ཨེ་མ་ཧོ།
ན་མོ་གུ་རུ་བུདྡྷ་ཛྙྰ་ན་ཡེ།
ཆོས་རིག་ནོར་བུ་མཛོད་དུ་གཏམས་པའི་དཔལ།།
ལེགས་བཤད་བདུད་རྩིའི་བཅུད་ལ་རོལ་བའི་གྲོགས།།
གངས་ཅན་ཕ་མེས་བརྒྱུད་པའི་ཆོས་མཆེད་རྣམས།།
དགྱེས་པ་རྡོ་རྗེའི་མགུར་གླུས་ཚིམས་པར་མཛོད།།
མཐོན་པོ་དགྱེས་པའི་རྫོགས་ཆེན་ལྟ་མགུར་དང་།།
ཞིག་པོ་དགྱེས་པའི་རྣལ་འབྱོར་དོ་ཧ་རིགས།།
ཐེག་ཆེན་དགའ་བའི་དབུ་མའི་ལྟ་དབྱངས་བཅས།།
བསྟན་འཛིན་དམ་པའི་ཐུགས་དམ་བསྐང་ཕྱིར་འབུལ།།
མཚན་ལྡན་བླ་མ་འདས་པའི་གདུང་མཆོད་དང་།།
དཔལ་ལྡན་ཆོས་སྲིད་འཕོ་འགྱུར་དགའ་སྡུག་གཏམ།།
གངས་ཅན་ལས་དབང་གཅིག་པའི་བོད་ལ་སྤྲིངས།།
ཕན་བདེའི་ལེགས་ཚོགས་ཤེས་པའི་བློ་གསལ་ལགས།།
དགེ་བཅུ་ཡ་རབས་དམ་པའི་སྲོལ་བཟང་དང་།།
ཉན་ཐོས་རང་རྒྱལ་ལྟ་སྒོམ་སྤྲོད་འབྲས་བཅས།།
རང་བློ་གང་ཤར་བྲིས་པའི་ལེགས་ཆ་ཀུན།།
ཀུན་བཟང་རྒྱལ་ཀུན་དགྱེས་པའི་མཆོད་སྤྲིན་འབུལ།།
གངས་ཅན་བོད་ཀྱི་སྐད་ཡིག་དར་ཕྱིར་གཅིག།
རིགས་མཐུན་གྲོགས་ལ་ཕན་བདེ་ཐབས་ཤེས་གཉིས།།
གངས་ཅན་གསང་གསུམ་ཡུན་རིང་འཚོ་ཕྱིར་གསུམ།།
སྙིང་གི་དམ་བཅའ་རི་མོའི་གཟུགས་སུ་བཀོད།།
ཆུང་ནས་ཆོས་ལ་གོམས་པའི་བག་ཆགས་དང་།།
ཆེ་ནས་གཞུང་ལུགས་བཀློག་པའི་ཐོས་བསམ་དང་།།
ནམ་རྒྱུན་ཏིང་འཛིན་རོ་ལ་ཆགས་པའི་ཕྱིར།།
འཇིག་རྟེན་དྲེགས་པའི་སེམས་དང་འགལ་བ་བཤགས།།
བསྟོད་ཀྱང་མཆོག་གི་ཡོན་ཏན་ངོམས་པ་ལགས།།
སྨད་ཀྱང་ཉིད་ཀྱི་མཐོང་སྣང་གསལ་བཤད་ཙམ།།
བསྟོད་སྨད་གང་བྱས་སེམས་ཅན་མོས་པ་ལགས།།
བདག་ལ་ཕན་གནོད་མེད་པ་དགོངས་པར་མཛོད།།
ལྷག་བསམ་དག་པས་གཞན་ཕན་བློ་བསྐྱེད་ཕྱིར།།
རང་སྣང་གང་ཤར་རང་གཞན་ཀུན་ལ་གདམས།།
དྲན་ཤེས་བག་ཡོད་གཞི་རྩ་རབ་བརྟན་ནས།།
ཐེག་ཀུན་སྡེ་སྣོད་འཛིན་པའི་རྒྱུ་གྱུར་ཅིག།
གཟུར་གནས་དབང་པོ་རབ་གསལ་སྐྱེ་མཆེད་རྒྱས།།
བློ་ལྡན་ཁམས་བཟང་བདེ་བའི་རྟེན་འབྲེལ་འགྲིགས།།
དོན་གཉེར་དད་གུས་མོས་པའི་སྤྲོ་དགའ་བརྟས།།
གང་དགར་དཔལ་ཡོད་ཐོབ་པའི་རྒྱན་དུ་བསྔོ།།
ཞེས་པ་འདི་ཡང་རབ་རྒྱན་ཤིང་རྟའི་རྒྱལ་ཟླའི་ཡར་ཕྱོགས་རྒྱལ་བ་དང་པོར་དྲ་གྲོགས་འགས་བདག་ལ་བསྟོད་སྨད་བྱས་པ་ལ་བརྟེན་དབྱིན་ཡུལ་ཀུན་བཟང་ཆོས་གླིང་ནས་གང་དྲན་དུ་རིག་འཛིན་ཨེ་མ་ཧོས་བྲིས་པར་དགེའོ།། །།
