་བ་ཡིན་ན་རང་བཙན་ག་འདྲ་ཐོབ་དགོས་རེད། ཚད་མཐོའི་རང་སྐྱོང་བཤད་མཁན་ཚོ་མགོན་པོ་ཕྱག་གཉིས་ཟེར་བའི་རྒྱ་ཁྱི་སྣ་ལེབ་འདིའི་རྗེས་དེད་ནས་རྒྱ་ནག་ལ་རྒྱུགས། རྒྱ་ནག་གི་ཁྲིམས་དང་དམངས་གཙོ་བཤད་ན་པེ་ཅིང་དུ་བཤད་ན་ཡག་ཤོས་རེད། ང་མཁས་དབང་འཇམ་དབྱངས་ནོར་བུ་དང་ལྷ་བཟང་ཚེ་རིང་སོགས་ཀྱི་ལྟ་བར་རྒྱབ་སྐྱོར་ཡོད། ཁྱེད་ཚོ་གསར་འབྱོར་སྤ་མགོ་ཚོ། རང་གི་རྐང་པའི་རྡོག་ལམ་མ་རྙེད་པར་འགྲོ་མཁན་ཞེ་ཅིག་ནས་ད་རུང་བོད་དོན་ཤོད་ཀྱི་ཡོད་རེད།
སྤོབས་པ། ཡེ་ཤེས། དཀོན་མཆོག ལྕགས་རྒྱ་འགྲམ་ནག མགོན་པོ་ཕྱག་གཉིས། མིའུ་ཕྲུག གཡང་སྐྱབས་རྒྱལ། ཚེ་རིང་གི་བུ་ཁྱེད་ཚོ་ཚང་མས་ཁ་ཚུམ། དེ་རིང་གཟའ་ཉི་མ་རེད། ཧ་གོ་སོང་ངེ།
ཆོལ་གསུམ་གཅིག་ཏུ་བསྒྲིལ་བའི་རང་སྐྱོང་ཤོད་མཁན་དེ་ཚོ་ངའི་དགྲ་ཡིན། དགྲ་མགོར་ཐལ་བ་ཐོབས།
ཁ་བརྡ་དྲ་ཁང་དུ་དུད་ནག་འཐིབས་སོང་། ལམ་མི་རིག་གི། ཕྲོས་ཕྲོས།
ཁྱེད་རང་གི་དགྲ་རྒྱ་མི་རེད། དེང་སང་རྒྱ་མི་གང་ས་གང་ན་ཁེངས་བསྡད་ཡོད་པ་རེད། ཁྱེད་རང་ངེད་ཚོའི་ཐོག་སྡང་དོན་ཡོད་མ་རེད། ཁ་ཁྱེད་རང་གིས་བཙུམ།
བོད་མི་ནང་ཁུལ་ཕྱོགས་ཞེན་གྱི་སྐད་ཆ་བཤད་མཁན་ཞིག་ཡིན་ཕྱིན་ཆད་ལ་བོད་རང་བཙན་ལེན་མཁན་གྲངས་ཡིན་ཟེར་བ་འདི་བདེན་པ་མིན། མ་གཞི་དུག་ནག་འདི་སྐད་ཆ་བཤད་སྟངས་ལ་བལྟས་ན་གཏོར་བཤིག་གཏོང་མཁན་ཞིག་རེད་ཤག དེ་རིང་གཟའ་ཉི་མ་རེད། དུག་ནག་གི་འགྲོ་འདུག་ལ་ཉམས་ཞོག
བོད་རང་བཙན་ཟེར་ན། ཅི་འདྲ་ཞིག་རེད་དམ།
མེ་རི།
