ཐེ་བོ་སངས་རྒྱས།
ཁ་སང་ངའི་གྲོགས་པོ་ཞིག་གིས་གྲོག་མཁར་གྱི་པར་རིས་ཤིག་སྐད་འཕྲིན་ཐོག་བཀོད་རྗེས། སྐར་མ་ཁ་ཤས་ནང་མཆན་གྱིས་དྲ་ངོས་བཀང་བྱུང་། སྐབས་དེར་ང་ཡིས། འུ་ཚོས་འབུ་གྲོག་མ་ལ་སློབ་སྦྱོང་བྱ་ས་འདུག དཔེར་ན། འཆར་གཞི་འཐེན་སྟངས་དང་། སྒྲིག་ལམ། འདྲ་མཉམ། ཆིག་སྒྲིལ། བརྩོན་འགྲུས་ཀྱི་ཆ་ཞེས་དེའི་བར་འཚང་ཅི་ཐུབ་ཀྱིས་མཆན་འདེབས་ཁུལ་བྱས། ད་ནངས་ཞོགས་ཀ་གཉིད་སད་མ་ཐག་གོམས་ལོབས་ཀྱིས་ཁ་པར་སྒོ་ཕྱེ་དུས་གྲོགས་པོ་གཞན་ཞིག་གིས་གྲོག་མཁར་ངོ་སྤྲོད་ཅིག་བྲིས་ཞེས་ནན་བསྐུལ་བྱས་པར་བརྟེན། དགེ་ཆོས་ཀྱིས་དེའི་སྐོར་ཇི་འདྲ་བྲིས་ཡོད་པ་དྲན་མ་སོས་སྟབས་བཙལ་བ་ཡིན།
གཏམ་རྒྱུད་གསེར་ཐང་ལས། གྲོག་མཁར་གྲགས་ཅན་ནི་གྲོག་མ་དཀར་པོ་རྣམས་ཀྱིས་བརྩིགས། གྲོག་མ་དཀར་པོས་རས་བལ་སོགས་ཟ་བས་འཇིགས་པ་ཆེ། གྲོག་མཁར་དེའི་དབྱིབས་ནི་དབང་པོའི་མཆོད་སྡོང་འདྲ་ལ། ནངས་པར་བལྟས་ན་གྲོག་མའི་ཁ་རླངས་དུ་བ་བཞིན་འཕྱུར་ཚུལ་སོགས་བྲིས་འདུག དེ་བཞིན་ས་སྐྱ་ལེགས་བཤད་ལས་གྲོག་མའི་སྐོར་འདི་ལྟར་སྣང་། སྲོག་ཆགས་གྲོག་མའི་ཚོགས་འདུས་པས།།སེངྒེའི་ཕྲུ་གུ་བསད་ཅེས་གྲགས།། ཞེས་དང་། སྲོག་ཆགས་གྲོག་མ་མིག་མེད་ཀྱང་།།མིག་ལྡན་གཞན་ལས་ལྷག་པར་མགྱོགས།།ཞེས་གསལ།
འབུ་གྲོག་མའི་སྟོབས་ཤུགས་ནི་ལུས་ཕུང་ཆ་ཚད་ལ་བལྟོས་པའི་སྲོག་ཆགས་ཀུན་ལས་ཨང་དང་པོ་རེད་ཟེར་བའང་ཐོས། ཉམས་ཞིབ་པ་དག་གིས། གྲོག་མཁར་ནི་གྲོག་མའི་ཁྱུ་ཚོགས་ཆེན་པོ་ཞིག་གིས་རིགས་རྒྱུད་སྤེལ་ཞིང་མཉམ་རུབ་ཀྱི་སྒྲིག་འཛུགས་སྒོ་ནས་བཟོས་པའི་གྲོག་ཚང་རེད། གྲོག་མཁར་ཆེ་ཤོས་རེའི་ནང་ཧ་ལམ་གྲོག་མ་དུང་ཕྱུར་གསུམ་ལྷག་ཙམ་ཡོད་པར་བཤད། གྲོག་མཁར་གྱི་རྒྱུ་ཆ་ལ་ས་ཕུང་ངམ། ཡང་ན་བྱེ་མ། ཐང་འབྲུ། འཇིམ་པ་སོགས་རྫས་འདྲ་མིན་བསྡུས་ཏེ་བསྐྲུན་པ་དང་། གྲོག་ཚང་ལྟེ་བ་ནི་ས་འོག་ཏུ་བཟོས་ཤིང་འཇུག་སྒོ་གྲོག་མཁར་གྱི་ཐོག་ཀར་ཡོད།
