འཇམ་གཅེས་ནས།
སྐྱེ་བོ་རེ་ཟུང་ངམ་ཡང་ན་ཆེས་ཉུང་ཤས་ལ་ཁྱད་ཆོས་དམིགས་བསལ་ཅན་དེ་འདྲ་ཡོད་པ་ནི་མཐོང་ཆོས་སུ་གྲུབ་ལ། ཡིན་ཡང་བརྒྱ་ཆ་བརྒྱད་བཅུ་དང་དགུ་བཅུ་ཙམ་ནི། ཕྱིའི་ལུས་ངག་གིས་བྱ་སྤྱོད་དང་ཆ་ལུགས་འདྲ་མིན་སོགས་ལས་ནང་གི་བསམ་བློའི་གནས་ཚད་ཏེ། དཔེར་ན། མི་བུ་གང་ཞིག་གི་སྙིང་སྟོབས་དང་། ལ་རྒྱལ། སྤྱི་སེམས། རྣམ་དཔྱོད། ཤེས་ཡོན་སོགས་ཀྱི་མཚོན་པའི་སྐྱོན་ཡོན་གྱི་ཕྱོགས་གཉིས་ཀའི་ཆ་ནས་ལྗིབ་ཚད་དཔོག་ནུས་པ་ཡིན་ཏེ། ཆོས་གཞུང་ནས་གསུངས་པའི་དོན་གྱི་འབྲས་རྟགས་ཡང་དག་ལྟ་བུའི་སྒོ་ནས་ཕ་རོལ་པོའི་སེམས་རྒྱུད་ཤེས་ནུས་པ་གསུངས་བ་བཞིན་ཡིན་ནོ།
དེ་བཞིན་དུ་དེང་སྐབས་ལྷ་སར་འཚོགས་བཞིན་པའི་སྲིད་གྲོས་ཐེངས་བཅུ་པའི་ཚོགས་འདུ་གསུམ་པའི་ཐོག་ཏུ་ཞུགས་མཁན་གྱི་བོད་རིགས་ལས་བྱེད་པ་དག་གིས་སྐྱུག་དྲོ་བའི་བྱ་སྤྱོད་འདི་དག་མཐོང་ཡོང་དུས་ཕྱི་ནང་གི་སྐྱེ་བོ་འབུམ་ཕྲག་མང་པོར་ཞེ་ཁྲེལ་དགོས་པ་དང་། ཡིད་མུག་དགོས་པའི་གནས་ཚུལ་བྱུང་བ་ཙམ་དུ་མ་ཟད་རྒྱ་ནག་གཞུང་འབྲེལ་གྱི་གསར་ལམ་དང་། དྲྭ་ལམ། དེ་བཞིན་འཛམ་གླིང་ཡུ་གྲུལ་མང་པོའི་ནང་སྟག་གཟིག་སྲམ་གསུམ་དང་ཝ་མོ་སོགས་ཀྱི་པགས་རིགས་གྱོན་པ་དང་། གཟུ་བྱུར་སོགས་རྡོ་རིགས་ཀྱི་རྒྱན་ཆ་ཚད་ལས་བརྒལ་བ་སྤྲས་མཁན་གྱི་བོད་རིགས་མིང་འཁྱེར་བའི་མི་སྣ་འདི་དག་ལ་ཟུར་ཟ་དང་འཕྱ་སྨོད། ད་དུང་ཁྲིམས་ལུགས་ཀྱི་རྭ་བ་ལས་བརྒལ་ཡོད་པའི་ཉེས་འཛུགས་གནང་མཁན་ནི་སྔར་བྱུང་མ་མྱོང་བ་ལྟ་བུའི་གླེང་སློང་ཤུགས་ཆེར་གནང་བཞིན་པ་ནི་ཀུན་གྱིས་མཁྱེན་ཆུབ་ལྟར་རེད།
གོང་དུ་སྨོས་མ་ཐག་པའི་མི་ངན་དེ་དག་གིས་བྱ་སྤྱོད་དང་། བྱ་སྤྱོད་དེ་དག་གིས་རྐྱེན་པའི་གླེང་སློང་ངམ་སྐྱོན་བརྗོད་གནང་མཁན་ཕྱོགས་གཉིས་ཀའི་བསམ་བློའི་གནས་ཚད་དང་། མི་གཞིའི་ཀུན་སྤྱོད། མི་རིགས་ཀྱི་ལ་རྒྱལ། བསམ་པའི་དཔལ་ཡོན་སོགས་མི་འདྲ་བ་སོ་སོར་མངོན་ཐུབ་ཀྱིན་ཡོད། སྤྱིའི་ཆ་ནས་བཤད་ན་བོད་མི་རིགས་ལ་མཚོན་ན་དཀའ་སྡུག་ལ་བཟོད་བསན་ནུས་པ་དང་། མི་རིགས་ལ་ཤ་ཞེན་ཆེ་བ། དགྲ་བོའི་སྔུན་བརྒོལ་འཆོང་ནུས་པའི་སྙིང་སྟོབས། གཞན་ཕན་གྱི་བསམ་བློ་དང་། བྱམས་སྙིང་རྗེའི་བསམ་བློ་དང་ལྟ་སྤྱོད་སོགས་རང་ཆས་སུ་ལྡན་པ། མདོར་ན་ལས་ལ་བརྩོན་ཞིང་དཔའ་ངར་ལྡན་པའི་མི་རིགས་ཤིག་ཡིན་ཟེར་ན་མི་ཆོག་རྒྱུ་གང་ཡང་མེད། ཡིན་ནའང་མི་ངན་ཉུང་ཤས་ཀྱི་བྱ་སྤྱོད་ལས་མི་རིགས་ཀྱི་རིན་ཐང་ཡོངས་རྫོགས་ཆུའི་ནང་དུ་གཡུག་གིན་ཡོད་པ་ནི་ས་རིས་ཐང་གསལ་གྱི་དཔེ་མཚོན་ངོ་མ་ནི་བོད་རིགས་ལས་བྱེད་པ་བྱབ་ཆུང་ཚོས་བྱེད་ཀྱིན་ཡོད།
གལ་སྲིད་བོད་རིགས་ལས་བྱེད་པ་འདི་དག་ལ་གོང་གསལ་བཟང་ཕྱོགས་ཀྱི་ལེགས་ཆར་དེ་འདྲ་རེ་ཡོད་ཚེ། མི་རིགས་ཀྱི་གནས་སྟངས་དང་། རིག་གནས་ཀྱི་རིན་ཐང་སོགས་གལ་གནད་རང་བཞིན་ཅན་མང་པོ་ཞིག་གསལ་བཤད་དང་། བསམ་འཆར་སྟོན་ཆོག་པའི་གོ་སྐབས་ནི་མང་ཚོགས་ལ་མེད་པའི་ཐབས་ལམ་ཧ་ཅང་མང་པོ་ཡོད། ཁོང་ཚོར་དགྲ་རྐུབ་ལྡག་བྱེད་ཀྱི་ལྕེ་ལེ་མ་གཏོགས་མི་རིགས་ཀྱི་འཐུས་མི་ཡིན་པའི་ཆ་ནས་མི་རིགས་ཀྱི་བདེ་སྡུག་སྨྲ་བྱེད་ཀྱི་ལྕེ་ལེ་གྲིས་གཏུབ་ཚར་བ་ཡིན་ན་ཁག་མེད། དཔེར་ན་ཚོགས་འདུ་དེར་མཉམ་ཞུགས་གནང་མཁན་ཉི་མ་ཚེ་རིང་ཞུ་བའི་གྲྭ་བཙུན་དེས་བསམ་འཆར་སྟོན་གནང་བ་བཞིན་ཁོང་ཚོ་ལའང་ཐོབ་ཐང་གཅིག་མཚུངས་ཡོད་པ་མ་ཟད་གཅིག་བྱས་ན་དེ་ལས་ལྷག་པ་འང་ཡོད་སྲིད། ཡིན་ནའང་སོ་སོའི་བསམ་ཚུལ་ཙམ་ལས་མི་ངན་འདི་ཚོའི་གྲལ་གྱི་སྔར་ནས་ད་བར་དུ་དགྲ་རྐུབ་ལྕེ་ལྡག་བྱ་རྒྱུ་ཙམ་ལས་མི་རིགས་ཀྱི་དོན་དུ་ཁ་ནས་གསེར་སྐྱུག་མྱོང་བའི་ལོ་རྒྱུས་མེད་ལ། མ་འོངས་པ་ལའང་སྐྱུག་ཡོང་བའི་རེ་དོགས་གཉིས་ཀའི་ཆ་ནས་གང་ཡང་མེད།
