ཨ་རོགས་ཆོ། གསར་མོ་གླེང་ནས་ཁ་གདངས་མྱིག་ཅེར་དང་ཁབ་གཙག་འབིག་གཙག་བྱེད་པ་ལས་བསམ་བློ་གཞན་པ་ཞིག་གཏོང་རན་ཡིན་པ་སྟེ། རྡ་ས་ན་ཨ་མདོའི་གསར་རྒོད་གཡག་རྒོད་འདྲ་བ་གང་མང་ཞིག་མགོ་སྐྲ་ནག་ཟིང་ངེ་ཁ་ངོ་སྐྱ་ཐག་གེར་མུ་གེས་མནར་བཞིན་ཡོད་པ་རེད། ང་ཚོ་ཕྱི་རྒྱལ་ན་ཡོད་པ་ཚོས་ཁོ་ཚོའི་ཆེད་དུ་མ་དངུལ་རེ་བསྡུས་ནས་ཨ་མདོའི་གསར་བུ་འགྲན་བསྡུར་གྱི་ལས་རིམ་ཞིག་མགོ་འཛུག་བྱས་ཏེ། གསར་བུ་ཨང་དང་པོ་ལ་ཨ་སྒོར་སུམ་བརྒྱ་དང་ཨང་གཉིས་པར་ཉིས་བརྒྱ། ཨང་གསུམ་པར་བརྒྱ་ཐམ་པ་རེ་སྤྲད་ན་ཡང་བྱ་དགའ་ཐོབ་མཁན་གསར་བུ་ཁོ་རང་ལ་ད་ལོས་ཡིན། དེའི་གྲོགས་པོ་ལྔ་དྲུག་ཅིག་གི་མུ་གེ་ཡང་ཞར་དང་ཞོར་ནས་སེལ་ཐུབ་ཀི་ཡོད་པ་རེད། གལ་སྲིད་མོས་མཐུན་ཡོད་ན་བོད་ཀྱི་དུས་བབ་གསར་ཁང་ལྟ་བུ་ཀུན་གྱིས་ཡིད་ཆེས་བློ་གཏད་ཐུབ་པའི་ལས་ཁུངས་ཤིག་གིས་ལས་ཀ་འདི་མགོ་འཛུག་གི་རྒྱབ་སྐྱོར་བྱེད་པའི་རེ་བ་ཡོད། སྤྱིར་རྡ་ས་ན་གསར་བུ་མང་མོད་མང་ཤོས་ཨ་མདོ་བ་ཡིན་པའི་ཆ་ནས་ཨ་མདོའི་གསར་བུ་འགྲན་བསྡུར་ཞིག་མགོ་འཛུག་གི་གླེང་སློང་བྱེད་བཞིན་ཡོད། དེ་ནས་རིམ་པ་བཞིན་གྲྭ་ས་ཁག་ནས་ཀྱང་གྲྭ་པའི་སྤྱོད་ལམ་འགྲན་བསྡུར་ཞེས་པ། གྲྭ་པ་ལོ་ན་བཅུ་དྲུག་ནས་སུམ་ཅུ་བར་གྱིས་གྲྭ་ཆས་སྤུས་དག་མནབས་ཏེ་ཕྱག་ཏུ་ལྷུང་བཟེད་དང་མཁར་གསིལ་བསྣམས། འོག་ཏུ་གདིངས་པ་བཏིངས་ཏེ་ཆོས་འདུལ་བའི་སྤྱོད་ལམ་དང་མཐུན་པའི་མིག་དཔེ་འགྲན་བསྡུར་ཞིག་ཀྱང་སྤེལ་ཨེ་ཐུབ་བལྟ་རྒྱུ་ཡིན། དེ་ལྟར་བྱས་ན་གྲྭ་རྐྱང་འགའ་རེའི་ལྟོགས་སྡུག་སེལ་ཐུབ་པ་དང་དེ་འབྲེལ་གྲྭ་མང་ལ་ཡང་ཆོས་འདུལ་བའི་སྤྱོད་ལམ་གྱི་མིག་དཔེ་རེ་སྟོན་ཐུབ་ཀྱི་རེད་སྙམ།
དེ་ནས་བླ་མ་ངོ་མ་ཡིན་མིན་འགྲན་བསྡུར།
ལོ་ཤས་གོང་ཀླུ་སྨྱོན་ནས་གྲྭ་སའི་གྲྭ་ཆུང་དག་གིས་བརླ་ཤའི་འགྲན་བསྡུར་ཞིག་སྤེལ་འཆར་དེ་སྤྱི་ཚོགས་འདི་གཉིད་མ་སད་ནས་ལམ་དུ་མ་སོང་བ་རེད།
མིའི་ཕྲུག་བཀྲ་སིས་བདེ་ལེགས།
ཚང་མ་མར་ཉལ་ཚར་དུས་ཁྱོད་འུག་པ་ནང་བཞིན་ཡར་ལངས་བསྡད་ཡོད་དམ།
ཨ་ཨ། ད་རེད། ད་རེད།
