ཕུན་ཚོགས་དབང་རྒྱལ་ལགས་ལ་བཅར་འདྲི། Posted on 2015-01-252015-01-25 By ཁ་བརྡ་ 12 Comments on ཕུན་ཚོགས་དབང་རྒྱལ་ལགས་ལ་བཅར་འདྲི། བཅར་འདྲི།
བོད་ནང་སྐུ་ཚབ་གཉིས་པའི་ལན་འགན་གསུམ་ནི། ༡ ༸རྒྱལ་བ་རིན་པོ་ཆེའི་འཚམས་འདྲི་ཡོད་སྐོར། ༢ བོད་པའི་འཚོ་བའི་གནས་སྟངས་འཚོལ་རྒྱུ། ༣ ཕྱིར་ལོག་མཚམས་ལས་འགུལ་གསར་པ་ཤེས་རྟོགས་ཆེད།
དེ་དུས་བོད་ནང་རོགས་རམ་བྱེད་དུས་ཆ་རྐྱེན་གསུམ་དགོས་པ། ༡ ས་གནས་མི་མང་ནས་འདོད་འབོད་འགུལ་ཡོད། ༢ ཁྲིམས་གཞི་ལྟར་རྒྱ་གཞུང་གིས་བཀའ་ཁྲོལ་ཡོད་པ། ༣ འགོ་མཐའ་བར་གསུམ་ལ་ཞིབ་འཇུག་བྱེད་ཆོག་ས་ཡོད་པ་ཅིག
ཐེབས་རྩའམ། དགེ་རྩའི་དམིགས་ཡུལ་བཞི་ནི། ༡ བཙན་བྱོལ་བོད་༼རྒྱ་བལ་འབྲུག་གསུམ་༽རིགས་ལ་རོགས་རམ། ༢ སོག་ཡུལ་ལ་ནང་ཆོས་སླར་གསོ། ༣ བོད་ནང་བོད་རིགས་༼ཆོལ་ཁ་གསུམ་༽ཚོར་རོགས་རམ། ༤ ཆོས་དང་རིག་གཞུང་༼ཕྱི་རྒྱལ་ནང་ལ་༽དར་སྤེལ།
ཞེ་དྲག་ཡག་པོ་འདུག བཅར་འདྲི་གོ་སྒྲིག་གནང་མཁན་དང་བཅས་པ་འབྲེལ་ཡོད་ཚང་མར་བཀྲིན་ཆེ་ཞུའོ། ང་ཚོ་གཞོན་སྐྱེས་ཚོས་ངེས་པར་དུ་ཕུན་ཚོགས་དབང་རྒྱལ་ལགས་སོགས་རང་རེའི་མི་རབས་རྒན་པ་ཚོའི་རླབས་ཆེན་གྱི་མཛད་བཟང་མཐའ་དག་ལ་ཡིད་རངས་ཙམ་མ་ཡིན་པར། མིག་དཔེ་ཡར་བལྟ་བྱས་ནས་སོ་སོའི་ངོས་ནས་ཀྱང་རང་ནུས་ཅི་ཐུབ་ཀྱིས་རང་མི་རིགས་ཀྱི་ལས་དོན་ཅི་རིགས་པའི་ཐོག་ལ་ལེགས་སྐྱེས་འབུལ་དགོས་པ་གལ་ཆེར་མཐོང་ངོ་།
ཕུན་ཚོགས་དབང་རྒྱལ་ལགས་ཀྱིས་དྲིས་ལན་བཏབ་པ་ལ་བལྟས་ན་ཆོས་དང་ཆབ་སྲིད་གཉིས་ལ་གོ་རྟོགས་ཡག་པོ་ཡོད་པ་འདྲ་བོ་འདུག རྗེས་མ་བོད་ཀྱི་སྲིད་བློན་ཐོབ་པར་འབད་བརྩོན་བྱ་རྒྱུ་རེ་བ་ཡོད། ངེད་ཀྱིས་ཁོང་ལ་འོས་ཤོག་བླུག་ངེས་ཡིན། །
