དོལ་སྨྱོན།
——-འཛིན་རོགས་གཅིག་པ་བསྟན་སྐྱིད་ལ་ཕུལ།
ནད་པ་ལྟ་དུས་སྨན་པ་ཡིན་མཁན།།
གླུ་དབྱངས་ལེན་དུས་གཞས་མ་ཡིན་མཁན།།
སྙན་ངག་འབྲི་དུས་རྩོམ་རོགས་ཡིན་མཁན།།
ཁྱེད་རང་དེང་སང་བདེ་མོ་ཡིན་ནམ།།
དཔེ་དེབ་ཀློག་ལ་དགའ་བོ་ཡོད་མཁན།།
ཟིན་ཐོ་འབྲི་ལ་སྤྲོ་བ་ཡོད་མཁན།།
དོན་ནོར་ཡིག་ནོར་མང་ཙམ་བྱེད་མཁན།།
ཁྱེད་རང་དེང་སང་བདེ་མོ་ཡིན་ནམ།།
མི་རིགས་ལ་རྒྱ་སེམས་ལ་ཡོད་མཁན།།
རིག་པའི་གཞུང་ལ་དུང་བ་ཡོད་མཁན།།
ཕ་ཡུལ་ཕྱོགས་ལ་རྒྱང་ལྟ་བྱེད་མཁན།།
ཁྱེད་རང་དེང་སང་བདེ་མོ་ཡིན་ནམ།།
གླུ་དབྱངས་ཉན་ལ་དགའ་བོ་ཡོད་མཁན།།
འདྲ་པར་ལེན་ལ་སྤྲོ་བ་ཡོད་མཁན།།
ཁ་པར་ཆུང་ཆུང་ལག་ཏུ་ཐོགས་མཁན།།
ཁྱེད་རང་དེང་སང་བདེ་མོ་ཡིན་ནམ།།
སྐད་ཆ་ཤོད་ལ་སྦྱང་ཆ་ཡོད་མཁན།།
རྣམ་འགྱུར་སྟོན་ལ་མཁས་པོ་ཡིན་མཁན།།
འབྲེལ་འདྲིས་འཇོག་ལ་འཇོན་པོ་ཡོད་མཁན།།
ཁྱེད་རང་དེང་སང་བདེ་མོ་ཡིན་ནམ།།
ཁ་ལག་བཟའ་ལ་འདོད་རྔམ་ཡོད་མཁན།།
འཐེན་ཐུག་འཐུང་ལ་སྤྲོ་བ་བྱེད་མཁན།།
དམར་ཟས་ཁ་ལག་དགྱེས་པོ་ཡོད་མཁན།།
ཁྱེད་རང་དེང་སང་བདེ་མོ་ཡིན་ནམ།།
སྨད་ལ་ཤམ་ཐབས་དམར་པོ་གསོལ་མཁན།།
སྟོད་ལ་ཕྱི་ལུགས་གོས་དཀར་མཆོད་མཁན།།
དོན་དུ་ཕྱི་ནང་ཟུང་དུ་འབྲེལ་མཁན།།
ཁྱེད་རང་དེང་སང་བདེ་མོ་ཡིན་ནམ།།
ཚོན་ཀན་ཆག་གིས་ནད་ངོས་འཛིན་མཁན།།
སྐམ་ཁབ་རྩེ་མོས་ནད་ཟུག་གཅོག་མཁན།།
ཐང་ཕྱེ་རིལ་བུས་ནད་གཏིང་འདོན་མཁན།།
ཁྱེད་རང་དེང་སང་བདེ་མོ་ཡིན་ནམ།།
ཀུན་དང་འགྲོགས་ལ་དཀའ་ཙམ་ཡིན་མཁན།།
འགྲོགས་པའི་གྲོགས་ལ་ཕྱི་ཐག་རིང་མཁན།།
གྲོགས་ཀྱི་ལ་རྒྱ་སེམས་སུ་འཛིན་མཁན།།
ཁྱེད་རང་དེང་སང་བདེ་མོ་ཡིན་ནམ།།
ང་ཡི་སྐད་ཆ་སེམས་ལ་འཇོག་མཁན།།
ང་ཡིས་ཅི་གསུང་ཚད་མར་འཛིན་མཁན།།
ནམ་རྒྱུན་ང་ལ་འཁྲུག་པ་རྒྱག་མཁན།།
ཁྱེད་རང་དེང་སང་བདེ་མོ་ཡིན་ནམ།།
༡༦།༠༡།༢༠༡༥།
ང་ཡིས་ཅི་གསུང་ཚད་མར་འཛིན་མཁན་་ཞེས་ལབ་དུས་་བསྟན་སྐྱིད་ཁྱེད་རང་གི་དགེ་ཕྲུག་མིན་འགྲོ་སྙམ་བྱུང་་ཡང་འཛིན་རོགས་གཅིག་པ་ཟེར་དུས་བསྟན་སྐྱིད་ནི་་དོལ་སྨྱོན་ཁྱོད་རང་རྒད་པོ་ཆགས་པ་འདྲ་པོ་་མོ་ཡང་རྒད་མོ་ཆགས་ཚར་ཡོད་ས་རེད་་་
ཨམ་ཆི་ཨ་ནེ་ལགས་ཤིག་རེད་འདུག་ཝ
ཚོན་ཀན་ཆག་གིས་ནད་ངོས་འཛིན་མཁན།།
འདི་ངོ་མ་སྙན་བྱུང་། བོད་རང་ལུགས་ཀྱི་མིང་ཚིག་རྙིང་པ་གང་ཡོད་པ་རྣམས་འདི་ལྟར་བྲིས་པ་ཡིན་ན་བོད་རང་གི་རིག་གཞུང་དར་ཞིང་རྒྱས་པ་ལ་ཕན་ནོ། འགའ་ཤས་ཀྱིས་ཟེར་ན་་་ཚོན་ཀན་ཆག་་་ཅེས་པའི་མིང་ཚིག་གསུམ་པོ་འདི་ཞང་ཞུང་གི་མིང་བརྡ་ཡིན་རབས་ཀྱང་གླེང། བདེན་པ་ཡིན་མིན་དཔྱད་པར་འཚལ་ལོ། །
གནམ་རྒན་གཏམ་འདི་དབྱར་གྱི་གནམ་ནག་གཤིས་སུ་འདུག
ལྷོ་སྤྲིན་ནག་པོས་སེར་ཆེན་ཉི་མ་འགྲིབ་ལུགས་འདི།
བདེ་སྐྱིད་སྣང་བ་དཀར་པོ་ཁྱོད་ཀྱིས་གཡོགས་ལུགས་འདི།
སྦྲང་ཆར་སིལ་མ་འབབ་པའི་རེ་བ་ཁྱོད་ལ་མེད།
གསོ་རིག་གི་གཞུང་ལུགས་དག་ན་ཚོན་ཀན་ཆག་གསུམ་འདི་རྒྱ་ནག་གི་སྐད་ལས་ཅུང་སྒྲ་ཟུར་ཉམས་པ་ཞིག་ཏུ་གསུང་འདུག་སྙམ།