རང་དབང་།
ཉི་མ་ཕྱེད་ཙམ་མ་གཏོགས་ནུབ་འདུག གྲང་རླུང་ཞིག་ཀྱང་ལྡང་བས་ངས་ལ་ཁའི་རྐང་ལམ་དེ་དེད་ནས་ཕྱིར་ལོག་པ་ཡིན། ལམ་འགྲམ་གྱི་ཁང་མིག་དེའི་ནང་དུ་གློག་བཀར་འདུག ཁང་མིག་དེ་དང་ཐག་ཇེ་ཉེ་ཇེ་ཉེར་སོང་བ་ན། ངས་རང་ཉིད་དང་ཁང་མིག་དེའི་བར་གྱི་དོན་དག་ཅིག་རང་དབང་མེད་པར་དྲན་ཡོང་།
ཁང་མིག་དེའི་ནང་དུ་སྔོན་ཀྱི་ངེད་གཉིས་ལྟ་བུའི་ཕོ་མོ་ཟུང་ཞིག་བཅའ་སྡོད་བྱས་ཡོད་པ་འདྲ། གོམ་པ་བཅུ་ལྷག་གི་མཚམས་སུ་གནས་པའི་ཁང་མིག་དེའི་ནང་ནས་སྙིང་ཉེ་བའི་དགོད་སྒྲ་རེར་མཆེད་ཡོང་ལ། ང་རང་ཁང་མིག་དེའི་ནང་དུ་བསྡད་ཡོད་དུས་ཀྱང་། དེ་རིང་གི་ང་ལྟ་བུའི་ལམ་འགྲོ་བ་རེ་རེ་ངེད་གཉིས་ཀྱི་སྙིང་ཉེ་ཉེ་ཡི་དགོད་སྒྲ་དག་ལ་རྣ་བ་གཡོར་བཞིན་བུད་སོང་ཡོད་ངེས།
བཞེས་ནིང་ལོའི་དེ་རིང་གི་ས་སྲོད་འདི་ལ་ད་དུང་ཁང་མིག་དེའི་ནང་དུ་ངེད་གཉིས་ཀྱི་སྙིང་ཉེ་ཉེ་ཡི་དགོད་སྒྲ་ཡིས་ཁེངས་ཡོད། དེ་ནི་བདག་གི་སྙིང་ཉེ་བའི་མཛའ་མོ་དེ་ཡོད་པའི་རྐྱེན་གྱིས་ཡིན། ངས་རང་གི་མཛའ་མོ་དེ་དྲན་པ་དང་ལྷན་དུ་དྭངས་གཙང་གི་བརྩེ་དུང་ཞིག་ལ་རྒྱང་འབོད་བྱ་འདོད། ད་ལྟའི་ངའི་ཁང་མིག་འདི་ནི་གཞུང་འབྲེལ་གྱི་ཡིག་ཆ་དང་རང་ཉིད་ཀློག་པར་སྤྲོ་བའི་རང་དབང་རིང་ལུགས་སྐོར་ཀྱི་དཔེ་དེབ་ལས། ཁྱིམ་ཞིག་ལ་མཁོ་བའི་ཅ་དངོས་ཅི་ཡང་མེད། ལས་གྲོགས་ཚོ་ནང་དུ་སླེབས་ཐེངས་རེར་ཁྱོད་ཀྱི་ཁྱིམ་འདི་’ས་ལེ་རྒྱ’་ཞིག་གི་ཁྱིམ་དང་འདྲ་བོ་འདུག་ཟེར།
དེ་ཡང་ཡིན་ལས་ཆེ་སྟེ། ཁོ་མོ་ཕྱིན་པ་ནས་བཟུང་ང་རང་གཞུང་འབྲེལ་གྱི་སྡོད་ཁང་དུ་གནས་སྤར་ཞིང་། དེ་ནས་བཟུང་ཡང་བསྐྱར་གཞིས་ཁྱིམ་ཞིག་འཛིན་པའི་བློ་ཞིག་འཁོར་མ་མྱོང་། ཡང་ན་ང་རང་ཡང་བསྐྱར་གཞིས་ཁྱིམ་ཞིག་འཛིན་རྒྱུར་སྐྲག་པ་ཡིན། གང་ལྟར། གཞུང་འབྲེལ་གྱི་ཁང་མིག་འདི་རུ་སྤར་བ་ནས། ཨ་ཅེ་པང་གདན་ཅན་མང་པོ་ཞིག་ལ་སྐུ་ངོ་མེད་ཤུལ་ཏུ་བཤོས་རྒྱུ་རེག་མྱོང་བ་འདི། རང་གི་ཚེ་འདིའི་བདེ་སྐྱིད་ཅིག་ཏུ་བསམ་ཡོད།
ལོ་དེ་ནི་ངེད་གཉིས་ཤ་མཐོ་སློབ་ནས་མཐར་ཕྱིན་པའི་ས་སྲོད་ཅིག་ཡིན། ལོ་དེ་ནི་མང་མང་གིས་བཤད་པ་ལྟར”རང་གི་རྐང་པའི་སྒང་ནས་ལངས་དགོས་པའི”དུས་ལ་བབས་སོང་བས། ངེད་གཉིས་ཀྱིས་དེའི་ཕྱོགས་སུ་སེམས་འཁུར་བྱ་བཞིན་ཨ་ཞང་གིས་ཆེད་མངགས་གླས་པའི་’ཨ་གྲོང་རྡུལ་’གྱི་ཁང་མིག་དེ་རུ་ལོག་པ་ཡིན། ངེད་གཉིས་ཤ་མཐོ་སློབ་ཏུ་བསྡད་རིང་བརྩེ་དུང་གི་དབང་ཤ་སྟག་ཏུ་སོང་དྲགས་པས། སློབ་སྦྱོང་ཡག་པོ་ཞིག་ཁྱོན་ནས་བྱ་མ་ཐུབ། ཡིན་ཡང་ང་ནི་ཕ་ཡུལ་ནས་སློབ་སྦྱོང་ལ་བཟང་བས་ཕྱི་ཉིན་གྱི་གཞུང་ཞབས་རྒྱུགས་དེ་འཕྲོད་སོང་ཡང་། ཁོ་མོ་བཙན་བྱོལ་ནས་སློབ་སྦྱོང་གི་གོ་སྐབས་ཐོབ་པ་ཡིན་པས་རྒྱུགས་དེ་མ་འཕྲོད།