དྲི་བ་དང་ལན་གཉིས་ཀ་བྱས་བྱས་བྱུགས་བྱུགས་མ་གཏོག་མེད་པ་ནི་བོད་པའི་གཤིས་སུ་གྲུབ་ཡོད་པ་རེད། འོན་ཀྱང་དྲི་བ་གནད་འགག་ཅན་དབྱིན་ཡུལ་བོད་ཀྱི་ཐེབས་རྩ་ཚོགས་པ་ཆེད་དང་ཐོག་བོད་གཞུང་གི་མིང་ཐོག་ཡོད་ཀྱིན་ཡོད་ཡོད་ཀྱིན་སྒེར་བདག་ཅན་ལ་ཇི་ལྟར་གྱུར་བ་རེད། གནད་དོན་འདི་ལ་སུས་ཀྱང་དོ་སྣང་ཡོད་རྒྱུ་མ་རེད་པཱ།
ཡབ་རབས་སྤྱོད་བཟང་ཀྱི་བྱ་བ་རེད་འདུག ཁ་རྩམ་མ་ཡིན་པ་དོན་དངོས་སུ་བོད་རིགས་སྤུན་ཟླ་ཚོགས་ལ་ཕན་ཡོད་པའི་རླབས་ཆེན་གྱི་བྱ་བ་རེད་འདུག དབྱིན་ཡུལ་བོད་ཀྱི་དགེ་རྩ་ཚོགས་པ་ནི་གཞུང་དང་ཆབ་སྲུབ་མ་ཡིན་པའི་དགེ་བའི་རྩ་བ་ཁོ་ན་ཡིན་པའིཚོགས་ཡིན་ལདབྱིན་ཡུལ་དགེ་རྩ་ཚོགས་པ་འཛུགས་མཁན་ནི་ཕུན་ཚོགད་དབང་རྒྱལ་ལགས་ཀྱིའཛུགས་པ་རེད།
སྤུན་ཟླ་ཁ་ཤས་སོ་སོ་བྱ་བ་གང་ཡང་བྱ་མི་྄ཐུབ་ལ་ད་དུང་རང་རེ་རླབས་ཆེན་གྱི་སྤུན་ཟླས་བྱ་བ་སྒྲུབ་མཁན་ལགས་ལ་མ་དགའ་བའི་ཚིག་ལབ། དབྱིན་ཡུལ་བོད་ཀྱི་དགེ་རྩ་ཚོགས་པ་ནི་ཐོག་མ་ནས་བོད་གཞུང་གི་མ་ཡིན་པ་ཚོགས་མས་ཤེས་བསལ་རེད། སྤུན་ཟླ་ཚོ། རང་རེ་བོད་རིགས་ལ་ཕན་ཐོག་ཡོད་པའི་བྱ་བ་ནི་ཁ་ནས་ལྟག་པར་ཆབ་སྲུབ་མ་ཡིན་ལ་སྤུན་ཟླ་ན་གཞན་རྣམས་ལ་ཤེས་ཡོན་སློབ་པར་རོགས་རམ་བྱེད་པ་གལ་ཆེ། མི་ཁ་ཤས་ནི་ཁ་ནས་བོད་གཞུང་དང་བོད་མི་དོན་དུ་ཡིན་ཟེར་བས་དོན་དངོས་སུ་སོ་སོའི་གོ་གནས་དང་དཔར་འབྱོར་གྱི་ཁྱེད་དུ་ཡིན་པ་ཤེས་གསལ་རེད། འདས ཟིན་པའི་ལོ་ཟླ་མང་པོ་ནང་མི་དེ་ཚོའི་བོད་དོན་སྐོར་ལ་གྲུབ་འབྲས་གང་ཡང་ཐོབ་མོད་ལ་ད་དུང་ཁོང་ཚོ་ལྟག་པར་སྐྱབས་འགོན་རིན་པོ་ཆེ་མཆོག་ལ་མ་ཡིན་པ་དང་མ་བྱེད་པའི་བྱ་བ་རྣམས་བྱེད་མཁན་ནི་སོ་སོ་མི་དགའ་བའི་མི་དེ་ཚོ་རེད་ཟེར་ནས་སྤོབས་བ་ཆེན་པོ་བྱེད་ནས་བོད་གཞུང་གི་ལས་ཀ་རླབས་ཆེ་ཡིན་ལབ་ན་བསྡད་ཡོད་པ་རེད། དེ་ཚོ་རྣམས་ལ་བོད་གཞུང་གི་ཡིན་པའི་རྩ་འཛུགས་དང་བོད་དོན་སྐོར་དྲི་ན་ལེགས། ཕྲན་གྱི་བསམ་པར་རྩ་འཛུགས་གང་ཞིང་ཡིན་ཡང་རང་རེ་བོད་ཀྱི་རིག་གནས་དང་བོད་རིགས་སྤུན་ཟླ་རྣམས་ལ་་ཕན་ཐུབ་ཡོད་པ་ཤིན་ཏུ་ན་གལ་ཆེ་སྙམ། མ་གཏོགས་དེ་སང་མི་ཁ་ཤས་ཀྱིས