འཇམ་གཅེས།
བླ་སྤྲུལ་མཚན་འཛིན་འབྱོར་མེད་གྲྭ་རྐྱང་ཁྱེད་གསོན་དང་།།
གཞོན་ནུ་ཉིད་ནས་དབུ་ལོ་དཀར་པོ་ཡི་བར་དུ།།
ཕྱག་ན་པདྨོའི་དབུ་འོག་དཔུང་འདེགས་དེ་ཞུས་དུས།།
ཐུགས་སེམས་སྤྲོ་པོ་འདུག་གམ་ཟམ་གདོང་གི་པཎ་ཆེན།།
ནག་པོ་རྒྱ་དང་ཆེན་པོ་ཧོར་སོགས་ཀྱི་ཡུལ་ནས།།
ཆེན་པོའི་མིང་དང་ཞྭ་མོ་ཆོ་ལོ་སོགས་མེད་རུང་།།
བསྟན་སྲིད་མཛད་བཟང་རྒྱལ་བའི་མཆོད་སྤྲིན་དུ་བཤམས་དུས།།
སྤོབས་པ་འདུག་གམ་མང་ཐོས་འདུལ་འཛིན་གྱི་བླ་མ།།
ཆོས་སྒོར་ཞུགས་རྗེས་ཆབ་སྲིད་ཁོར་ཡུག་ནང་ཚུད་རུང་།།
དྲང་བདེན་འཚེ་མེད་ལྟ་གྲུབ་གཞི་རྩ་རུ་བཟུང་སྟེ།།
བདེན་པའི་གསུང་དབྱངས་དབྱར་རྔའི་སྒྲ་སྐད་ལ་འགྲན་དུས།།
ཐུགས་ཡིད་ཚིམ་མམ་པཎ་ཆེན་ཟམ་གདོང་པའི་མཚན་འཛིན།།
མི་རིགས་འདི་ཡི་ཚེ་སྲོག་སྐད་ཡིག་དང་རིག་གནས།།
ཡོད་ཚད་ནུབ་ལ་གཉེར་དུས་བོད་རིགས་ཀྱི་གཞོན་ནུ།།
ཁྲི་འབུམ་མང་པོར་ཤེས་རབ་བློ་མིག་དེ་སྩོལ་དུས།།
ཁ་ཕོར་དོན་གཉེར་མཁན་ཚོའི་ངུ་འབོད་ལ་ཨེ་སྐྱོ།།
སྲིད་ལ་ཞུགས་ཀྱང་འདུལ་ཁྲིམས་གཅེས་སྲོག་ལྟར་སྐྱོང་བཞིན།།
ལུགས་ཟུང་གསེར་གྱི་འཁོར་ལོ་ས་ཆེན་འདིར་བསྐོར་མཁས།།
ཀུན་གྱིས་ངོས་འཛིན་མི་ལོ་ཉི་ཤུ་ཡི་རིང་དུ།།
མང་བཀུར་དཔོན་གནས་བཀུར་དུས་འོ་བརྒྱལ་དེ་ཨེ་ཆེ།།
བོད་གཞུང་བུ་ལོན་དོང་ནག་རིམ་དགུ་ཡི་ནང་ནས།།
ཡར་འཐེན་ཕྱིར་དུ་དཀའ་སྤྱད་ཧུར་བརྩོན་དག་གནང་སྐབས།།
སྐབས་འཚོལ་པ་ཚོས་གཡས་འཐེན་གཡོན་འཐེན་དེ་བཟོ་དུས།།
ཞུམ་མེད་སྙིང་སྟོབས་བཙན་པོའི་འབྱུང་ཁུངས་དེ་གང་ཡིན།།
གཡོ་སྒྱུའི་ཐབས་ཀྱིས་དཔོན་པོའི་གོ་སར་རུ་བསྙེགས་ནས།།
ལྐོག་ཟ་རུལ་སུངས་གོམས་པའི་ཆེན་པོ་ཡི་དཔོན་ངན།།
སྣ་ཁུང་རྡོ་ཡིས་བརྡུང་དུས་སྡུག་སྐད་དེ་ཤོར་སྐབས།།
ཁྱེད་རང་ཁྲེལ་རྒོད་ཨེ་ཤོར་ཟམ་གདོང་པའི་ཕོ་རྒོད།།
གྲོས་ཚོགས་རྭ་བར་བདེན་པའི་གད་རྒྱངས་དེ་སྒྲོག་དུས།།
བླུན་པོ་ཁྱུ་གཅིག་མགོ་བོ་སྦོས་ཐག་དེ་ཆོད་ནས།།
ཡོད་ཚད་ལོག་ལམ་འགྲེལ་ཐབས་གཡོ་སྒྱུ་དེ་འཁྲབ་སྐབས།།
ཐུགས་སེམས་གཏིང་ནས་ཨེ་ཁྲེལ་ཡ་རབས་ཀྱི་གྲྭ་བཙུན།།
ལྷ་གཅིག་སྤྱན་རས་གཟིགས་ཀྱི་བཀའ་དགོངས་དང་མཐུན་པའི།།
