རྙིང་མའི་གཏེར་སྟོན་ཆེན་པོ་ལྡང་མ་ལྷུན་གྱི་རྒྱལ་མཚན་གྱིས་རྫོགས་པ་ཆེན་པོ་བི་མ་ལའི་སྙིང་ཐིག་གཏེར་བཏོན་པའི་ལོ་ཚིགས་ལ་དཔྱད་པ།
གངས་སེང་།
ལྡང་མ་ལྷུན་གྱི་རྒྱལ་མཚན་གྱིས་བི་མ་ལའི་སྙིང་ཐིག་གཏེར་ཞལ་ཕྱེས་ནས་ལོ་བཅོ་ལྔའི་རྗེས་སུ་ལྕེ་བཙུན་ཆེན་པོ་ལ་གནང་། ཁོང་གིས་ལོ་བདུན་རིང་མཚམས་ལ་བཞུགས་ནས་ཉམས་ལེན་གནང་རྗེས་བི་མ་ལ་མི་ཏྲ་དངོས་སུ་མཇལ་ནས་གདམས་པའི་ཟབ་གནད་ཞུས། དེའི་རྗེས་ཡང་བསྐྱར་ལོ་བདུན་སྒོམ་པས་ཟག་ཕུང་འོད་ལུས་སུ་དེངས། གདམས་ངག་རྣམས་ཞང་སྟོན་ལ་གནང་། སྤྲུལ་པའི་སྐུ་རྒྱལ་བ་ཞང་སྟོན་སྤྱི་ལོ་༡༠༩༧ལོར་འཁྲུངས། ཁོང་དགུང་ལོ་༢༥ལ་ལྕེ་བཙུན་ཆེན་པོ་དང་མཇལ་ནས་སྙིང་ཐིག་ཞུས།
དགུང་ལོ་༦༡སྤྱི་ལོ་༡༡༥༨ལོར་ཁོང་གི་སྲས་མཁས་པ་ཉི་འབུམ་སྐུ་བལྟམས། ཞང་སྟོན་ཀྱིས་ལྕེ་བཙུན་མཇལ་དུས་ལྕེ་བཙུན་གྱིས་ལྡང་ལྷུན་ལ་གདམས་པ་ཞུས་ནས་ལོ་༡༤ཕྱིན་ཡོད། ལྡང་ལྷུན་གྱིས་གཏེར་བཏོན་ནས་ལོ་༡༥་ཕྱིན་དུས་ལྕེ་བཙུན་ལ་གནང་ཡོད། དེར་བརྟེན་ཉི་འབུམ་འཁྲུངས་ལོ་༡༡༥༨ལས་༦༡འཐེན། ལྷག་མ་༡༠༩༧འདི་ཞང་སྟོན་འཁྲུངས་ལོ་ཡིན། དེ་ལས་༢༥བསྣན་པས་སྤྱི་ལོ་༡༠༢༢འདི་ཞང་སྟོན་ཀྱིས་ལྕེ་བཙུན་མཇལ་ནས་གདམས་པ་ཞུས་ལོ་ཡིན། དེའི་སྟེང་ལོ་༢༩འཐེན། དེའི་རྒྱུ་མཚན་ནི། ལྡང་ལྷུན་གྱིས་གཏེར་བཏོན་ནས་ལོ་༡༥ཕྱིན་དུས་ལྕེ་བཙུན་ལ་གནང་། ལྕེ་བཙུན་གྱིས་ལོ་བདུན་གཉིས་བཅུ་བཞི་༡༤ཕྱིན་དུས་ཞང་སྟོན་ལ་གནང་ཡོད། དེས་ན་༡༥དང་༡༤གཉིས་སྡོམ་པས་ལོ་༢༩དེ་ཞང་ལྕེ་གཉིས་མཇལ་ལོའི་ཐོག་ནས་འཐེན་པས་སྤྱི་ལོ་༡༠༩༣འདི་ལྡང་ལྷུན་གྱིས་གཏེར་ཐོན་ལོ་ཡིན།