ད་ལྟ་རྒྱ་ནག་རྒྱལ་ཁབ་ཀྱི་བཞི་ཆ་གཅིག་དེ། བོད་རིགས་ས་ཁུལ་ཚང་མ་མཉམ་དུ་བོད་རྒྱལ་ཁབ་ཅིག་དགོས་ཟེར་བ་ཡིན་ནམ། ལོ་རྒྱུས་དང་གང་ལ་བལྟས་ཀྱང་། དེ་འདྲ་ཞིག་ཡོང་སྲིད་པ་ཡིན་ནམ། བོད་རང་བཙན་དགོས། བོད་རྒྱལ་ཁབ་དགོས། གནས་ལུགས་དང་མཐུན་པའི་འཐབ་རྩོད་ཅིག་བྱེད་ན། བོད་རང་བཙན་དགོས་ཟེར་མཁན་ཚོས་ཁ་གསལ་བོ་ཞིག་བཟོ་དགོས།
ང་ནི་བོད་རང་བཙན་དགོས་ཟེར་མཁན་ཞིག་ཡིན། བོད་ལ་རྒྱལ་ཁབ་ཅིག་དགོས་ཟེར་མཁན་ཡིན། ངས་ཟེར་བའི་བོད་རྒྱལ་ཁབ་ནི་ད་ལྟའི་བོད་རང་སྐྱོང་ལྗོངས་དེ་ཡིན། འདི་ནི་ལོ་རྒྱུས་དང་རིག་གཞུང་། སྲོལ་རྒྱུལ་གྱི་ཕྱུག་པའི་བོད་མི་རིགས་འདི་ལ་ཐོབ་འོས་བ་ཞིག་དང་། ཐོབ་ཆོག་པ་ཞིག འདི་མ་འོངས་བ་ལ་ཐོབ་ཀྱི་རེད།
གཞན་ཨ་མདོ་དང་ཁམས་ལ་མིང་དོན་མཚུངས་བའི་རང་སྲིད་རང་སྐྱོང་ཞིག་དགོས། རང་ཁ་རང་གསོ་དང་རང་ཁྱིམ་རང་བདག་གི་ཐོབ་ཐང་ཆ་ཚང་ཞིག་དགོས།
བོད་རང་བཙན་དགོས་ཟེར་ན་གཏོར་བཤིག་གཏོང་མཁན་ཞིག་ཡིན་ན་ཁྱེད་ཚོ་དབུ་མའི་ལམ་གྱི་རྗེས་མཇུག་པ་ཚོ་ཡང་གཏོར་བཤིག་གཏོང་མཁན་རེད། ཁྱེད་ཚོའི་འདིར་ལྟ་བ་མི་མཐུན་མཁན་ཞིག་རྩ་ནས་འགྲོ་ས་མེད་པ་དེ་ག་རེ་རེད། མགོན་པོ་ཕྱག་གཉིས་པ་དང་ཀླུ་སྨྱོན་གཉིས་ཀྱིས་སྒོ་ཁྱི་བཞིན་དུ་སྒོའི་གཡས་གཡོན་ནས་བསྲུང་བསྡད་ཡོད་པ། ལམ་སང་མི་གསར་བ་ཞིག་དང་ལྟ་བ་གསར་བ་འདོན་མཁན་ཞིག་བྱུང་ན་ཚང་མས་ཁ་རུབ་བྱས་ནས་མར་མནན་འགྲོ་བ་འདི་འདྲ་གཞན་དུ་མཐོང་མ་མྱོང་། དེ་ནས་ཁྱེད་རང་དཀོན་མཆོག་བོད་གཞུང་གི་སྒོ་སྲུང་རེད། གཞུང་ལ་སྐྱོན་བརྗོད་མཁན་ཞིག་བྱུང་ན་ལམ་སང་ལན་བཀྱོན་གྱི་ཡོད་པ།
གཏམ་བརྗོད་རང་དབང་ཁྲི་ལོར་ཤོག
གཏམ་བརྗོད་རང་དབང་གི་འགོང་པོ་ཚོ་ཕམ་པར་ཤོག
ངས་རང་བཙན་ཟེར་བ་དེ་ཁམས་པ་རང་བཙན་ཟེར་གི་ཡོད། ཁྱེད་ཀྱིས་དབུས་གཙང་གི་རང་བཙན་བཤད་ན་ངས་ཀྱང་དེ་ལྟར་བཤད་མ་ཆོག་པ་ག་རེ་རེད།