ཨ་མདོའི་གསར་བུ་འགྲན་བསྡུར་ཞེས་པ་དེ་སློབ་སྦྱོང་གི་འགྲན་བསྡུར་ཟེར་རམ། སྟོབས་ཤུགས་ཀྱི་འགྲན་བསྡུར་ཟེར། ཡང་ན་སྐྲ་རིང་ཐུང་གི་འགྲན་བསྡུར་ཟེར། གསལ་བཤད་དགོས་འདུག་ལགས།
དམ་ཆོས་འདུལ་བའི་སྤྱོད་ལམ་དང་མཐུན་པའི་མིག་དཔེ་འགྲན་བསྡུར་ཡིན་ན་ལོ་སུམ་ཅུ་ཡན་བརྒལ་བ་རྣམས་མི་ཆུད་པ་ཅི་ཡིན་གསལ་བཤད་གནང་རོག་དགོས་འདུག་ལགས།
ཁ་ནས་བཤད་དང་ལག་ལེན་ལ་བཏབ་གཉིས་བར་ཐག་རིང་པོ་ཡོད་རེད། གཟིགས་དང་། ཡེ་ཤེས་ཁོས་འདི་མོ་བཤད་ནས་ལོ་མང་པོ་སོང་ཡོད་རེད་ད།
མི་དེས་ཁ་ནས་གང་བཤད་ལག་ལེན་ན་བཏབ་བཏང་དུས་ད་མ་བཟང་ནས་རེད། ཁ་སང་ཞིག་ནས་མི་འདིས་ཨ་མདོ་ཆ་བོ་ཅིག་ཅིག་མ་མ་གོ་གོ་བྱེད་དགོས་ནས་རེད་ཟེར། ཨ་མདོའི་ནང་ལ་ཁྱོད་ནང་བཞིན་ལག་མ་ཐོགས་པ་ཡོད་ཙང་མཆུ་ཏོ་བྱེད་དགོས་ཡ་མི་འདུག ད་ཅིག་མ་བཤད་ན་ཐབས་མེད་ཟེར་ན། འོ་ན་ཁྱོད་རང་གང་གིས། གང་ལ། ཇི་ལྟར། ཅིའི་ཕྱིར་བླ་མ་བཟོས་པ་དང་བཟོས་ནས་ཁེ་བཟང་དང་ཕན་ཐོགས་ག་རེ་བྱུང་ཡོད་མེད་སྐོར་གསལ་བོར་བཤད་རོགས། འདི་དོན་དག་ཆུང་ཆུང་རེད་མ་དྲན། ག་རེ་རེད་ཟེར་ན་བླ་མ་ལ་ཡག་སྡུག་གཉིས་ཀ་ཡོད་ཙང་ཞིབ་འཇུག་བྱེད་དགོས་ཡ་གལ་ཆེན་པོ་རེད། དེ་མིན་གངས་ཅན་དང་ཁྱོད་གཉིས་ཀའི་བཤད་སྟངས་ལས་སྟངས་ཁ་ཤས་ང་ལ་ནི་འདྲ་བོ་འདྲ་ཞིག་མཐོང་གི་འདུག ངའི་མཐོང་སྣང་ནོར་ཡོད་ན་དགོངས་དག དེའི་སྐོར་ཁ་གསལ་བཟོ་རོགས།
ཀླུ་སྨྱོན་འདིའི་རྟོག་པ་མཐོ་རབས་བཤད་མཁན་ཚོའི་ཁ་ལ་ཉན་ནས་འདུག་མི་དགོས་པར། ད་ཀླུ་སྨྱོན་རང་ཉིད་ཀྱིས་གང་ཟག་དང་པོ་བདག་གི་ངོས་ནས་གོང་དུ་དཀོན་མཆོག་གིས་བཤད་པ་ལྟར། གང་ལ། ཇི་ལྟར། ཅིའི་ཕྱིར་བླ་མ་བཟོས་པ་དང་བཟོས་ནས་ཁེ་བཟང་དང་ཕན་ཐོགས་ག་རེ་བྱུང་ཡོད་མེད་སྐོར་བཤད་ཨེ་ཐུབ་ལྟད་མོ་བལྟ་རྒྱུ་ཡིན། ཁྱོས་རང་ཉིད་ཀྱི་སྤྲུལ་སྐུའི་ལུས་སེམས་གཉིས་ལ་ད་རེས་དེང་རབས་ཀྱི་བཤགས་བཅོས་ཤིག་བྱོས་དང་། དགེ་བསྐོས་བཙན་པོའི་དཔེ་དེབ་དེ་ཉོ་རྒྱུ་དང་ཀློག་རྒྱུ་མིན་ན་ཁྱོའི་ཤ།