མདོར་ན་ཁོང་ཚོར་མི་རིགས་ཀྱི་བདེ་སྡུག་གླེང་བའི་སྙིང་ཁམས་མེད་ན་ཡོད་དགོས་པའི་དབང་ཡོད་ཤོད་མཁན་མེད་མོད། ཁོང་ཚོས་དུད་འགྲོའི་པགས་པ་མ་གྱོན་ན་མི་ཆོག་པའི་ཁྲིམས་ལུགས་མེད་ལ་བཙན་དབང་ནི་དེ་ལས་ཀྱང་མེད། ཡིན་ཡང་ཁོང་ཚོས་བྱ་སྤྱོད་འདི་ནི་རང་ཉིད་ཀྱི་ཁ་ཕོར་ཁོ་ནའི་དོན་དུ་ཡ་ངལ་བའི་སྤྲེལ་ལད་དང་ཡིད་མུག་དགོོས་པའི་འཁྲབ་སྟོན་ཙམ་དུ་ཟད་དོ།། །།
ད་ལྟ་རྒྱ་ནག་ནང་སྤྱན་གཟན་གྱི་པགས་རིགས་ཉོ་ཚོང་དང་ཉར་ཚགས་བྱེད་པ་ནི་ཁྲིམས་འགལ་དུ་བརྩིས་ཏེ་ཁྲིམས་ཀྱི་ཆད་པ་འཕོག་གི་ཡོད་ཅིང་། ལྷ་སར་སྲིད་གྲོས་ཀྱི་ཚོགས་བཞུགས་འཐུས་མིར་བཏགས་པ་བོད་རིགས་འགའ་ཞིག་གིས་དགོས་པའི་མི་མང་གི་བདེ་སྡུག་མི་གླེང་བར་མི་དགོས་པའི་སྤྱན་གཟན་གྱི་པགས་རིགས་གྱོན་ཏེ་བརྗིད་ཉམས་ཀྱིས་རང་མདོག་བསྟན་འདུག ཁོང་ཚོ་ནི་བོད་ལྗོངས་ཀྱི་ས་ཁུལ་རེ་ཟུང་ནས་ཡོང་བ་ཞིག་ཡིན་ལ་ཁོང་ཚོ་ས་ཁུལ་གང་ནས་ཡོང་བ་ཡང་ཤེས་ཐུབ། རྒྱ་ནག་ཏུ་ཁྲིམས་འགལ་དུ་ངོས་འཛིན་བྱེད་པ་ཞིག་བོད་ལྗོངས་སུ་འཐུས་མིས་བྱས་ཀྱང་གོང་རིམ་ནས་ཁྲིམས་ཀྱི་སྟངས་འཛིན་གང་ཡང་མེད་ལ། ད་དུང་བསྐུལ་སློང་དང་རྒྱབ་སྐྱོར་བྱེད། དེ་ནི་དཔོན་ངན་ཚོའི་ཆབ་སྲིད་ཀྱི་གཡོ་ཇུས་ཞིག་ཡིན་ལ་ཆོས་ལུགས་ཐོབ་ཐང་ལ་ཁ་གཡར་ནས་བོད་རིགས་ཆིག་བསྒྲིལ་དང་མཐུན་སྒྲིལ་གཏོར་བཤིག་གཏོང་མཁན་གྱི་བོད་མི་རེ་ཟུང་ཡང་དེའི་རྒྱབ་ཡོལ་དུ་ཡོད་སྲིད།
ཤ་མ་ཟ་བླ་མས་ཟེར་ལི་རེད་།
ཤ་ཚོན་པོ་ཟ་མཁན་བླ་མ་རེད་།
རྐུ་མ་རྒྱག་དཔོན་གྱི་གསུང་ལེ་རེད་།
རྐུ་མང་པོ་དཔོན་གྱི་རྐུ་ལེ་རེད་།
་་་་་་་་་་་ དེ་བཞིན་འཛམ་གླིང་ཡུ་གྲུལ་མང་པོའི་ནང་སྟག་གཟིག་སྲམ་གསུམ་དང་ཝ་མོ་སོགས་ཀྱི་པགས་རིགས་གྱོན་པ་དང་། གཟུ་བྱུར་སོགས་རྡོ་རིགས་ཀྱི་རྒྱན་ཆ་ཚད་ལས་བརྒལ་བ་སྤྲས་མཁན་གྱི་བོད་རིགས་མིང་འཁྱེར་བའི་མི་སྣ་འདི་དག་ལ་ཟུར་ཟ་དང་འཕྱ་སྨོད། ད་དུང་ཁྲིམས་ལུགས་ཀྱི་རྭ་བ་ལས་བརྒལ་ཡོད་པའི་ཉེས་འཛུགས་གནང་མཁན་ནི་སྔར་བྱུང་མ་མྱོང་བ་ལྟ་བུའི་གླེང་སློང་ཤུགས་ཆེར་གནང་བཞིན་པ་ནི་ཀུན་གྱིས་མཁྱེན་ཆུབ་ལྟར་རེད། ་་་་་་་་་་་་་་
གོང་གི་དཔོན་དེ་ཚོའི་ནང་ན་ཁམས་པའི་ཞབས་འདྲེན་ཞུ་ནི་མང་ཚོད་གདའ།
གོང་གི་མཆན་པ་ཨ་མདོ་བ་དེ་ཡིས་ཁམས་སྐད་ཡགས་སེ་མཛོ་ཤི་གདའ།
༄༄།གནས་ཆུང་དང་ དོལརྒྱལ་། དགའ་གདོང་ སོགས་ལ་ལྷ་བབས་ས་དངོས་གནས་སྟག་གདན་ཡོད་པར་གོ་བྱུང་བའམ་མཐོང་ངམ་ངམ་ངམ་ངམ་ངམ་། འདི་ཚོ་ཡང་ཞབས་འདྲེན་ཨེ་ཡིན་ནམ། སྟག་ཤུབ་དང་གཟིགས་ཤུབ་ཡོད་དམ་དམ། ག་དུས་ཡིན་ཡང་དྲང་པོ་དགོས། དྲང་པོའོ་ལམ་ནས་སོང་བས་དྲང་སོང་ཞེས་མ་གྲགས་སམ། དྲ་གྲོགས་ཚོ་གོང་གསལ་ཞབས་འདྲེན་འདི་ཚོའི་མཉམ་དུ་ལྷ་རྟེན་སྐུ་བརབརྟེན་ཚོ་ལ་ཡང་དྲང་པོའི་མི་སྐད་ཅིག་འདོན་རན། ཧ་ཧ་ཧ་ཧི་ཧི་ཧི་
ཤར་པས་མི་སྐད་བཏོན་པར་དགའ་བསུ་ཡོད
རྩོམ་ཡིག་གི་ཁ་བྱང་དང་མཐུན་པའི་སྒོ་ནས་མི་རིགས་ཀྱི་ཀུན་སྤྱོད་དང་བསམ་བློའི་གནས་ཚད། ཡུལ་གོམས་གཤིས་ལུགས་སོགས་ལ་ཕན་པའི་བགྲོ་གླེང་རེད་ཡོད་ན་དགའ་བསུ་ཡོད། དེ་མིན་དུས་རྟག་ཏུ་དྲྭ་ལམ་ནང་གད་སྙིགས་སྤུངས་ན་དགོས་ཆུང་བ་དང་། དུས་ཚོད་ཆུད་ཟོས་རང་ལས་མ་འདས།
དགོངས་དག སྐབས་རེར་འཆན་གཉིས་རྩེགས་འགྲོ་འདུག་པས་གནད་འགག་གང་ཡིན་མ་ཤེས། དྲྭ་བདག་མཆོག་ནས་མཆན་གཅིག་བསིབ་རོགས་ཞུ།
གཅན་གཟན་བསད་ནས་པགས་པ་བཤུས། །
པགས་རིགས་གྱོན་པ་སྡིག་པའི་རྒྱུ། །
སྲོག་ཆགས་ལུས་ཀྱི་པགས་རིགས་དག །
གྱོན་ནས་ངོམས་པ་ངོ་ཚའི་གནས། །
གཅན་གཟན་པགས་པ་གྱོན་པར་བཀག་འགོག་དང་གཅན་གཟན་སྲུང་སྐྱོབ་བྱེད་དགོས་པའི་རྒྱུ་མཚན་གང་ཡིན་ལྷ་ཆོས་མི་ཆོས་གཉིས་ཀྱི་ཐོག་ནས་དཔྱོད་ན།
དང་པོར། དམ་པའི་ལྷ་ཆོས་ཀྱི་ཕྱོགས་ནས་བལྟས་ན་་དེད་དཔོན་སྙིང་རྗེ་ཅན་གྱིས་མི་བརྒྱ་ཡི་སྲོག་སྐྱོབ་ཆེད་དུ་མི་ནག་མདུང་ཐུང་བསད་པ་དེ་དམ་པའི་ལྷ་ཆོས་དང་མཐུན་པ་རེད་ཅེས་བཤད་སྲོལ་ཡོད་མོད། མི་བརྒྱ་སྲོག་སྐྱོབ་ཆེད་དུ་མི་གཅིག་བསད་ན་ཆོས་མཐུན་ཡིན་དུས་་་་སེམས་ཅན་བརྒྱ་ཡི་སྲོག་སྐྱོབ་ཆེད་དུ་གཅན་གཟན་གཅིག་བསད་ན་ཆོས་ལུགས་དང་མཐུན་དགོས་པ་གཅིག་མཚུངས་ཡིན་པའི་ཕྱིར།
