སྤོབས་པ་མཐའ་ཡས།
ཨི་ཟི་ལམ་གྱི་དྲག་སྤྱོད་པས་རྗོར་ཌན་གྱི་ཕོ་ལོ་ཉེར་དྲུག་ལ་སོན་པའི་གནམ་དམག་འཐབ་གྲུའི་ཁ་ལོ་པ་མ་ཟ་ཨལ་ཁ་ས་བྷེ་Maaz al-Kassasbeh ཟེར་བ་ཞིག་གསོན་བསྲེགས་བྱས་པའི་པའི་བརྙན་ཐུང་སྐར་མ་ཉེར་གཉིས་ཀྱི་རིང་ཚད་ཅན་ཞིག་སྤེལ་འདུག མི་དེ་འདས་ལོའི་ཟླ་བཅུ་གཉིས་པར་སེ་རི་ཡའི་ཡུལ་དུ་གནམ་གྲུ་བརྡབ་སྐྱོན་བྱུང་སྐབས་ཨི་ཟི་ལམ་དྲག་སྤྱོད་པ་ཚོའི་ལག་ཏུ་ཚུད། ཉེ་ཆར་ཨི་ཟི་ལམ་རྒྱལ་ཁབ་ཏུ་འབོད་པའི་དྲག་སྤྱོད་ཚོགས་པས་༢༠༠༥ ལོར་རྗོར་ཌན་དུ་རང་སྲོག་རྩིས་མེད་ཀྱིས་འབར་རྫས་གཏོར་བའི་ནག་ཉེས་ཀྱི་འོག་ཏུ་བཙོན་འཇུག་བྱས་པའི་བུད་མེད་ Sajida al-Rishawi དེ་དང་བཙོན་པ་བརྗེ་ལེན་བྱ་རྒྱུའི་སྐད་ཆ་བྱུང་ཡང་དོན་ཐོག་ཏུ་མ་འཁྱོལ་ནས་ལུས་ཡོད་སྐབས་སུ་གསོན་བསྲེག་བྱས་ཚུལ་གྱི་བརྙན་རིས་ཁྱབ་བསྒྲགས་བྱས། དེ་ཡང་གནམ་གྲུའི་ཁ་ལོ་པ་མ་ཟ་ཨལ་ཁ་ས་བྷེ་ Maaz al-Kassasbeh ཁོང་གྱོན་ཆས་དམར་སེར་གྱོན་བཅུག་ནས་ལྕགས་དྲའི་ནང་དུ་བཙུད་ཅིང་གཏེར་སྣུམ་བླུགས་ནས་མེ་སྦར་ཡོད་འདུག
དེ་མ་ཐག་ཏུ་རྗོར་ཌན་གཞུང་གིས་འཁོན་ལན་སློག་པའི་ཚུལ་དུ་༢༠༠༥ ལོར་རྗོར་ཌན་དུ་རང་སྲོག་རྩིས་མེད་ཀྱིས་འབར་རྫས་གཏོར་བའི་ནག་ཉེས་ཀྱི་འོག་ཏུ་བཙོན་འཇུག་བྱས་པའི་བུད་མེད་ Sajida al-Rishawi ཆུ་ཚོད་རེ་ཟུང་གི་ནང་ཚུད་དུ་བསད་ཅིང་། ད་དུང་ཨལ་ཁ་རྡའི་ཚོགས་མི་ལྔ་སྲོག་ཐོག་ཏུ་གཏང་རྒྱུའི་ཐག་གཅོད་དང་། ད་དུང་རིམ་པ་བཞིན་དུ་ཨི་ཟི་ལམ་དྲག་སྤྱོད་པའི་ཚོགས་མི་བཙོན་འཇུག་བྱས་ཡོད་པ་མང་པོ་ཞིག་སྲོག་ཐོག་ཏུ་གཏང་རྒྱུ་ཡིན་ཚུལ་བརྗོད་འདུག དེ་ལྟར་ཕན་ཚུན་བར་ལ་འཁོན་འཛིན་ཇེ་ཆེར་གཏོང་ཞིང་ར་བསད་ན་ལུག་འདར་བ་བཟོ་རྒྱུའི་འཇིགས་ཟིལ་ངོམ་རེས་བྱེད་ཀྱིན་འདུག