ཕྲུ་གུ་དམར་འཕྱར་ཆ་བོ་བླ་མ་བཟོས་པར་ང་ལ་དོགས་པ་རྣམ་རྟོག་ཅང་མེད། དེ་ནོར་ཡོད་ནའང་མིས་བཟོས་པའི་ནོར་འཁྲུལ་ཞིག་ཡིན་ཙང་མི་བུ་རང་ངོས་ནས་འགྲེལ་བཤད་དཀའ་ལས་ཁག་པོ་རེད། ཡེ་ཤེས་འདི་བ་ཆི་ཆ་དགོ་སྦོམ་པོ་ཆག་ནས་བླ་མ་བཟོས་ཙང་འདི་འདི་དང་དེ་དེ་རེད་ཟེར་ནས་བཤད་ཡ་ཅིག་ཡོད་དགོས་རེད་འདོད་གི ཨ་་་ཨ་་་་་་ཨ་་་་ད་ཡིན་ན་དྭོགས་པ་འདི་མགོ་ནང་ང་མི་ཆུད་གི་ཡ།
སྤོབས་པ་ཆེན་པོ་ལ་ཡང་བཀྲ
ཤིས་བདེ་ལེགས་ཡོད། ཁྱེད་ཀྱི་གསུངས་པ་ལྟར་ང་ཉིན་ཤས་སྤུ་སེར་ལ་མིག་སྔོ་ཞིང་སྣ་འགུགས་པའི་འུག་པའི་རྒྱལ་ཁབ་ཏུ་འགྲོ་དགོས་བྱུང་སོང་རྒྱུ་མཚན་དེས་བྱ་གཞག་ཚང་མ་མཚན་དུས་སྒྲུབ་དགོས་རྐྱེན་དུས་དང་འགལ་བ་དགོངས་དག་ཞུ་རྒྱུ་ཡིན། ཨ་ལགས་དོལ་དོལ་རིན་པོ་ཆེ་འམ་ཀླུ་སྨྱོན་འདི་ལ་ངས་སྙིང་ནད་གང་ཡང་བརྩོད་དགོས་མེད་པ་མ་ཟད་ཕན་ཚུན་ངོ་ཡང་ཡག་པོ་ཤེས་ཀྱིན་མེད། འོན་ཏེ་ཁོང་གིས་སྙན་གྲགས་ཀྱི་ཆེད་དུ་རང་གི་སྙན་གྲགས་ངོ་མ་དེ་ཉམས་པ་བྱེད་པ་འདི་ལ་ང་རྟག་ཏུ་ཕངས་སེམས་སྐྱེས་ཀྱིན་ཡོད། ཁྱེད་ཅག་གིས་གཟིགས་དང་། གལ་སྲིད་ཁོང་གིས་རང་ཉིད་སྤྲུལ་སྐུ་ཞིག་གི་ཡང་སྲིད་དུ་བཟོས་མེད་ཚེ། ད་དུང་ཁོང་ཉིད་ཕྱིར་རྒྱལ་དུ་ཆིབས་བསྒྱུར་གནང་མེད་ན་ཁོང་གིས་དེང་དུང་བླ་སྤྲུལ་དག་གི་ནག་ཉེས་ཐེར་འདོན་དང་། རང་མི་རིགས་ཀྱི་བསམ་བློ་ཤུགས་ཆུང་རུ་འགྲོ་བཞིན་པའི་ཕྱིར་བསྐྱོད་བོད་རིགས་དག་ལ་སྐྱོན་བརྗོད་གནང་བའི་རྩོམ་ཡིག་དག་ནི་བདེན་དོན་གྱི་གནས་ལུགས་ངོ་མ་ཞིག་གི་ཚུལ་དུ་གཉན་ཆེན་ཐང་ལྷའི་ཚགས་ཤོག་ནང་དུ་གཟི་འོད་འཚེར་བཞིན་གནས་ཡོད་པར་ངེས། ད་དུང་ཁོང་གིས་གྲྭ་པ་འགྲན་བསྡུར། ཨ་མདོའི་ཕོ་གསར་འགྲན་བསྡུར་སོགས་དགེ་མཚན་མེད་པའི་ལས་འགུལ་ཤ་རྟག་ལ་འབད་པ་མ་ཟད་ཁྱད་པར་དེང་དུས་ཁ་བརྡའི་གྲྭ་རྒྱ་ནང་དུ་ཁོ་རང་གི་ཡུལ་སྐད་ཁོ་ན་བེད་སྤྱོད་བྱེད་པ་དང་དེ་བཞིན་ཆོལ་ཁ་དང་ཆོས་ལུགས་ལ་བརྩོད་རྙོག་ཡོད་པའི་ལོ་རྒྱུས་དངོས་བརྫུན་ཅི་རིགས་ཁྱེར་ཡོང་སྟེ་ཆེད་དུ་སྤྱི་སྐད་དང་མཐུན་འབྲེལ་ལ་གཏོར་བཤིགས་བཏོང་བ་སོགས་མ་བཟོད་ནས་ངན་སྨྲས་ཁ་ཤས་ཤོར་སོང་བ་ནི་སྤོབས་པ་སོགས་གྲྭ་གྲོགས་དག་ལ་དགོངས་དག་ཞུས་འོས་མཆིས།།།།།།།།།
