ཨ་ནུ་ཐང་བསོད་ནམས།
ཕྱི་ལོ་༢༠༡༥ ཟླ་༢ ཚེས་༥ ཉིན་རྒྱལ་ཁབ་བརྒྱ་ལྷག་ནས་ཕེབས་པའི་སྐུ་ཚབ་༣༥༠༠ སྐོར་ཞིག་ལྷན་འཛོམས་ཀྱི་སྐབས་སུ་ཨོ་བྷ་མས་སྐུ་མདུན་ལ་ལག་པ་གཡུག་པ་ལས་ཕྱག་འཇུ་བཏང་མི་འདུག ཡིན་ཡང་། ཁོས་ངའི་གྲོགས་པོ་ཡག་པོ་གོང་ས་ཏཱ་ལའི་བླ་མ་ནི་ནུས་ཤུགས་ཆེ་བའི་དཔེ་མཚོན་ཞིག་ཡིན། དེའི་དོན་ནི་བྱམས་བརྩེ་ཉམས་ལེན་གནང་བས་ཡིན་ལ། དེས་ང་ཚོ་ལ་འགྲོ་བ་མི་ཡོངས་ཀྱི་ཆེ་མཐོང་དང་རང་དབང་གི་ཆེད་དུ་སྐད་ཆ་བཤད་པར་ཤུགས་རྐྱེན་བསྐྲུན་ཡོད། ཁོང་ཉིད་ཕོ་བྲང་དཀར་པོ་ལ་ཕེབས་པར་དགའ་བསུ་དང་ཐུགས་རྗེ་ལེགས་འབུལ་བྱེད་ཀྱིན་ཡོད་གསུངས་ནས་སྐུ་མདུན་ལ་བསྟོད་པ་ཕུལ་འདུག
གཞན་ཡང་ཨོ་བྷ་མས་ཆོས་ལུགས་ཀྱི་དད་པ་ཡིས་མི་རྣམས་བཟང་ཕྱོགས་སུ་ཁྲིད་ཡོད། འོན་ཀྱང་། ང་ཚོས་མཐོང་ཡ་ལ་དད་པས་ཁ་ཕྱོགས་བསྒྱུར་ནས་མི་རྣམས་ལོག་ལམ་དུ་ཁྲིད་ཅིང་། དད་པ་བེད་སྤྱོད་བཏང་ནས་མི་རྣམས་གཉའ་གནོན་དང་། སྐྱི་གཡའ་བའི་གནས་སུ་ཁྲིད་ཡོད། མཚམས་རེ་དད་པ་མཚོན་ཆ་ནང་བཞིན་བེད་སྤྱོད་གཏོང་བཞིན་ཡོད། འགྲོ་བ་མིའི་ལོ་རྒྱུས་ནང་དུ་དད་པ་བེད་སྤྱོད་བཏང་ནས་ཆོས་ལུགས་གདོན་འདྲེ་ཇི་བཞིན་བཟོས་ཡོད་ལ། དོན་དངོས་དེ་ལྟར་གནང་ཡོད།
ཨ་རིའི་ནང་དུ་ཡིན་ཡང་ཆོས་ལུགས་ཡི་ཤུའི་ཆོས་ལུགས་ཀྱི་མིང་འོག་ནས་ཚད་བརྒལ་གྱི་བྱ་སྤྱོད་ངན་པ་ངོམ་ཡོད་ལ། ཐ་ན་ཡི་ཤུ་བའི་མིང་ཐོག་ནས་མི་རྣམས་བྲན་གཡོག་ཏུ་བསྒྱུར་མྱོང་ཡོད་ཅེས། ISIS དང་བསྡུར་ནས་འགྲེལ་འདུག ཡིན་ཡང་། ཡི་ཤུ་ཆོས་དད་པ་ཚོས་གནད་དོན་དེ་ལ་ངོས་ལེན་བྱེད་ཀྱིན་མེད་ཅིང་། ལྷག་པར་དུ་ཡི་ཤུ་དང་ཁེ་ཆེ་བསྡུར་བ་ལ་ངོ་རྒོལ་བྱེད་ཀྱིན་ཡོད།