བོད་དོན་སྐོར་ཕྱག་ལས་གནང་གི་ཡོད་པ་དེ་ནི་དོན་དངོས་སུ་མ་འོང་པ་སོ་སོའི་ལྟོ་གོས་དང་སོ་སོའི་འདུན་ལམ་ཞིག་ལ་འགྱུར་འདུག དེ་འདྲ་བ་ཡིན་ན་དངོས་གནས་སེམས་སྐྱོར་བའི་གནས་གཏོང་ཞིག་ཏུ་གྱུར།
བོད་ཀྱི་ཆོས་ཤེས་གང་ལའང་ཕན་པའི་བྱ་བ་རླབས་ཆེན་སྒྲུབ་མཁན་གྱི་ཕོ་རྒོད་འདི་འདྲ་རེ་ཡོད་པ་བོད་པ་ཚང་གི་བསོད་ནམས་རེད། མི་བུ་འདིའི་རིགས་སྐུ་འཚོ་གཞིས་སྐབས་བཀའ་དྲིན་རྗེས་དྲན་ནམ་ཇ་ལན་ལ་ཆང་ལན་སྤྲོད་རྒྱུ་གལ་ཆེ། དེ་མིན་ནམ་ཞིག་སྐུ་གཤེགས་རྗེས་གཞི་ནས་བོད་ལ་དྲིན་ཆེན་ཞིག་དང་། མཁས་པ་ཞིག་ཡིན་པའི་འུར་བསྟོད་བྱེད་པའི་ལུགས་སྲོལ་ཞིག་ངེད་བོད་པ་ཚང་གི་ཤ་གསེང་རུས་གསེང་ལ་འབྱར་འདུག་པ་དེ་མེད་པར་བཟོ་རན་རེད། ཕན་དབང་ལྟ་བུའི་རིགས་བོད་ཀྱི་སྲིད་བློན་ནམ་སྲིད་སྐྱོང་ལ་འོས་པའི་མིའི་གྲལ་རེད་འདུག ཤེས་ཚད་ནི་མཐོ། འབྲེལ་མཐུད་ལ་མཁས། ཕོ་ཉམས་དེ་དོད། མཁས་པ་བློ་སེང་ལ་འགྲན་རྩོད་པ་ཞིག་ནི་དགོས། སྐབས་རྗེས་མར་ཡིན་ད། །
བོད་ནང་སྐུ་ཚབ་གཉིས་པའི་ལན་འགན་གསུམ་ནི།
༡ ༸རྒྱལ་བ་རིན་པོ་ཆེའི་འཚམས་འདྲི་ཡོད་སྐོར།
༢ བོད་པའི་འཚོ་བའི་གནས་སྟངས་འཚོལ་རྒྱུ།
༣ ཕྱིར་ལོག་མཚམས་ལས་འགུལ་གསར་པ་ཤེས་རྟོགས་ཆེད།
དེ་དུས་བོད་ནང་རོགས་རམ་བྱེད་དུས་ཆ་རྐྱེན་གསུམ་དགོས་པ།
༡ ས་གནས་མི་མང་ནས་འདོད་འབོད་འགུལ་ཡོད།
༢ ཁྲིམས་གཞི་ལྟར་རྒྱ་གཞུང་གིས་བཀའ་ཁྲོལ་ཡོད་པ།
༣ འགོ་མཐའ་བར་གསུམ་ལ་ཞིབ་འཇུག་བྱེད་ཆོག་ས་ཡོད་པ་ཅིག
ཐེབས་རྩའམ། དགེ་རྩའི་དམིགས་ཡུལ་བཞི་ནི།
