ཨེ་མ་ཧོ།
འཛམ་གླིང་ཡུལ་གྲུ་ཀུན་ཏུ་ཁ་ཐོར་བའི་གངས་ཅན་པ་རྣམས་ལ་དེ་རིང་ངས་འཕྲིན་ཐུང་ཞིག་འབུལ་ན་འདོད་ཐལ།
གཅིག༽ ང་ཚོའི་ལོ་རྒྱུས་བདེན་པའི་རང་བཞིན་ལ་ཕྱོགས་རིས་ཙམ་མིན་པར་ཁ་ཁོག་མཚུངས་པས་བདེན་པ་ལ་ངོ་སོ་འདོན་ན་ཕྱི་རབས་ཀྱི་གངས་ཅན་བསྟན་པ་སྤྱི་ལ་ཕན་ཐོག་ལས་གནོད་པ་མི་འབྱུང་བར་དངོས་པོ་བདེན་པའི་རྟེན་འབྲེལ་ལ་སུ་ཞིག་གིས་རྒྱབ་འགལ་སྨྲ་ནུས་སམ་མི་ནུས་སོ།།
གཉིས།༽ གང་ཟག་སྒེར་པའི་ཕྱོགས་འཐེན་ཙམ་མིན་པར་ཆོས་བཞིན་སྤྱོད་པ་དང་སྲིད་ལ་ཕན་བདེ་མཛད་པའི་སྐྱེས་བུ་དམ་རྣམས་ལ་གཟེངས་བསྟོད་བསྔགས་བརྗོད་དགོས་པ་ལས་དངུལ་སྒོར་སྟོབས་ཤུགས་སོང་བའི་གཡོ་རྫུན་ལ་མགོ་བོ་ནམ་ཡང་མ་འཁོར་ན་བདེན་པའི་ཞི་བདེ་རྒྱལ་བར་ངེས་སོ།།
གསུམ།༽ སོ་སོའི་ལྷག་བསམ་རྣམ་དག་གིས་བཟང་ཕྱོགས་ལ་ཅི་ནུས་འབད་དེ་རང་གིས་རང་ཁྱད་དུ་མི་གསོད་པར་འཁོར་འདས་གང་འཐད་ནས་སྐྱོན་སྤོང་ཡོན་ཏན་ལྡན་པའི་མི་རུ་བསྐྱོད་དུ་འབད་བརྩོན་གྱི་དྲན་ཤེས་བག་ཡོད་ཀྱིས་རང་གི་སློབ་དཔོན་རང་བྱས་ནས་འདི་ཕྱིའི་ལེགས་ཆ་ཐོན་ངེས་སུ་འབད་དགོས་སོ།།
བཞི།༽ སྐྱོན་མེད་ཡོན་ཏན་ལྡན་པའི་མི་དཀོན་ཞེས་པ་ཡིན་ན་ཡང་གཙོ་བ་ཡོན་ཏན་ཕྱོགས་ལ་བལྟས་ནས་སྐྱོན་དེ་ཡང་རིམ་གྱིས་སྣང་མེད་དུ་བཟོས་ན་ཆོས་ཀྱི་ཡོན་ཏན་དང་སྲིད་ཀྱི་ཕན་གནོད་ལེགས་པར་ཤེས་པས་བླང་དོར་ཚུལ་བཞིན་ཤེས་པ་ཞིག་ཤིན་ཏུ་ནས་ཀྱང་གལ་ཆེན་པོ་ལགས་སོ།།