འདི་ནི་ཁོ་བོས་ལུང་ལ་རིག་པས་དཔྱད་ནས་གསར་དུ་བཟོས་པ་ཡིན། དེ་སྔོན་རྙིང་མའི་ཆོས་འབྱུང་མང་དུ་བལྟས་ནའང་གཏེར་སྟོན་འདིའི་གཏེར་ཐོན་པའི་ལོ་ཚིགས་གཏན་ལ་ཕབས་པ་མ་རྙེད་པས་འདི་ལྟར་བྱས་ནའང་ད་དུང་དཔྱད་པ་རྫོགས་པའི་གཏམ་མ་ཡིན་པས་བློ་ལྡན་རྣམས་ཀྱིས་བརྟག་བྱར་འོས་སོ།
དཔྱད་གཞིའི་དཔེ་ཚོགས།
ཀློང་ཆེན་རབ་འབྱམས་པས་མཛད་པའི་ལོ་རྒྱུས་རིན་པོ་ཆེའི་ཕྲེང་བ།
མཁས་པ་ཉི་འབུམ་གྱིས་བརྩམས་པའི་ཚིག་དོན་བཅུ་གཅིག་པ།
བདུད་འཇོམས་ཆོས་འབྱུང་།
གཏེར་དུ་སུས་སྦས། ག་དུས་སྦས། སུས་བཏོན། ག་ནས་བཏོན། ལགས།
གངས་སེང་ལགས། སྐུ་ཁམས་བཟང་། དཔྱད་པ་ལེགས་སོ། །
རྒྱལ་བ་ཞང་སྟོན་་་ཞུ་བ་ཁོང་སུ་ཡིན་ནམ། །
ཆོས་ཟབ་མོ་གང་ཡིན་བདག་ཅག་གིས་ལུང་དང་རིགས་པ་ལ་བརྟེན་དགོས།
དེ་ལ་བསྣན་ཀ་རིག་སྔགས་ཀྱང་དད་པས་བཟླས་ན། བྱིན་རླབས་ཟབ་མོ་འབྱང་ངོ་།
སློབ་དཔོན་བི་མ་ལའི་མི་ཏྲའི་བཀའ་སྲོལ། བདུ་འཇོམས་ཆོས་འབྱུང་ལས།
༡༽བི་མ་ལ་ལོ་ཉི་བརྒྱའི་སྐབས་སུ་བོད་ལ་ཕེབས་པ།
༢༽ སྙིང་ཐིག་བཙན་པོ་དང་། ཉང་ཏིང་ལ་ལྐོག་ཆོས་སུ་གསུངས།
༣༽ གཞན་སྣོད་རུང་དུ་མ་གཟིགས་ནས་བོད་འགྱུར་དེ། མཆིམས་ཕུའི་དགེ་གོང་དུ་སྦས།
༤༽ བོད་དུ་ལོ་༡༣བཞུགས་ནས་རྒྱ་ནག་རི་བོ་རྩེ་ལྔར་ཕེབས།
༥༽ ལོ་བརྒྱ་རེར་སྙིང་ཐིག་སྤེལ་ཕྱིར་བོད་དུ་སྤྲུལ་པ་རེ་བྱོན་པར་ཞལ་གྱི་བཞེས།
་ཞལ་གྱི་བཞེས།
འདི།
་ཞལ་གྱིས་བཞེས།
འབྱང་ངོ་། ཞེས་པར་་འབྱུང་ངོ་།
དེའི་རྗེས་ལ་བདུད་འཇོམས་ཆོས་འབྱུང་ལས།
་་་་་་། བི་མ་ལ་རྒྱ་ནག་ཏུ་གཤེགས་ནས་ལོ་ལྔ་བཅུ་རྩ་ལྔ་ན་ཉང་ཏིང་འཛིན་བཟང་པོ་ཟག་པ་ཟད་པའི་ཕུང་པོར་གྱུར། རྡོ་རྗེ་ལེགས་པས་ཁམས་སུ་སེར་བ་ཕབ་པའི་ནས་རྔ་མོའི་རྒྱབ་བརྒྱ་ཕུལ་ལ་བརྟེན་ནས་དབུ་རུ་ཞྭའི་ལྷ་ཁང་བཞེངས་། གདམས་པའི་དཔེ་རྣམས་དེ་ཉིད་ཀྱི་ཀེའུ་ཚང་རིམ་པ་གསུམ་གྱི་སྒོའི་ཀ་བའི་ཁོང་དུ་སྦས། སྙན་བརྒྱུད་རྣམས་འབྲི་རིན་ཆེན་འབར་བ་ལ་བཤད་དེ། མཐར་ལྷ་ས་བྲག་ལྷ་ཀླུ་ཕུག་ཏུ་འཇའ་ལུས་སུ་ཡལ་ལོ།། །།