ཁོང་ཚོས་ཡི་ཤུ་སྟོན་པ་ནི་ཚེ་སྲོག་སྐྱོབ་པའི་སླད་དུ་བྱོན་ཞིང་། གཞན་གྱི་ཚེ་སྲོག་གི་ཆེད་དུ་ཡི་སྟོན་གྱིས་ཐ་ན་ཚེ་སྲོག་ཀྱང་བཏང་ཡོད། འོན་ཀྱང་། ཁ་ཆེའི་སྟོན་པ་ནི་དེ་ལས་ལྡོག་སྟེ་དམག་དཔོན་ཞིག་ཡིན་ཞིང་། རང་དང་འདོད་ཚུལ་མི་མཐུན་མཁན་ཀུན་དམར་གསོད་བཏང་ཡོད། སྟོན་པ་གཉིས་ཀྱི་མི་ཚེའི་ལོ་རྒྱུས་མི་འདྲ་བ་ལས། ཡི་ཤུ་དང་ཁ་ཆེ་གཉིས་ལོགས་སུ་ཡིན་པ་གསལ་བོ་བསྟན་ཞིང་། རྗེས་འཇུག་པ་རྣམས་ཀྱང་རང་རང་གི་སྟོན་པའི་རྗེས་སུ་འབྲངས་ནས་བྱ་བ་བསྒྲུབ་ངེས་ཡིན་པས་ཨོ་བྷ་མས་ཡི་ཆོས་ལ་སྐྱོན་བརྗོད་བྱས་པར་རྒྱུ་མཚན་མེད་ཚུལ་གྱིས་ངོས་ལེན་བྱེད་ཀྱིན་མི་འདུག
གཞན་ཡང་། ཨོ་བྷ་མས་ཨ་རིས་འཛམ་གླིང་གང་སར་གནས་པའི་ཆོས་དད་རང་དབང་ལ་སྲུང་སྐྱོབ་བྱེད་ཀྱིན་ཡོད་ལ། དེ་དང་ཆབས་ཅིག་ཨ་རིའི་ནང་དུ་ཆོས་ལུགས་དང་། སྲིད་གཞུང་གཉིས་ཐ་དད་དུ་ཕྱེ་བའི་གནས་སྟངས་ལ་སྲུང་སྐྱོབ་བྱེད་དགོས་ཞེས་ཨ་རིའི་རྒྱལ་ཡོངས་ཞོགས་ཟས་སྨོན་ལམ་གྱི་མཛད་སྒོའི་ཐོག་གསུངས་འདུག
Obama also emphasized the importance of freedom of religion throughout the world and the need to preserve the separation of church and state in the United States.
ཨ་རིའི་རྒྱལ་ཁབ་ནི་ཆོས་སྲིད་ལོགས་སུ་ཕྱེ་བའི་རྒྱལ་ཁབ་ཅིག་ཡིན་མིན་ལ་མ་ལྟོས་པར་ཆོས་དཔོན་ཚོ་གཞུང་འབྲེལ་གྱིས་སྨོན་ལམ་གསོལ་འདེབས་ལ་གདན་འདྲེན་ཞུ་བཞིན་ཡོད། དེ་ལྟར་བྱེད་དགོས་དོན་ཡང་ཆོས་དཔོན་རྣམས་བེད་སྤྱོད་ཀྱིས་ཨ་རིའི་གཏན་འཇགས་དང་ཞི་མཐུན། ཕྱི་འབྲེལ་སོགས་ལ་ཕན་ཐོགས་ཡོང་ཆེད་དུ་རེད་ལ། དེ་ལྟར་བེད་སྤྱོད་གཏོང་རྒྱུར་ཆོས་དཔོན་ཚོར་རིན་ཐང་ཡོད་པས་ཡིན། ཡིན་ཏེ། ཆོས་དཔོན་རྣམས་ལ་མི་མང་གིས་དད་པ་བྱེད་མཁན་མང་བས་རེད།
དེ་ནི་ཡག་ས་ནས་བཤད་ན་ཆོས་དཔོན་ཚོ་ལ་རིན་ཐང་སྤྲད་པའི་བྱ་སྤྱོད་ཅིག་རེད་ལ། སྡུག་ས་ནས་བཤད་ན་ཆོས་དཔོན་ཚོ་སྲིད་གཞུང་གི་ཁེ་ཕན་ཆེད་དུ་བེད་སྤྱོད་བཏང་བ་ཞིག་རེད། ད་ལྟ་རྒྱ་ནག་ཡིན་ཡང་ཨ་རི་ལ་མིག་དཔེ་བལྟས་ནས་ཆོས་དཔོན་ཚོ་བཀོལ་སྤྱོད་བྱེད་པའི་སྲིད་ཇུས་གསར་བ་ཞིག་འཛིན་བཞིན་ཡོད་ལ། དེ་བཟུང་བས་སྲིད་འཛིན་ཞིས་ཀྱིས་ཆོས་ལུགས་ཆེན་པོ་ཁག་ནི་རྒྱལ་ཁབ་ཀྱི་བདེ་འཇགས་ཆེད་དུ་དགོས་མཁོ་ཡོད་ཚུལ་གསུངས་ཡོད།