ལྔ།༽ གཞན་སྐྱོན་ཁོ་ན་བརྟག་པ་ལས་རང་སྐྱོན་ངོས་བཟུང་ནས་བསམ་པ་བཟང་པོས་སྐྱོན་ལ་སྐྱོན་དུ་ཤེས་པས་རྣམ་དཔྱོད་ལྡན་པ་བྱས་ནས་རང་གཞན་ཀུན་ལ་ཕན་པའི་ཉེས་པ་སྤོང་། བཟང་པོ་སྒྲུབ་པའི་ཐབས་ལ་འབད་ནས་རང་གཞན་ཀུན་གྱིས་རང་གཞན་སྤྱི་ཕན་ལ་འབད་པ་བྱས་ནས་རྒྱལ་ཁ་ལོན་པ་ཞིག་ངེས་པར་གནང་ཐུབ་ན་ད་གཟོད་བོད་བརྒྱུད་ནང་བསྟན་པའི་ཕྲིན་ལས་མཐར་ཕྱིན་པ་ལགས་སོ།།
རྐྱེན་ཞིག་གིས་ཤྲྰི་ཨེ་མ་ཧོས་དབྱིན་ཡུལ་ནས་བྲིས་པར་དགེའོ།།
ཆོས་ཀྱི་ཆེད་དུ། ཟས་གཅོག་གཉིད་གཅོག་བྱེད་ཐུབ་པ་དགོས་བ་ཡིན།
སྲིད་ཀྱི་ཆེད་དུ། སྔ་གཞུག་གི་རྒན་བྱིས་ཚོའི་རྐུབ་ཕྱི་ཐུབ་པ་དགོས་བ་ཡིན།
ཆོས་སྲིད་གཉིས་ཀྱི་ཕྱོགས་ལ་དེ་ལྟར་བྱེད་མི་ཐུབ་ན།
དེ་ནས། གཞན་སེམས་མ་དཀྲུག། རང་ཚུགས་མ་ཤོར་པར་བསྡད་ན། ཤི་ཁར་དངངས་སྐྲག་མི་ཡོང་འདོད།
མི་ཞིག་གིས་རྒྱལ་ཁ་ཉོ་བ་ལ། རང་ལས་གཞན་གཅེས་ནི་ནམ་ཡང་བྱེད་མི་ཉན།
མི་ཞིག་གིས་རྒྱལ་ཁ་ཉོ་བ་ལ། རང་ཕྱོགས་རང་གཅེས་ཀྱི་ནུས་བ་གང་ཐུབ་འདོན་དགོས།
རང་གཞན་དྲགས་པོ་ཡོད་ན།
རང་གཞན་ལས་དྲང་བ་ཡོད་ན།
རང་གཞན་ལས་འཇོན་པ་ཡོད་ན།
རང་གཞན་ལས་བཀྲ་བ་ཡོད་ན།
རང་ཉིད་ནི་རང་གཞན་གྱི་མགོན་དུ་བྱེད་པ་ལ་འགན་ཡོད།
ཨེ་མ་ཧོ་ཧོ་ཧོ་ཧོ་་་་
བདེན་པ་རྫུན་པ་ཁྲིམས་ཀྱི་སྟོན་།
ལྷག་བསམ་ཡོད་མེད་གཞན་གྱི་སྨྲ་།
སངས་རྒྱས་བཀའ་ལས་བདེན་པ་མེད་།
ས་ྟག་མོར་ལུས་སྦྱིིན་ལས་ལྷག་བསམ་མེད་།
ཐུགས་རྗེ་ཆེ། སྤྱི་ཕན་སྤྱི་སྨན་གྱི་དགོངས་ཚུལ་ཡག་པོ་གསུངས་འདུག དིང་སང་གི་མྱི་ལབ་རྐྱལ། ཀླད་པའི་ནང་ཐལ་བ་སྤར་མོ་གང་ལས་མེད་མཁན་ཚོས་གནད་འདི་དག་རྟོགས་ལེ་མ་རེད།
ཁ་བའི་ཁྲོད་ཀྱི་གཞི་རྩ་ལྔ། །
ཨེ་མ་ཧོ་ཡིས་འདིར་གསུངས་འདུག །
བདག་བསྟོད་གཞན་དམོད་བྱེད་མི་རིགས། །
སྤྱི་པའི་དོན་དུ་བསམ་ཚད་ཤོད། །