ཁྲོ་གཏུམ།
__ངྷ་སར་ཁ་བ་བབས་ནས་ཉི་མ་གློ་བུར་ཤར་སྟེ་ཁ་བའི་ཚེ་སྲོག་ཆུ་ལ་བཞུར་ཞིང་ས་ལ་འཐིམས་པའི་ཉིན་གྱི་དབུགས་རིང་ཞིག
གློ་བུར་དུ་ཤར་བའི་ཉི་མ
སྤྲིན་པའི་ཕུབ་ཀྱིས་མ་འཁོག་པར་སླེབས་སོང
ངའི་རེ་སྒུག་གི་གོ་ས་མཐོ་བའི་ཁ་བ་སྟེ
ལུག་གུ་བཞིན་མཆོངས་ལྡིང་གི་གར་ལ་རོལ་བ་དེ་དག
ཉི་འོད་ཐོན་ནས་སྐེ་འབུ་གཅུས་སོང
ང་རང་ཉི་མའི་བཞིན་ལ་ལྟ་མཁན་ཞིག་ཡིན་མོད
དེ་རིང་ཉི་མར་བལྟ་དགོས་དོན་མེད་པའི་གོ་སྐབས་ཁ་བ་འཛོམས་ས་ནས
གསང་མྱུལ་བ་ཞིག་གིས་ཡིག་ཆ་བརྐུས་པ་བཞིན་དུ
ངའི་སེམས་ཀྱི་རེ་སྒུག་དང་འདོད་འདུན་གྱི་ཁ་བ་ལེབ་མོ་དག་རེ་རེ་བཞིན་ཟོས་ཚར་སོང
ཆུ་ལ་འཐིམས་པའི་ཁ་བའི་མདངས་སུ
ང་ལ་བཞག་པའི་ཕྱིར་མིག་དང་ཞེན་ཆགས་བཞག་སོང
བུད་སོང་བ་ནི་ཉི་མའི་རྐྱེན་ཡིན་ལ
ཉི་མ་འདི་མ་ཤར་བའི་དུས་ཤིག་ཡོད་ན
ངས་སླར་ཡང་ཁ་བར་བལྟ་འདོད་ཆེ
ཁ་བ་བབས་པའི་ཆུང་དུས་ཀྱི་རྩེད་ཁང་དྲན་ན
དེ་རིང་ངས་ཉི་མར་བཟོད་བསྲན་བྱེད་པའི་གོ་སྐབས་མི་འདུག
ང་རང་ཁ་བར་བྲལ་ནས་ཡུན་རིང་འགོར་ཞིང
ཁ་བས་ང་རང་བཞག་སྟེ་ལོ་ཟླ་ཤོར་དུས
སེམས་ཀྱི་གསེང་ན་དྲོད་ཀྱིས་འཁྱིལ་བའི་ཁ་བའི་བརྩེ་བ་ལྷད་མེད་ཡོད
ཁ་བ་ཡ ཨ ཁ་བ
ངའི་ཡང་མེས་ཀྱི་དུས་ནས་ཁྱོད་ནི་ཡོད་ཅིང་བབས་པ་ཞིག
༢༠༡༥།༠༡།༢༩ལ།
ཁྱོད་འཛམ་གླིང་གི་བྱང་སྣེ་རུ་སོང་སྟེ་གནས་བཅས་ན་ཡག་ས་རེད།
ཁྲོ་གཏུམ་རང་རེད་ཁྱེད་འཛམ་གླིང་གི་བྱང་སྣེ་ཟླ་བ་བཅུ་གཉིས་ཁ་བ་བབས་ས །་
དང་ཡང་ན་(Antertica iceland.ལ་ཕྱིན་ན་ཡག་ས་རེད་ཧ་ཧ་ཧ་
རྣམ་པ་གཉིས་ཀྱིས་སྙན་ངག་གི་ཤ་གསེང་དང་རུས་གསང་ནས་བརྡོལ་བའི་བཅུད་ཀྱི་བྲོ་བ་ཞིག་མྱང་བཞག་ན་ཅིས་མི་ཆོག་པ་རེད།