ད་རྟ་རྒྱུག་ཐང་ནས་བྱོས་དང་ལྟད་མོ་སྒང་ནས་ལྟ། དཀོན་མཆོག་ནས་དུད་ནག་ལ་དུག་ནག་ཅེས་མིང་དོན་ལ་འབབ་པ་ཞིག་བཏགས་འདུག དེས་ན་ངས་ཨ་མདོ་རང་བཙན་རྩོད་ཀྱི་ཡིན། ང་ཚོས་སུ་ལ་དང་པོར་རང་བཙན་ཐོབ་མིན་ལྟ་ཆོག
རྩོད་རྩོད། “འཇིག་རྟེན་གྱི་འཚོ་བ་མ་ཚར་ན་འཇིག་རྟེན་རྩོད་པ་མི་ཚར།” ཡིན་ན་ཡང་། འུ་ཚོས་ཁ་ནང་ལ་འཁོར་ནས་ནང་རྩོད་རྒྱག་དུས་རྒྱ་རྒན་འདི་ཚོས་ལྟག་རྒྱབ་ནས་ཀླད་རྡོ་འཕངས་ནས་ནག་ནར་སེ་གཏོང་ས་རེད་ཀོ
རང་རང་གི་ས་ནས་རང་བཙན་རྩོད། ཚང་མར་རང་བཙན་ཐོབས་རྗེས་ངེད་ཚོས་གཅིག་གྱུར་སྐོར་ལབ་དགོས། ཨ་མདོ་འདི་ཚོར་མི་ངར་པོ་མང་པོ་ཡོད་པ་ལ་བལྟས་ན། རང་བཙན་སྔོན་མ་བྱས་རག་ས་རེད། དབུས་གཙང་མཇུག་མ་དེ་མིན་འགྲོ
དབུས་གཙང་གི་ཨ་ལྕག་ལགས་དེ་ཚོ་ངར་པོ་ཡོད་རེད་ད། དབུས་གཙང་ཨ་ལྩག་མཐོང་བ་ན། ཁམས་པའི་གྲི་རིང་སྐེད་ནས་བརྗེད། ཨ་མདོའི་ལྕགས་རྡོག་རུམ་ནས་ལྷུངས། རྒྱ་མིའི་གཡོ་སྒྱུ་འཇའ་བཞིན་ཡལ།།
དབུས་མོས་འཕོང་མགོ་བསྐོར་བ་ན། ཁམས་པའི་གཟི་ཡི་ཕྲེང་བ་སྟོར། ཨ་མདོ་ཚོང་བས་ཚོང་ཡང་བརྗེད། རྒྱ་མིའི་སྲིད་ཀྱི་ཆོ་འཕྲུལ་ཡལ།། དབུས་མོས་རྒྱོ་ཡི་སྒྱུ་རྩལ་ངོམ་པ་ན། དབུས་མོས་བདེ་བའི་ངུ་ཟུག་འབྱིན་པ་ན། དབུས་མོའི་ཁྱི་སྟུ་དམ་པོས་བསྡམས་པ་ན། འདོད་ལྡན་མ་ལུས་ལྷ་སའི་གླིང་དུ་འདྲེན།
དུད་ནག་དང་དུག་ནག་དོན་གཅིག་མིང་གི་རྣམ་གྲངས་ཡིན། ད་འོ་ན་དུད་ནག་འདི་དོན་དམ་པའི་སུ་ཡིན་ནམ་ཞེ་ན། ཁོ་དེ་རིང་མིང་གསར་བ་འདྲ་བཏགས་ནས་ཡོང་ཁ་བྱས་པ་མ་གཏོགས་ཁ་བརྡ་འདིར་གནའ་ནས་ཡོད་ཡོད་པ་ཡིན་ལ། གོ་སྐབས་འདྲ་རེག་ན་གཏོར་བཅོམ་འདྲ་གཏོང་གི་ཡིན་དྲན་ནས་བསྡད་ཡོད་རེད། ཁ་ཉིན་ཟམ་གདོང