གཉིས་སྨན་དབུ་མའི་ལམ་བཟང་ཤར་བསྐྱོད་དེ་གནང་སྐབས།།
གཡོན་ཐལ་ཅན་ཚོའི་རྨོངས་སྤྱོད་འཛེམས་མེད་དེ་མངོན་དུས།།
ཤ་ཚ་སྙིང་རྗེས་ཨེ་དགོངས་བྱམས་ལྡན་གྱི་བླ་མ།།
ཆོས་ལུགས་ཆོལ་ཁའི་ཕྱོགས་ཞེན་དམག་འཁྲུག་ལ་དགའ་བའི།།
ཕྲག་དོག་ཅན་གྱི་སྐྱ་མིན་སེར་མིན་ཅན་རེ་འགས།།
གཞི་མེད་སྒྲོ་སྐུར་ཆོ་ངེ་སྣ་ཚོགས་ཤིག་འདོན་དུས།།
ཡ་ངར་ཡིད་མུག་ཨེ་དགོངས་དེང་རབས་ཀྱིི་པཎ་ཆེན།།
ད་ལྟ་འཛམ་གླིང་ས་ཁྱོན་སྙན་གྲགས་ཀྱིས་ཁྱབ་མཛད།།
བླ་མ་སྤྱན་རས་གཟིགས་ཀྱི་ཕོ་ཉ་ཡི་དྭངས་མ།།
ཁྱེད་ཉིད་དགྱེས་བརྩེའི་ངང་ནས་ཐུགས་དཀྱིལ་དུ་འཛིན་དུས།།
སྐལ་བ་བཟང་པོར་ཨེ་དགོངས་ཤཱཀྱ་ཡི་དགེ་སྦྱོང་།།
ཡོད་ཚད་ཁ་བ་བོད་པའི་བདེ་སྡུག་གི་ཆེད་དུ།།
བཏང་སྟེ་ཉིན་མཚན་བར་མེད་ལུགས་གཉིས་ལ་བྲེལ་རུང་།།
ངོ་ཚ་ཁྲེལ་གཞུང་བྲལ་བའི་བླུན་པོ་ཡི་ཚོགས་ཀྱིས།།
བཀའ་དྲིན་ལོག་འཇལ་བྱེད་དུས་ཐུགས་སེམས་དེ་ཨེ་སྐྱོ།།
ད་དུང་ཡིད་མུག་དགོས་པའི་སྐྱོ་གར་ཡི་གཏམ་རྒྱུད།།
མཐོང་ཐོས་མང་མོད་ཡིག་ཚོགས་མང་སྐྱོན་དུ་འདུག་པས།།
མཚོན་བྱེད་ཙམ་དུ་གོང་གསལ་དྲི་བ་དག་ལྷན་དུ།།
སྐུ་ཚེར་བར་ཆད་མེད་པའི་སྨོན་འདུན་ཡང་ཞུ་འོ།།
ཡར་འཐེན་ཕྱིར་དུ་དཀའ་སྤྱད་ཧུར་བརྩོན་དག་གནང་སྐབས།།
་
ལྷུར་ཞེས་པ་ལས་ཧུར་འབྱུང་བ་ཡིན་པར་སེམས།
་
གྲོས་ཚོགས་རྭ་བར་བདེན་པའི་གད་རྒྱངས་དེ་སྒྲོག་དུས།།
་
སྒྲོག་ཅེས་པ་མདུད་པ་རྒྱབ་པ་དང་། སྒྲོགས་ཞེས་པ་སྐད་ཆེར་རྒྱབ་པར་ཁོ་བོས་བཀའ་བསྟན་གསུང་འབུམ་དག་ན་བྲིས་པ་ཚད་མར་འཛིན་ནོ།
བསྟོད་པས་དགའ་བ་མི་འགྱུར་ཞིང་།
སྨད་པས་མི་དགའ་མི་འགྱུར་་ཞིང་།
རང་གི་ཡོན་ཏན་ལེགས་སྤེལ་ན་།
སྐྱེ་བུ་དམ་པའི་མཚན་ཉིད་ཡིན་།
བསྟོད་སྨད་ཚང་མ་ཕྱོགས་གཏོགས་རེད་།
བསྟོ་ས་སྨད་ས་མ་ནོར་ན་བཟང་།
བུ་དགྲ་གི་བསྟོོད་ན་བསྟོད་པ་རེད་།
གཉེན་བྱམས་པའི་བསྟོད་ན་བསྟོད་པ་མིན་།
ལགས་བདེན་བདེན་་་དྲིན་ཅན་ཁོང་་བཀའ་དྲིན་ཆེ་
བོད་ཀྱི་པཎ་ཆེན་རྣམ་བཞི།
ས་སྐྱ་༸པཎ་ཆེན་ཆོས་ཀྱི་རྒྱལ་མཚན་བཙུགས་ནས་འདས། །
༸པཎ་ཆེན་བཅུ་པ་རྒྱ་ཡི་བཙན་འོག་མྱངས་ནས་འདས། །
གདམ་གདོང་པཎ་ཆེན་བཙན་བྱོལ་གྱར་ནས་དབུས་ལམ་རྒྱལ། །
བོད་ཀྱི་པཎ་ཆེན་བཞི་པ་ག་དུས་ཁྲི་འདོན་འོངས། །