ན་མོ་མེད་ན་སྙན་ངག་མེད།
ཨེ་མ་ཧོ་ཡི་ཕྱག་རྒྱ་རེད།
རྨི་ལམ་དབང་ཕྱུག་ལ་བསྟོད་པ་རང་བཞིན་གཉུག་མའི་ཡེ་ཤེས།།
ན་མོ་མཉྫུ་ཤྲཱི་ཡེ།།
སྐུ་གསུམ་ལྷུན་གྲུབ་དཔལ་དགྱེས་རྡོ་རྗེ་འཆང༌།།
གསང་གསུམ་སྒྱུ་འཕྲུལ་དྲྭ་བའི་ཟློས་གར་གྱིས།།
ཁམས་གསུམ་འདྲེན་པའི་མཁན་ཆེན་བླ་མ་ཡིས།།
དུས་གསུམ་ལུང་བསྟན་མཛད་ལ་བསྟོད་པར་བགྱི།།
རྒྱལ་བའི་དགོངས་པ་མ་ལུས་ཇི་བཞིན་གཟིགས།།
གསུང་རབ་གདམས་པ་མ་ལུས་འགྲོ་ལ་བསྟན།།
བྱམས་དང་སྙིང་རྗེའི་བདག་ཉིད་ཨེ་མ་ཧོ།།
སྐུ་ཚེ་བརྟན་ཅིང་བཞེད་དོན་ལྷུན་གྲུབ་ཤོག།
གངས་ཅན་སྐྱིད་པའི་ཉི་མ་ཁྱོད་ཀྱིས་བསུས།།
བསིལ་ལྗོངས་དུང་གི་ཟླ་བ་བཙོན་ལས་གྲོལ།།
ཕྲིན་ལས་མཐའ་ཡས་རྡོ་རྗེའི་སྐར་ཚོགས་བཀྲ།།
གངས་ལྗོངས་འོད་གསལ་སྙིང་པོའི་རྟག་ཁྱབ་ཤོག།
པདྨས་སོ།། །།
གང་ལ་ཨེ་མ་ཧོ་ཡི་རྩོམ་མངའ་བར།
དེའི་ལུས་ཀྱི་གྲིབ་མ་བཞིན་དུ་པདྨའི་མཆན།
རང་ལ་རང་གིས་བསྐྱག་པའི་བསྟོད་པ་མང།
ཁ་བརྡའི་ནང་གི་པདྨའི་རྡོ་རྗེ་འཆང་།
་་་་་
སྐུ་གསུམ་ལྷུན་གྲུབ་དཔལ་དགྱེས་རྡོ་རྗེ་འཆང༌།།
་་་་་་་་་་་་་་
ད་ངོ་མ་ནང་པའི་རྗེས་འཇུག་པ་སྙིང་རྗེའི་བདག་པོ་སེམས་རྒྱུད་ཞི་བ་ཡིན་ཟེར་ནས་ང་ཚོས་ས་བསྒྲགས་གནམ་བསྒྲགས་བྱས་ནས་བསྡད་ཡོད་དུས་པདྨའི་མིང་ཅན་འདི་ལྟ་བུ་ཚིག་སྣ་ཁ་ཙམ་ཅིག་ཀྱང་འགྲོ་ས་མེད་པའི་རྟགས་སྟོན་ཡོང་དུས་ངོ་མ་ང་ངོ་ཚ་ཡོང་གི།
ཁྱོད་ཀྱིས་བོད་ཀྱི་བླ་ཆེན་ནང་ནས་ཆེས་གོ་གནས་མཐོ་ཤོས་ཡིན་པ་རྒྱལ་བ་ཀརྨ་པའི་ཡང་སྲིད་གཉིས་དབར་ལ་ཁྲག་དཀྲུགས་བྱེད་པ་འདི་མཚམའ་འཇོག་དགོས། ཁྱོད་ཀྱིས་སྐབས་རེར་དོལ་ཚོགགས་ཀྱིས་རྒྱལ་བ་རིན་པོ་ཆེར་ངོ་རྒོལ་བྱེད་ཀྱི་བསྟན་བཤིག་རེད་ཟེར་ནས་སྨད་མོད། དོན་དུ་ཁྱོད་ཀྱིས་ཀྱང་སྨད་པ་མ་ཡིན་ནམ། དྷ་སའི་རྒྱུ་སྟོད་གྲྭ་ཚང་སར་བཞུགས་པའི་ཀརྨ་མ་པ་མཆོག་གོང་ས་མཆོག་ནས་ངོས་འཛིན་དང་རྒྱབ་གཉེར་གནང་བ་ཞིག་མ་ཡིན་ནམ་་་རྒྱབ་གཉེར་དང་ངོས་འཛིན་གནང་བ་དེ་འཁྲུལ་པ་ཡིན་ནམ། འཕྲག་དོག་མིག་སེར་རང་མིག་རང་གིས་མ་མཐོང་བ་ཡིན་ནམ། ཧཧཧཧཧ
ཧཧཧ་ཚིག་ལ་ཚིག་ལན་མེད་དུས་དོལ་ཕྲུག
གཏམ་ལ་ཁུངས་ལུང་མེད་དུས་ལོག་སྤྱོད།
གཏན་ཚིག་ཁུངས་ལུང་མེད་པའི་འཆོལ་གཏམ།
གདོན་དོན་གང་ཡིན་བྱད་མ་རང་ཕོབས་རྟགས།