༡ བཙན་བྱོལ་བོད་༼རྒྱ་བལ་འབྲུག་གསུམ་༽རིགས་ལ་རོགས་རམ།
༢ སོག་ཡུལ་ལ་ནང་ཆོས་སླར་གསོ།
༣ བོད་ནང་བོད་རིགས་༼ཆོལ་ཁ་གསུམ་༽ཚོར་རོགས་རམ།
༤ ཆོས་དང་རིག་གཞུང་༼ཕྱི་རྒྱལ་ནང་ལ་༽དར་སྤེལ།
ཁོང་གིས།
་་་་་ རྒྱག་འདྲེ་བརྒྱབ་ཡ་ལམ་ཁ་དེ་མ་བཙལ་བར། མཐུན་པོ་བྱ་ཡ་ལམ་ཁ་དེ་བཙལ་དགོས་རེད། ་་་་་
ཞེ་དྲག་ཡག་པོ་འདུག བཅར་འདྲི་གོ་སྒྲིག་གནང་མཁན་དང་བཅས་པ་འབྲེལ་ཡོད་ཚང་མར་བཀྲིན་ཆེ་ཞུའོ། ང་ཚོ་གཞོན་སྐྱེས་ཚོས་ངེས་པར་དུ་ཕུན་ཚོགས་དབང་རྒྱལ་ལགས་སོགས་རང་རེའི་མི་རབས་རྒན་པ་ཚོའི་རླབས་ཆེན་གྱི་མཛད་བཟང་མཐའ་དག་ལ་ཡིད་རངས་ཙམ་མ་ཡིན་པར། མིག་དཔེ་ཡར་བལྟ་བྱས་ནས་སོ་སོའི་ངོས་ནས་ཀྱང་རང་ནུས་ཅི་ཐུབ་ཀྱིས་རང་མི་རིགས་ཀྱི་ལས་དོན་ཅི་རིགས་པའི་ཐོག་ལ་ལེགས་སྐྱེས་འབུལ་དགོས་པ་གལ་ཆེར་མཐོང་ངོ་།
ཕུན་ཚོགས་དབང་རྒྱལ་ལགས་ཀྱིས་དྲིས་ལན་བཏབ་པ་ལ་བལྟས་ན་ཆོས་དང་ཆབ་སྲིད་གཉིས་ལ་གོ་རྟོགས་ཡག་པོ་ཡོད་པ་འདྲ་བོ་འདུག རྗེས་མ་བོད་ཀྱི་སྲིད་བློན་ཐོབ་པར་འབད་བརྩོན་བྱ་རྒྱུ་རེ་བ་ཡོད། ངེད་ཀྱིས་ཁོང་ལ་འོས་ཤོག་བླུག་ངེས་ཡིན། །
ཕུན་ཚོགས་དབང་རྒྱལ་ལགས་ཀྱིས་ཕྱག་ལས་རླབས་ཆེན་གནང་འདུག།
དྲི་བ་དང་ལན་གཉིས་ཀ་བྱས་བྱས་བྱུགས་བྱུགས་མ་གཏོག་མེད་པ་ནི་བོད་པའི་གཤིས་སུ་གྲུབ་ཡོད་པ་རེད། འོན་ཀྱང་དྲི་བ་གནད་འགག་ཅན་དབྱིན་ཡུལ་བོད་ཀྱི་ཐེབས་རྩ་ཚོགས་པ་ཆེད་དང་ཐོག་བོད་གཞུང་གི་མིང་ཐོག་ཡོད་ཀྱིན་ཡོད་ཡོད་ཀྱིན་སྒེར་བདག་ཅན་ལ་ཇི་ལྟར་གྱུར་བ་རེད། གནད་དོན་འདི་ལ་སུས་ཀྱང་དོ་སྣང་ཡོད་རྒྱུ་མ་རེད་པཱ།
ཕ་བཟང་བུ། བུ་སྐྱེས་པའི་སྐྱེས་གོ་ཆོད་འདུག