ཨ་མདོའི་གསར་བུ་འགྲན་བསྡུར་དེ་རྒྱ་ནག་ནང་བྱེད་པ་ལྟར་གསར་བུ་མཐོང་སྣང་ལ་རྫིག་པོ་ཡོད་མིན་གྱིས་ཐག་གཅོད་བྱེད། གྲྭ་པ་ལོ་ནས་སུམ་ཅུའི་ཡར་རྒྱབ་གྲྭ་རྒན་གྱི་གྲས་སུ་གཏོགས་པས་འདི་ལྟ་བུའི་འགྲན་བསྡུར་ནང་ཞུགས་རྒྱུར་འགོག་རྐྱེན་སྣ་མང་འཕྲད་སྲིད། ཁྱོད་ཚོས་ཀླུ་སྨྱོན་བླ་མ་མ་རེད་ཟེར་གི་ཡོད་པ་རེད། དེ་ལ་ངས་ཀླུ་སྨྱོན་བླ་མ་མིན་ཟེར་གྱི་ཡིན། བླ་མ་ཞེས་པའི་དོན་དེ་བླ་ན་མེད་པ་ཞིག་གི་ཚད་རེད། བོད་མིའི་ནང་ན་བླ་ན་མེད་པ་ཞིག་ཡོད་པ་དེ་གོང་ས་མཆོག་གཅིག་པོ་རེད། གཞན་པའི་ནང་པའི་སློབ་དཔོན་མང་པོ་ཞིག་ཡོད་པ་རེད། དཔེར་ན་ཆོས་བརྒྱུད་བཞིའི་དབུ་འཛིན་ཚོ་ལྟ་བུ་རེད། ཀླུ་སྨྱོན་ཡང་སྲིད་ཨེ་རེད་ཅེ་ན་ཡིན་ཞེས། དེ་ཡང་འབྲུག་པ་ཀུན་ལེགས་ཀྱིས། འདོད་ཆགས་འདི་ཡི་ཆེ་ལུགས་ཀྱིས། །བྱ་ཏེའི་སྐྱེ་བ་ཡིན་པ་འདྲ། །ཞེ་སྡང་འདི་ཡི་ཆེ་ལུགས་ཀྱིས། །སྦྲུལ་གྱི་སྐྱེ་བ་ཡིན་པ་འདྲ། །གཏི་མུག་འདི་ཡི་ཆེ་ལུགས་ཀྱིས། །ཕག་པའི་སྐྱེ་བ་ཡིན་པ་འདྲ། །ཞེས་པ་ལྟར། རང་རྒྱུད་དུག་གསུམ་གྱིས་ཚོས་པའི་སྐྱེ་བོ་ཞིག་གི་སྐྱེ་བ་ཡིན་ཐག་ཆོད་རེད། སྔགས་པ་ཡིན་ན་སྔགས་པ་འདོད་ཆགས་ཅན་ཞིག་གི་རྣམ་ཤེས། གྲྭ་པ་ཡིན་ན་གྲྭ་པ་ང་རྒྱལ་ཅན་ཞིག་ཡང་སྲིད། མི་སྐྱ་ཡིན་ན་མི་སྐྱ་ཞེ་སྡང་ཅན་ཞིག་གི་སྤྲུལ་སྐུ་ཡིན་ས་རེད། དེ་འདྲ་ཞིག་ཡིན་མིན་ཐེ་ཚོམ་དགོས། དེ་ལས་གཞན་ཀླུ་སྨྱོན་སྤྲུལ་སྐུ་རེད་དོགས་པའི་ཕྲག་དོག་དང་མ་རེད་དོགས་པའི་སེམས་ཁྲལ་རྩ་བ་ནས་མི་དགོས། ད་དེ་ཡིན། སྤྱིར་ཀླུ་སྨྱོན་བླ་མ་ཡིན་ན་ཁྱོད་ལ་ཅི་ཞིག་གནོད། བླ་མ་མིན་ན་ཅི་ཞིག་ཕན། ཁྱོད་དང་ཀླུ་སྨྱོན་གཉིས་ལ་འབྲེལ་བ་ཅི་ཞིག་ཡོད།
བོད་ལ་༧གོང་ས་མཆོག་ལས་བླ་མ་གཞན་མེད་ཟེར་འོ་ན་མཁན་སློབ་ཆོས་གསུམ། མར་མི་དྭགས་གསུམ།
ས་ངོར་ཚལ་གསུམ་གྱི་གཙོ་བོ་རྣམ་གསུམ། རྗེ་ཡབ་སྲས་གསུམ་སོགས་ཡོད་ཚད་བླ་མ་མ་ཡིན་ནམ། ཁྱོད་ཀྱི་སྙིང་ལ་རྒྱ་འགོང་ཞུགས་ཚར་བར་འདྲ།
དེ་དག་ནང་པའི་སློབ་དཔོན་ཆེན་པོ་དག་དག་རེད།