བཀྲིས་བདེ་ལེགས་ཞུ།
པཎ་ཆེན་ཟེར་བའི་གོ་དོན་ངོ་མ་པཎ་ཊི་ཏ་ལ་ཟེར་བ་རེད་།
མཁས་པ་ལ་ཟེར་བ་རེད་།
པཎ་ཆེན་མང་པོ་ཡོད་སྲིད་།
འོད་དཔག་མེད་ཀྱི་རྣམ་སྤྲུལ་པཎ་ཆེན་རིན་པོ་ཆེ་དང་དེང་དུས་ཀྱི་མཁས་པའི་།
པཎ་ཆེན་གཉིས་ས་དང་གནམ་གྱི་ཁྱད་པར་ཡོད་པ་དེ་ཚོ་ཤེས་ན་བོད་མི་ཡིན་
པའི་ཆ་ནས་ཡག་པོ་ཡོད་རེད་།
དངོས་བདེན་དུས་རབ་འདི་ཡི་པཎ་ཊྲི་་ཏ་ཆེན་པོ་ཞིག་རེད་
homage to my precious guru
དེ་རིང་ཕྱི་དྲོའི་ཆུ་ཚོད་ ༣ པའི་ཐོག་དྷ་ས་གངས་སྐྱིད་དཔེ་མཛོད་ཚོགས་ཁང་དུ། བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གིས་བོད་རྒྱ་དབྱིན་གསུམ་ཐོག ཕྱི་ལོ་ ༢༠༡༤ ལོའི་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་སྐོར་གྱི་ལོ་འཁོར་སྙན་ཐོ་ཞིག་འགྲེམ་སྤེལ་གནང་སོང་། ཚོགས་ཐོག་ཏུ་ལྟེ་གནས་ཁང་གི་འགན་འཛིན་ཚེ་རིང་མཚོ་མོ་ལགས་ཀྱིས། འདས་ལོར་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ལ་བཟང་ཕྱོགས་ཀྱི་འགྱུར་བ་གང་ཡང་ཕྱིན་མེད་པ་མ་ཟད། དྲག་གནོན་བྱེད་ཤུགས་ཆེ་རུ་ཕྱིན་ཡོད་སྐོར་བརྗོད་སོང་། ད་དབུ་མའི་ལམ་འདི་བོད་དོན་བདེན་མཐའ་སེལ་ཐབས་མཆོག་ཏུ་གྱུར་བ་ཡིན་ལབ་མ་རེད་བས།
ད་ག་རེ་རེད་་ཧཧཧཧཧཧ
དབུ་མ་དང་རང་བཙན་གྱི་ནོར་བ་མ་རེད་།
ང་ཚོའི་ནོར་བ་རེད་འགོ་གཉིས་མང་དྲག་་པ་རེད་།
རྒྱ་འགོ་མཐོ་དུས་རྒྱ་དང་བོད་འགོ་མཐོ་དུས་བོད་།
ཁ་ཕྱོགས་ནུབ་ཕྱོགས་ད་བོད་པས་འཇོན་ས་རེད་པས་།
ཆོས་སྲིད་གང་ལའང་མཁྱེན་པའི་དཔལ་རྒྱས་ཤིང་།
དགྲ་ལ་སྡང་ཞིང་མཉེན་ལ་བྱམས་པ་སོགས།
སྙིགས་དུས་བསྟན་པ་འཛིན་པའི་སྐྱེས་ཆེན་མཆོག
ཟམ་གདོང་བླ་མའི་ཞབས་ལ་གསོལ་བ་འདེབས།
པཎ་ཆེན་ཡང་སྲིད་དགྲ་བོའི་ཕྱག་ཏུ་ཕུལ།
མེས་པོའི་རྒྱལ་ཁབ་རྒྱ་མིའི་དཔོན་ལ་སྤྲད།
གྲུབ་འབྲས་མེད་པའི་དབུ་མའི་ལམ་བཟང་གིས།
གཞིས་བྱེས་མུན་ལམ་ཁྲིད་པའི་དེད་དཔོན་མཆོག
དྷ་རམ་ས་རུ་དུས་ཅིག་ན། །
ཟད་གདོང་བླ་མའི་དུས་དྲན་སར། །
ཀརྨ་པ་ཡིས་འདི་སྐད་གསུངས། །
བོད་པ་དེ་ཚོ་མཁས་དྲགས་ནས། །
མདུན་ལ་བསྟོད་ནས་རྒྱབ་ནས་དམོད། །
གསུངས་པ་དེ་རིང་འདི་རུ་དྲན། །