བྱ་མདོ་སྐལ་རྒྱམ།
—དྲ་ངོས་ཀྱི་གྲོགས་པོ་ཞིག་ལ
དུས་ལ་སླེབས་པ་ན
ཁྱོད་རང་ཕྱི་མིག་མེད་པར་སོང་ཞིག་ཨང
འཇིག་རྟེན་འདིར་ཁྱོད་དང་གཏན་ཏུ་འགྲོག་པའི་མི་ཞིག་མེད་ལ
གཏན་ནས་གྱེས་པའི་མི་ཞིག་ཀྱང་མེད
བར་ཐག་ནི་སེམས་ཀྱིས་གཞལ་བྱ་ལས
རི་ཆུ་དང་ནགས་ཚལ་ཁོ་ནས་བརྩི་མི་རུང
བདེ་སྐྱིད་དང་ལྷན་འཛོམས
སེམས་ཀྱིས་བསྐྲུན་ཆོག་ལ
སྙིང་གཏམ་དང་བརྩེ་བ
ངག་ནས་སྨྲ་ཆོག
ལས་དང་སྨོན་ལམ་ཡོད་ན
བར་ཐག་དང་ཉིན་མཚན་ལ་དབྱེ་བ་མེད་པར
ང་གཉིས་གང་ནས་ཀྱང་འཛོམས་ཆོག
༢༠༡༥/༡/༢༥ ཉིན་གུང་།