་བླ་མས་གུང་ཁྲན་གྱི་སོ་བ་མང་རབས་གསུངས་པ་དངོས་འབྲེལ་ཡིན་ས་རེད། ད་དུང་ཤུགས་ལྡན་དང་གུང་ཁྲན་གྱི་ཕོགས་ཐོབ་ཅན་མི་ཁ་ཤས་ཡང་ནང་ཁུལ་ལ་ཡིབ་ནས་ཐབས་ཤེས་འདྲ་མིན་འཐེན་གིན་ཡོད་རབས་འདུག་ན། བོད་མི་ཐམས་ཅད་ཀྱིས་གཟབ་གཟབ་བྱེད་རོགས།།
གུང་ཁྲན་གྱི་སོ་བ་ཞིག་ཡོད་ན་མགོན་པོ་ཕྱག་གཉིས་པ་རེད། ཟླ་བ་ཁ་ཤས་རིང་ངས་བལྟ་བསྡད་ཡོད། ཁོ་པ་སྲིད་དོན་མ་གཏོསག་གཞན་པ་གེ་བཤད་ཡ་མི་འདུག དེ་ཡང་རྒྱ་ནག་ལ་ཡར་རྒྱས་ཡོད་པ། རྒྱ་ནག་ལ་རེ་བ་ཡོད་པ། རྒྱ་ནག་གི་ཁྲིམས་བཤད། རྒྱ་ནག་གི་དམངས་གཙོ་བཤད། ཁ་སང་ཞིག་ལ་ཁོ་པ་རྒྱ་ནག་ལ་ལོག་གི་ཡིན་དེ་འདྲ་བཤད་སོང་ང། འདི་ཚོ་ཚང་མ་བོད་མིའི་རང་དབང་འཐབ་རྩོད་ལ་གཏོར་བཤིག་གཏོང་གི་ཡོད་པ་རེད། བོད་མི་ཚོའི་བློ་ཁ་རྒྱ་ནག་ལ་འདྲེན་གྱི་ཡོད་པ་རེད། ཁོ་ཁ་རྒྱལ་མགོ་རྒྱལ་བཏང་ནས་གང་འདོད་འདོད་ཀྱི་སྲིད་དོན་བཤད་བསྡད་ན་སུས་ལན་བརྒྱབ་མྱོང་། ཁྱེད་ཚོས་རང་ལ་ཚིག་ངན་ཞིག་བརྗོད་ན་མ་གཏོགས་ཁ་ཁ་བཞག་བཞག་ཡོད་པ། དེ་རིང་ཁོ་གསོན་པོ་ཡིན་ན་ཞགས་པས་བཀྱིག་ནས་དྲ་ཁང་འདི་ནས་མར་འདོན་གྱི་ཡིན། ཤི་བོ་ཡིན་ན་སྐེ་ཐག་པ་བསྐོན་ནས་མར་ཁྱེད་ཚོའི་མཐོང་ས་ནས་དྲུད་འགྲོ་ཡི་ཡིན། གཞན་པ་མང་པོ་གེ་ལབ་ཡ་མེད།
ཡ་ད་ག་རེ་འགྲིགས་མ་དེ། དུད་ནག་ཡིན་ན་དུག་ནག་ཡིན་ན་ཁྱོད། ཕལ་ཆེར་ཁ་སང་སྔོན་མ་ཞིག་ལ་ངས་བྱིས་པ་ཀླད་མེད་ཁ་ཤས་ལ་ད་རུང་མཇེ་མགོའི་ཕྱུར་ར་དག་མི་འདུག་ཅེས་ལབ་པ་དེ་ཚོའི་གྲངས་ཤིག་མིན་འགྲོ། ཡང་མིན་ན་སྤོབས་པ་མིན་འགྲོ། དེ་མིན་གཞན་འགྲོ་ས་ཡོད་མ་རེད། ཡང་མིན་ན། སྔོན་མ་ཞིག་ལ་མེ་རི་ཟེར་བ། ཀུན་དགའ་ཟེར་བ་ལྟ་བུའི་རྒྱ་ཁྱི་སྣ་ལེབ་ཁ་ཤས་ཡོད་པ་དེ་ཚོའི་གྲངས་ཡིན་རྒྱུ་རེད། ད་ཁྱད་པར་མི་འདུག བཤད་རྒྱུ་ཡོད་ན་བཤད་ཤོག དང་པོར་ངས་ཉན་གྱི་ཡིན། དེ་ནས་ངས་བཤད་ཀྱི་ཡིན།