ང་དང་ཀླུ་སྨྱོན་འབྲེལ་བ་གང་ཡང་མེད་པ་འདོད་ཀྱང་། ཁྱོད་ཀྱིས་མི་རིགས་འདི་ལ་དངོས་ཤུགས་རྒྱུད་གསུམ་ནས་གནོད་སེམས་འཆང་བ་འདི་ལ་ངས་ཐུབ་ཚོད་ཀྱི་རྒོལ་ལན་སྤྲད་རྒྱུ་ནི་ང་བོད་པ་ངོ་མ་ཞིག་ཡིན་པའི་རྒྱུ་མཚན་གྱིས་ཡིན་
འོ་ན་༧གོང་ས་མཆོག་ཐུན་མོང་ངོར་བླ་མ་ལ་མ་བརྟེན་པ་ཐལ། བོད་ལ་བླ་མ་མེད་པ་གང་ཞིག་དེ་ལས་གཞན་གྱི་བླ་མ་ལ་ཡང་མ་བརྟེན་པའི་ཕྱིར།
ད་དུང་ཀླུ་སྨྱོན་གྱིས་སྔོན་དུས་གྲྭ་པ་འགྲན་བསྡུར་དེ་ལོ་༡༦ནས་༢༣བར་དགོས་ཞེས་བཤད་ཡོད་རེད། དེང་སང་ཁོང་འགྱུར་བ་ཕྱིན་ནས་ལོ་༣༠ཡན་གྱི་གྲྭ་པ་ཞེས་བསྒྱུར་བཅོས་བྱས་སོང་བ་འདི་ལ་བལྟས་ཚེ་ཁོང་གིས་ཕྱི་རྒྱལ་ནས་ལོ་གྲངས་ཁྱད་མེད་དུ་ལོངས་སུ་སྤྱད་ཆོག་པའི་གནས་ལུགས་དེ་རྙེད་ཡོད་པ་འདྲ།ཧཧཧཧཧཧ
ད་ཁོང་དངོས་གནས་གྲྭ་སའི་ཁོར་ཡུག་ལས་བརྒལ་ཐུབ་འདུག་པས་བཀྲ
ཤིས་བདེ་ལེགས་ཞིག་ཞུ་ཆོག
གོང་ས་མཆོག་ཆོས་ཅན། ཁྱོད་ཀྱིས་བླ་མ་མ་བསྟེན་པར་ཐལ། ཁྱོད་ཀྱི་གོང་ན་བླ་མ་མེད་པའི་ཕྱིར། དེར་ཐལ། ཁྱོད་བླ་ན་མེད་པ་དེ་ཡིན་པའི་ཕྱིར། རྟགས་གྲུབ་སྟེ། སྐུ་ཞབས་མིའུ་ལགས་ནས་ཀྱང་དེ་བཞིན་ཁས་ལེན་པའི་ཕྱིར།
ཨ་ཨ། མིའུ་ཁ་རྩོག་འདི།
༧གོང་ས་མཆོག་ཆོས་ཅན། བླ་མ་ལ་བརྟེན་ཡོད་པ་ཐལ། ཁྱེད་ཀྱིས་རྩ་བ་གསུམ་གྱིས་དངོས་གྲུབ་ཐོབ་ཚར་བ་གང་ཞིག་ བྱིན་རླབས་རྩ་་བ་བླ་མ་ལས་ཐོབ་དགོས་པའི་ཕྱིར། རྟགས་ཁེལ། ཧཧཧ་ཀླུ་སྨྱོན་ཀླད་མེད་འདིས་ཅི་ཤེས།
སྐད་ཆ་བཤད་སྟངས་ལ་བལྟས་ན་ཆི་གང་མི་ཤེས་མཁན་ཤེས་མདོག་བྱེད་མཁན་རེ་ལོས་ཡིན་འདོད་གི གསང་སྦས་མི་ཤེས་པར་བལྟས་ན་གྲ་ལོག་མ་ལོག་ཅིག་ལོས་ཡིན་འདོད་གི ཡེ་ཤེས་ད་ཡར་ལྡིང་མར་ལྡིང་མ་བྱེད་པར་གོང་གི་དྲི་བར་ལན་ཁ་གསལ་ཞིག་འདེབས་རོགས། ཁྱོད་ཡིན་ན་བྱ་བྱིའུ་འབའ་འབུ་ཞིག་གི་ཡང་སྲིད་ཡིན་རབས་མེད། ག་རེ་དགོ་་་་ཨ་ལགས་དོལ་རྡོ་ཡིན་ན་ཅིག་ཡིན་ཟེར་བ་མ་རེད་པས། དེ་སུ་རེད། ཁྱོད་ལ་ཁོའི་མིང་དེ་ག་འདྲར་རག་སོང་། གོ་ཐོས་ལ་ཁྱོས་ཡང་སྲིད་ལམ་ལུགས་དང་ཨ་རིར་འགྲོ་མཁན་ལ་ཁ་ཞེ་བོ་བཏང་ཡོད་རེད་ཟེར། དེ་བདེན་པ་ཨེ་ཡིན། ཡིན་ན་མགོ་མི་ཤོང་སར་ཁྱོས་སྐེ་བསྲིང་དོན་གང་ཡིན་ནམ། དྲི་བ་མགོ་ནང་ལ་མ་ཆུད་ཐལ། ལན་ཁ་ཐུག་ལ་འདེབས་རོགས། རྟགས་གསལ་གཏོང་མི་དགོས། ཁྱོའི་རྟགས་གསལ་ཆི་མོ་ཟིག་གཏོང་ནོ་སྒོ་མང་བ་ལ་མི་ལས་གཏམ་རིང་བ་བཤད་ཡ་ཡོད་ཁུ།