ཤ་མཐོ་སློབ་ཏུ་འབྱོར་བའི་ལོ་དེར་ངེད་གཉིས་འཛིན་གྲྭ་གཅིག་ཏུ་ཁེལ་ཞིང་། རིམ་གྱིས་ངེད་གཉིས་ཀྱི་བར་དུ་འགྱུར་མེད་ཀྱི་བརྩེ་དུང་ཞིག་གིས་བསྡམ། ངེད་གྱིས་བརྩེ་དུང་གི་མྱུ་གུ་དེ་ག་ལེར་བསྐྱངས་བ་ཡིན། ཤ་མཐོ་སློབ་ཀྱི་ལོ་ངོ་བཞི་བོའི་རིང་ངེད་གཉིས་ཀྱི་བརྩེ་དུང་ལ་ཆག་ཀྲུམ་རེ་བྱུང་ཡང། གནད་འགག་གི་སྐབས་སུ་ངེད་གཉིས་ཀྱིས་ཤ་གྲིམ་ནས་དཀའ་ངལ་རེ་རེ་བཞིན་སེལ་བ་ཡིན།
གཞུང་ཞབས་སུ་རྒྱུགས་སྤྲད་པའི་ཉིན་ཤས་རྗེས། ལས་གནས་ཐོབ་པའི་མིང་ཐོ་གསལ་བསྒྲག་བྱས་སོང་། ང་ཕྱི་དྲིལ་ལས་ཁུངས་ནས་ཡིག་བསྒྱུར་པའི་ལས་གནས་ཤིག་བགོས་སོང་། ཁོ་མོར་ལས་གནས་ཅི་ཡང་བགོས་མི་འདུག ས་སྲོད་ཅིག་ལ་ངེད་གཉིས་ཕྱིར་ཁང་མིག་དེ་རུ་ལོག་པ་ཡིན། དགོང་མོ་དེར་ཁོ་མོས་སེམས་སྐྱིད་ཀྱི་མི་འདུག ངའི་སྐེ་རུ་འཐམས་ནས་ཡུན་རིང་དུ་ངུས་སོང་། ངུས་ཀྱིན་ངུས་ཀྱིན་རང་ཉིད་ལ་ལེ་འདའ་བྱས་སོང་།ཡིན་ཡང་ཁོ་མོས་ངེད་གཉིས་ཀྱི་བརྩེ་དུང་ལ་ལེ་འདའ་བྱས་མ་སོང་།
ས་སྲོད་ཅིག་ལ་ང་ལ་བརྡ་ཐོ་ཞིག་འབྱོར་ཞིང་སང་ཉིན་ནས་ལས་གནས་སུ་འབྱོར་དགོས་ཞེས་བྲིས་འདུག ས་སྲོད་དེར་ངེད་གཉིས་ཀྱིས་ཐུག་པ་ཞིམ་པོ་ཞིག་བསྐོལ་ནས་རྟེན་འབྲེལ་ཞུས་པ་ཡིན། སྐབས་དེར་ངེད་གཉིས་ཀྱི་ཆ་རྐྱེན་ཞན་པས་ཐུག་པ་ཞིག་ལས་བསྐོལ་མ་ཐུབ་ཀྱང་། དགོང་མོ་དེར་ངེད་གཉིས་ཀྱི་མ་འོངས་པའི་འཚོ་བ་དང་བྱིས་པ་ཁོ་ན་གླེང་བ་ཡིན། གླེང་བཞིན་གླེང་བཞིན་གཉིད་ཇི་ལྟར་གཉིད་ཁུགས་པ་ཡང་མ་ཤེས། དེ་ནས་བཟུང་ང་རང་ལས་ཚོགས་ལ་ཞུགས་ཤིང་ཁོ་མོས་’ལ་ཁ’་འདིའི་ཇ་ཁང་ཞིག་ཏུ་ཞོར་ལས་ལས་པ་རེད།
ས་སྲོད་རེ་རེར་ང་ཕྱིར་ངེད་གཉིས་ཀྱི་སྐྱིད་ན་སྐྱིད་ཀྱི་རྟ་ཕོ་མཉམ་བྱོན་དང་སྡུག་ན་སྡུག་གི་ཁུར་བོ་མཉམ་ཁུར་བྱ་སའི་ཁང་མིག་དེ་ལ་ལོག་ཐེངས་རེ་རེར། ངེད་གཉིས་ཀྱི་ཆ་རྐྱེན་ཞན་ན་ཡང་ཁོ་མོས་ཆ་རྐྱེན་འཛོམས་ཚོད་ཀྱིས་ཟ་མ་ཞིམ་པོ་རྐྱང་བཟོས་ནས་ང་ལ་སྒུག་འདུག ང་སླེབས་མ་ཐག་ཐོག་མར་ཁོ་མོ་རྒྱུག་ཡོང་ནས་ངས་འགྲམ་པར་འོ་ཞིག་བྱ་ཞིང་དེ་ནས་སྟོད་གོས་ཕུད་རོགས་བྱ། ངེད་གཉིས་ཀྱིས་ཅོག་ཙེ་གཅིག་གི་མཐའ་ནས་སྡེར་མ་གཅིག་གི་ནང་དུ་ཟ་མ་བཟའ་བཞིན་སྙིང་ཉེ་བའི་འཛུམ་མདངས་དང་སྐད་ཆ་དག་ནི་ཆུ་ལ་ཆུ་བཞག་ཡིན། སྐབས་དེར་ངོས་ཀྱིས་འཇིག་རྟེན་འདིའི་སྟེང་གི་ཆེས་བདེ་སྐྱིད་ལྡན་པའི་སྐྱེས་པ་ནི་ང་རེད་སྙམ་ཡོང་།
འཇིག་རྟེན་འདིའི་སྟེང་གི་ཆེས་འགྱུར་སྐྱེན་པ་ནི་སེམས་པ་ཡིན་ལ། སེམས་ཀྱི་བྱུང་བ་ཞིག་ལ་ཡིད་ཆེས་བྱས་ནས་བསྡད་ན་ནི་སྡུག་གི་ཁ་སྣོན་ཡིན་པ་ནི་ངས་ཁོ་མོ་སོང་རྗེས་མ་གཏོགས་མ་ཤེས།
གྲང་རླུང་ཅུང་ལྡང་བའི་ས་སྲོད་ཅིག་ལ། ང་ལས་ཚོགས་གྲོལ་ནས་ཕྱིར་ཁང་མིག་དེར་ཡོང་དུས། ཁོ་མོས་སྔོན་ཆད་ལྟར་ང་ལ་ཟ་མ་བཟོས་ནས་སྒུག་མི་འདུག་པའི་མི་ཚད། ཐ་ན་ཁང་མིག་ནང་དུ་གློག་ཀྱང་བཀར་མི་འདུག ངས་གློག་བཀར་ཞིང་ཁོ་མོ་ལ་ཅི་བྱུང་དྲིས་ཀྱང་ཁོ་མོས་ཅི་ཡང་བྱུང་མ་སོང་ཟེར། ངེད་གཉིས་ཉལ་ཁར་ཁོ་མོས་གཞི་ནས་ཁ་གྲགས་སོང། ང་ཚོའི་ཇ་ཁང་སྦྱིན་བདག་ཉིན་ཤས་རྗེས་ཕྱི་རྒྱལ་དུ་འགྲོ་རྒྱུ་རེད་ཟེར། ད་དུང་ང་ཚོ་ཤ་མཐོ་སློབ་འགྲིམས་སྐབས་ཀྱི་སློབ་གྲོགས་ཚེ་སྐྱིད་ཀྱང་ཕྱི་རྒྱལ་དུ་བུད་སོང་འདུག