སྟག་གཅིག་གིས་ཉིན་རེ་ལ་དུད་འགྲོ་རེ་བཟའ་གི་ཡོད་ན་་ཟླ་གཅིག་གི་ནང་དུ་སུམ་བཅུ་དང་ལོ་གཅིག་གི་ནང་དུ་༣༦༠ལྷག་བསད་བཟའ་བྱེད་ཀྱི་རེད། ལོ་བཅུ་ཡི་ནང་དུ་སེམས་ཅན་སྟོག་ཕྲག་མང་པོ་ལ་འཚེ་བ་བྱེད་ཀྱི་ཡིན་པ་ནི་མིག་མཐོང་ལག་ཟིན་རེད། སྟག་གཅིག་ལ་སྲུང་སྐྱོབ་བྱེད་ན་སེམས་ཅན་སྟོང་གི་སྲོག་བཅད་པ་དང་གཅིག་མཚུངས་རེད།
དེ་བཞིན་སྲམ་གཅིག་གིས་ཉིན་རེ་ལ་ཉ་ལྔ་ནས་བཅུའི་བར་དུ་བཟའ་གི་ཡོད་པ་རྩིས་ན་ལོ་གཅིག་གི་ནང་དུ་ཉ་ཁྲི་ཕྲག་གི་སྲོག་ཤོར་གི་རེད། ཉ་མོ་ཁྲི་ཕྲག་གི་སྲོག་སྐྱོབ་དགོས་ན་སྲམ་གཅིག་གསོད་དགོས། སྲམ་གཅིག་བསད་པ་དང་ཉ་མོ་ཁྲི་ཡི་སྲོག་སྐྱོབ་པ་གཉིས་གཅིག་པ་རེད། དེད་དཔོན་སྙིང་རྗེ་ཅན་གྱིས་མི་ནག་མདུན་ཐུང་བསད་པར་ཆོས་མཐུན་ཡིན་པའི་ལུགས་སུ་བྱས་ན་གཅན་གཟན་བསད་པར་ཆོས་མཐུན་ཡིན་དགོས་པའི་ཕྱིར་རོ།
གཉིས་པ། བོད་གངས་ཅན་པའི་འཇིག་རྟེན་མི་ཆོས་ཀྱི་ཕྱོགས་ནས་བལྟས་ན་གཟན་གཅན་བསད་པར་ཁྲིམས་འགལ་མིན། སྤྱང་ཀི་ཞིག་བསད་ན་བོད་ཀྱི་ཡུལ་སྲོལ་ལ་སྤྱང་ཀི་བསད་པའི་དཔའ་དར་སྤྲད་པའི་ལུགས་སྲོལ་ཡོད། མི་ཞིག་གིས་སྤྱང་ཀི་ཞིག་བསད་ན་སྤྱང་པགས་པ་ཁུར་ནས་ཁྱིམ་ཚང་རེ་རེ་བཞིན་སྒོ་རྩ་འགྲོ་གི་རེད། ཚང་མས་འབྲུ་རིགས་ཏོག་ཙམ་རེ་དཔའ་དར་སྤྲད་ཀྱི་རེད། གཅན་གཟན་སྤྱང་ཀི་ཞིག་བསད་ན་ཡུལ་གྱི་ར་ལུག་གཉིས་གཙོ་བོ་གྱུར་པའི་སྒོ་ཟོག་རྣམས་ཀྱི་སྲོག་སྐྱོབ་པ་ཡིན་པས་རྒྱུ་མཚན་གྱིས་སྦྱང་ཀི་བསད་པའི་དཔའ་དར་མ་གཏོགས་ཉེས་ཆད་གཅོད་པའི་ལུགས་སྲོལ་བོད་གངས་ཅན་པའི་ཡུལ་དུ་དར་མྱངས་མེད།།།
གསུམ་པ། རྒྱ་ནག་གི་ལོ་རྒྱུས་བྱས་ན་ཆུ་ངོགས་གཏམ་རྒྱུད་ཀྱི་དཔའ་བོ་ཝང་སང་གིས་ཅིང་ཡང་ལ་འགོར་སྟག་རྒོད་ཁུ་ཚུར་གྱིས་བསད་དུས་ས་གནས་གོང་མའི་སྲིད་གཞུང་གིས་དངུལ་སྲང་ལྔ་བརྒྱ་དཔའ་དར་སྤྲད་པའི་ལོ་རྒྱུས་ཡོད་པ་མ་གཏོགས་སྟག་བསད་པར་ཉེས་ཆད་བཅད་མེད།
ཀྲུང་ཡ་སྲིད་གཞུང་གིས་ངོས་ནས་བྱས་ན་སྔོན་མ་ལོ་རབས་བདུན་བཅུ་བརྒྱད་ཅུའི་ནང་དུ་སྤྱང་ཀི་བསད་ན་དཔའ་དར་སྤྲད་ཀྱི་ཡོད། སྤྱང་ཀིའི་རྔ་མ་ཞིག་ས་གནས་རྒྱའི་སྲིད་གཞུང་ལ་སྤྲད་ན་སྒོར་མོ་ལྔ་དང་མེ་མདའི་རྫས་སྲང་ལྔ་སྤྲད་ཀྱི་རེད། དེ་ནི་སྤྱང་ཀི་བསད་པའི་དཔའ་དར་རེད། མ་གཏོགས་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཁྲིམས་ལུགས་ནང་དུ་སྤྱང་ཀི་བསད་པར་ཁྲིམས་འགལ་མ་རེད།།
བཞི་པ། རྒྱ་གར་བས་རི་དྭགས་སྲུང་སྐྱོབ་ཚོགས་པ་ཞིག་གིས་བོད་མིའི་གཅན་གཟན་པགས་པ་གྱོན་པ་ཁྲིམས་འགལ་ཡིན་མདོག་བཤད་པ་རེད་ཅེས་གོ་ཐོས་བྱུང་། རྒྱ་གར་བའི་ཆོས་ཕྱོགས་ནས་བལྟས་ན་ལྷ་དབང་ཕྱུག་ཆེན་པོས་སྟག་པགས་གྱོན། སྟག་གདན་སྟེང་དུ་གངས་རིན་པོ་ཆེན་ལ་བཞུགས་ཡོད་པ་ཁོ་རང་ཚོས་ཁས་ལེན་པས་བོད་མི་གངས་རིན་པོ་ཆེན་གྱི་ཉེ་འཁོར་དུ་སྟག་པགས་གྱོན་ནས་བསྡད་པ་འདི་ལ་དགའ་བསུ་མ་ཞུས་ན་འང་སྐྱོན་བརྗོད་བྱེད་དགོས་པའི་རྒྱུ་མཚན་མེད།
དེ་དང་དེ་བཞིན་བོད་ཀྱི་ཤཀྱའི་ཆོས་ལུགས་པའི་སྲུང་མ་ཟེར་བའི་ལྷ་འདྲེའུ་ཁུངས་སུ་སྟག་པགས་གྱོན་མཁན་ཡོད། ས་སྟེང་འདི་ལ་སེམས་ཅན་ལ་འཚེ་བ་དངོས་སུ་བྱེད་མཁན་གྱི་བདུད་རྒན་ངོ་མ་གཅན་གཟན་རེད། གཅན་གཟན་གྱི་ལས་ཀ་གཞན་ལ་འཚེ་བ་ཁོ་ན་བྱེད་ཀྱི་རེད། གཅན་གཟན་སྲུང་སྐྱོབ་བྱས་པ་འདི་ནི་བདུད་རྒན་སྲུང་སྐྱོབ་བྱས་པ་ཡིན།
མིའི་ནང་ནས་འཇིགས་སྐུལ་དྲག་སྤྱོད་པ་ལ་སྲུང་སྐྱོབ་དང་རྒྱབ་སྐྱོར་བྱས་ན་ཉམ་ཆུང་མི་སེར་བསད་པ་དང་གཅིག་པ་རེད། དུད་འགྲོ་གཅན་གཟན་ལ་སྲུང་སྐྱོབ་དང་རྒྱབ་སྐྱོར་བྱས་པ་ནི་ཉམ་ཆུང་སེམས་ཅན་བསད་མཁན་སྡིག་རྒན་ལ་སྲུང་སྐྱོབ་དང་རྒྱབ་སྐྱོར་བྱས་པ་རེད།