ཨོ་བྷ་མས་ཡི་ཤུའི་བླ་ཆེན་ཕཱོ་ཕི་འདི་ལོའི་ལོ་མཇུག་ཙམ་ལ་ཨ་རིར་ཕེབས་རྒྱུར་བླ་མེད་ཀྱི་དགའ་བསུ་བྱེད་བཞིན་ཡོད་ཚུལ་བརྗོད་འདུག་ཅིང་། ཕཱོ་ཕི་འདི་ལོའི་ཟླ་༩ ཚེས་༢༤ ཉིན་ཨ་རིའི་གྲོས་ཚོགས་ནང་དུ་ཕེབས་རྒྱུ་ཡིན་འདུག
ཆོས་ལ་དད་པ་དམ་ཚིག་ཧང་ཅང་ཆེན་པོ་ཡོད་པའི་རྒྱལ་ཁབ་ཁག་གི་མི་རིགས་ལ་སྐྱིད་བདེ་ཉུང་བ་དང་སྡུག་བསྔལ་མང་བ་ཡོད། ཞི་བདེ་ཉུང་བ་དང་འཁྲུག་རྩོད་མང་བ་ཡོད། འབྱོར་ལྡན་ཉུང་བ་དང་ཉམ་ཐག་མང་བ་ཡོད། ཤཀྱའི་ཆོས་ལུགས་པའི་ནང་ནས་བོད་དང་འབར་མ་གཉིས་རྨོངས་དད་ཆེ་ཤོས་རེད་ལ་གྲྭ་པ་མང་ཤོས་འདུག མི་རིགས་འདི་གཉིས་དཀའ་ངལ་ཆེ་ཤོས་རེད།
ཁ་ཆེ་ཆོས་ལུགས་པའི་ནང་ནས་ཡུར་གུར་དང་ཨ་ཧྥི་གྷ་ནི་སི་ཐན་གཉིས་གཙོ་བོ་གྱུར་པའི་དཀྱུས་ཤར་ཨེ་ཤེ་ཡའི་ཁ་ཆེའི་རྒྱལ་ཁབ་ཁག་ལ་བལྟས་ནའང་དཀའ་ངལ་ཆེན་པོ་ཡོད། རྨོངས་དད་ཅི་ཙམ་ཆེ་བ་ཡོད་ན་ནང་འཁྲུག་དང་མི་གསོད་ཁྲག་སྦྱར་དེ་ཙམ་མང་བ་ཡོང་གི་ཡོད།
ཤཀྱའི་ལྷ་ཆོས་ངོས་ནས་བདེ་སྐྱིད་ཡོང་ཆེད་དུ་བདག་འཛིན་སྤོང་དགོས་གསུངས་ཡོད། བདག་འཛིན་གྱི་གཞན་དབང་གྱུར་ན་སྡུག་བསྔལ་མ་གཏོགས་བདེ་བ་མི་འཐོབ་གསུངས་ཡོད། ངས་བསམ་ཚུལ་བྱས་ན་རྨོངས་དད་སྤོང་དགོས་ཀྱི་འདུག རྨོངས་དད་སྤངས་མ་ཐུབ་ན་རང་ཉིད་ཀྱི་དད་ཡུལ་ཆོས་ལུགས་དང་ཆོས་དཔོན་དེའི་གཞན་དབང་གྱུར་ཟིན་པས་རང་དབང་མེད་པའི་མི་ཞིག་ཆགས་སོང་བ་རེད། ཆོས་ལུགས་དེའི་ལྟ་གྲུབ་ཀྱི་བཀའ་རྒྱ་ལས་བརྒལ་མི་ཕུད་ལ་ཆོས་དཔོན་དེའི་བཀའ་གསུངས་ལ་འགལ་མི་ཆོག