མོས་ངའི་ཉམས་ལ་བརྟག་པའི་ཚོད་ཀྱིས་འུ་གཉིས་ཀྱིས་ཀྱང་ཕྱི་རྒྱལ་དུ་ཨེ་ཐར་ལྟོས་ན་མི་བཟང་ངམ། ཕྱི་རྒྱལ་དུ་སོང་ན་སྒེར་བདག་ཁང་པ་ཉོ་ཐུབ་པའི་མི་ཚད། སྒེར་བདག་རླངས་འཁོར་དང་བྱིས་པའི་མདུན་ལམ་ཡང་བཟང་ཟེར། ངས་སྐད་ཆ་དེ་གོ་མ་ཐག་ཁོ་མོའི་དེ་རིང་གི་རྣམ་འགྱུར་ཡོད་ཚད་ཀྱི་འབྱུང་རྩ་ཤེས་སོང། ངས་ཅི་མི་སྙམ་པར་ང་ནི་ཕྱི་རྒྱལ་དུ་སོང་ནས་གཞན་གྱི་གསང་སྤྱོད་དང་རྒྱ་སྲང་དུ་གཙང་ཕྱགས་བྱ་བའི་མོས་པ་མི་འདུག
ཡང་གཅིག་བཤད་ན་བཟང་རུང་སྡུག་རུང་མཐོ་སློབ་ནས་མཐར་ཕྱིན་པའི་སློབ་མ་ཞིག་ཡིན་པས། རང་གི་མི་ཚེ་ཕྱེད་ཀྱི་དཀའ་སྡུག་དང་ཕ་མའི་གནའ་རུས་བརྫོད་མི་འདོད་ཅེས་བཤད་པ་ཡིན། ཁོ་མོས་ལན་ཅི་ཡང་མི་འདེབས་པར་ངའི་འགྲམ་ནས་ཁུ་སུམ་མེར་ཉལ། དགོང་མོ་དེར་ངེད་གཉིས་འགྲོགས་པ་ནས་བཟུང་ཐེངས་དང་པོར། ཅི་ཡང་མ་ལས་པར་ཁུ་སུམ་མེར་གཉིད་པའི་མཚན་མོ་དང་བོ་དེ་ཡིན། དངོས་ནས་དགོང་མོ་དེ་ནི་ཁུ་སུམ་མེར་གྱི་དགོང་མོ་ཞིག་ཡིན། དགོང་མོ་དེ་ནས་ངེད་གཉིས་ཀྱིས་དེ་ལྟ་བུའི་ཁུ་སུམ་མེར་གྱི་མཚན་མོ་མང་པོ་ཁུ་སུམ་མེར་ཕར་བསྐྱལ་བ་ཡིན།
ཟླ་ངོ་གཅིག་ལྷག་འགོར་བའི་ས་སྲོད་ཅིག་ལ། ལས་ཁུངས་ནས་ང་ལ་ཟླ་ཕོགས་སྤྲད་སོང་། ངས་སེམས་སུ་ཡུན་རིང་ཁུ་སིམ་མེར་ལུས་པའི་ཁང་མིག་དེ་དྲན་བྱུང་། ཁང་མིག་དེར་རང་ཉིད་ལ་སྒུག་འདུག་པའི་’ཚི་ལུ”་དེ་དྲན་བྱུང་། རང་ཉིད་ཀྱིས་ད་བར་ཁོ་མོར་རང་གི་བརྩེ་འདང་གཅིག་འདུས་ཀྱིས་མཚོན་པའི་མཛུབ་དཀྲིས་ཤིག་ཀྱང་སྤྲོད་མ་ཐུབ་པའི་སེམས་པ་འཁྱག་ཧྲེང་ཧྲེང་དུ་བསྒྱུར། ངས་ཟླ་དེའི་ཟླ་ཕོགས་བཟུང་ནས་ལ་ཁའི་སྒང་གི་དངུལ་གྱི་མཛུབ་དཀྲིས་ཚོང་ཁང་དུ་སོང་། ཡར་མར་མང་བོ་ཞིག་ལ་གོང་བཏམས་རྗེས་མུ་ཏིག་གིས་ཕྲ་རྒྱན་པའི་དངུལ་གྱི་མཛུབ་དཀྲིས་ཆུང་ཆུང་ཞིག་ཉོས་པ་ཡིན།
མཛུབ་དཀྲིས་དེ་ཉོས་རྗེས་ངའི་སེམས་སུ་ཁོ་མོའི་ཞལ་རས་དྲན་ཞིང་། སྔར་ལས་སྙིང་ཉེ་བའི་ཚོར་བ་ཞིག་གིས་སྟོབས་གྱིས་དེད་ཡོང་། ཕྱིར་ཁང་མིག་དེར་ལོག་པའི་ལམ་བར་ནས་ངས་སེམས་སུ་མཛུམ་དཀྲིས་དེ་མོ་ལ་ཇི་ལྟར་སྤྲོད་དགོས་པའི་ཕྱོགས་སུ་བསམ་བློ་བཏང་བ་ཡིན། ཕ་ཡུལ་གྱི་གསར་བུ་ཚོ་གྲོང་རྡུལ་དུ་སོང་ནས་ཕྱིར་རང་གི་ཆུང་མར་ལེགས་སྐྱེས་རེ་ཉོས་ཡོང་།
དེ་ཆུང་མར་སྤྲོད་སྐབས་རྣམ་པ་ཅི་ལྟ་བུའི་སྒོ་ནས་སྤྲོད་པ་ངས་ཅིས་ཀྱང་དྲན་དུ་མ་གསོས། གློག་བརྙན་ནང་དུ་རང་གི་དགའ་མར་མཛུབ་དཀྲིས་སྤྲོད་སྐབས་སྐྱེས་པ་མང་པོ་ཞིག་གིས་པུས་མོ་སར་འཛུགས་ནས་མཛུབ་དཀྲིས་ཆུང་མའི་ཕྱོགས་སུ་འདེགས། ཡང་ལ་ལས་རང་གི་དགའ་མའི་རྒྱབ་ནས་བརྩེ་འདང་གིས་འཐམས་བཞིན་ག་ལེར་མཛུབ་དཀྲིས་བཏོན་ཡོང། ངས་དོན་གྱིས་ཅི་ལྟར་མོ་ལ་མཛུབ་དཀྲིས་དེ་སྤྲོད་འོས་པ་མ་ཤེས། ངས་དེ་ལྟར་བསམ་བཞིན་མགོ་བོ་ཡར་བཀྱགས་དུས་ང་ཁང་མིག་དེའི་སྒོ་ཁ་རུ་འབྱོར་འདུག