གལ་སྲིད་གཅན་གཟན་སྟག་གཟིག་སེང་གེ་སོགས་འཛམ་གླིང་འདི་ལ་མིའི་གྲངས་འབོར་ལས་མང་རེར་ཕྱིན་ན་གཅན་གཟན་གྲོང་ཁྱེར་ནང་དུ་ཡོང་ནས་མི་བསད་ནས་བཟའ་གི་རེད། འཛམ་གླིང་འདི་ལ་འཚེ་བ་བྱེད་མཁན་དགོས་ན་གཅན་གཟན་དང་འཇིགས་སྐུལ་དྲག་སྤྱོད་པ་གཉིས་གསོ་སྐྱོང་བྱོས།
ལྔ་པ། སྟག་པགས་གྱོན་པའི་ལུགས་སྲོལ་འདི་ནི་བོད་ཆེན་པོའི་རྒྱལ་ཁབ་ཀྱི་རིག་གཞུང་གལ་ཆེན་ཞིག་ཡིན། དེ་ཡང་་་དམ་པ་དགེ་ཆོས་ཀྱི་དེབ་དཀར་ལས།།་་་ 《བློན་ཆེན་རྣམས་ཀྱང་ཕལ་ཆེར་རྒྱལ་པོའི་ཆས་འདྲ་བ་དང་། དམག་དཔོན་རྣམས་སྟག་ལྤགས་གྱོན་པ་སོགས་འོག་གི་རྒྱལ་རབས་ཀྱི་ཞར་ལ་གསལ། གཟིམ་འགག་ཚོས་འཁྱེར་བའི་འབོག་ལྕག་གམ། སྟག་གི་ཐོག་བུ་བྱ་བ་འདི་ཡང་ཁྲི་སྲོང་གི་དུས་སུ་དཔའ་བོ་རྣམས་ལ་སྩལ་བའི་ཆས་སུ་གྲགས།》་་་ཅེས་གསུངས་ཡོད།
དེབ་དཀར་ལས།་་་《དཔའ་བོ་རྣམས་ལ་གུས་པ་བྱེད་ཅིང་། བུས་ཕ་ལ་གུས་པ་བྱེད། མས་བུ་ལ་གུས་པ་བྱེད། ཕོ་རྣམས་གར་འགྲོ་ལ་གྲི་དང་མདའ་གཞུ་མ་བྲལ་བ་བྱེད། ལམ་དུ་འགྲོ་ཚེ་མི་གཞོན་པ་རྣམས་སྔོན་དང་། རྒན་པོ་རྣམས་རྗེས་སུ་འགྲོ། སྤྱིར་རྒན་པ་ལས་གཞོན་པ་ལ་གུས་པ་ཆེ། རང་བཞིན་གྱིས་ཤི་བ་ལ་ངན་པར་བྱེད་ཅིང་། གཡུལ་དུ་བསད་པ་ལ་བཟང་པོར་བརྩི། ཁྱིམ་གཅིག་ཏུ་མི་མང་པོ་གཡུལ་དུ་ཤི་ན། ཁྱིམ་གྱི་སྒོར་ཁྲབ་ཅིག་འཕྱང་སྟེ་ངོ་སོ་ཆེ་བར་བྱེད། དམག་བསྡུ་ཚེ་གསེར་གྱི་མདའ་ཞིག་སྔོན་དུ་རྫོངས།(དེང་སང་ཡང་དཔོན་ཁག་གཞུང་དོན་དུ་ཕྱོགས་ཐོན་སྐབས་མདའ་ཡིག་གཏོང་མུས།)དམག་ཁྲིམས་བཙན་ཞིང་གོ་མཚོན་ཤིན་ཏུ་བཟང་། དམག་མདུན་མ་ཕམ་ཚེ་རྗེས་མ་རྣམས་དགྲ་ལ་རྒྱུགས་པས་གཡུལ་ངོ་བཟློག་དཀའ་བ་ཡིན། སྡར་མ་རྣམས་ཀྱི་མགོ་ལ་ཝ་མོའི་མཇུག་མ་བཏགས་ཏེ་དམའ་འབེབས་བྱེད། 》ཅེས་གསུངས་འདུག
དཔའ་བོའི་བུ་ལ་སྟག་གི་ཐོག་བུ་དང་སྡར་མའི་བུ་ལ་ཝ་མོའི་མཇུག་མ་གཏགས་པའི་ལུགས་སྲོལ་འདི་ནི་བོད་ཆེན་པོའི་རྒྱལ་ཁབ་ཀྱི་རིག་གཞུང་རྙིང་པ་ཞིག་རེད། རིག་གཞུང་འདི་ལ་རྡོལ་རོལ་བཏང་ན་འགྲིག་དང་མི་འགྲིག་སོ་སོས་བསམ་བློ་ཐོངས། སྲུང་སྐྱོབ་དགོས་དང་མི་དགོས། བོད་མི་རིགས་ཀྱི་ངོ་བོ་མི་བརླག་པའི་ཆེད་དུ་ཕན་ཐོགས་ཡོད་མེད་དཔྱོད་དགོས་པར་བོད་མི་ཡོངས་ཀྱི་འགན་ཁུར་རེད་འདོད་དོ།།།
སྤྱང་བསད་བུ་ལ་ཉེས་ཆད་གཅོད་དུས་ཤིག
རྐུ་མའི་བུ་ལ་གོ་གནས་ཐོབ་དུས་ཤིག
ཆེན་པོ་བོད་ཀྱི་ཡུལ་དུ་དར་འདི།
ལས་དང་བསོད་ནམས་ཟད་པའི་རྟགས་སུ་མངོན།།།་་་་་་་ཁ་ཐུག་བྲིས་པས་ཆད་ལྷག་དང་ནོར་འཁྲུལ་ཡོད་ན་དགོངས་འགལ་མེད་པ་བྱོས།
གཅན་གཟན་གྱིས་མི་བསད་སྟངས་་་་ https://www.youtube.com/watch?v=7fc1qMZYMHM
ད་དུང་ཡང་བོད་ཀྱི་དགོན་པའོ་མགོན་ཁང་ནང་ལ་བལྟ་དང། འོ་ད་ཡིན་ན་སྤྱན་ཟས་ལྤགས་རིགས་མང་་ཧ་ཧ་ཧ་
འོ་ཡ་། ད་འོ་ན་། མ་བཏག་མ་སྤྱད་པ་བཞག་ན་མ་ཏོག། མགོ་བླ་མ་ནས་བཞུགས་སྔགས་པའི་བར་མཆོད་རྫས་ལ་བསམ་ན་ཨ་ཁ་ཨ་ཁ་རེད་དོ། བདག་གཞན་མཉམ་ནས་བསམ་པ་གལ་ཆེའོ།
གསེར་གྱི་མཛུབ་དཀྲིས་བཏགས་མཁན་གྱི་བོད་མི་རྣམས་ནང་སེམས་ཀྱི་ཤེས་ཡོན་མེད་མཁན་ཡིན་པའི་འབྲས་རྟགས་ཡིན་ན་་་གསེར་ཁྲིའི་་ཐོག་ཏུ་བསྡད་མཁན་ཚོ་ལ་ནང་སེམས་ཀྱི་ཡོན་ཏན་གྱི་དྲི་མ་ཙམ་ཡང་མེད་ངེས་ཡིན་པའི་འབྲས་རྟགས་ཨེ་རེད།་་་ཧཧཧཧཧ
ས་སྐྱ་པས།
གཞན་ལ་བལྟ་བའི་མིག་ཡོད་ཀྱང་།
རང་ཉིད་བལྟ་ན་མེ་ལོང་དགོས།
རང་བློ་ནང་དུ་མ་བསྡུས་ན།
རང་སྐྱོན་རང་གིས་མཐོང་བ་དཀའ་་་་ཟེར་བའི་སྡོམ་ཚིག་འདིར་སློབ་སྦྱོང་བྱོས།
ཅོ་རིའི་རིགས་པ་གོང་འོག་གཉིས་ཀྱིས་མགོ་ན་བཅུག་སོང་། གནས་སྐབས་ཁྱེད་རང་གིས་ཟེར་བར་ཁས་མི་ལེན་ཀ་མེད་རེད།
མེ་དཀར་ཁྱོད་ཀྱི་རྐུབ་ལ་གོས་ཐུང་མེད་ནའང་་དྲང་བདེན་གྱི་སྐད་ཆ་ཁས་ལེན་བྱས་ཕོད་པ་འདི་ཡང་ཡོན་ཏན་ཞིག་རེད། དྲང་བདེན་ཁས་ལེན་ཐུབ་མཁན་གྱི་མི་ལ་ཡར་རྒྱས་ཀྱི་ནུས་པ་ཡོད།