ཕྱག་གཉིས་པ།
ང་རྒྱ་ཁྱི་སྣ་ལེབ་ཡིན་དུས། ཁྱོད་གཡག་སྨྱོན་ཀླད་མེད་དེ་ཡིན་རྒྱུ་རེད། ཁྱོད་ལུང་བསྟན་དང་ལྷ་བ། མོ་བ་འདི་དག་ལ་དད་པ་ཆེ་མདོག་ལ་ལྟོས་ན། ཁྱོད་ལ་བླ་མ་ཞིག་ཡོད་བཟོ་འདུག ཀླུ་སྨྱོན་འདི་ད་ཁྱོ་ཡི་རྩ་བའི་བླ་མ་འགྲིག་སེ་ཡོད་ལེ་རེད། ཁྱོད་ཀྱི་མིག་དེ་སྐྱོན་ཞིག་མེད་ན། ང་འདིར་ཡོང་དུས་མིང་གཅིག་འདི་ཡིན། ཚང་མ་ཚང་མ་མེ་རི་རེད་ཟེར་རྒྱུ་ཆེ་ཡོད།
རྒྱ་ཁྱི་སྣ་ལེབ་འདི་ཚང་མའི་བདག་པོ་གཡང་སྐྱབས་རྒྱལ་རེད། ཁྱེད་ཚོ་པེ་ཅིང་ལ་གནས་སྤོར་རོགས་ཞུ།
ཨ་ཨ་ཨ། དམངས་གཙོ་བཤད་ཀྱིན་བཤད་ཀྱིན་ཡང་རྡུང་རེ་བརྒྱབ་སོང་། གན་རྒྱ་རྒན་ཚང་དགའ་ནས་སྒལ་ཚིགས་འཐོར་གྲབ་ཡིན་འགྲོ།
དུད་ནག་ནི་དུད་ནག་སྟེ་ཁ་བརྡའི་ཕ་ཁྱིམ་བཟང་པོ་འདི་ནག་པོ་བཟོ་ཐག་བཅོད་རེད། ཁྱོད་ཀྱི་མཆན་འདི་ལ་བལྟས་ན་ཨ་རོ་ཁམས་པ་ཞིག་ག་ལ་ཡིན་ཏེ་བོད་མི་ཞིག་ཀྱང་མ་རེད་ཅེས་ངས་ཐག་བཅད་དེ་བཤད་ཆོག ཁ་བརྡའི་དྲྭ་བདག་གིས་དག་མཆན་ག་འདྲ་བྱས་ནས་སྤྲད་པ་ཡིན་ནམ།
ཀ་ཡེ། ཕྱག་གཉིས་པ། དེ་འདྲའི་དོག་པ་ག་ལ་དགོས། ཁྱོད་དང་ངེས་གཉིས་ལྟ་བ་ཁྱེར་སྟངས་དང་སྐད་ཆ་ཤོད་སྟངས་ལས་སྐབས་འགར་གཤེ་གཤེ་གཏོང་རེས་རེ་བྱས་པ་མ་གཏོགས་ངས་མིང་འདྲ་མིན་ཡན་ཆད་བཀོལ་ཏེ་ཁྱོད་ལ་གཏིང་ནད་རྩོད་དོན་ག་ལ་ཡོད། ངས་ཁྱེད་རྒྱ་ནག་དམངས་གཙོ་ཆགས་ཉིན་ཁྱེད་ཕ་ཡུལ་ལ་ལོག་སོང་ཡང་དེ་ཧ་ལས་དགོས་པ་ཞིག་མ་རེད། དམངས་གཙོ་མ་ཆགས་རུང་ཕ་ཡུལ་དུ་ལོག་འདོད་ང་ལ་འདུག མི་རྒས་ན་ཕ་ཡུལ་དྲན་ཞེས་པ་དེ་བདེན་པ་རེད་འདུག