གྲོག་མ་ལས་ཀ་བའི་དཔུང་གིས་རྒྱུན་བསྲིངས་ནས་རྡེའུ་དང་ས་ཐོ་ཆུང་ངུ་རྣམས་གྲོག་མའི་མཆུ་ཡིས་ཕྱིར་འདོན་བཞིན་ཚང་གི་སྒོ་འགྲམ་དུ་བསགས་པ་ཁང་བརྩེགས་གཉིས་ཀྱི་ཚད་ཙམ་དུ་བརྩིགས། ད་དུང་ཁོང་ཚོ་ས་ལེ་དབར་ནས་ལེ་དབར་དུ་འགྲུལ་བཞུད་བྱེད་རབས་འདུག
འཛམ་གླིང་གི་ཡུལ་ལུང་ ཨེཊ་ལཱན་ཊིག་དང་། ཡུ་རོབ་ལྷོ་ངོས། ཨོ་སི་ཐྲི་ལི་ཡ། ཉི་ཧོང་སོགས་ན་གྲོག་མཁར་མཐོན་པོ་རེ་མཐོང་རྒྱུ་ཡོད་སྐད། རྒྱ་གར་ལྷོ་ཕྱོགས་འབྲས་ཞིང་གི་རྣང་མ་དག་ཏུ་གྲོག་མཁར་མཐོན་པོ་མི་ལུས་ཀྱི་ཚད་ཙམ་རེ་བརྩིགས་ཡོད་པ་ལོ་ཤས་གོང་ངས་ཀྱང་མཐོང་མྱོང་། གཅིག་བྱས་ན་སྐད་ཆ་འདི་འདྲ་བ་བོད་ནང་གི་མི་ཚོར་བཤད་ན་ཡིད་མི་ཆེས་ནའང་ཐང་ལ། འདི་འདྲ་བ་བྲིས་ན་བྱ་རོག་སོར་རྟོག་གི་བསྟན་བཅོས་ཞེས་ཁྲེལ་དགོད་བྱས་ཀྱང་ཆོག
གྲོག་མཁན་གྱི་འཛུག་སྐྲུན་ཇུས་འགོད་འདི་ན་ཡོད།
https://www.youtube.com/watch?v=lFg21x2sj-M
གྲོག་མའི་ངལ་རྩོལ་སྒྱུར་བཀོལ་ར་བར་འདི་ནས་ལྟོས།
https://www.youtube.com/watch?v=55tXhnlZoOg
ཨ་ཙི་་གྲོག་མ་་ང་ཚོས་
གྲོག་མ་ལ་མིག་མེད་པ་དེ་ཕལ་ཆེར་བདེན་པ་ཡིན་པ་འདྲ། དེ་ཚོས་འགྲོ་སྟངས་དང་། རྒྱུགས་སྟངས་དང་། ཁ་སྒྱུར་སྟངས་ཀྱིས་ཅུང་ཟད་དཔོག་ཐུབ་པ་འདུག
ས་པན་མགོ་ཡི་གཙུག་གཏོར་དེ། ཤ་འབུར་ཡིན་མིན་བརྟག་དཔྱད་བྱོས། །
བོད་པ་ས་པཎ་ལ་གཙུག་གཏོར། རྒྱ་གར་ལྷོ་ཕྱོགས་པ་ཀླུ་སྒྲུབ་ལ་གཙུག་གཏོར། རྒྱ་གར་བྱང་ཕྱོགས་པ་གཞོན་ནུ་དོན་ཐམས་ཅད་གྲུབ་པ་ཤའ་ཀྱ་ཐུབ་པའི་དབུ་ལ་གཙུག་གཏོར། ངས་མཚམས་འཚམས་ལ་ཡག་པོ་མཇལ་དུས། ༸གོང་ས་སྐུ་ཕྲེང་བཞི་པའི་དབུ་ཡང་། ཡར་བུད་བསྡད་པ། གཙུག་གཏོར་འདྲ་བོ་ཅིག་མཇལ་བགྱིདའདུག ་ཁྱེད་ཚོས་ཀྱང་དོ་སྣང་གྱིས་དང་། ཅིག་བྱས་ན། ང་རྨོངས་དད་ཀྱིས་འཁྲུལ་པའང་སྲིད།
ཁྱེད་རང་འཁྲུལ་པ་ཡིན་གྱི་རེད་གོང་ས་སྐུ་འཕྲེང་བཞི་པ་ཡོན་ཏན་རྒྱ་མཚོ་འཁྲུངས་ནས་མི་ལོ་༤༢༦ འདས་ཟིན་པའི་དབུ་ལ་གཙུག་གཏོར་ད་ལྟ་ཁྱེད་ཀྱིས་མཐོང་ཐུབ་ཀྱི་ཡོད་ན་ཡང་ན་འཁྲུལ་ཡང་ན་རྨོངས་དད་ལས་མ་འདས་སོ།