ཀུ་ཅོ་མ་རྒྱབ་ཨ། གནས་སྐབས་ཟེར་ཡོད། ཧཧཧ
སྔོན་མ་གྲོང་ཆོག་པ་ཞིག་ཁྱིམ་ཚང་ཞིག་ནང་གྲོང་ཆོག་སྐབས་ཆབ་གསང་འགྲོ་སྐབས་སྒོ་འཁྱམ་དུ་རྒད་པོ་ཞིག་ཀོ་བ་མཉེད་ནས་འདུག་པ་ལ་སྡོད་ཚུགས་མེད་པར། ཀོ་བ་མཉེད་ནས་མི་ཚེ་བསྐྱལ་དགོས་པ་འདི་འདྲ་སྙིང་རྗེ་ཟེར་བ་ལ། ཁོ་ན་རེ། རེད་རེད། ཀོ་བ་བརྡུང་ནས་མི་ཚེ་བསྐྱལ་དགོས་པ་འདི་ཡང་སྙིང་རྗེ་ཟེར་བས་གྲོང་ཆོག་པ་དེ་ཁ་གྲགས་རྒྱུ་མེད་པ་ཟོས་སོ།།
རང་གི་མགོ་སྐྱོབ་ཕྱིར་རིའི་གཅན་གཟན་ཝ་སོགས་བསད་པའི་པགས་པ་མགོ་ལ་གྱོན་པ་གཟི་རྗིད་ཅན་ཡིན་སྙམ་པ་དག་ལ་གཞུང་གི་ཆད་པ་ཕོག་ངེས་པས་ཀླད་མེད་རྣམས་གཟབ་དགོས། གཅིག་ཆ་ན། ཝ་སོགས་ཀྱི་པགས་པ་རྫུས་མའི་ཝ་ཞྭ་ཡིན་པ་ཡང་སྲིད། ཨ་རིའི་བུད་མེད་ཅིག་གིས་གཅན་གཅན་པགས་པ་ལྟ་བུ་རྫུས་མའི་པགས་གོས་ཤིག་དགུན་དུས་གྱོན། མོས་གལ་ཏེ་གཅན་གཟན་དངོས་མ་བསད་པའི་པགས་པ་ཡིན་ན། ངས་ནམ་ཡང་དེ་འདྲ་མི་གྱོན། ཞེས་ཨ་རི་མ་དེས་བཤད་སོང་། བག་མེད་དུ་གཅན་གཟན་གསད་མི་ཆོག་པ་གཅན་གཟན་ལ་ཐོབ་ཐང་དགོས་པ་ཛམྦུ་གླིང་གི་རྒྱལ་ཁབ་ཡོངས་ཀྱིས་དངོས་ལེན་བྱེད་དོ།
འཛམ་པ་བརྒྱ། དེ་རིང་ཅོ་རིས་ང་ལ་ཁ་ཐུམ་བརྒྱབ་སོང་། ཁོ་རེ། སྐྲག་མོ་འགུ ད་མཇེ་ཚ་ལེ་རེད་ད།
བྱ་སྤྱོད་ཅེས་པ་བེད་སྤྱོད་ཀྱི་ཚབ་ཏུ་བཀོལ་བ་ལ་བོད་སྐད་སྲུང་བ་ལ་བརྩོན་པ་དག་གིས་དགའ་བསུ་ཞུ་དགོས། དེ་མིན་བེད་ཅེས་པ་ལ་ཡི་གེར་བཀོད་པ་ལ་དོན་ཡོད་པ་ཞིག་མ་མཐོང་། དེ་ཡང་བྱེད་ཅེས་པ་གནའ་བོའི་ཚུལ་གྱིས་ཡ་བཏགས་མ་འཐོན་པར་བེད་ཆགས་པ་ཡིན་སྲིད།
དྲ་ནང་དུ་ཡོད་པའི་འཇམ་གཅེས་ལ་སོགས་པའི་དྲ་འབུ་འདི་ཚོ་ཡང་བོད་ནང་ལ་ཡོད་ཚེ་མགོ་ལ་ཝ་ཞ་གྱོན་པ་དང་ལུས་ལ་སེམས་ཅན་གྱི་སྤགས་པ་གྱོན་ནས་ར་ལུགས་འཚོ་བར་འགྲོ་གི་ཡོད་པ་ཐག་བཅོད་ཐུབ་
དེ་རིང་ཅོ་རི་ལ་གླགས་ཁེལ་ས་མ་རེད། ཏྲེ་ཧོར་ཁམས་པའི་ཏྲེ་རྟགས་བསྟན་བཞག་འདུག
བོད་སྟོད་སྨད་བར་གསུམ་མེད་པར། ༧གོང་ས་མཆོག་གི་བཀའ་སློབ་གཅན་གཟན་གྱི་པགས་རིགས་གོན་པར་ཐུགས་མི་ཉེ་བ་ཤེས་ཚུན་ནས། བོད་མི་དད་ལྡན་པ་མང་ཆེ་བས་མེ་ལ་བསྲེགས་ཚར་བ་རེད། གནས་ཚུལ་དེ་ཆོས་སྲིད་གང་གི་ཆ་ནས་ཀྱང་ནུས་བ་ཅན་ཞིག་དང་རྡོག་རྩ་ཅན་ཞིག་ཡིན་དུས།
དགྱ་ནག་དམར་པོ་ལ་གོ་བརྡ་ཞིག་སྤྲོད་ཐུབ་པ་བྱུང་བ་རེད། བྱས་ཙང་། དགྱ་ནག་ཚང་གིས་རྩ་ཁྲིམས་ལ་འགལ་བ་ཞིག་ཡིན་ན་ཡང་། ༧གོང་ས་མཆོག་དང་བོད་མིའི་རྡོག་རྩ་བཅག་སྤྱད་ལ། པགས་པའི་རྒྱན་གོས་གོན་དགོས་བ་དང་མ་གོན་ན་མི་ཆོག་མདོག་མདོག་བྱས་བ་རེད། ཡིན་ན་ཡང་ཁྲིམས་དང་མཐུན་པ་ཞིག་གི་གསལ་སྒྲག་ཞུ་ཐོབ་ཡོད་པ་མ་རེད། སྐབས་འདིར། དོལ་འདྲེ་བ་དང་དོལ་འདྲེ་རྒྱུགས་ཁྱི། སྔོན་ཐོན་པ་ཚོ་ལ་དགྲ་ངོ་འཚོ་བར་གོ་སྐབས་ཞིག་ཤར་བ་རེད།
དེ་ནི་གོང་ན་ཁྱི་བཞིན་འགྱིང་བཞིན་པའི་ཨ་ཕོ་དེ་ཚོ་རེད། ནང་མཐུན་པོ་ལ་བར་ཆད་བྱེད་པའི་མི་ཕལ་ཆེ་བ། ཁམས་ཕྱོགས་ཀྱི་དཔོན་རིགས་ཚོ་རེད་ཟེར།
ང་རང་གིས་བསམ་ན། ཁམས་པ་དེ་ཚོས་ཁམས་པ་ཚོ་ལ། ཁམས་པའི་བྱས་བརྗེས་གླེང་བཞིན་ཆོལ་ཁ་ཞིག་གི་ཐོབ་མིང་ལ་རྩིས་མཐོང་བྱེད་དུ་སྐུལ་མ་བྱེད་པ་དང་། མ་རབས་དང་མ་རུང་བ་ལ་གདོང་ལེན་བྱེད་དགོས་བ་འདྲ།
# 11 ཅོ་རི་ཉི་མ།་ལགས་ཀྱིས་མཆན་བཏབ་པ།: ལ་དཔྱད་པ་བྱས་པ།
བོད་ནང་༥༩འི་སྔོན་དང་། རྒྱ་ནག་དང་རྒྱ་གར་གྱི་ཡུལ་ལུང་ཆུང་ཆུང་དག་ལ་དུས་ད་ལྟ་ཡང་ཤ་གཟན་གཅན་བསད་ན། གྲོང་པའི་ར་ལུག་བྱ་མོ་སོགས་ཀྱི་སྲོག་བསྐྱབས་པ་ཙམ་མ་ཟད། མི་འགའ་ཞིག་གི་སྲོག་སྲུང་བ་ཁས་བླངས་ཐུབ་ཀྱང་།
དིང་སང་ནི། རི་ཀླུང་ཤིང་ནགས་ཀྱི་ཤ་གཤན་གཅན་གཟན་རྫོགས་ཉེ་བ་མ་ཟད། རྩ་གཟན་པ་རི་དྭགས་དང་། གླང་ཆེན་དང་། བོད་རྐྱང་ཡོན་ཆད་བག་མེད་ཀྱིས་བསད་རྫོགས་ཉེན་ཡོད་པའི་དུས་ཡིན་པས།