ངས་ག་ལེར་ཁང་མིག་དེའི་སྒོ་ཕྱེ་བ་ཡིན། ཁྱིམ་ནས་གྲང་ཤུར་ཤུར་གྱི་རླུང་བུ་ཞིག་ལྡང་སྟེ་ངའི་རུས་རྐང་དུ་གསུག་ཅིང་ང་ལ་ཁོག་འདར་ཞིག་བརྒྱབ། ངས་ག་ལེར་གློག་བཀར་ཞིང་ཁོ་མོའི་མིང་ནས་བོས་ཀྱང་། ང་ལ་ང་ལན་སྤྲོད་མཁན་ཞིག་མེད་སོང་། དུས་དེ་ནས་བཟུང་ཁང་མིག་དེ་རུ་ང་ལ་ཨ་ལན་སྤྲོད་མཁན་ཞིག་མེད་སོང་།
འགྲོ་ཁར་ཁོ་མོས་ང་ལ་ཡི་གེ་ཞིག་བཞག་འདུག ཡི་གེ་ནང་དོན་ནི་འདི་ལྟར་དེ། ”ང་ཁྱོད་ལ་བརྩེ་བ་ཇི་ལྟར་ཆེ་ཡང་། འཚོ་གནས་ཀྱི་མདུན་ནས་ངས་འདི་ལྟར་མི་འདེམས་རང་དབང་བྲལ། ཁྱོད་ཀྱིས་ངའི་བྱས་ཉེས་ལ་གུ་ཡངས་ཞིག་མཛོད་རོགས། ཕྱི་རྒྱལ་ཞིག་ཏུ་འཚོ་བ་བསྐྱལ་རྒྱུ་ནི་ངའི་ཆུང་དུས་ཀྱི་རྨི་ལམ་ཞིག་ཡིན། གལ་ཏེ་ཆོག་ན། ཁྱོད་ཀྱིས་ཀྱང་རང་གི་མི་ཚེ་ལ་ཡང་བསྐྱར་གདམ་ཀ་ཞིག་སྤྲོད་རོགས། དེ་ནི་བདེ་སྐྱིད་ངོ་མའོ།”ངས་ཁོ་མོས་བཞག་པའི་འཕྲིན་ཡིག་དེ་ལ་ཁ་དེ་ནས་ཉི་ནུབ་ཀྱི་མཛེས་སྡུག་ལ་ལྟ་བཞིན་བལྟས་པ་ཡིན།
བལྟས་ཚར་རྗེས་ངས་ཡི་གེ་དེ་རླུང་ལ་བསྐུར་བ་ཡིན། རྗེས་སུ་ཁོ་མོ་ཡར་གསེག་ཅིག་དང་ཆང་ས་བརྒྱབ་ནས་སྦེལ་ལྗེམ་དུ་སོང་འདུག མཚམས་འདིར་ངའི་ཁ་པར་གྱི་གློག་རྫོགས་སོང་། གྲོགས་པའི་ཁ་བརྡ་ཡང་ཡང་མཚམས་འདི་ནས་ཆད་སོང་ལ། ངའི་གྲོགས་པོའི་ཁ་བརྡ་དག་ལ་བསམ་བཞིན་གལ་ཏེ་ཁོ་མོ་ལྦེལ་ལྗེམ་དུ་སོང་ཟིན་ན། དེང་སང་སྦེལ་ལྗེམ་དུ་བོད་མི་སྐྱབས་བཅོལ་བའི་ཡིག་ཆ་ནག་པོ་ཆགས་བཞིན་ཡོད་ན། ཁོ་མོ་ཡང་དེའི་གྲས་སུ་ཡོད་རྒྱུ་རེད། ངོས་ནི་རང་དབང་མེད་པར་གྲོགས་ཀྱི་མཛའ་མོ་ཟུར་བ་ལ་སེམས་ཁྲེལ་ཤིག་ཀྱང་སྐྱེས་ཀྱང་། གང་ལྟར་རང་ཉིད་ལ་འབྲེལ་བ་མེད་པས་ཁ་པར་དུ་གློག་གསོག་ཅིང་། གློག་ཀླད་ཀྱི་ཁ་ཕྱེ་ནས་ཁ་བྱང་ལ་’ས་སྲོད་’ཅེས་པའི་སྒྲུང་ཐུང་འདི་གཏགས་པ་ཡིན།
རང་དབང་གི་ས་སྲོད་ལེགས། ཡང་། ཟུར་བཀོལ་བྱེད་མི་ཡོང་། དགའ་བར་གྱིས་ཤིག
ཁྱོད་ལ་འཕྲད་པའི་དཀའ་ངལ་རང་དབང་གི་སྦྱིན་།
མོ་ལ་འཕྲད་པའི་དཀའ་ངལ་འཚོ་བའི་་སྦྱིན་་།
ཁྱེད་གཉིས་ཀ་ལ་འཕྲད་པའི་དཀའ་ངལ་རང་དབང་གི་ས་སྦྱིན་།
རང་་དབང་ནི་རྒྱལ་སྤྱིའི་ཁྲིམས་་ཀྱི་བསྟན་།
སུ་གཅིག་གི་བཤིགས་མི་ཐུབ་ལ་གཏོར་མི་ཐབ་།
བདེ་མོ་བྱས་ནས་བཞུགས་རོགས་།
བློ་འགྱོད་མ་བྱེད། འདུས་པ་ཐམས་ཅད་འབྲལ་ངེས་ཡིན། བསགས་པ་ཐམས་ཅད་ཟད་ངེས་ཡིན། སྐྱེས་པ་ཐམས་ཅད་འཆི་ངེས་ཡིན། རང་གིས་རང་ལ་སེམས་ཤུགས་བསྐྱེད། ཁྱོད་ཀྱི་ཡུ་བ་དེ་ལ་ཤུ་ནེ་ཞིག་འཐོབ་ངེས་ཡིན།
རྩོམ་ཡིག་འབྲི་བ་པོ་ལུང་པ་གང་ནས་ཡིན་པ་དྷ་ས་ལོ་རྒྱུས་སྨྲ་བ་པོ་ཞིག་གིས་བཤད་པ་ལྟར་ཡི་གེ་ཚིག་བརྗོད་ལས་ཤེས་ཐུབ།
གཡོར་བཞིན། ཇི་ལྟ་བ་བཞིན་མ་གོ
ལས་གྲོགས་ཚོ་ནང་དུ་སླེབས་ཐེངས་རེར། ལ་དྭགས་པའི་སྐད་དུ། ལས་གྲོགས་ཚོ་ནང་དུ་སླེབས་རེས་རེར་ཟེར།