དངོས་གནས་མིའུ་ཕྲུག་གིས་བཤད་པ་བཞིན་དྲྭ་རྒྱའི་གླེང་སྟེགས་ནས་ཡུལ་སྐད་མང་པོ་བེད་སྤྱོད་གཏོང་བ་ལ་ངས་ཀྱང་ཡི་རངས་བྱེད་ཀྱིན་མེད། དེ་ང་ཚོ་ལ་ཉེན་ཁ་ཅུང་ཙམ་འདུག འབྲུག་པ་དང་ལ་དྭགས་ཀྱིས་ཡུལ་སྐད་ཡིག་ཐོག་ཏུ་འབྲི་སྲོལ་བཏོད་ཚར་བ་བཞིན་ཉིན་ཞིག་ཨམ་སྐད་ཀྱང་ཡིག་ཐོག་ཏུ་འབྲི་སྲོལ་ཆགས་པ་ཡིན་ན་ཕན་ཐོགས་ཡོད་རྒྱུ་མ་རེད། མ་ཤེས་ནས་ཡུལ་སྐད་ཤོར་ན་གནས་ཚུལ་གཞན་པ་རེད། གང་ཐུབ་ཐུབ་ཀྱིས་ཡིག་སྐད་གཙང་མ་འདི་སྤྱོད་ཐུབ་ན་ཡག་པོ་འདུག དེ་བཞིན་ཆོལ་ཁའི་ཞེན་ཁོགས་ཆེ་མདོག་བྱེད་པ་འདི་ཡང་བཟང་རྟགས་ཤིག་མིན་། མགོ་བདེ་བོ་ཚོས་འདི་འདྲ་ཤ་སྟག་བྱས་ནས་ལྐུག་པ་མང་པོ་རང་ཕྱོགས་སུ་འགུགས་ཐབས་ཀྱིས་རང་དོན་སྒྲུབ་ཀྱིན་ཡོད་རེད།
ཨ་རོ་་་་་་་ཡེ་ཤེས་གང་ན་ཡོད། གོང་གི་དྲི་བར་ལན་འཁྱེར་ཤོག ཡེ་ཤེས་མེད་ན་སྤོབས་པ་ཁྱོད་ཀྱིས་ལན་བྱིན་ནའང་ཆོག བླ་མ་དང་ཡི་དམ་ནང་བཞིན་ངོ་བོ་དབྱེར་མེད་རེད། དེ་ནས་ཆ་ཁ་ཆོལ་ཁའི་སྐད་ཆ་གཅིག་བུ་ག་ལ་ཡིན། ཁྱོད་ལ་ཡང་ཆོས་ལུགས་ཀྱི་ཞེན་ཁོག་རིལ་རིལ་ཞིག་ཡོད་པ་མ་ཡིན་ནམ། གནའ་ནས་ཆོས་ལུགས་ཀྱི་ཞེན་ཁོག་དེས་ད་སྐབས་རང་རེའི་གནས་སྟངས་འདི་འདྲར་ལྷུང་གིས་བཅུག་པ་རེད། ཆོལ་ཁའི་ཞེན་ཁོག་ཟེར་བ་བཙན་བྱོལ་ནང་མགོ་བདེ་ཁ་ཤས་ཀྱིས་ལྟོ་གོས་བཙལ་བའི་ཐབས་ལམ་ཡོད་ན་མེད་ན་དེ་རེད། བོད་དོན་ཐག་ཆོད་པའི་ཉིན་ནས་དེ་ཡང་ཐག་ཆོད་འགྲོ་གི་རེད། ཆོས་ལུགས་ཀྱི་ཞེན་ཁོག་དེ་ཇི་སྲིད་བོད་མིའི་རྨོངས་དད་མ་སངས་ཀྱི་བར་ཏུ་གནས་ངེས་ཡིན་པས་ཉེན་ཁ་ཆེན་པོ་རེད། བྱས་ཙང་ཆོས་དང་ཆོས་ལུགས་པའི་མི་འགྲིག་ས་རེ་ཡོད་ན་ཐུན་མོང་ལ་མ་ཡིན་པར་དམིགས་སུ་བཀར་ནས་སྡེ་ཁག་དང་མི་སྒེར་རེ་རེ་བཞིན་གདའ་འདེད་བཏང་ནས་ཆུ་མ་ཡོང་གོང་གི་རག་གི་དཔེ་བཞིན་བྱེད་དགོས་པ་གལ་ཆེན་པོ་རེད།
