རྣམ་གྲོལ་གླིང་། དགའ་དགའ།
གྲོང་ཁྱེར་ནང་གི་མགྲོན་ཁང་དཀར་པོ་ནང
མཚན་མོ་ཞིག་ལ་ང་རང་ཁེར་རྐྱང་ངང་གནས་ཡོད
འོན་ཀྱང་ཁང་རྒྱབ་ནས་ཕོ་མོ་ཚོའི་ཆགས་སྐད་རེ་ཐོས་སྐབས
རང་ཚུགས་མི་ཐུབ་པའི་ང
སྒེའུ་ཁུང་ནས་ཕྱི་རོལ་དུ་མིག་ཟུང་ཅེར
རྒྱ་ལམ་གཡས་གཡོན་ཟུར་གྱི་གློག་འོད་འོག
སེམས་པ་རྒྱ་ཡན་པའི་འདུ་ཚོགས་ཁྲོད
ཆང་འཐུང་མཁན་གྱི་སྙན་ངག་པ་དང
འུར་རྒྱག་མཁན་ཚོས རྒྱ་ལམ་དེ་གང་འདུག
ད་དུང་ཞབས་བྲོ་ཁང་ལ་འུར་ཟིང་གིས་ཁེངས
ངས་ཀྱང་ཨ་རག་ཤེལ་དམ་ཞིག་ལག་ཏུ་བླང་སྟེ
ཧུབ་དོ་བཏུང་ནས་ཕྱི་ཡི་མི་ཚོགས་ཁྲོད་སྐྱོད་ཀྱིན
ཐ་མ་རྐང་གཅིག་ལ་མེ་སྒྲོན་ནས་རྔུབ་འཐེན་བྱེད
ནམ་མཁའི་སྐར་ཚོགས་ཀྱི་འོད
གློག་འོད་དེས་ས་གཞིར་བཅོམ
མུན་པ་ཡོད་ཚད་སྣང་བར་གྱུར
རེད་དེ
ངས་ཨ་རག་ཚོད་མེད་བཏུང་ནས་ཀྱང
རང་གི་ངོ་གདོང་དང ཚོར་སྣང་ཡོད་ཚད
བདག་གི་ཡིན་པར་ཚོར
ཡིན་ནའང་ད་དུང་མགོ་བོ་ཨ་དམ་ལ་གླན་ནས
མིག་ཆུ་ཐིགས་པ་གཅིག
ཨ་རག་ཕོར་པ་གང་དང་འདྲེས་སོང
ཁ་ནས་སྨྲེང་གླུ་ཞིག་ལེན་ཞོར
ཕ་མེས་ཚོའི་སྐད་ཆ་ཞིག་དྲན་ནས
སེམས་པ་སྐྱོ་བས་གཟིར དེ་ནི
“རང་གི་ཚེ་སྲོག་གཞན་འོག་ཏུ་འཇུག་མི་རུང་”
ངས་ནམ་ཡང་བརྗེད་ཀྱི་མེད་པ་ནི་སྐད་ཆ་དེ་རེད སྐད་ཆ
འོ་་་་་རྣམ་གྲོལ་གླིང་ལའང་ཆང་དང་ཐ་མ་འཐུང་མཁན་རེ་འདུག་ཀ་་་་ཆང་དང་ཐ་མ་ལ་རོལ་ན་བུད་མེད་ལྟ་ཅི་་
རྣམ་གྲོལ་གླིང་གི་ནང་ཆང་དང་ཐ་མ་ཁ་མཐུང་མཁན་དང་བུ་མེད་ལ་དགའ་བའི་རིག་མང་པོ་ཡོད་པ་གོ་མཐོས་བྱུང་དངོས་ནས་ཡིན་པ་འདྲ་ད་དུང་ཁོ་ཚོས་བཤད་ཡས་ལ་གུ་རུ་རིན་པོ་ཆེ་ཡི་རྗེས་འཇུགས་ཡིན་ཟེར་བ་རེད་
དྲྭ་འབུ་ཀླད་མེད་གཉིས་ཀྱིས་མཆན་བཏབ་འདུག ངས་ཁྱོད་གཉིས་ལན་དུ་”ཧཧཧཧཧཧཧ” དེ་ཡིན།