རྐྱེན་ངན་དེ་བྱུང་འཕྲལ་དུ་རྗོར་ཌན་གྱི་རྒྱལ་པོ་ཨབ་རྡུ་ལས། ལས་སྟངས་དེ་ནི་“སྡར་མའི་འཇིགས་སྐུལ་”བྱེད་སྟངས་རེད་ཅེས་བརྗོད།
ཨ་མེ་རི་ཁའི་སྲིད་འཛིན་ཨོ་བྷ་མས། ལས་སྟངས་དེ་ནི་“གདུག་རྩུབ་རང་བཞིན་”དང་“ཀླ་ཀློའི་སྤྱོད་ཚུལ”རེད་ཅེས་བརྗོད།
ཉི་ཧོང་གི་གཙོ་འཛིན་ཤིང་བཟོ་ཨ་པད་ཀྱིས། བྱེད་སྟངས་དེ་ནི་“གུ་ཡངས་སུ་གཏང་ཐབས་མེད་པ་”ཞིག་རེད་ཅེས་བརྗོད།
བྷི་རི་ཁྲིན་གྱིས་སྲིད་གཙོ་ཁེམ་རོན་གྱིས། “ལག་དམར་བ་སྐྱུག་བྲོ་བ་དེ་ཚོས་ཁོ་རང་ཚོ་ཕམ་ཉེས་སུ་གཏོང་བཞིན་པ་དང་ང་ཚོའི་སྟོབས་ཤུགས་རྒྱ་སྐྱེད་ཀྱིན་ཡོད་པ་རེད་”ཅེས་བརྗོད།
གསོད་ཀྱང་གཏུབ་ཀྱང་བགྱིས་ཕོ་ཁྱོ་ག་རེད་།
བུ་དཔའ་བོ་རེད་།
སྟག་ཤར་པ་རེད་།
ཁ་ཆེ་ནང་འཁྲུགས་རྒྱབ་ནས་ཁ་ཆེའི་ཆོས་ལུགས་མེད་པ་བཟོ་རོ་བཅུག་།
ང་ཚོས་མིག་གིས་མཐོང་དང་མ་མཐོང་རེད་མ་གཏོགས་ཨ་རི་དང་ནུབ་ཕྱོགས་པའི་དམག་མི་ཚོས་ཨབ་གྷན་དང་ཨི་རག་ནང་དེ་བཞིན་བྱས་པའི་སྐད་ཆ་ཡོད་པར་མ་ཟད་གློག་བརྙན་ཐུང་ངུ་གསང་ཐབས་ཀྱིས་བརྒྱབ་པ་ཡང་མཐོང་རྒྱུ་འདུག
རྨོངས་པ་དེ་ཚོ་སྙིང་མ་གཅེས་སམ།
གསོད་སྟངས་མི་འདྲ་བ་མ་རྟོགས་རྒྱ་མིའི་བོད་མི་ས་གཉིས་གསད ་པ་མ་རེད་དམ་།
དེ་དུས་ད་ལྟ་ནང་བཞིན་པར་ལེན་མཁན་མེད་པ་མ་རྟོགས ་བསད་པ་གཅིག་མིན་པ་ཡིན་ནམ་།
འགོ་འཁྲིད་མཁན་ཚོའི་ཕྱོགས་གཏོགས་འགོ་འདྲེན་་བྱས་དྲག་པའི་སྐྱོན་རེད་
བོད་པའི་སྤྱི་ཚོགས་ནང་དེ་འདྲ་མི་ཡོང་བའི་སྨོན་ལམ་་རྒྱོབ་།
མི་སྤྱོད་ལས་འདས་བའི་བྱེད་ལས་འདི་ཚོའི་སྐོར་ལ་ནི་གོ་འདོད་དང་ལྟ་འདོད་ཀྱི་ཡིད་ཀ་མི་འདུག་རུང་། ཞི་བདེ་མ་འདེམས་པར་དྲག་པོའི་ལམ་ལ་བུད་ན་འདི་འདྲ་ཞིག་ལོས་ཡིན།