རང་ཉིད་ཀྱི་རང་དབང་ཤོར་ཚར་དུས་འགྲོ་བ་མིའི་ཐོང་ཐང་དང་ཡུལ་གྱི་རང་དབང་འཐབ་རྩོད་ཀྱི་ཆེད་དུ་དྲང་བདེན་གྱི་གཞུང་སྲུང་ནས་འགྲོ་མི་ཐུབ། དོན་དམ་པའི་རང་དབང་འཐབ་རྩོད་པ་ཞིག་ཡིན་ན་ངེས་པ་ཏུ་རྨོངས་དད་ཀྱི་གཞན་དབང་མི་འགྱུར་བ་བྱ་དགོས་པར་འདོད་དོ།
རང་གི་བདེ་སྐྱིད་བཅོམ་མཁན་རྨོངས་དད་རེད།
རང་ཡུལ་ཕུང་ལ་སྦྱར་མཁན་རྨོངས་དད་རེད།
རང་ཉིད་བྲན་གཡོག་བཟོ་མཁན་རྨོངས་དད་རེད།
རྨོངས་དད་འདི་ནི་གདོན་འདྲེ་གསོན་པོ་རེད།
ཨོ་སྦ་མས་བཤད་སྟངས་དེ་ཡག་པོ་འདུག་དེ་བདེན་པ་རེད། ཆོས་ལུགས་པ་དེ་ཆོས་རྒྱུད་མི་གཅིག་པ་མང་ཡང། ཆོས་ལུགས་ཁ་ལ་ཁྱེར་ནས་རང་དོན་ཁོ་ན་ལ་དམིག་མཁན་དག་དག་རེད། ཆོས་དང་སྲིད་གཉིས་ཁ་བྲལ་མ་གཏོང་ན། ཆོས་ལུགས་པས་མི་མང་མགོ་སྐོར་གྱི་འོག་དུ་རྒྱལ་ཁབ་བདེ་འཇག་མེད་པ་བཟོ་ངེས་རེད། ང་ཚོའི་བོད་ཀྱི་བླ་མ་དེ་ཚོ་ལ་ལྟོས་དགའ། འཛམ་གླིང་གང་སར་ཆོས་མིང་ཁུར་ནས་རང་ཉིད་ཕྱུགས་པོ་བཟོ་ཡ་ཐབས་ཤེས་དང་གཞན་བྲན་གཡོག་བཀོལ་ཐབས་ཁོ་ན་ལས་ཆོས་གཞུང་དང་མཐུན་པའི་ལྷག་བསམ་མཁན་ཉི་མོས་སྐར་མ་རང་རེད། ཨོ་སྦ་མས་རྣག་ཐོག་འབུག་བཙུག་བྱས་འདུག།
འཛམ་གླིང་གི་ནང་འདིར་ཆོས་ལ་ཞན་པ་ག་ཚོད་ཆེ་ས་འདིར་ནང་འཁྲུག་རྒྱུན་མི་འཆད་དང། གཞན་འཚེ་རྒྱུན་མི་འཆད་པ། རྒྱལ་ཁབ་ནང་དབུལ་ཕྱུག་གི་ཆད་པར་ཆེ་བ། བྲན་གཡོག་བཀོལ་སྤྱོད་མང་བ། ཆོས་ལུགས་པ་དག་གི་སླུ་ཐབས་ཀྱི་ཐོག་ནས་མི་ཚེ་གང་བོ་མི་མང་གི་བསག་པའི་རྒྱུ་ནོར་ལ་ལོངས་སུ་སྤྱོད་ཅིང། རང་ཉིད་ལས་མེད་ཕྱུག་པོ་བཟོ་ནས་སྐྱིད་ཉལ་བྱེད་ཀྱི་འདུག། གཞན་ལ་ཆོས་ལུགས་ཀྱི་རྨོངས་ཞ་གཡོགས་ནས་འཐེན་འཁྱེར་འཐབས་རྩོད་ཀྱི་འཛམ་གླིང་ནང་ལྷིང་འཇགས་མེད་པར་བྱེད་ཀྱི་འདུག།
ཆོས་ཆོས་སུ་འགྲོ་མིན་དང་། ཆོས་ཆོས་སུ་བདེ་སྤྱད་མིན་ལ་ཡང་རག་ལས་ཡོད། ཆོས་མེད་པ་ཙམ་གྱིས་རྨོངས་དད་ཡལ་བར་འདོད་པ་ཡང་ནོར་བ་མིན་ནམ། ལགས།