བླ་མ་འདི་བོད་དུ་ཕེབས་ཏུ་འཇུག་རོགས།
མེ་རི།
ལོ་ཟླ་མང་བོ་ཕྱིན་སོང་།
མི་ངོ་མང་བོ་ཞིག་རྫོགས་སོང་།
ས་མཐར་བཞུགས་ཡུན་རིང་སོང་།
བླ་མ་འདི་བོད་དུ་ཕེབས་ཏུ་འཇུག་རོགས།
ས་ཡ་དྲུག་གི་རེ་སྒུག་གང་སར་གཏད་ནས།
རང་དྱུང་གི་བཀོད་པ་ཚང་མར་བླ་མ་འདི་ཤར་སོང་།
ཟླ་བར་ཤར་བྱུང་། རི་ལ་ཤར་བྱུང་། ཆུ་ལ་ཤར་བྱུང་།
ད་ནི་མཐའ་མའི་ཞལ་རས་དེ་མཐོང་འདོད་པས།
བླ་མ་འདི་བོད་དུ་ཕེབས་ཏུ་འཇུག་རོགས།
བོད་མིས་བླ་མ་དྲན་སོང་།
བླ་མས་ཕ་ཡུལ་དྲན་སོང་།
བླ་མ་བོད་ལ་ཕེབས་འདོད་འདུག
ད་ནི་བླ་མ་འདི་བོད་དུ་ཕེབས་ཏུ་འཇུག་རོགས་ཡ།
མེ་རི་མཆེད་སོང་།
དུད་ནག་འཁྲིགས་བྱུང་།
དཀོན་མཆོག་གིས་ཐུགས་རྗེ་མ་གཟིགས་ན།
ཁ་བརྡ་ཚང་ཕལ་ཆེར་བསྲེགས་ལ་ཉེ།
རྒྱ་ལོ་རྒས་སོང་།
རྒྱ་རི་སྨྱོ་འདུག
ཆོལ་གསུམ་གྱི་ཚོགས་ཆེན་མ་བསྡུས་ན།
བོད་པ་ཚང་ཧ་ལམ་ཚར་ལ་ཉེ།
དྲང་མོར་བཤད་ན། ལག་ན་བྲིས་དང་ཁ་ནས་སྐད་ཆ་བཤད་མི་ཤེས་པ་མ་གཏོགས། ང་ནི་ཀློག་པ་པོ་ཞིག་ཡིན། དེ་ཡང་འོས་མོ་ཞིག ཡིན་ནའང་ངས་ཆེས་ཀློག་ན་མི་འདོད་པ་ནི་སྙན་ངག་ཡིན། འོན་ཀྱང་དེ་རིང་སྐུ་ཞབས་མེ་རི་དང་མིའུ་ཕྲུག་གཉིས་ཀས་དངོས་ཡོད་དང་ཐག་ཉེ་བའི་སྙན་ངག་གསོན་པོ་རེ་བྲིས་ཡོང་དུས་ངའི་དྭངས་ག་ཕྱེ་གྲབས་འདྲ་བྱས་སོང་། རེ་བ་ཅན་པོ། མུ་མཐུད་དུ་ཕྲིས་ཤོག།
རྒྱ་ལོ་བོད་ལོ་མ་རེད། །རྒྱ་མིའི་ལོ་སར་རེད།།
རྒྱ་རི་བོད་རི་མ་རེད། །རྒྱ་མིའི་ནགས་རི་རེད།།
རྒྱ་རི་རྒྱ་ལོའི་བར་ན།། གསང་བའི་མདུད་པ་ཞིག།
རྒྱ་དང་བོད་ཀྱི་བར་ན།། མི་ཤེས་གསང་རྒྱ་ཞིག།
རྒྱ་རྙིར་ཚུད་པའི་རི་དྭགས།། ཁ་བ་གངས་ཅན་རེད།།
རི་དྭགས་ཐར་བ་ཡོད་མེད།། ཨ་ཕོ་རྔོན་པ་རེད།།