སྦས་མཁན་དང་བཏོན་མཁན་ཁ་མཐུན་རེད
གཏེར་འབས་མཁན་མེད་ན་གཏེར་་འདོན་མཁ་ན་གང་ནས་ཡོང་།
གཏེར་ཆོས་དེ་དག་ཀུན་གྱི་སྤྱོད་ཡུལ་ཅིག་མིན་པ་འདྲ།
ངས་འདིར་གཏེར་ཞིག་འབས་ཡོད་།
རི་རྐང་རུས་འདྲ་བའི་འོག་རོལ་་ཏུ་།
ཁ་རང་གྲགས་ཕུག་པའི་ཞལ་ཡས་ནང་།
ལྷ་ནོར་སྲུང་གཉེས་པའི་དམ་རྫས་ཡོད་།
དེ་འདོན་པའི་སྐལ་བ་དྲ་འབུར་བབས་།
ཧ་ཧ་ཧ་གཏེར་འདོན་ནུབ་ཕྱོགས་གླིང་པས་།
ཇུས་ཏོག་ནི་ཇུས་ཏོག་རང་རེད་གསང་ཆེན་རྙིང་མའི་གཏེར་ཆོས་རྣམས་བརྫུན་པར་སྒྲུབ་ཡོང་གི་འདུག
རྒྱ་གར་གྱི་ནང་ཆོས་གསང་སྔགས་མང་ཆེ་བ་གཏེར་ཆོས་རང་རེད་འདུག
དེ་ལ རྒྱུ་མཚན་ཡོད་ཀྱི་རེད་་དེ་མིན་མདོ་སྡེའི་རིགས་མི་འབྱུང་བ་དང་དེའི་ནང་ནས ཐེག་ཆེན་གྱི་རིགས་སྙན་རྒྱུད་དང་གཏེར་མ་སྦ་ཡུལ་ནས་ཁྱེར་ཡོང་རབས་འདུག་ག
རིག་པས་དཔྱད་ན་མཁས་པ་རེད་།
འཐོམ་ཞིང་རྒྱགས་ན་བླུན་པོ་རེད་།
མཁས་བླུན་ངོས་འཛི་མ་ཐུབ་ན་།
སྨྲ་ཤེས་དོན་གོ་མིན་པའི་རྟགས་།
རང་རྒྱལ་གཞན་ཕམ་ཆོས་པ་མིན་།
ཕྱོགས་་གཏོགས་ཆབ་སྲིད་དཔོན་པོ་མིན་།
མཁས་པ་ཉི་འབུམ་གྱི་བརྩམས་ཆོས་ཚིག་དོན་བཅུ་གཅིག་གི་མ་དཔེ་ཁག་མི་འདྲ་བ་ག་ཚོད་ཡོད་གསུང་རོགས་གནང་།
སྒྲ་ཐལ་འགྱུར་ནས་བསྟན་པའི་ཚིག་དོན་བཅུ་གཅིག་ལ་འགྲེལ་བཤད་ཐོག་མར་གནང་མཁན་ཉི་མ་འབུམ་རེད་དམ།
ཉི་མ་འབུམ་གྱིས་ཚིག་དོན་བཅུ་གཅིག་སློབ་མ་སུ་ལ་གནང་བ་རེད། བཀའ་དམ་པ་བདེ་གཤེགས་ཀྱི་གསུང་འབུམ་ནང་དུ་བཞུགས་དགོས་ཚུལ་ཇི་ལྟར་ཡིན་ལགས། ????