༧གོང་ས་མཆོག་མ་བཞུགས་པའི་ཕར་ནང་ན། དགྱ་བོད་ཀྱི་བར་ལ་ཡང་འདི་འདྲ་བྱུང་མི་སྲིད་པ་ཞིག་མ་རེད། དགྱ་བོད་ཀྱི་བར་འཁོན་ནི་འདི་འདྲ་ལྟར་ཡོང་ཆོག་པ་ཞིག་ཡིན་ཡང་། ངས་ནི་སྤུན་ཟླ་ནང་འཁོན་མི་ཡོང་བའི་སྨོན་ལམ་ཡང་ཡང་འདེབས་བཞིན་ཡོད། དེ་མིན། ཁ་ལ་ཟས་མེད། རྒྱབ་ལ་གོས་མེད། རང་ལ་དབང་མེད། རོགས་ལ་སྐྱིད་མེད་དུས། མགོ་སྒུར་རུང་སྡུག། མགོ་བཀྱོགས་རུང་སྡུག་ཡིན་དུས། དགྲ་ཤ་རེ་ལངས་ནས་འགྲོ་ཐུབ་ན་ཡང་། སྐྱིད་པོ་ཞིག་ལོས་ཡིན་འདོད་ཀི།
སྤོབས་པ་མཐའ་ཡས་ལགས་གསལ་བཤད་གནང་བ་བཀའ་དྲིན་ཆེ་ རྐྱེན་ངན་དེའི་བར་ནས་ཉི་ཧོང་གི་མི་དེ་གཉིས་ད་ཆ་གསོན་པོ་ལྷག་ཡོད་ནམ་།་
འདང་རེ་བརྒྱབ་ན། མེ་ལ་གསོན་སྲེག་བྱེད་པ་དེ་ཆེས་སྡུག་རྩུབ་ཆེ་ཞིང་བཟོད་གླགས་བྲལ་བའི་མནར་གཅོད་ཅིག་རེད། ངས་ནི། ཇི་ལྟར་བསམ་བློ་བཏང་ཡང་རང་ཉིད་མེ་ལ་གསོན་སྲེག་བྱེད་པའི་བློ་ཁོག་ཅི་འདྲ་ཞིག་བྱས་ཏེ་སྐྱེ་ཨང་སྙམ་གི། དེ་བཞིན་དུ་ཁྱོད་ཚོ་ལའང་དེ་འདྲ་ཡིན་རྒྱུ་རེད་བ། འོན་ཀྱང་། དམར་གཞུང་གི་གཡོན་ཐལ་ཆེ་བའི་བྱ་སྤྱོད་དེས། སྤུན་ཟླ་བརྒྱ་དང་སུམ་ཅུ་ལྷག་ཅིག་མེ་ལ་གསོན་བསྲེགས་བྱེད་བཅུག་པ་རེད། ཉེ་སྔོན་རྒྱ་མི་རང་བསྲེགས་མཁན་རེ་ཟུང་བྱུང་བའང་། ཤུགས་རྐྱེན་ནམ་མིག་དཔེ་དེ་ལ་བརྟེན་ནས་བྱུང་གིན་པའི་བཟོ་ལྟ་ཞིག་ཏུ་སྣང་ལ། ད་ལྟའི་དྲག་སྤྱོད་པས། བཙན་སྲེག་དེ་ཡང་ཤུགས་རྐྱེན་དེ་འདྲ་ཞིག་གིས་དྲན་སྐུལ་དང་མིག་དཔེ་བྱས་པ་ཨེ་ཡིན་སྙམ་ཆོག་པ་ཞིག་རེད། གང་ལྟར། འཆར་སྣང་ཚང་མ་བཤད་བསྡད་ན་འདྲ་མི་འདྲ་བཤད་ཡ་ཡོང་གི
སྤོབས་པ་མཐའ་ཡས་བློ་ལྡན་ཞིག་ཏུ་ངོས་འཛིན།
རྗེས་ས་དང་འི་ཡིག་གཅིག་པར་ཀློག་པའི་སྐྱོན་ལས་འཕྲོས་ཏེ། མང་པོ་ཞིག་འབྲི་དགོས་པ་བྱུང་བ་དགོངས་དག
་