ལུང་པ་རེ་ལ་སྐད་ལུགས་རེ།
བླ་མ་རེ་ལ་ཆོས་ལུགས་རེ། ཞེས་པ་ལྟར་རོ།
སྡོད་ཁང་དུ་གནས་སྤར་ཞིང་། འདི་ཉིད་སྤོས་པའི་དོན་ལ་ཡོད་པས། ཡང་སྐྱར་དགོངས་དགོས།
དགོངས་མོ་ལ་དགོང་མོ་ཟེར་བ་ནི་བོད་ཀྱི་ཡི་གེའི་དག་ཆ་ལ་མ་རྩིས་པའི་སྐྱོན་ནོ།
ངས་འགྲམ་པར། ངའི་འགྲམ་པར་ཞེས་དགོས་པ་ལས་རྗེས་འཇུག་ས་དང་འི་ཡིག་འདྲ་བ་འབོད་པ་ལས་བྱུང་བའི་སྐྱོན་གཞན་མང་པོར་བྱུང་དང་འབྱུང་བཞིན་པ་འདི་ལ་དོགས་གཟོན་དགོས་སོ།
་
མཛུབ་དཀྲིས་ལ་ལ་དྭགས་པས་སོར་གདུབ་ཟེར།
་
བདེ་སྐྱིད་ངོ་མའོ། ཨ་མདོ་དགེ་འདུན་ཆོས་འཕེལ་དང་། ལ་དྭགས་པ་དག་གིས། བདེ་སྐྱིད་དངོས་མའོ། ཟེར་བ་ཡིག་སྐད་མཁས་པའི་ལུགས་དང་མཐུན་ནོ།
ཁོ་བོས་འདི་སྐད་བྲིས་དང་འབྲི་བཞིན་པ་ཡང་ཤེས་ཁུངས་ཀྱིས་མ་ཡིན་གྱི། མཁས་པའི་བྲིས་ལ་བལྟས་པས་ཡིན། ཁོ་བོས་བྲིས་པ་དང་འབྲི་བ་ན་ཡིག་ནོར་ལོས་ཡོད། དེ་དག་བསྟན་ན་བོད་སྐད་མི་ནུབ་པར་ཕན་པས་བོད་སྐད་ལ་ཞབས་ཏོག་ཞུ་བར་ངེས་སོ།
དགོང་ཀ་དང་དགོངས་པ་གཉིས་མ་ནོར་རོགས། ངོ་ཐོག་དང་དངོས་མ་གཉིས་དོན་གཅིག། བོད་སྐད་ཐམས་ཅད་བོད་རྒྱུད་ནང་བསྟན་པའི་བཀའ་དང་བསྟན་བཅོས་ལ་བསྟུན་དགོས་པ་དང་དེ་བཞིན་ཡུལ་ལུང་བྱེ་བྲག་པ་ཞིག་གི་ཁ་སྐད་ལ་བསྟུན་དགོས་ཟེར་བ་ནི་བཙན་པོའི་ཁྲིམས་ཡིག་ཡིན་ན་མ་གཏོགས་ཡོང་ཐབས་མེད། བོད་རྒྱུད་ནང་བསྟན་པའི་བཀའ་དང་བསྟན་བཅོས་དག་ནི་དུས་རབས་བརྒྱད་པའི་རྗེས་ནས་བོད་ལ་དར་ཅིང་དེ་ཡང་རྒྱ་གར་གྱི་བསམ་ཚུལ་མཚོན་བྱེད་ཁོ་ན་ལས་བོད་པའི་བསམ་ཚུལ་མཚོན་པར་བྱེད་མི་ནུས། ཅོ་རི་རྒྱལ་གྱུར་ཅིག
བཅུད་མེད་ཁ་ཟས་ཡིན་ཡང་།།
གྲོད་ཁོག་རྒྱགས་ཙམ་ཡོད་བཞིན།།
བརྗོད་བྱའི་དོན་གྱི་དབེན་ཡང་།།
རྩོམ་ཡིག་སྙན་མོ་བྲིས་འདུག།
དགོངས་མོ་དང་། དགོང་མོ། མཛུབ་དཀྲིས་དང་། སོར་གདུབ། གང་དག་གམ། ལགས།
མཛུབ་དཀྲིས་ཕལ་སྐད་།
སོར་གདུབ་ཞེ་ས་མ་རེད་དམ་།
དགོང་ཀ་དང་དགོངས་པ་གཉིས་མ་ནོར་རོགས། དེ་ལྟར་བྲིས་པས་རིག་པ་འཕེལ་བར་ཕན། བློ་གཟུ་བོར་གནས་པའི་རྟོག་དཔྱོད་ཀྱིས་དགོངས་པ་ཞེས་པའི་མིང་ཚིག་ཇི་ལྟར་བྱུང་བའི་ལོ་རྒྱུས་ཤེས་པར་འབད་གྲོགས།
ཡུལ་ལུང་བྱེ་བྲག་པ་ཞིག་གི་ཁ་སྐད་ལ་བསྟུན་ནས་འབྲི་དགོས་ཟེར་མཁན་ལྐུགས་པ་ཡིན། བཀའ་དང་བསྟན་བཅོས་དག་གི་བརྗོད་བྱ་དེ་དག་རྒྱ་གར་འཕགས་པའི་ཡུལ་གྱི་ལུགས་ཡིན་ཀྱང་། རྗོད་བྱེད་ཀྱི་ཚིག་དེ་རྣམས་བོད་ཀྱི་མ་ཡིན་ཟེར་ན་ཕྱོགས་ལྷུང་ལྐུགས་པའི་གཏམ་མོ།
བཀའ་དང་བསྟན་བཅོས་དང་། བཀའ་བརྟེན་དག་གི་བརྗོད་བྱ་དེ་དག་བོད་ཀྱི་སྐྱེ་བོ་ལ་ཕན་པས། བོད་ཀྱི་མཁས་པ་རྣམས་ཀྱིས་བླངས་ཤིང་དེ་དག་ལ་ཉམས་ལེན་མཛད། དཔེར་ན་འབྲུམ་ནད་འགོག་པའི་རིག་པ་དེ་དང་པོ་ནུབ་གླིང་ནས་དར་ཅིང་ཛམ་གླིང་ཡོངས་ཀྱིས་ཉམས་སུ་བླངས་པས་འཇིག་རྟེན་ན་འབྲུམ་ནད་མེད་པར་སོང་། འདིའི་གོང་དུ། བོད་དུ་བདག་ལ་འབྲུམ་ནད་བྱུང་ཡང་མ་ཤི་བར་ལུས། ངའི་ཤག་མཚེས་པ་ཞིག་དང་ཐོག་སྟེང་ན་བཞུགས་པ་གཉིས་འབྲུམ་ནད་ཀྱིས་འཇིག་རྟེན་ཕ་རོལ་ཏུ་སོང་ངོ་།