དགོངས་དག ངས་ཆད་འདུག
༸གོང་ས་སྐུ་ཕྲེང་བཞི་པའི་དབུ་ཡང་། ་་་་་
འདི།
༸གོང་ས་སྐུ་ཕྲེང་བཅུ་བཞི་པའི་དབུ་ཡང་། ་་་་་
ལ་བཅོས་ནས་ཀློག་རོགས། དྲ་གྲོགས་ཁྱུང་སེ་ལགས།
གྲོག་མ་ལ་མིག་གཉིས་དང་གྲོད་ཁོག་གཉིས་ཡོད། གྲོད་ཁོག་གཅིག་ནི་རང་གི་ལུས་ཕུང་གསོ་བྱེད་དང་། གྲོད་ཁོག་གཞན་དེ་གྲོག་མ་གཞན་ལ་ཟས་འཁུར་བྱེད་དང་། གསོག་ས་རེད། ཁོ་ལ་མིག་གཉིས་ཡོད་ཅིང་མིག་གི་མིང་ལ་དབྱིན་སྐད་དུ་འདྲེས་མིག་ཟེར། རྒྱུ་མཚན་ནི། མིག་གཅིག་གི་ནང་དུ་མིག་ཆུང་བ་མང་པོ་ཡོད་ཅིང་། མིག་ཆུང་དེ་དག་གི་བྱེད་ལས་མི་གཅིག་པས་རེད།
གྲོག་མིའི་ཀླད་པ་ལ་ཤེས་འཛིན་ཕྲ་མོ ༢༥༠ ༠༠༠ ཡོད་ཅིང་། མིའི་ཀླད་པ་ལ་ཤེས་འཛིན་ཕྲ་མོ་ས་ཡ ༡༠ ཡོད་པས། གྲོག་མ་ཁྲི་བཞི་ཡི་ཀླད་་ཤུགས་དང་མི་གཉིས་གཅིག་པ་ཡིན་འདུག གྲོག་མའི་རྐང་བ་ལ་ནུས་སྟོབས་ལྡན་ཞིང་མྱུར་ཤུགས་ཆ། ཆེ་དགོས་དོན་ཡང་འགུལ་སྐྱོད་སླ་ཤིང་རྐང་བ་དྲུག་ཡོད་པས་རེད།
ཨ་ཙི་འབུ་གྲོག་མའི་སྐོར་ཤེས་རྟོག་མང་པོ་བྱུང་་་་་ཐུགས་རྗེ་ཆེ་ཞུ་
བོད་པ་ཚོས་སྔོན་ཆད་འབུ་གྲོག་མ་ལ་མིག་མེད་པར་བཤད། དེ་ལའང་བརྟག་དཔྱད་གཏོང་མཁན་མེད། དེང་སྲོག་ཆཊ་རིག་པ་བ་ཚོས་པར་ཆས་དང་རྒྱང་ཤེལ་སོགས་ཁུར་ནས་འབུ་སྲིན་ཡན་ཆད་ཞིབ་འཇུག་བྱེད། གལ་སྲིད་བོད་མི་ཞིག་དེ་ལ་ཞིབ་འཇུག་བྱས་ན་མི་ཚོས་རྩ་མི་ཚང་བ་ཞིག་རེད་ཟེར་མདོག་ཁ་བོ་འདུག མཆན་འདེབས་མཁན་རྣམས་ལ་ཐུགས་རྗེ་ཆེ་ཞུ།
གྲོག་མཁར་གྱི་སྐོར་འདིར་བྲིས་པ་མཐོོང་དུས། སྔོན་རྒྱ་གར་གྱི་དྲང་སྲོང་ཞིག་གིས་གྲོོག་མཁར་དུ་དཀའ་བ་སྤྱད་དེ་བསམ་གཏན་གྲུབ་པས་གྲོག་མཁར་བ་ཞེས་ཐོགས་པ་དང་། རྣམ་འགྲེལ་ལེའུ་དང་པོའི་འབྲས་རྟགས་བཤད་པའི་སྐབས། གལ་ཏེ་བརྒྱ་བྱིན་སྤྱི་བོའི་མེའི། ཞེས་པའི་བརྒྱ་བྱིིན་གྱི་སྤྱི་བོ་ནི་གྲོག་མཁར་ལ་ངོས་འཛིན་བྱེད།