ཨོ་དགོང་དག ཕྱག་གཉིས་པ་ཆང་གིས་བཟི་བ་ལས་དྭངས་སོང་བ་རེད་དམ། མཚམས་མཚམས་ལ་དེ་འདྲའི་ནང་དོན་ཡག་པོ་ཅན་གྱི་ཚིག་ཁ་ཤས་རེ་འབྲི་གི་འདུག དེ་རིང་ཡིན་ན་ཁྱེད་ཀྱིས་བཤད་པའི་ནང་དོན་དེ་ཏག་ཏག་ངའི་སེམས་ལ་འཕྲོད་སོང་།
རྒྱ་ནག་གི་དམངས་གཙོ་ལ་ཅི་བྱུང་བ་རེད། སྤྲིན་ནག་འཐིབས་འདུག
སྤོབས་པ། ཁྱེད་ཀྱི་སེམས་ལ་འཕྲོད་པ་ཞིག་དགོས་ན་ཁྱེད་ཀྱི་ལད་ཟློས་བྱས། ཡེ་ཤེས་ལ་བསྟོད་ར་བཏང་ནས་སྡོད་དགོས་རེད། ང་བསྟོད་པ་བྱེད་པར་མི་དགའ། ལྷག་པར་དུ་ངོ་བསྟོད་བྱེད་པར་མི་དགའ། མི་སུམ་ཅུར་བསམ་པ་སུམ་ཅུ། མཛོ་སུམ་ཅུར་ར་ཁ་དྲུག་ཅུ། གཏམ་དཔེ་འདི་སེམས་ལ་ཉར་ནས་ཁ་རྡ་དྲ་ཁང་ལ་ཤོག
རྒྱ་ནག་གི་དམངས་གཙོར་སྤྲིན་ནག་འཐིབས་པ་མ་རེད། དུད་ནག་འཐིབས་པ་རེད། ་་ཁ་བྲལ་རིང་ལུགས་པ་་ ཚོས་རྡུང་སྲེགས་བཅོམ་གསུམ་བྱེད་ཀྱི་འདུག་ག
ཛ་དྲག་གི་བརྡ་ཐོ།
གོང་རིམ་གྱི་བཀའ་བཀོད་ལྟར། དུད་ནག་འདི་ཇི་ལྟར་འཐིབས་སྟངས་ལ་ཞིབ་ཏུ་བརྟག་དཔྱད་གཏོང་དུས་དུད་ནག་དེ་རྒྱ་ནག་གི་དམངས་གཙོ་ཁོ་ནའི་ཐོག་ལ་འཐིབས་པ་ཞིག་རེད་མི་འདུག ཁ་བརྡ་དྲ་ཁང་དུ་གཡས་ཐལ་གཡོན་ཐལ་གྱི་ཆབ་སྲིད་ཕྱོགས་ཁག་མཆེད་དེ། གྲལ་རིམ་འཐབ་རྩོད་བྱེད་ཀྱི་འདུག ཁྱོད་ཚོས་མུ་མཐུད་ནས་དེ་ལྟར་བྱེད་ན། ཐག་གཅོད་ནན་མོ་མི་བྱེད་པའི་ངེས་པ་མེད། ཁ་བརྡ་ཨུ་ཡོན་ལྷན་ཁང་ནས། 1966.6.6
ཁྱེད་རང་ཚོས་རྩོད་གཞི་བརླག་ཚར་འདུག རྒྱ་ནག་དམངས་གཙོ་ཅན་དུ་འགྱུར་མིན་དེ་བོད་རྒྱལ་ཁབ་འདི་རང་བཙན་ཅན་དུ་འགྱུར་མིན་ལྟ་བུ་བཞིན་ཁག་པོ་རེད། ལས་སླ་པོ་ཡོད་པ་མ་རེད། ཡིན་ནའང་། མི་ཁ་ཤས་ཀྱིས་རྩོད་གཞི་འདི་ལས་འཕྲོས་ཏེ་སྐད་ཆ་ཡག་པ་རེ་བཤད་འདུག ཐུགས་རྗེ་ཆེ།