སྒྲུང་ནི་སེམས་སྐྱོ་ཡ་འདྲ་ཞིག་འདུག། ཡིན་ན་ཡང་། རྟ་ཕོ་མཉམ་(བྱོན)། (གནའ)་རུས། ཡར་(གསེག)་སོགས། མིང་ཚིག་འདི་ཚོ་དང་། ཁྲེལད་མེད་མ་དེས། ང་དོན་མེད་ས་ཞིག་ནས་སྨྱོ་འི་འཇུག་ལ་ཁད་ཅིག་བྱས་སོང་། རྗེས་ཕྱོགས། བྱི་མོ་དེ་འདྲ་དང་ཡིག་ལྡོམ་འདི་འདྲ་ལ་གཟབ་གཟབ་ཞུ་རོགས། ཧ་ཧ་ཧ།
ལ་དྭགས་རྒད་པོ་འདི་ཡིས་རྟག་པར་གཞན་གྱིས་བྲིས་པར་སྐྱོན་འཛུགས་དང་རང་གིས་བྲིས་པར་ཡིག་ནོར་ཇི་ཙམ་ཡོང་མིན་མནོ་བསམ་མེད་པར་ལྐུགས་པའི་ཨུ་བཙུགས་བྱེད་ཀྱིན་ད་དུང་མི་ལ་ལྐུགས་པའི་ཨུ་བཙུགས་བྱེད་ཀྱི་འདུག་ཟེར་་་་་ངས་ནམ་ཡང་དགོང་མོ་ལ་དགོངས་མོ་དང་འདུག་རོགས་འགྲོ་རོགས་ལ་འདུག་གྲོགས་འགྲོ་གྲོགས་ཞེས་ནམ་ཡང་འབྲི་བར་མི་བྱའོ།
འཁོར་བའི་སྡུག་བསྔལ་གྱིས་ཕོངས་པ།།
བརྩེ་དུང་སྡུག་བསྔལ་གྱིས་དབེན་པ།།
ཕྱི་མའི་བག་ཆགས་རྣམས་བཟང་བ།།
དགོན་གནས་གྲྭ་རྐྱང་གི་བདེ་བ།།
འདྲེ་ཤར་སྐོའི་ཕྱོགས་སུ་གནས་པ་ལ།
གླུད་ནུབ་སྒོར་སྐྱེལ་བ་དོན་རེ་ཆུང་།
་
ཞེས་རྗེ་དགེ་གྲུབ་ཀྱིས་གསུངས་པ་ལྟར་རོ།
འདྲེ་ཤར་ལ་ཡོད་རུང་ནུབ་ལ་ཡོད་རུང་གླུད་གཏོར་གྱིས་གནོད་ཐུབ་པ་ཞིག་བྱུང་ན་དེ་ཀས་འགྲིག་པ་ཡིན། གནོད་ས་ཞིག་ལ་གནོད་པ་དེ་ང་ཡིས་གླུད་མདོས་ཀྱི་གོ་ཆོད་པ་ཡིན།
གྲོགས་མོ་དེའི་མིང་ལ་གཅན་་་་་་ཟེར་རམ།
གུ་གེ་རྒྱལ་རབས་ཀྱི་ཆགས་འཇིག [ཁམས་པའི་བརྙན་འཕྲིན་དྲ་བ།]
http://tb.tibet.cn/2010stzx/stzx2xw/s/201502/t20150202_2244933.htm
འབྲི་དང་གཏགས་ཀྱི་བར་ནས་ཡིག་ནོར་རེ་གཉིས་ཤོར་བར་ཁྱེད་ཡིག་ནོར་བཅོས་མཁན་དག་ལ་གཟོད་གསོལ་ཞུ་བ་དང་། ཞོར་དུ་ཁྱོད་ཚོས་བདག་ཡིག་ནོར་རེ་གཉིས་ལ་དབུགས་རིང་ཤོར་བ་བཞིན། ང་ཡང་ཁྱེད་ཅག་གི་བརྩམས་སྒྲུང་གི་བློ་སྦྱོང་དང་རྒྱུན་ཤེས་ཙམ་ཡང་མེད་པའི་ཐད་ལ་དབུགས་རིང་མི་ཤོར་རང་ཤོར་རེད། དེ་ཙམ་ཡིན། ང་ཚོ་ད་དུང་དྲ་སྟེང་འདི་ནས་མུ་མཐུད་དུ་ཐུག་ངེས། ཧུཧུ
དགོངས་མོ་སྲོད་རུབ་དུས། རྒྱལ་པོས་རང་གི་སོར་གདུབ་དེ། མར་ཕུད་ནས་བཞག་པ་དང་། བཙུན་མོས་ཀྱང་། མོ་རངགི་མཛུབ་དཀྲིས་དེ་མཛུབ་མོ་ནས་ཕུད་ནས། གཟིམ་ཁྲིའི་སྟེང་དུ་མ་ཎི་སོགས་འདོན་བགྱིན་ཆོས་ཀྱི་དོན་ལ་ཐུགས་དགོངས་མཉམ་པར་བཞག་ནས་གཟིམ་པ་འདྲ། ལྟ་བུའོ།།
སིང་དང་ལ་དྭགས་སྦྲལ་སོང་། །གུ་གེ་དམྱལ་ལར་བསྐྱལ་སོང་།
ཡང་།
སྟང་སེང་གཉིས་སྦྲེལ་གྱིས་གུ་གེ་བཅོམ།
ཞེས་དང་།
སྤུ་ཧྲེང་། རྩྭ་ཧྲེང་དང་། རུས་འཐོག་ལྟར་སྡེ་པ་གཞུང་གིས་མངའ་འོག་ཏུ་བཅུག་སྟངས་སྐོར།
་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་
གུ་གེ་རྒྱལ་རབས་ཀྱི་ཆགས་འཇིག [ཁམས་པའི་བརྙན་འཕྲིན་དྲ་བ།]
http://tb.tibet.cn/2010stzx/stzx2xw/s/201502/t20150202_2244933.htm