ཅོ་རི་ཁམས་ཕྲུག་གིས་ཡིག་ཆའི་ཁུངས་དག དུས་ད་ལྟའི་དུས་སུ་འཁྱེར་འོངས་ན། ཅོ་ཅོ་རི་ལགས་ལ། དམར་ཤོག་པས་རྒྱུག་རྡུང་ཕོག་པ་དང་། རྒྱ་གར་བའི་ཆོས་ཁྲིམས་དང་འགལ་ཞིང་། ཨ་རི་དང་ཡུ་རོབ་སོགས་ཡར་ཐོན་མང་གཙོ་བ་ཚོའི་མི་མང་གིས་ཁ་རྡུང་ཕོག་པར་ངེས་པས། འདྲ་འབུ་ཅོ་། ཅོ་རིའི་གསལ་བཟད་འདི། དིང་སང་གི་དུས་ཀྱི་མིའི་རྣ་བར་མི་འགྲོ་བའི་གཏམ་ཉིད་དུ་ཟད་དོ།། །།
དེ་རིང་གཟའ་ཉི་མའི་གུང་སེང་རྔམས་ནས། ཡི་གེར་ཆད་ལྷག་མང་དུ་ཤོར་བར་དགོངས་དག་ཞུའོ།།
མི་རིགས་ཀྱི་ལ་རྒྱལ་མི་ཤེས་པ་དང་། མདུན་སྤྱོད་ཀྱི་བསམ་བློ་མེད་པ། གནས་ལུགས་ལ་རྒྱབ་ཕྱོགས་པ། ངོ་ཚ་དང་ཁྲེལ་གཞུང་བྲལ་བ། ཡོད་ཚད་ནས་ཡོད་ཚད་ལོག་ལམ་དུ་འགྲེལ་ཅི་ནུས་བྱེད་མཁན་གྱི་མི་བུ་འདི་དག་རིགས་ནི་རང་ཉིད་ཀྱི་ཁ་ཕོའི་ཆེད་དུ་བསྟན་སྲིད་མི་རིགས་ཡང་བཙང་ནུས་པའི་བླུན་པོ་ངོ་མ་དག་ཡིན། མི་བུའི་འདིའི་རིགས་ནི་བོད་ནང་ལོག་གཅིག་པུར་མ་ཡིན་པར་བཙན་བྱོལ་བོད་མིའི་སྤྱི་ཚོགས་ནང་དུ་ཡོད་ལ། ཁ་བརྡའི་དྲྭ་ལམ་ནང་དུ་ཡང་ཡོད། ད་དུང་རྩོམ་ཡིག་འདི་ལ་མཆན་སྤེལ་མཁན་ཚོས་ནང་དུ་འང་ཡོད། མདོར་ན་མི་བུ་འདི་དག་ས་ཕྱོགས་གང་དུ་ཡོད་རུང་། ཚོགས་པ་གང་གི་ཁོངས་སུ་གཏོགས་ཀྱང་འགྲོ་བ་མིའི་གད་སྙིགས་དང་། མི་ཟས་ཟ་མཁན་གྱི་མི་བུ་དག་མ་ཞིག་ལ་ངོས་འཛིན་བྱེད་མཁན་དུས་ནམ་ཡང་དཀོན་པོ་རེད་འདོད།
ཀླུ་སྨྱོན་ལགས། ཕེབས་པར་ལེགས། བཀྲ་ཤིས་བདེ་ལེགས་ཡོད། ཨ་ཁ་སྤོབས་མཐའ་ལགས་ཀྱིས་ཅོ་རིའི་ཧྲེ་རྟགས་མཐོང་པར་ཡག་པོ་བྱུང་་་་ཧཧཧ
རྒན་ལ་དྭགས་པ་ཇུས་ལེགས། ཀརྡོ་ཁྱོད་གཉིས་ཀྱིས་གཡག་ཞ་ཡིས་རྩྭ་བཟའ་བཟའ་བྱེད་ཀྱི་ཡོད་པེ། ནུབ་ཕྱོགས་ཡུལ་དུ་གཅན་གཟན་པགས་པའི་སྟོད་གོས་གྱོན་གང་མང་མཐོང་ཡ་འདུག མི་ཚེ་རི་ལ་བསྐྱེལ་ནས་རི་དྭགས་ངོ་མི་ཤེས་པ་ག་ནས་འོང་།་་་ཧཧ
# 28 ཅོ་རི་ཉི་མ།་ལགས།
ངའི་གཡག་གི་མགོ་ལ་ར་ཅོ་གཉིས་ཀྱིས་མ་ཚད། ཡིག་ཆེན་མཐོང་བའི་མིག་ཤེལ་ཡང་གྱོན་བགྱིད་ཡོད་པས། གཡག་ཞ་ར་དང་། ང་གཉིས་མཐུན་སྟངས་རྩ་བ་མེད། ད་དུང་མི་ཚི་རི་ལ་བསྐྱལ་ནས་རིད་དྭགས་ངོ་མི་ཤེས་ཟེར་བ་དེ་ལ་ཁྱོད་ལ་ཅུང་བདེན་ཁ་སྤྲད་ཐུབ། གང་ཡིན་ཟེར་ན། ང་ནི་མཐོ་སློབ་དང་རང་གི་སྡོད་ཁང་མ་གཏོགས་གང་དུ་ཡང་འགྲོ་མི་ཤེས་པའི་རྣལ་འབྱོར་པ་ཆུང་ཆུང་ཅིག་ཡིན་པས། ཡུ་རོབ་མཛེས་མས་ཕགས་པ་་གྱོན་པ་ཡོད་པར་ངེས་ཀྱང་། ངས་ནི་དྲ་རྒྱ་སོགས་སུ་མཐོང་བ་ལས་དངོས་སུ་མཐོང་གོམས་མེད་པས། འདི་ལ་བདེན་པ་ཁྱོད་ལ། གཡག་གི་ར་རྩེ་ཙམ་འདུག ཧཧཧ། ཕྱེད་ཀུ་རེ་ཡིན་གདའ།
ཉོན་ཨ། གཅན་གཟན་པགས་པའི་གོས་མེ་ལ་བསེགས་པ་དེ་སྔོན་ཐོན་གྱི་ལས་ཀ་ཡིན་ཟེར་མཁན་དང་། ཆིག་སྒྲིལ་ཅན་གྱི་ལས་ཀ་ཡིན་ཟེར་ཚོས་ཉོན།
༡་་་བོད་ནང་གི་གཞི་ལུས་མི་དམངས་ཀྱིས་ཟ་མ་ཕོད་ནས་བསགས་བསགས་བྱས། འཐུང་མ་ཕོད་བསགས་བསགས་བྱས་ནས་བུ་ལ་སྟག་པགས་ཀྱི་གོས་སྐོར་དང་། བུ་མོ་ལ་སྲམ་པགས་ཀྱི་གོས་སྐོར་རེ་བཟོས་པ་ཕ་མ་རྒད་མགོ་ཚོས་མི་ཚེ་གཅིག་གི་རེ་འདུན་ཆེ་ཤོས་རེད།
རྒྱ་གཞུང་གི་མཉམ་ལས་འཐོར་ནས་བཟུང་བོད་མི་རྣམས་ཀྱིས་བསགས་བསགས་གྲུམ་གྲུམ་བྱས་ནས་མི་ལོ་ཉེར་ཤུ་གསུམ་བཅུའི་་རིང་དུ་བསགས་པའི་སྒོར་མོས་གཅན་གཟན་པགས་པ་ཉོས། གོང་ཚོད་ཧང་མཐོ་པོ་རེད། ཉམ་ཆུང་བོད་མི་དམངས་ཀྱིས་ལོ་མང་དཀའ་ལས་བརྒྱབས་ནས་བསགས་པའི་དཔལ་འབྱོར་མེར་བསྲེགས་བྱས། ཁེ་ཕན་ག་རེ་བྱུང་ངམ། བོད་དོན་ག་རེ་འགྲུབ་ཡོད་དམ།
མི་གསོན་པོ་མེར་སྲེག་བྱས་ནའང་བོད་དོན་འགྲུབ་འོང་ཡ་མི་འདུག་ག ད་སྲེག་ཡ་ག་རེ་ལྷག་སོང་ངམ། རྟ་ཟོག་སེམས་ཅན་དང་ལུང་པ་ཁོ་རང་མེར་སྲེག་བྱེད་ན་ཁྱོད་ཚོ་དགའ་པོ་ཡོང་བ་འདུག་གམ། བོད་ཡོངས་རྫོགས་མེར་སྲེག་གཏང་དགོས་པ་ཨེ་རེད། གཅིག་རེད།
ཁྱོད་ཚོས་བོད་མི་གུན་ཁྲན་ཏང་ཡ་དེ་དག་ལ་མི་ངན་ཟེར་ནས་འབོད་བཞིན་འདུག་མོད། ལུགས་མཐུན་མ་རེད་ད། ང་ཚོས་སྔོན་ནས་བཤད་མྱངས་ཡོད། བོད་མི་གུན་ཁྲན་ཏང་ཡ་རྣམས་དང་རྡོག་རྩ་ཆིག་སྒྲིལ་བྱེད་དགོས་ཆེས་བཤད་མྱངས་ཡོད་ལ་ལག་ལེན་ཡང་དེ་ག་རང་སྟར་དགོས།