རྨོངས་དད་ཟེར་བ་དེ་རང་ངོས་ནས་གནས་ལུགས་སམ་རྒྱུ་མཚན་མ་རྟོགས་པའི་ཡིས་ཆེས་བྱེད་པ་དེ་རེང། དེ་ཡིན་དུས་ཆོས་ཁས་ལན་མཁན་དང་མི་ལན་མཁན་ཚང་མའི་ནང་རྨོངས་དད་ཡོད་ཡང། ཤུགས་ཆེ་ཤོས་དེ་ཆོས་ལུགས་པ་རེད།
ཟླ་བ་ ༡ ཚེས་ ༥ དེ་ཟླ་བ་ ༢ ཚེས ༥ ལ་བཅོས་དགོས་འདུག
རྒྱ་ནག་མི་དམངས་དུང་ཕྱུར་མང་པོས་དམར་པོའི་ལྟ་གྲུབ་ལ་རྨོངས་དད་དང་མའོ་ལ་རྨོངས་དད་བྱས་པ་རེད། མའོ་ཡིས་སྤྱི་ཚོགས་རིང་ལུགས་ཀྱི་ལྷ་ཡུལ་བསྐྲུན་གྱི་ཡིན་ཟེར་དུས་འབྱོར་མེད་གྲལ་རིམ་དུང་ཕྱུར་མང་པོའི་ཡིད་དབང་འཕྲོགས་སོང་བ་རེད་ལ་་་་སྤྲང་ཕྲུག་ས་ཡ་མང་པོ་རྨོངས་དད་ཀྱི་ཞིང་ཁམས་སུ་མུ་གེ་ཤི་སོང་བ་རེད།
མའོའི་རྨོངས་དད་ཀྱིས་མི་འབོར་ས་ཡ་བདུན་ཅུ་ལྷག་སྡུག་ཤི་ཐེབས་བཅུགས་པ་རེད། ཤཀ་ཐུབ་རྗེས་འབྲངས་པའི་ཆོས་པ་གཅིག་ཀྱང་རྨོངས་དད་ཀྱིས་མུག་ཤི་མ་ཐེབས་པར། ལྟོག་སྐོམ་འོག་ལ་རྟོགས་པ་ལྷ་དང་མཉམ་པ་མང་དག་ཅིག་བྱུང་བའི་བྱུང་རབས་མང་པོ་གོ་རྒྱུ་མི་འདུག་གམ།
ངས་བལྟས་ན་ཁྱོད་ཚོས་རྨོངས་དད་ཀྱི་གོ་དོན་རྟོགས་མེད་པ་འདྲ། ཆོས་རབ་ཏུ་རྣམ་པར་འབྱེད་པའི་བློ་གྲོས་ལ་བརྟེན་ནས་ཆོས་ལ་དད་པ་ཐོབ་པ་དེ་རྨོངས་དད་མ་ཡིན་ནོ། རྨོང་དད་ནི་རང་ཉིད་ལ་ཕ་རོལ་བའི་བཟང་ངན་འབྱེད་བྱེད་ཀྱི་བློ་གྲོས་དབེན་ཞིང་གཞན་རྗེས་ཁོ་ནར་འབྲང་བ་རེད། དེས་ཕྱིར་ཆོས་པ་ཡོད་ཚད་རྨོངས་དད་མིན། །
སུ་ཞིག་གིས་རྨོངས་དད་ཞེས་མི་བུ་དཀྱུས་མའི་མོས་བསམ་ལ་དམའ་འབེབ་བྱེད་ལ་དེའི་རྒྱུད་ལ་གཞན་ཕན་དང་མི་གཞིའི་འདུ་ཤེས་ཧ་ཅང་གི་ཞན། སུས་རྨོངས་དད་ལ་བརྩེ་ཞིང་དུང་བའི་ངང་ནས་སྣེ་ཁྲིད་པའི་མི་དེ་ལ་རྨོངས་བ་སེལ་བའི་སྙིང་སྟོབས་དང་རྣམ་དཔྱོད་ཡར་ལྡན་ཡོད།
རྨོངས་དད་ཀྱི་ཐོག་ཏུ་ས་བོན་བཏབ་ནས་སྐྱེས་ཤིང་རྨོངས་དད་ཅན་རྣམས་རྒྱབ་བརྟེན་གྱི་བྲག་རི་བྱས་ནས་རང་ཉིད་ལ་ལྷ་དབང་ལམ་ལུགས་ཐོབ་ཡོད་པའི་མི་ཞིག་གིས་ངོས་ནས་བཤད་ན་རྨོངས་དད་སྲུང་སྐྱོབ་བྱེད་དགོས་པ་ནི་རང་ཉིད་ཀྱི་གོ་གནས་དང་དཔལ་འབྱོར་གྱི་ཡོང་ཁུངས་སྲུང་སྐྱོབ་བྱས་པ་རང་རེད། ཐུགས་ཁག་རྩ་་བ་ནས་མེད།
