དོལ་སྨྱོན།
ཇ་མ་ལགས། ཇ་ཞིག་བླུགས་དང་།
ཁ་སང་དེ་རིང་ཕྱི་ནས་གནམ་ངོ་གྲང་ཞིང་ནང་ནས་སེམས་ངོ་གྲང་བས་ངས་ཇ་ཞིག་འཐུང་ན་འདོད།
ཧུབ་གཅིག
འོ་་་་་་། དྭངས་གཙང་གི་ཆུ་སིལ་ལ་དཀར་གསལ་གྱི་འོ་མས་གྲོགས་ཤིག་བྱས།
ད་དུང་མངར་ལ་འཇམ་པའི་རོ་ཞིག་ཞུགས་པ་ནི།
ང་དང་ང་ཡི་སྙིང་སྡུག་གི་བཅོས་མིན་གྱི་བརྩེ་དུང་དེ་ཡོངས་སུ་མཚོན།
ཧུབ་གཉིས།
འོན་ཀྱང་དམར་ལ་སྨུག་པའི་ཚོན་མདངས་ཤིག་ངང་གིས་འདྲེས་ཡོད་པ་ནི།
འོ་མ་ལྟར་དཀར་ཞིང་ཆུ་གཙང་ལྟར་སིལ་བའི་འུ་གཉིས་ཀྱི་བརྩེ་དུང་ལ།
ཁྲག་ལྟར་དམར་བའི་ན་ཟུག་ཅིག་གིས་ཁྱབ་ཡོད་པའི་དོན་མ་ཡིན་ནམ།
ལོས་ཡིན།
སུ་ཞིག་རི་རབ་འདིའི་མདུན་ངོས་སུ་འདུར་ཞིང་།
སུ་ཞིག་ལྷུན་པོ་འདིའི་རྒྱབ་ངོས་སུ་གྱར་བས།
འབྲལ་མི་ཕོད་པའི་སེམས་ཀྱི་སྒྲོན་མེ་ཆུང་ཆུང་དེ།
དུས་ཀྱི་ཆོམ་པོས་རི་རབ་འབུམ་ཕྲག་མང་པོའི་ཕ་རོལ་ཏུ་བསྐྱལ་བས་རེད་ཨང་།
ཧུབ་གསུམ།
འོན་ཀྱང་ང་ལ་ཡིད་ཆེས་ཡོད་པ་ནི།
ཉི་མ་ནུབ་ཏུ་བཞུད་པ་ནི་སང་ཉིན་ཤར་ནས་ཤར་བའི་སྔ་ལྟས་ཡིན་ལ།
དྲག་ཆར་ཤག་ཤག་ཏུ་འབབ་པ་ནི་ལྗང་བུ་ལྡེམ་ལྡེམ་དུ་སྐྱེ་བའི་སྔོན་བརྡ་ཡིན་པས།
ང་ལ་སེམས་ཁྲལ་མེད། གཏན་ནས་མེད།
འོ་་་་་་། ཇ་མ་ལགས།
ཇ་རིན་རྩིས་རྒྱོབ་དང་། ང་རང་འགྲོ་རན་སོང་།
༡༩།༠༡།༢༠།༢༠༡༥།
ཨ་ཁ་དོལ་སྨྱོན་ཁྱོད་ཇ་ཁང་ཞིག་གི་ནང་དུ་ཁྱོད་རང་གི་མཛའ་མོ་དང་ལྷན་དུ་དཀར་དམར་འདྲེས་སོང་བ་ཡིན་ནམ་་་་་ད་མ་བཟང། ད་སྨྱོན་པ་ངོ་ཐོག་ཆགས་རྒྱུ་རེད།
སྡུག་གཏམ་ཁེར་རྐྱང་མ་ཞིག་ལས།
སྙན་ངག་འདྲ་རེད་མི་འདུག།
ཧ་ཧ་ཧ། ད་ཡིན་ན་མྱི་འདི་ཚོས་མྱོང་གི་འདུག།
ངས་ཟ་དུས་འཐུང་དུས་དྲན་གི།
ཟས་ཁ་ཕོར་ལག་ནས་ཤོར་གི།
་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་།།
ཟེར་ཡ་ཡོད་པ་རེད།
མཇེ་ལ་བདག་པོ་མེད་ན།།
སེམས་ལ་རང་དབང་མི་ཡོང་།།
སེམས་རྩ་མཇེ་ཡིས་དཀྲུག་ན།
ལུས་སེམས་བདེ་ལ་མི་འབབ།།
རྩ་ལུས་འཁྲུག་པའི་མྱི་ལ།།
རྩེ་རོགས་དགའ་མ་མི་རག།
དགའ་མ་མེད་པའི་མྱི་དེ།
མཇེ་ལ་བདག་པོ་མེད་པ།། ཧ་ཧ་ཧ།