བོན་པོས་འདིར་མཁོ་སྤྲོད་ལ་བཀའ་དྲིན་ཆེ། ངས་ཀྱང་ཚར་གཅིག་ཉན་ལྟ་བྱས་པ་ཡིན།
ཁྱུང་སེ་མཁའ་ལྡིང་རྣ་བ་གཏོད་ལ་ཉོན།
ང་རྒྱལ་གྱིས་མནན་ཏེ། “ལ་དྭགས་རྒད་པོ་འདི་ཡིས་”ཞེས་སོགས་བྲིས་པ་འོག་ན་གསལ། ལོ་རྒས་ཏེ་བརྒྱད་ཅུ་གྱ་གྲངས་ལ་སླེབས་ཀྱང་། ལུས་སེམས་གཉིས་ཀ་ཁྱོད་ལས་སྟོབས་ཆེ་བ་མེད་ཀྱང་མཉམ་པ་ཡོད། ད་དུང་རྒན་གཡོལ་དུ་མ་ཕྱིན་པར་སློབ་གྲྭ་ཆེན་མོར་སློབ་ལས་བྱེད། ཁ་སང་ལས་གྲོགས་ཞིག་གིས་དངུལ་ཁང་དུ་་འགྲོ་ན་རླངས་འཁོར་ཡོད་ཅེས་པ་ན། ང་ད་ལྟ་འགྲོ་ལོང་མེད། སང་ནངས་རྐང་ཐང་ལ་འགྲོ་ཟེར། དེ་ཡིས་ང་ནི་རྐང་ཐང་ལ་འགྲོ་ཐུབ་པ་མི་འདུག ཁོང་ང་ལས་ལོ་བཅོ་ལྔ་ཉི་ཤུ་གཞོན་པ་ཡིན་ངེས། ཁྱོད་ཀྱིས་ལ་དྭགས་པ་རྒད་པོ་ཞེས་སྨད་ཚིག་སྨྲས་པའི་ལན་ནོ། འོན་ཀྱང་འཆི་བ་མི་རྟག་པ་རྒྱུན་དྲན་དགོས། ཁྱོད་ལ་བློ་གྲོས་ཡོད་ན་མི་རྒན་ངའི་མན་ངག་ཡིན།
་
ཁྱོད་ཀྱི་ཁ་རྒྱགས་པ་ཇི་ཙམ་བཤད་ཀྱང་། དོན་དུ་དགོངས་པ་ཞེས་པའི་མིང་ཚིག་བོད་སྐད་དུ་བྱུང་བའི་ལོ་རྒྱུས་ཤེས་པ་མེད་པ་ཐག་ཆོད། ཇི་སྐད་དུ། སྒྲ་སྒྱུར་མར་པའི་ཞབས་ཀྱིས།
བུ་
ང་རྒྱལ་གྱི་སྒང་བུ་ལ།
ཡོན་ཏན་གྱི་ཆུ་མི་ཆགས།
བྱ་བ་ཡིན།
ཁྱོད་ང་རྒྱལ་ཅན་ལ་མི་དགོས་ཀྱང་། ཁ་བརྡར་ཡོན་ཏན་གྱི་རྩལ་དང་ལྡན་པའི་རྣམ་དཔྱོད་ཅན་དང་ལྷན་དུ་བགྲོ་གླེང་ཕྱིར་དུ་འབྲི་བར་བྱ་སྟེ། བཀའ་འགྱུར་ན། དགོངས་པ་ངེས་པར་འགྲེལ་བའི་མདོ། ཞེས་པ་ཞིག་བཞུགས། དེ་ན་ཆོས་འཁོར་དང་པོར་གཟུགས་དང་། སྒྲ་དང་། དྲི་དང་། རོ་དང་། རེག་བྱ་དང་། ཆོས་རྣམས་བདེན་གྲུབ་ཏུ་ཡོད་པར་གསུངས་ཤིང་། ཆོས་འཁོར་གཉིས་པར་གཟུགས་མེད། སྒྲ་མེད། དྲི་མེད། རོ་མེད། རེག་བྱ་མེད་། ཆོས་རྣམས་བདེན་གྲུབ་ཏུ་མེད་པར་གསུངས་པའི་བཞེད་པ་གསལ་པོ་མེད་པ་ལ་དགོངས་པ་ཞེས་མིང་ཆགས། དེ་ཡང་དགོངས་པའི་སྐད་དོད་སནྡྷི་སྟེ། ཉིན་མོ་དང་མཚན་མོའི་མཚམས་དེ་ལ་ཟེར། དེ་ཉིད་དགོངས་མོ་སྟེ་ཕྱི་དྲོའི་དུས་ལས་མ་འདས། དོན་དག་འདི་ལ་དགོངས་ནས། དག་ཡིག་ཟ་མ་ཏོག་དང་། ངག་གི་སྒྲོན་མར་བོད་ཀྱི་ཡི་གེ་དག་ཆ་གལ་ཆེ་རིགས་བསྡུས་ནས་ཡོད་པ་འདི་ལྟར།
དགོངས་པ་དང་ནི་ཕྱི་དྲོའི་དགོངས་། ཞེས་དང་། དགྲ་བཅོམ་དགོངས་དགྲོལ་ཡི་གེར་དགོད། ཅེས་དང་། དགོངས་མོ་ཟོང་དགྲམ་མེ་ཏོག་དགྲམ། ཞེས་སོགས་བོད་ཀྱི་མཁས་པ་རྣམས་ཀྱིས་གསུངས་པ་ཡོད་ཀྱང་། ངའོ་སྙམ་པ་འགའ་ཞིག་གིས་ཁོ་བོས་བྲིས་པ་ལྟ་ཅི་སྨྲོས། བོད་ཀྱི་མཁས་པའི་གསུང་ལ་ཡང་བརྩི་གུས་མེད། གོང་གསལ་དག་ཡིག་ཟུང་ནི
ཉི་ཟླ་ལྟར་ཚད་ལྡན་དུ་གྲགས་པའི་དག་ཡིག་སྟེ། བསྟན་དར་ལྷ་རམས་པས།
་
དག་ཡིག་མང་ཡང་ངག་གི་སྒྲོན་མ་དང་།
ཟ་མ་ཏོག་དང་དཔེ་ཟླར་འོས་པ་དཀོན།།
་
བློ་གཟུ་བོར་གནས་པའི་རྟོག་དཔྱོད་ཀྱིས་དགོངས་པ་ཞེས་པའི་མིང་ཚིག་ཇི་ལྟར་བྱུང་བའི་ལོ་རྒྱུས་ཤེས་པར་འབད་གྲོགས།
་
ལ་དྭགས་རྒད་པོ་འདི་ཡིས་རྟག་པར་གཞན་གྱིས་བྲིས་པར་སྐྱོན་འཛུགས་དང་རང་གིས་བྲིས་པར་ཡིག་ནོར་ཇི་ཙམ་ཡོང་མིན་མནོ་བསམ་མེད་པར་ལྐུགས་པའི་ཨུ་བཙུགས་བྱེད་ཀྱིན་ད་དུང་མི་ལ་ལྐུགས་པའི་ཨུ་བཙུགས་བྱེད་ཀྱི་འདུག་ཟེར་་་་་ངས་ནམ་ཡང་དགོང་མོ་ལ་དགོངས་མོ་དང་འདུག་རོགས་འགྲོ་རོགས་ལ་འདུག་གྲོགས་འགྲོ་གྲོགས་ཞེས་ནམ་ཡང་འབྲི་བར་མི་བྱའོ།
རྟ་རྐང་ཆག་ལ་བཞོན་པའི་ལོབས་སམ་བག་ཆགས་ཡོད་པས་རྟ་རྐང་ལག་ཚང་བར་བཞོན་མི་ནུས་པ་དང་འདྲའོ། རོགས། ཞེས་པ་གང་ལས་བྱུང་། འདི་ལ་ཡང་སྒྲ་འགྱུར་ཚུལ་གྱི་རིག་པས་དབེན་ཅིང་། ཁྱོག་ནས་བཤད་པ་ལ་ཁོ་བོའི་བློ་གྲོས་དང་། བཟོད་སྒོམ་ལྷག་པར་དུ་འཕེལ་བ་ཤེས་པར་གྱིས་ཤིག ཅེས་སོ།
་
བདག་གི་བྲིས་དག་ལ་འཐད་ལྡན་ཞུས་དག་ལ་བཀའ་དྲིན་ཆེ་ཞུའོ།
དག་ཡིག་ཟ་མ་ཏོག་དང་ངག་སྒྲོན་གཉིས་ལ་གསོལ་བ་སྨོན་ལམ་ཐོབ་ལ་བསྡོད་་་་ད་ལ་དྭགས་པའི་ཁ་སྐད་དེ་ཚོ་འདིར་ཨུ་ཚུགས་མ་བྱེད་རོགས་ངེས་པར་དུ་དགོས་ན་ལ་དྭགས་ཀྱི་དྲ་རྒྱ་དེ་ཚོའི་ནང་དུ་བྲིས་རྩོད་མེད་ལ་རྩོད་པ་བྱེད་འདོད་མེད། ཁྱོད་ཀྱིས་རྟག་པར་ང་ལོ་རྒས་རབས་དང་སློབ་ཁྲིད་བྱེད་རབས་ཨ་རིའི་མཐོ་སློབ་དུ་ཕྱིན་རབས་དེ་ཚོའི་བྱེད་ཡུས་ངེད་ཚོར་དགོས་པ་མེད། དེང་སང་བོད་མིན་བོད་དུ་བརྫུས་ནས་ཁ་བརྡའི་ནང་དུ་འཛུལ་ནས་འདྲ་མིན་ཤོད་བསྡད་པ་འདི་ལ་དགའ་བོ་མེད་དོ།
ཁ་བརྡ་དྲ་བ་འདིར་ལྷག་བསམ་དང་རྣམ་དཔྱོད་ཕུལ་ཏུ་བྱུང་བ་རྒན་ལ་དྭགས་འཇམ་དཔལ་དང་། ཀླུ་སྨྱོན་ཧེ་རུ་ཀ རྫ་རྒྱུད་མཁན་ཆེན་དང་། མཁན་ཆེན་བླ་མ་ལ་སྐྱོན་བརྗོད་པ་ནི་སྒེར་འཁོན་སོ་སོའི་ཀླད་པའི་ནད་སྐྱོན་ལས་གཞན་དུ་མཐོང་ངོ་། ཁྱད་པར་རྒན་ལ་དྭགས་ཀྱིས་རྒྱལ་བའི་བཀའ་བསྟན་འགྱུར་གཞིར་བཞག་ནས་དྲ་ཐོག་ནས་མཛུབ་ཚུགས་ཀྱིས་ཡིག་ནོར་བཅོས་པ་སྙིང་ནས་བཀའ་དྲིན་ཆེ། ངོས་ལ་ཕན་ཐོག་ཆེན་པོ་བྱུང་བས་བཀའ་དྲིན་ཆེ་ཞུ། གཙོ་བོ་རྒན་མཆོག་གིས་སྐུ་གཟུགས་ལ་འཕྲོད་བརྟན་གནང་རོགས། xxx ཐུགས་སྐབས་ན་མུ་འཐུད་དུ་ལམ་སྟོན་གནང་བར་མཁྱེན་མཁྱེན།།
ཁྱུང་སེ་ཟེར་བ་འདིས། བོད་ཡིག་འབྲི་བཞིན། རིགས་དབྱེ་འབྱེད་ཀྱི་ལམ་ནས། རྒན་ལ་གུས་ཞབས་མེད་པར། བོད་ཡིག་མཁྱེན་མཁན་གྱི་རྒན་ལ་དྭགས་པ་ཚང་ལྟ་བུ་ལ། དོན་མེད་ཁྱད་གསོད་གཏོང་ཁུལ་བྱས་བ་ནི། ང་ཚོའི་ཡུལ་གྲོང་ནས། མྱི་འདི་ཅན་པོ་ལ། ཨ་མ་མི་པས་མྱི་ངོ་མི་ཤེས་མཁན། ཐབ་ཀ་མིན་པས་ས་ངོ་མི་ཟིན་མཁན་ཟེར། གོང་ལ་མ་གུས་ན། མི་ཡག་པོ་ཞིག་ལ་མི་རྩི། ཤི་དུས་དམྱལ་བར་ལྷུང་རབས་ཀྱི་ཁ་རྒྱུད་ཀྱང་པོ་ཡོད། ད་ཁྱོད་མི་སྐྲག་གམ། ཧ་ཧ་ཧ།
འདི་འདྲ་ཞིག་ཀློག་རྒྱུ་མ་རེག་ཡུན་རིང་ཕྱིན་སོང་།དངོས་ནས་ཡག་བྱུང་།
ཁྱུང་སེ་ལགས།
ཁ་བརྡར་དགག་སྒྲུབ་བྱ་ཡ་ཐོབ་ཐང་ཚང་མ་ལ་ཡོད་པ་ལས། ཚིག་རྩུབ་དམའ་འབེབས་བྱ་ཡ་ཐོབ་ཐང་སུ་ལ་ཡང་ཡོད་མ་རེད་དོ།།
རི་བོང་ལ་གནམ་རྡིབ་པའི་སྡུག་བསྔལ།