མྱི་བུ་དཀྱུས་མ་བའི་མོས་བསམ་ལ་གུས་བརྩི་ཤེས་ན་ཤ་དང་ཆང་བཀག་པ་དེ་ལུགས་མཐུན་ཅང་ཨེ་ཡིན་ནམ། དགེ་སློང་ཆགས་ལྡན་དག་གི་ཆགས་སྤྱོད་བཀག་པ་དེ་ཡང་ཡག་པོ་མ་རེད་བ། ཁོ་རང་ཚོའི་མོས་བསམ་ཡིན་པའི་ཕྱིར། ཁྱབ་པ་ཁད།་་་་ཧཧཧ
ཆོས་མི་ལ་བཤད་དུས་བན་རྒན་མཁས།
སྡུག་རང་རྩ་འཁོར་དུས་འདྲ་འདྲ་རེད་ཟེར་བའི་སྐད་ཆ་དེ་ལ་བདེན་ཁ་ཡོད་པར་འདྲ།་་་ཧཧ
ལེགས་ཉེས་དཔྱོད་པའི་བློ་ལ་མུན་པ་རུབ།།
ཅོལ་ཆུང་ཆོས་ཞེན་བློ་ལ་ཉི་མ་ཤར།།
ཕྲག་དོག་དུག་ཆུས་སྨྱོས་པའི་དཔལ་རྡོར་གྱི།།
མདའ་ནག་དེ་ཡིས་ཁ་བའི་བླ་སྲོག་བཀུམ།།
མ་འོ་ཡི་ཁོ་རང་གི་འདོད་དོན་ཡོངས་སུ་འགྲུབ་སོང་བ་རེད། མ་འོ་ཡི་ལྟ་བ་ནི་འབྱོར་མེད་གྲལ་རིམ་ཡར་བསླང་བ་དང། འབྱོར་ལྡན་གྲལ་རིམ་རྩ་མེད་གཏོང་རྒྱུ་དེ་རེད། མུག་ཤི་ཐེབས་མཁན་ནི་འབྱོར་ལྡན་གྲལ་རིམ་ཕྱོགས་ཁག་རེད།
འབྱོར་མེད་གྲལ་རིམ་ཕྱོགས་ཁག་ལ་ཡོན་ཏན་མེད་རུང་དཔོན་པོ་དང་མི་མང་གི་སྣེ་ཁྲིད་པ་བྱེད་ཆོག། མའོ་ཡི་དགྲ་བོ་ཆེན་པོ་གསུམ་མེད་པར་བཟོ་དགོས་ཟེར། དེ་གསུམ་ནི་མི་དཔོན་བླ་ཆེན། སྲིད་དབང་སྒེར་འཛིན། མངའ་བདག་གྲལ་རིམ་གསུམ་རེད། ཞིང་པ་འབྲིང་པོ་ལ་བརྟག་དཔྱད་བྱ་ཡུལ་བཞག་ཡོད། ཞིང་པ་འབུལ་པོ་དང་དབྱོར་མེད་གྲལ་རིམ་གཉིས་མཐུན་ཕྱོགས་ཀྱི་གྲོགས་པོ་ཡིན་ལབ་ཡོད།
མ་འོ་ཡི་རང་ལ་སྲིད་དབང་གོ་གནས་ཐོབ་པའི་ཆེད་འབྱོར་མེད་གྲལ་རིམ་ཁ་ལ་ཁྱེར་ནས་སྲིད་དབང་བཟུང་པ་རེད་། མ་འོ་གཅིག་པོ་མ་རེད་སྲིད་དབང་བཟུང་མཁན་ཚང་མ་གཅིག་པ་རེད་། རང་ལ་དབང་ཆ་དང་མིང་དཔལ་འབྱོར་སོགས་ཐོབ་རྒྱུའི་ཆེད་ཆབ་་སྲིད་དང་ཆོས་དཔལ་འབྱོར་སོགས་མིང་ཚིིག་འདྲ་མི་འདྲ་བེད་བཅད་ནས་སོ་སོའི་མཁེ་ཕན་སྲུང་སྐྱོབས་བྱེད་པ་དེ་ལ་ཕྱོགས་གཏོགས་ཀྱི་རྒྱབ་སྐྱོར་ཐོབ་ནས་་མི་མང་གི་འགོ་འཁྲིད་ཆགས་པ་ཤ་སྟག་རེད་།།