ངས་ནི་ཛམ་གླིང་གི་སློབ་མ་བོད་ཆོས་སྐད་ལ་སློབ་གཉེར་བྱེད་པ་དག་ལ། ཀྱིས་དང་། གིས་དང་། གྱིས་དང་། ས། ཡིས་རྣམས་སྦྱོར་ཚུལ་ཁ་སང་བསླབས་པ་འདི་ལྟར། སྐད་རིགས་གང་ཡིན་གྱི་བྱ་ཚིག་ལ་ཡུལ་ཡོད་པ་དང་། ཡུལ་མེད་པ་གཉིས་སུ་ཡོད་པར་མཐོང་། དེ་བཞིན་བོད་སྐད་ལ་ཡང་ཡོད། ཡུལ་ཡོད་བྱ་ཚིག་གི་བྱེད་པ་པོར་ཀྱིས་དང་། གིས་དང་། གྱིས་དང་། ས། ཡིས་རྣམས་སྦྱར་བར་བྱ། རྗེས་འཇུག་འ་དང་། དབྱངས་མཐའ་ཅན་ལ། ས་དང་ཡིས་གང་རུང་སྦྱར། དཔེར་ན། ཀུན་དགས་ཇ་ཞིམ་པོ་འཐུང་། ཡང་ན། ཀུན་དགའ་ཡིས་ཇ་ཞིམ་པོ་འཐུང་། སྒྲོལ་མས་ཇ་ཞིམ་པོ་འཐུང་། ཡང་ན། སྒྲོལ་མ་ཡིས་ཇ་ཞིམ་པོ་འཐུང་། མིས་ཇ་ཞིམ་པོ་འཐུང་། མི་ཡིས་ཇ་ཞིམ་པོ་འཐུང་། ནོར་བུས་ཇ་ཞིམ་པོ་འཐུང་། ནོར་བུ་ཡིསས་ཇ་ཞིམ་པོ་འཐུང་། ཞེས་སོགས་ཡིན། ཡུལ་མེད་བྱ་ཚིག་ལ་ཀྱིས་སོགས་མེད། ཀུན་དགའ་འདི་ན་ཡོད། ཁོ་གཉིད་ལོག། སོགས་སོ།
་
གསོད་སྟངས་མི་འདྲ་བ་མ་གཏོགས་རྒྱ་མི་གུང་ཁྲན་གྱིས་བོད་མི་ས་ཡ་གཉིས་བསད ་པ་མ་རེད་དམ་། ཞེས་པ་ལས། རྒྱ་མི་ཡིན་ཚད་ག་ལ་ཡིན། རྒྱ་མི་བོད་ལ་དགའ་མཁན་དང་། བོད་ཀྱི་ལུགས་སྲོལ་འཛིན་པ་པོ་ཡང་མང་དུ་ཡོད་པ་མངོན་གསལ་ཡིན། དེ་བཞིན་དུ། མུ་སུལ་མན་ཡིན་ཚད་ཁ་ཆེ་མ་ཡིན། ལ་དྭགས་དང་། བོད་དབུས་གཙང་དུ་ཁ་ཆེ་ཡུལ་ནས་འོངས་པའི་མུ་སུལ་མན་དེ་དག་ལ་ཁ་ཆེ་ཞེས་མིང་ཆགས་པས། མུ་སུལ་མན་ཡིན་ཚད་ཁ་ཆེ་ཡིན་པ་ག་ལ་དགོས། བོད་དུ་ཕེབས་པའི་པཎ་ཆེ་ཤཱ་ཀྱ་ཤྲཱི་ཡང་ཁ་ཆེ་ཡིན། ཁོང་བོད་དུ་ལོ་མང་བཞུགས་ཏེ། ཐ་མར་ཁ་ཆེ་རང་གི་ལུང་པར་ལོག་ཕེབས་པ་ཐོས།
ས་ཡ་གཉིས་མིན་པར། རྒྱ་གཞུང་དམར་ལུགས་ཀྱིས་དམར་གསོད་དང་སྡུག་ཤི་འོག་ལ་བོད་རིགས་ས་ཡ་གཅིག་དང་གྲངས་ཆུང་གཉིས་ཟིན་པའི་ཟིན་ཐོར་འཁོད་ཡོད་རེད།
ས་ཡ་གཅིག་དང་གྲངས་ཆུང་གཉིས་ཡིན་ན་དེ་སྔོན་ཡིག་ཆ་མང་པོའི་ནང་ས་ཡ་
གཉིས་འཁོད་པ་དེ་ནོར་བ་ལ་ངོས་འཛིན་ཞུ་དགོས་་པ་རེད་དམ་ཡང་ན་དབུ་མའི་
ལམ་གྱི་།གུ་་ཡང་་བཏང་བ་རེད་ག་འདྲ་རེད་གསལ་བཤད་གནང་རོགས་་།