བོད་ནང་དུ་ཤེས་ཡོན་ཅན་ཟེར་ནའང་འདྲ། དཔལ་འབྱོར་ཅན་ཟེར་ནའང་ཆོག གོ་གནས་ཅན་ཟེར་ནའང་རེད། དབང་ཡོད་མཁན་ཟེར་ནའང་འདྲ། ཁོ་ཚོ་ལས་ལྷག་གིས་འཇོན་སྟངས་ཡོད་མཁན་ཞིག་སུ་ཡོད་དམ། སུ་ཡང་མེད། ཁོ་ཚོའི་མཉམ་དུ་རྡོག་རྩ་ཆིག་སྒྲིལ་བྱེད་དགོས་པ་བོད་མི་རིགས་ཀྱི་རྩ་བའི་རྩ་དོན་ཡིན་པས་་་ཁྱོད་ཚོས་མི་ངན་དང་ཁྱི་རྒན་ཟེར་ནས་དམོད་འབོད་བྱས་ན་ལུགས་མཐུན་མིན།
དྲང་བདེན་གནས་ལུགས་གཉིས་ཀྱི་སོ་ཁ་ནས།
རྨོངས་དད་དབྱུག་པ་ཅན་ཚོས་དབྱུག་པ་ཕྱོར།
ཚུལ་གསུམ་རྟོག་གེ་གཉིས་ཀྱི་ཁ་གཏོད་དུ།
རྨོངས་དད་ཁུ་ཚུར་ཅན་ཚོས་ཁུ་ཚུར་ཕྱོར།།
དྲང་གཏམ་རྣ་ལ་སུན་པའི་མགོ་སྟོང་ཚོས།
ཡ་རབས་བཟང་སྤྱོད་དོར་ནས་ཁྱི་འབོད་བྱོས།
ཉམ་ཆུང་གཉའ་ནས་གནོན་མཁན་གཡོ་ཅན་ཚོས།
དད་ལྡན་ཉམ་ཆུང་བོད་མིར་རྡོག་བརྫིས་ཐོངས།།
ཅོ་རི་རྗེས་ལུས་རྗེས་ནག་ཁྱོད། །
རྒྱུ་མཚན་མེད་པར་ཁ་མ་གདངས། །
ཨོ་རེད་་་སྐད་ཆ་ཞིག་ལྷག་ཤག ཨ་ཕ་མའོ་མ་ཤིང་གོང་། རིག་གནས་གསར་བརྗེ་དུས་སྐབས་སུ་་་་བོད་མི་ཚོ་ལ་སྟག་པགས་གཟིག་པགས་གྱོན་ཆོག་པའི་དབང་ཆ་མེད། སྐབས་དེ་དུས་ཁྲིམས་འགལ་རེད། སྟགས་པགས་སྲམ་པགས་སྦས་ནས་བཞག་དགོས། བོད་ཀྱི་རིག་གཞུང་རྩ་མེད་བཏང་པའི་དུས་ཚོད་རེད། ཡིན་ཀྱང་བོད་མི་རྣམས་ཀྱི་རང་གི་རིག་གནས་དང་རང་གི་ཆས་གོས་བློས་བཏང་བྱས་མེད། སྦས་གང་ཐུབ་བྱས་ནས་སྐྱོབས་ཡོད།
བཙན་བྱོལ་ནང་གི་མདུན་སྐྱོད་ཅན་དང་རིག་གནས་གསར་བརྗེ་བ་ཚོས་བོད་མི་རིགས་ཀྱི་ཆས་གོས་རྩ་མེད་པ་གཏོང་བ་ལ་ནུས་པ་ཆེན་པོ་ཐོན་སོང་ཞུ་རྒྱུ་ཡིན། ལུས་ནས་གོས་ཕྲོགས། སྐེ་ནས་རྒྱན་ཆ་ཕྲོགས། བོད་མི་རིགས་རས་གོས་རས་ལྷམ་གྱོན་མཁན་ཞིག་བཟོ་འོང་དུས་་་སེམས་ནང་དུ་འཇིགས་སྣང་སྐྱེས་ཡོང་གི་འདུག
མཁས་པ་སྤྱང་གྲུང་འཛོམས་པ་ཅོ་རི་ཉི་མ་ལེགས། ཇུས་ལེགས། མ་ཡིན། འཇུ་ལེགས་ཡིན། འཇུ་ཞེས་པའི་སྒྲ་འདི་སྔོན་གྱི་དབུས་གཙང་པའི་མི་ལ་དྭགས་ས་སྐམ་གྲོང་ཡུལ་མ་ཆགས་པའི་སར་གྲོང་ཡུལ་ཆགས་པ་ན་འཇུ། ཞེས་པ་འདི་ཡང་ལ་དྭགས་ལ་གཞིས་ཆགས་འདུག དབུས་འཕེན་པོ་སོགས་ན་ད་ལྟ་ཡོད་མེད་འཚོལ་དགོས་པ་ཡིན་འདུག
རྒན་ལ་དྭགས་པ་ལགས། ཁམས་བཟང་། ལ་དྭགས་པས་འཇུ་ཟེར་བ་འདི་གཅིག་བྱས་ནས་འཇོ་ཞེས་པའི་སྒྲ་འགྱུར་བ་མིན་འགྲོ ལོ་སར་སྐབས་ལ་དྭགས་པ་ཚོས་འོ་མ་འཇུ་ཟེར་སྲོལ་འདུག དེ་འོ་མ་འཇོ་བའི་དོན་ཡིན་སྲིད། ལོ་གསར་བའི་ནང་ཕྱུགས་རིགས་འཕེལ་ཞིང་དཀར་ཆུ་ལེགས་པའི་ཁ་གཡང་བརྗོད་པ་འདྲ་མིན་ནམ་སྙམ་པའི་དོགས་པ་བྱུང་།
ཨ་ར་དཀར་པོ་ལེགས། ང་ཁམས་བཟང་ཡིན། ཉིད་རང་ཡང་སྐུ་ཁམས་བཟང་པོ་ཡིན་ངེས།
འཕེན་པོའི་ཡུལ་དུ་ཕྲུ་གུ་ཀུན་གྱད་འགྲན་དུས་་ཕམ་པ་དེས་རྒྱལ་བ་ལ། ཇོ་བོ་འཇུ་ཁྱེད་ལ་སྐྱབས་སོ། ཟེར་བ་ཡོད་འདུག རྒྱལ་བ་དེ་ཡིས་ཕམ་པ་ལྷོད་དེ། ཕར་རྒྱང་རིང་ཙམ་སླེབས་པ་ན། ཕམ་པ་དེ་རྒྱལ་བ་པོ་དེ་ལ་ཚིག་རྩུབ་སྨྲ་་བཞིན་འགྲོ་བ་ལྟ་བུ། རང་རེ་ལ་སྡུག་བསྔལ་འབྱུང་བའི་སྐབས་སུ་ཆོས་དྲན་པ་དང་། སྡུག་བསྔལ་མེད་པའི་སྐབས་སུ་ཆོས་བྱེད་པ་མེད་པའི་དཔེ་ལ་གོང་གི་ཚིག་དེ་པོ་ཏོ་པས་དཔེ་ཆོས་རིན་ཆེན་སྤུངས་པར་གསུངས་ས། དཔེ་ཆ་རག་པ་ལ་སོགས་འབྱུང་ན། དེར་གཟིགས་གྲོགས། འཇུ་འཇུ།
གོ་ལའི་གཅན་གཟན་གསར་འགྱུར། དྲ་གྲོགས་ཆོས་གྲོགས། ཅོ་རི་ལགསུ།
https://www.facebook.com/223098991682/photos/a.312833321682.149760.223098991682/10153061805211683/?type=1&theater
ཅོ་རི་ལགས།
ཛམྦུ་གླིང་གི་གཅན་གཟན་བརྒྱ་ཆ་ལྔ་བཅུ་གསོད་མཁན་གྱི་གྲལ་དུ་སྡོད་འདོད་ཡོད་དམ་། ལགས། ཅོ་རི་ལགས།
འདིར་ལན་ཅིག་གཟིགས་དང་།
https://www.facebook.com/video.php?v=10152799455766743&set=vb.43363636742&type=2&theater