དཀོན་མཆོག་ལགས། ཁྱེད་ཀྱིས་ཡིད་ཆེས་རྣམ་དག་གིས་ཆོས་ལུགས་ཁས་ལེན་བཞིན་དུ་ཀླུ་སྨྱོན་སྤྲུལ་སྐུའི་མིང་གང་འདྲ་བྱས་ནས་རག་པ་ལ་དོགས་པ་ཆེན་པོ་དེ་ལྟར་འདུག དེས་ན་ངས་ཁྱོད་ལ་བཤད་ལེགས་པ་ཉོན་ཏེ་ཡིད་ལ་ཟུངས་ཤིག རིགས་ཀྱི་བདག་པོ་བཅོམ་ལྡན་འདས་འཁྲུལ་པ་ཐམས་ཅད་ཞིག་པ་དེ་ཉིད་ཡུལ་ཡུམ་བུའི་རྒྱལ་ཁབ་ཏུ་འཁོར་སྐལ་བ་དང་ལྡན་པའི་ཕྱི་ནང་གི་གདུལ་བྱ་དུ་མས་བསྐོར་བའི་དབུས་སུ་མངོན་པ་ཤེས་པ་ལྔ་ཡིས་ཏིང་ངེ་འཛིན་ལ་མཉམ་པར་གཞུགས་སོ། དེའི་ཚེ་དེའི་དུས་གང་ཟག་ག་གེ་མོ་དེ་བཅོམ་ལྡན་འདས་ཀྱིས་མཐུས་སྟན་ལས་བཞེངས་ཏེ་འདི་སྐད་ཅེས་ཞུས་སོ། བསྟན་པ་གནས་ཅིང་གདུལ་བྱ་འདུལ་བའི་ཆེད་དོལ་རྡོ་རིན་པོ་ཆེའི་ཡང་སྲིད་འཁྲུལ་པ་དང་བྲལ་བ་བསྩལ་དུ་གསོལ། ཞེས་ཞུས་པ་སོགས་ལ་བརྟེན་ནས་རག་པ་རེད དེ་མདོར་བསྟན་ཡིན། གདུལ་བྱ་རྨོངས་པའི་དབང་གིས་དོགས་པ་སེལ་མ་ཐུབ་ན་ད་དུང་རྒྱས་བཤད་ཡོད
རང་ཉིད་གཅིག་པོ་གློག་ཀླད་ཀྱི་གམ་ནས་འཇམ་ཅག་གེར་ལས་ཀ་ལ་བྲེལ་ནས་བསྡད་དུས་མཚམས་ལན་རེར་ཁ་བརྡ་ཚང་ལ་ཡོང་འདོད་ཆེ་གི
དེ་ནི་མ་གཞི་དུངས་ཞེན་ཞིག་གིས་རེད། བོད་སྐད་ཡིག་ལ་དུངས་པའི་རྐྱེན་གྱིས་རེད། ཡིན་ན་འང་ཁ་བརྡ་ཚང་ལ་ཁ་བྲལ་དུས་ང་རང་གཞི་ནས་འགྱོད་པ་ཞིག་གིས་དེད་ནས་ཡོང་གི། དེ་ནི་ཁ་བརྡའི་ནང་ཁ་འཛིང་བྱེད་རྒྱུར་དགའ་བ་དང་ལྷག་པར་དུ་མཆན་བུ་འདོགས་མཁན་རྣམ་གྱིས་རྩོམ་ཡིག་ལ་ཞིབ་དཔྱོད་མི་བྱེད་པར་ཧོལ་རྒྱུག་དང་ཧམ་བཤད་བྱེད་རྒྱུར་དགའ་བ་སོགས་རེད། ད་དུང་ཁོ་ཚོས་སྐད་ཆ་ལྗིད་ཁོག་ཅན་དང་བསམ་བློའི་བློ་འབྱེད་སྐོར་བཤད་མི་ཤེས་པའམ་ཡང་ན་བཤད་རྒྱུར་གོམས་མེད་པས་རྐྱེན་གྱིས་མཚམས་རེར་རང་ཉིད་འདིའི་ཁོར་ཡུག་ཏུ་ཡོང་བའང་འགྱོད་དགོས་པའི་ཚོར་རླབས་མང་བོ་ཡོང་གི་འདུག འདི་ནི་ངས་ངལ་གསོའི་གསོལ་ཇ་གང་གི་ཚབ་ཏུ་ཁ་བརྡ་ཚང་ལ་སོང་བའི་རྗེས་ཀྱི་དཀའ་ངལ་རེད།
མི་དང་མིའི་སེམས་ཁམས་ལ་བསམ་བློ་གཏོང་ཤེས་མཁན་ཞིག་ཡིན་ཚེ་རྗེས་ཕྱོགས་ཐུགས་འཛེམ་གནང་རོགས། ང་ལྟ་བུའི་མི་བུ་ཉམ་ཆུང་ཚོ་ལ་ཐུགས་རྗེ་གནང་རོགས། ང་ལྟ་བུའི་བོད་མི་རྗེས་ལུས་ཚོ་ལ་ཕྱིར་མིག་གནང་རོགས།
ངས་ཁྱེད་ཚོར་རེ་བ་ཞུ་བཞིན་པ་ནི་སྐད་ཆ་ལྗིད་ཁོག་ཅན་དང་བསམ་བློ་གཏོང་རན་ཡོད་པའི་སྐོར་ཤོད་ཟེར་གྱིན་ཡོད།
