གྲོགས་པོ་ཚོར་ཞུ་རྒྱུར། ཕ་ཡུལ་ཡུན་ནན་བདེ་ཆེན་ས་ཁུལ་ནས་ཡིན་པའི་བོད་རིགས་གློག་ཀླད་མཁས་པ་སྐུ་ཞབས་བཀྲ་ཤིས་ཚེ་རིང་ལགས་ཀྱིས། བོད་ཡིག་གི་ཡིག་གཟུགས་གསར་པ་བཞི་བཟོས་ནས་པེ་ཅིང་བོད་རིག་པ་ཟེར་བའི་དྲ་རྒྱའི་ཐོག་ནས་རིན་མེད་ལ་ལེན་ཐུབ་ཀྱི་འདུག
ཡིག་གཟུགས་དེ་དག་unicode ཟེར་བའི་གཅིག་འགྱུར་གྱི་ཨང་རྟགས་ལ་བརྟེན་ནས་བཟོས་པ་དང་། དེ་ཚོའི་ནང་འབྲུ་ཚ་དང་། ཚུགས་མ་ཁྱུག དེ་བཞིན་ཨུ་ཆེན་དང་དཔེ་ཚུགས་སོགས་འདུག
སྐུ་ཞབས་བཀྲིས་ཚེ་རིང་མཆོག་ནི་ཨ་རིའི་ནང་ཡོད་པའི་ཀུན་ཕན་ཐེབས་རྩ་ཚོགས་པས་སྦྱིན་བདག་བགྱིས་ནས་ལོ་གཉིས་ཀྱི་རིང་ཨ་རིའི་སློབ་གྲ་ཆེན་མོ་སྟེ་ཝ་ཇི་ནི་ཡའི་སློབ་གྲྭ་ཆེན་མོ། (University of Virginia)ལ་གློག་ཀླད་ཤེས་རྩལ་གྱི་ཞིབ་འཇུག་སློབ་མའི་ལག་ཁྱེར་ཐོབ་པ་དང་། ཁོང་གིས་བོད་ཡིག་གི་སྐོར་ལ་གློག་ཀླད་ཐོག་ཐབས་ཤེས་གསར་པ་དང་འཕྲུལ་ཆས་གསར་པ་མི་ཉུང་བ་ཞིག་བཟོས་ཡོད། ཁོང་ནི་དེ་སྔོན་མེ་ཁོར་སོབ་ཀྲི་ཟེར་བའི་ཚོང་ཤག་ ༼Microsoft ༽དེས་གདན་འདྲེན་ཞུས་ནས་ཧི་མ་ལ་ཡའི་ཡིག་གཟུགས་བཟོ་རྒྱུར་བློ་འདྲི་ཡུལ་གྱི་མི་སྣར་གཙོ་བོར་འགྱུར་ཡོད།
ཁྱེད་ཀྱིས་གཤམ་གསལ་གྱི་དྲ་རྒྱར་ཕེབས་ནས་དྲ་ཤོག་དེའི་ཞོགས་གཡས་ངོས་སུ། “སྤྱི་བསྒྲགས།”ཅེས་བཀོད་ཡོད་པའི་འོག་གི་ཡིག་འཕྲེང་དེར་དྲ་སྨྱུག་བཙུགས་ན་དེ་ནས་ཡིག་གཟུགས་དེ་དབབ་ཐུག་ཀྱི་འདུག་གོ།
http://219.239.12.27/index.aspx
གྲོགས་པོ་ཚོ་བཀྲ་ཤིས་བདེ་ལེགས།
ཁྱོས་ཡིག་གཟུགས་དེ་འཕབ་སྟངས་ཟིག་བཤད་ན་མི་བ། ངས་དེ་འཕབ་རྩིས་ཡེད་དུས་ར་རེ་ཟེར་རྒྱུའི་སུན་སྐྱིད་དེ་འཕབ་དགོས་ལུགས་ཟིག་ཡོང་ངས་མ་བ་ཐ།
གྲོགས་པོ་ལགས་ཀྱིས། བོད་ཡིག་དེ་དྲ་སྟེང་ནས་མར་ལེན་ཚུལ་གསལ་བོ་ཞིག་གསུང་རོགས། ངས་དེ་རིང་ཐེངས་ཁ་ཤས་ལ་ཚོད་ལྟ་བྱས་མོད། མར་ཕབས་ཐུབ་ཀྱི་མི་འདུག དེས་ན་རོགས་པ་ཞིག་གནང་རོགས་ཞུ་བ་ཡིན།
Dear Editor la,
Thanks for the Tibetan web. like this. I want to know, how to write and give the coment in Tibetan through this web. Thanks for once again.
Ogyen Nyima.