ཀརྡོ་ལགས་འཛམ་གླིང་རྒྱལ་སྤྱི་ནས་གཅན་གཟན་གྱི་པག་རིགས་བཀག་སྡོམ་བྱེད་དགོས་དོན་ནི་གཅན་གཟན་དེ་རིགས་རྩ་སྟོང་ལ་འགྲོ་ཉན་ཆེ་བའི་རྒྱུ་མཚན་ལས་དེ་མིན་སྙིང་རྗེའི་དབང་གིས་མ་རེད། དེ་མིན་ཁྱེད་རང་གིས་ཀོ་ལྷམ་དང་ཀོ་བའི་ལྟོ་ཕད་བེད་སྤྱོད་བྱེད་ཀྱི་མེད་དམ་ཁྱེད་རང་གིས་ཤ་ཟ་གི་མེད་དམ་་་་་མིས་ལད་མོ་ཁྱི་ཡིས་ཁྱི་ཡི་རྔ་མ་མེས་འཚིག ཅེས་པ་འདྲ་བོ་ཆགས་ཡོང།
(འཕན་ཡུལ)ཡིན་པ་འདྲ་
ཁ་སང་རྒྱ་གར་གྱི་གསར་ཤོག་ཐོག་རྒྱ་གར་ལ་སྟག་མང་དྲགས་འདུག་རྒྱལ་ཁབ་གཞན་ལ་ཞལ་འདེབས་འབུལ་གྱི་ཡིན་དེ་མིན་མི་ཡི་ཚེ་སྲོག་ལ་ཉེན་ཁ་ཆེན་པོ་འདུག་ཟེར་་་་
ཧ་ཧ་མི་རིགས་ཀྱི་ལ་རྒྱ་ མདུན་བསྐྱོད་ཀྱི་བསམ་བློ་ གནས་ལུག་ལ་རྒྱབ་ཕྱོགས་པ་ ངོ་ཚ་ཁྲིལ་གཞུངས་མེད་པ་ དེ་སུ་རེད་དམ་གཏམ་ཨ་ཕས་བཤད་རྒྱུ་ཨ་མས་ཁྱི་བདག་པོས་བཀག་རྒྱུ་མགྲོན་པོས་ཟེར་བའི་དཔེ་ལྟར་རེད་གུས་ནི་དངོས་གཙོ་སྨྲ་བ་བ་པོ་ལས་སེམས་གཙོ་སྨྲ་བ་ཞིག་མིན་དྲང་བདེན་གི་མདུན་བསྐྱོད་བྱེད་མཁན་ཞིག་ཀྱང་ཡིན་པས་་་་་་་་་་ཡང་
# 40 ཁྱུང་སེ།་ལགས་ཀྱིས་མཆན་བཏབ་པ།:
January 25th, 2015 at 10:26 PM
ཀརྡོ་ལགས་འཛམ་གླིང་རྒྱལ་སྤྱི་ནས་གཅན་གཟན་གྱི་པག་རིགས་བཀག་སྡོམ་བྱེད་དགོས་དོན་ནི་གཅན་གཟན་དེ་རིགས་རྩ་སྟོང་ལ་འགྲོ་ཉན་ཆེ་བའི་རྒྱུ་མཚན་ལས་དེ་མིན་སྙིང་རྗེའི་དབང་གིས་མ་རེད། ་་་་་་་་་་་་་
གལ་སྲིད་བོད་རིགས་ས་ཡ་དྲུག་གི་ཕྱེད་ཀ་རྒྱ་མིས་བསད་ཚར་ན་ཡང་། བོད་རིགས་རྩ་གཏོང་ཆེད་དུ་བཀག་སྡོམ་བྱས་པ་ལས། སྙིང་རྗེས་དབང་གིས་མ་རེད། ཅེས་ལབ་འདོད་དམ། ལགས། ཁྱུང་ལགས།
མི་དང་གཅན་གཟན་གཉིས་ཀྱི་བར་ལ། གཉིས་ཀ་ལ་སྲོག་ཡོད་པ་གཅིག་མཚུངས། གཉིས་ཀས་སྲོག་གཅེས་པ་གཅིག་མཚུངས། སྲོག་ཆད་དུས་སྡུག་བསྔལ་མྱོང་བ་གཅིག་པ་རེད་དོ།། །།པགས་ཆགས་ཀྱི་བོད་རིགས་ཚོ།། །།ཅོ་ཁྱུང་གཉིས་ཀྱིས་ཀྱང་་་་་་་་་་
རྒན་ལ་དྭགས་པ་མཆོག
མཁས་མིང་འཛིན་ཆེད་ཅོ་རི་སྐྱེས་པ་མིན།
སྙན་གྲགས་རྒྱས་ཆེད་ཅོ་རི་ལངས་བ་མིན།
བཙན་པོའི་ཕ་ས་དགྲ་ལ་ཤོར་བ་འདི།
ཅོ་རིའི་སེམས་སུ་བཟོད་ཐབས་མི་འདུག་པས།
ཅོ་རི་གྱེན་དུ་མི་ལང་ཀ་མེད་རེད།།།
དཔལ་འབྱོར་ཆེད་དུ་ཅོ་རིས་བརྩམས་པ་མིན།
གོ་གནས་ཆེད་དུ་ཅོ་རིས་བྲིས་པ་མིན།
བཙན་པོའི་མི་རིགས་གྲལ་མཐའ་ལྷུངས་བ་འདི།
ཅོ་རིའི་སེམས་སུ་བཟོད་ཐབས་མི་འདུག་པས།
སྨྱུག་གུས་དྲག་རྩལ་མི་ངོམས་ཀ་མེད་རེད།།།
ཐར་པ་འཐོབ་ཆེད་ལྷ་ཆོས་འཆད་པ་མིན།
དམྱལ་བར་སྐྲག་ནས་ཁ་འདོན་བྱས་པ་མིན།
ཉམ་ཐག་བོད་མི་ཤིག་གིས་མནར་བ་འདི།
ཅོ་རིའི་སེམས་སུ་བཟོད་ཐབས་མི་འདུག་པས།
ཀི་ཤར་ལན་གསུམ་མི་བརྒྱབ་ཀ་མེད་རེད།།།
བླ་མ་དགའ་ཆེད་བསྟོད་གླུ་ལེན་པ་མིན།
མཛེས་མ་འགུགས་ཆེད་ཆགས་གླུ་ལེན་པ་མིན།
ཉམ་ཆུང་མགོ་ལ་ཉེས་ཞྭ་གོན་སྟངས་འདི།
ཅོ་རིའི་སེམས་སུ་བཟོད་ཐབས་མི་འདུག་པས།
དྲུག་འགྱུར་ཐེངས་རེ་མི་ལེན་ཀ་མེད་རེད།།།
སྟག་མོ་གཞན་དུ་འཛུམ་དྲུག་ངོམས་པ་མིན།
གླང་རྒོད་བཞིན་དུ་གཤོག་རྩལ་ངོམས་པ་མིན།
ཉམ་ཆུང་ཕྱོགས་ལ་བརྙས་བཅོས་བྱེད་སྟངས་འདི།
ཅོ་རིའི་སེམས་སུ་བཟོད་ཐབས་མི་འདུག་པས།
ཕོ་གཏམ་ཚིག་གསུམ་མི་བཤད་ཀ་མེད་རེད།།།
དགེ་རྒན་དགའ་ཆེད་རྩོམ་ཡིག་བྲིས་པ་མིན།
ཕ་མ་དགའ་ཆེད་འཕྲིན་ཡིག་བྲིས་པ་མིན།
གསལ་བྱེད་སུམ་ཅུའི་ལས་དབང་སྐྱོ་པོ་འདི།
ཅོ་རིའི་སེམས་སུ་བཟོད་ཐབས་མི་འདུག་པས།
ལོ་ཟླ་མཐུད་ནས་མི་འབྲི་ཀ་མེད་རེད།།།
ཅོ་རིའི་རྩོམ་རྩལ་རྒོད་པོའི་གཤོག་འགྱུར་འདྲ།
ཅོ་རིའི་སེམས་གཏམ་ནམ་མཁའི་ཕ་མཐའ་འདྲ།
ཅོ་རིའི་སྤོབས་པ་བས་མཐའི་གད་རྒྱངས་འདྲ།
གླག་རྒོད་ཉིན་ཞག་བརྟོལ་བའི་ཞབས་རྗེས་འདྲ།
ཅོ་རི་ལགས་ཀྱིས་སྤེལ་བའི་གོང་གསལ་མཆན་བུ་༡༡ པ་དེར། ལེགས་སོ་ཞེས་མཐེ་བོང་གཉིས་མཉམ་ཀེར་བྱས་པ་ཡིན། རྒྱུ་མཚན་དང་འབྲེལ་བའི་དཔྱོད་ཤེས་དེ་འདྲར་བསམ་བློ་གཏོང་རྒྱུ་མང་ཙམ་འདུག