ད་ངེད་ཚོ་ཚང་མ་རྩོམ་རིག་དཔྱད་བརྗོད་པ་བྱེད་དགོས་རེད་པས། ཁྱོད་ཕར་རྒྱུགས། ཤི་ན་ར་རྩོམ་རིག་དཔྱད་བརྗོད་པ་ཞིག་བྱེད་གི་མིན། ལོ་ལོན་རྒན་རྒོན་དེ་ཚོ་རྩོམ་རིག་དཔྱད་བརྗོད་པ་ཡག་ཤོས་མིན་འགྲོ། ཉི་མ་བསྲོ་ཞོར་དུ། མནའ་མ་མག་པ་ཚོའི་སྐོར་ཡས་ཡས་མས་མས་ལབ་བསྡད་ཡོད་པ། དེ་ཡང་རྩོམ་རིག་དཔྱད་ཞིག་ལས་གཞན་གང་ཡང་མིན།
ད་དུས་ཀྱི་ཕོ་ཉ་ཟེར་བ་འདི་དུས་ཚོད་ཀྱི་རྫས་དུག་ཕོགས་ཏེ་འཐམས་མེ་འཐོམས་མེ་ཞིག་ཆགས་བསྡད་ཤག
དགོངས་དག་འདི་ཆབ་སྲིད་དང་འབྲེལ་བ་མེད།
གྲོགས་པོ་ལྷན་རྒྱས་ལ་ཆེད་ཞུ། ཧི་མ་ལ་ནི་win visitaནང་ལ་ལྷན་སྐྱེས་ལྟ་བུར་ཡོད་པ་ནི་ཡིག་གཟིགས་དེའི་གལ་ཆེན་རང་བཞིན་ཞིག་རེད། དེ་མ་གཏོགས་དེང་སང་ཡིག་གཟུགས་ཧི་མ་ལ་ལས་ལྡབ་འགྱུར་གྱི་མཛེས་པའི་ཡིག་གཟུགས་སྣ་ཚོགས་མཉམ་གཅིག་ཏུ་སྤྱོད་ཐུབ་པའི་མཉེན་ཆས་ཤིག་དར་བཞིན་ཡོད། མཉེན་ཆས་དེའི་ནང་དུ་ཁྱོན་ཡིག་གཟུགས་བཅུ་ཕྲག་ལྷག་ཡོད་པ་དང་། ཁྱོད་རང་ཧི་གཟུགས་ཀྱི་གཏགས་མར་གོམས་པ་ཞིག་ཡིན་ན་དེ་ལྟར་སྤྱོད་ཆོག་ལ། tcrcལ་གོམས་པ་ཞིག་ཡིན་ན་ཡང་དེ་ལྟར་སྤྱོད་ཆོག ད་དུང་སྨོནལམ་གཉིས་པ་དང་། པཎ་ཊི་ཏ། རྨ་ཆེན། ཉེ་ལམ་ཀྲུང་གོའི་བོད་རིག་པ་ཞིབ་འཇུག་ཁང་གིས་བཟོས་པའི་ཡིག་གཟུགས་སོགས་ཕལ་ཆེར་དེ་སྔ་སྤྱོད་སྒོ་ཅུང་ཆེ་བའི་ཡིག་གཟུགས་མ་ལག་ཆ་ཚང་དེའི་ནང་དུ་འདུ་བས། གྲོགས་པོ་རྣམས་ཀྱི་ཅུང་ཙམ་སྒུག་དང་མི་རིང་བར་ཁྱད་ཆོས་སྣ་ཚོགས་ཀྱིས་ཕྱུག་པའི་བོད་ཡིག་མཉེན་ཆས་ཤིག་ང་ཚོའི་བགོ་སྐལ་དུ་བྱོན་རྒྱུ་རེད།
སྐད་འདི་སུས་གོ་ན་ཕན་ཚུན་ལ་བཤད་པར་བཀའ་དྲིན་ཆེ།
ངས་ཀླུ་སྨྱོན་དང་དཀོན་མཆོག་གཉིས་གཙོ་བོར་བྱེད་པའི་གྲྭ་གྲོགས་ཁ་ཤས་ལག་ཟུང་ཐལ་མོ་སྦྱར་ཏེ་ཞུ་རྒྱུ་ཞིག་ལ། གྲོང་ཁུལ་གྱི་ཡུལ་སྐད་དེ་ཚོ་བེད་སྤྱོད་བཏང་རྒྱུ་ཉུང་རུ་གནང་རོག་མ་གཏོགས་ང་ཚོས་ངོ་མ་གོ་མི་ཐུབ་འདུག
ཐུགས་རྗེ་ཆེ། ཡུལ་སྐད་གོ་མི་ཐུབ་པའི་རིགས་ཕར་ཞོག སྤྱིར་ན་བྱས་ཙང་ཡིན་ཙང་ལྟ་བུ་གོ་ཐུབ་པའི་རིགས་ཀྱང་མ་བཀོལ་ན་ལེགས།