ཡབ་རབས་སྤྱོད་བཟང་ཀྱི་བྱ་བ་རེད་འདུག ཁ་རྩམ་མ་ཡིན་པ་དོན་དངོས་སུ་བོད་རིགས་སྤུན་ཟླ་ཚོགས་ལ་ཕན་ཡོད་པའི་རླབས་ཆེན་གྱི་བྱ་བ་རེད་འདུག དབྱིན་ཡུལ་བོད་ཀྱི་དགེ་རྩ་ཚོགས་པ་ནི་གཞུང་དང་ཆབ་སྲུབ་མ་ཡིན་པའི་དགེ་བའི་རྩ་བ་ཁོ་ན་ཡིན་པའིཚོགས་ཡིན་ལདབྱིན་ཡུལ་དགེ་རྩ་ཚོགས་པ་འཛུགས་མཁན་ནི་ཕུན་ཚོགད་དབང་རྒྱལ་ལགས་ཀྱིའཛུགས་པ་རེད།
སྤུན་ཟླ་ཁ་ཤས་སོ་སོ་བྱ་བ་གང་ཡང་བྱ་མི་྄ཐུབ་ལ་ད་དུང་རང་རེ་རླབས་ཆེན་གྱི་སྤུན་ཟླས་བྱ་བ་སྒྲུབ་མཁན་ལགས་ལ་མ་དགའ་བའི་ཚིག་ལབ། དབྱིན་ཡུལ་བོད་ཀྱི་དགེ་རྩ་ཚོགས་པ་ནི་ཐོག་མ་ནས་བོད་གཞུང་གི་མ་ཡིན་པ་ཚོགས་མས་ཤེས་བསལ་རེད། སྤུན་ཟླ་ཚོ། རང་རེ་བོད་རིགས་ལ་ཕན་ཐོག་ཡོད་པའི་བྱ་བ་ནི་ཁ་ནས་ལྟག་པར་ཆབ་སྲུབ་མ་ཡིན་ལ་སྤུན་ཟླ་ན་གཞན་རྣམས་ལ་ཤེས་ཡོན་སློབ་པར་རོགས་རམ་བྱེད་པ་གལ་ཆེ། མི་ཁ་ཤས་ནི་ཁ་ནས་བོད་གཞུང་དང་བོད་མི་དོན་དུ་ཡིན་ཟེར་བས་དོན་དངོས་སུ་སོ་སོའི་གོ་གནས་དང་དཔར་འབྱོར་གྱི་ཁྱེད་དུ་ཡིན་པ་ཤེས་གསལ་རེད། འདས ཟིན་པའི་ལོ་ཟླ་མང་པོ་ནང་མི་དེ་ཚོའི་བོད་དོན་སྐོར་ལ་གྲུབ་འབྲས་གང་ཡང་ཐོབ་མོད་ལ་ད་དུང་ཁོང་ཚོ་ལྟག་པར་སྐྱབས་འགོན་རིན་པོ་ཆེ་མཆོག་ལ་མ་ཡིན་པ་དང་མ་བྱེད་པའི་བྱ་བ་རྣམས་བྱེད་མཁན་ནི་སོ་སོ་མི་དགའ་བའི་མི་དེ་ཚོ་རེད་ཟེར་ནས་སྤོབས་བ་ཆེན་པོ་བྱེད་ནས་བོད་གཞུང་གི་ལས་ཀ་རླབས་ཆེ་ཡིན་ལབ་ན་བསྡད་ཡོད་པ་རེད། དེ་ཚོ་རྣམས་ལ་བོད་གཞུང་གི་ཡིན་པའི་རྩ་འཛུགས་དང་བོད་དོན་སྐོར་དྲི་ན་ལེགས། ཕྲན་གྱི་བསམ་པར་རྩ་འཛུགས་གང་ཞིང་ཡིན་ཡང་རང་རེ་བོད་ཀྱི་རིག་གནས་དང་བོད་རིགས་སྤུན་ཟླ་རྣམས་ལ་་ཕན་ཐུབ་ཡོད་པ་ཤིན་ཏུ་ན་གལ་ཆེ་སྙམ། མ་གཏོགས་དེ་སང་མི་ཁ་ཤས་ཀྱིས
བོད་དོན་སྐོར་ཕྱག་ལས་གནང་གི་ཡོད་པ་དེ་ནི་དོན་དངོས་སུ་མ་འོང་པ་སོ་སོའི་ལྟོ་གོས་དང་སོ་སོའི་འདུན་ལམ་ཞིག་ལ་འགྱུར་འདུག དེ་འདྲ་བ་ཡིན་ན་དངོས་གནས་སེམས་སྐྱོར་བའི་གནས་གཏོང་ཞིག་ཏུ་གྱུར།