རྨོང་དད་ཟེར་བ་དེ་ཆོས་ལ་མ་རྟོགས་ཆབ་སྲིད་དང་དཔལ་འབྱོར་སོགས་ལ་འཇུག་མི་འོས་པ་དེ་ཚོ་མཁྱེན་ན་ཡག་པོ་ཡོད་རེད་།ཤེས་སོང་ངམ་ཧ་་ཧ་།
རྨོངས་དད་ནི། ཆོས་དང་ཆོ་མིན་གང་ཡིན་ན་ཡང་། རྒྱུ་མཚན་མ་མཐོང་བར་དད་མོས་བྱས་པ་ལ་གོ་དགོས་པས། ཆབ་སྲིད་ལ་རྨོངས་དད་དང་། དམར་ལུགས་ལ་རྨོངས་དད་དང་། ཚན་རིག་ལ་རྨོངས་དད་ཀྱང་ཡོད་ཆོག་གོ །
ཨོ་རྒྱན་རྟ་བདུན་དབང་པོ་ལགས།
ཆོས་ཤེས་པའི་ཐོག་ནས་ཆོས་ལ་དད་པ་བྱས་ན་དད་པ་རྣམ་དག་ཡིན་པ་ལས་རྨོངས་དད་མིན་ཟེར་བ་དང་། ལྷ་དང་བླ་སྤྲུལ་ཡག་ཉེས་ཤེས་པའི་ཐོག་ནས་དད་པ་བྱས་ན་དད་པ་རྣམ་དག་ཡིན་ཟེར་བའི་སྐད་ཆ་འདི་དག་ཞིབ་ཏུ་དཔྱད་ན་དད་ལྡན་བོད་མིའི་རྒྱུད་ལ་དད་པ་རྣམ་དག་ཡོད་མཁན་མི་འདུག་འདོད།
༡་་་དཔེར་ན་ཆོས་གཞུང་ནས་བཤད་པའི་བདེ་ཆེན་དག་པའི་ཞིང་ཁམས་ཟེར་བའི་བདེ་སྐྱིད་ལྡན་པའི་ཞིང་ཁམས་ཤིག་ཡོད་པར་བཤད་ཡོད་ལ་དམྱལ་བ་ཟེར་བའི་སྡུག་བསྔལ་དང་མནར་གཅོད་གཏོང་སའི་ཡུལ་ཁམས་ཤིག་པར་བཤད་ཡོད།
དད་ལྡན་བོད་མི་ཡོངས་ཀྱི་རྒྱུད་ལ་སྐྱེ་བ་ཕྱི་མ་བདེ་ཆེན་དག་པའི་ཞིང་ཁམས་སུ་སྐྱེས་འདོད་ཀྱི་འདོད་རྔམ་དང་དམྱལ་བའི་ནང་དུ་ལྷུང་འགྲོ་བསམས་པའི་འཇིགས་སྐྲག་ཡོད། ཆོས་ཤེས་མཁན་ཟེར་ནའང་འདྲ།་དགེ་བཤེས་ལྷ་རམས་དང་སྔགས་རམས་བཀའ་རམས་སོགས་སུ་ཡིན་ནའང་བདེ་ཆེན་དག་པའི་ཞིང་ཁམས་དང་དམྱལ་ཡུལ་གཉིས་མཐོང་མྱངས་མེད། ག་པ་ཡོད་ཙམ་ཡང་མི་ཤེས། ཡུལ་ཁམས་དེ་གཉིས་ལ་རྨོངས་ནས་ཡོད། དག་ཞིང་ལ་དགའ་དད་སྐྱེས་པ་དེ་རྨོངས་དད་མིན་ན་ཅི་རེད་དམ།
༢་་་ལྷ་དང་བླ་སྤྲུལ་ལ་དད་པ་བྱས་པ་ནི་དཔེར་ན་་་་་་ཤུགས་ལྡན་འཇམ་པའི་དབྱངས་ཀྱི་རྣམ་སྤྲུལ་དང་ཏ་ལའི་བླ་མ་སྤྱན་རས་གཟིགས་ཀྱི་རྣམ་སྤྲུལ་ཡིན་བསམས་ནས་དད་པ་མ་རེད་པེ། ཡིན་ན་འཇམ་པའི་དབྱངས་དང་སྤྱན་རས་གཟིགས་གཉིས་ངོ་ཤེས་དགོས་ཀྱི་རེད། དོན་རྟོགས་དགོས་ཀྱི་རེད་བ། ཁོང་གཉིས་ཕོ་རེད་དམ་མོ་རེད། མི་རེད་དམ་ལྷ་རེད། བཞུགས་ས་ག་པ་རེད། ཟས་ག་རེ་ཟ་གི་རེད། ཁང་པ་ག་འདྲ་ཞིག་ནང་དུ་བསྡད་ཡོད་རེད། འདི་དག་ཡོངས་རྫོགས་ལྐོག་གྱུར་མ་རེད་དམ། དད་ལྡན་ཡོངས་རྫོགས་འཇམ་པའི་དབྱངས་དང་སྤྱན་རས་གཟིགས་གཉིས་ལ་རྨོངས་ནས་ཡོད་པ་མིན་ནམ། སུས་ཀྱང་མཐོང་མྱངས་མེད་པ། ཟེར་རྗེས་འབྲངས་ནས་དད་པ་མིན་ན་སྟོན་ཡ་ཡོད་པེ།
༣་་་ལྷ་དད་དང་སྤྲུལ་དད་གང་ཡིན་ནའང་དད་ལྡན་དེ་དག་གིས་ལྐོག་གྱུར་གྱི་ཡུལ་ལ་དད་པ་བྱས་པ་མ་གཏོགས་མཐོང་བ་མངོན་གྱུར་གྱི་དད་པ་ཞིག་མིན། ལྷ་ཡུལ་ལ་དད་ནའང་འདྲ།་ལྷ་ལ་དད་ནའང་ཆོག སངས་རྒྱས་ཀྱི་སྤྲུལ་པའི་སྐུ་ལ་དད་ནའང་རེད། དེ་དག་མ་ཤེས་མ་རྟོགས་པར་དད་པ་ལས་སུས་ཀྱང་སྟོན་མི་ཐུབ་ལ་ཕྱོགས་གང་ཞིག་ན་ཡོད་ཙམ་ཡང་ཤེས་ཀྱི་མེད།
དད་ལྡན་བོད་མི་རྣམས་ཀྱིས་དམྱལ་ཡུལ་ག་ཡོད་མ་ཤེས་པར་དམྱལ་བ་ལ་སྐྲག དག་ཞིང་ག་ཡོད་མ་ཤེས་པར་དག་ཞིང་ལ་འགྲོ་འདོད་སྐྱེས། དག་ཞིང་འགྲོ་བསམས་ན་དག་ཞིང་ཡོད་མེད་ཐག་ཆོད་པ་ཞིག་བྱུང་ཚར་བའི་རྗེས་སུ་འགྲོ་འདོད་བྱས་ན་དགའ་མ་རེད་པེ། དམྱལ་བ་ལ་སྐྲག་ན་དང་པོར་དམྱལ་ཡུལ་ཡོད་མེད་གསལ་པོ་ཤེས་ནས་སྐྲག་ན་དགའ་གི་མ་རེད། གཞན་གྱི་ཟེར་རྗེས་འབྲངས་ནས་དོན་མེད་འཇིགས་སྐྲག་བྱས་བསྡད་ན་ཕན་ཐོགས་ག་རེ་འདུག་གམ།
རྨོངས་དད་མེད་པའི་ཆོས་ལུགས་པ་ཞིག་སུ་ཡོད་དམ་་་་་་་དྲི་བ་ཡིན་ད། ལྐོག་གྱུར་ལ་ཡིད་ཆེས། ལྐོག་གྱུར་ལ་དད་པ་བྱས། ལྐོག་གྱུར་ལ་འཇིགས་སྐྲག་སྐྱེས། ལྐོག་གྱུར་གྱི་ཡུལ་དུ་འགྲོ་འདོད་སྐྱེས། འདི་དང་འདི་འདྲ་བའི་བྱ་སྤྱོད་དག་གིས་ཕན་པ་ལས་གནོན་པ་ཆེ་བ་འདུག་ག དངོས་ཐོག་བདེན་འཚོལ་གྱི་ཆོས་ལུགས་པ་ཞིག་འཛམ་གླིང་འདི་ན་མི་འདུག་བསམས་ཀྱི་ཡོད་དོ།
རྨོངས་དད་ཟེར་བ་དེ་རང་གི་གང་ཡང་མ་་ཤེས་་པར་མི་གི་བཤད་པ་ལ་ཡིད་ཆེས་ནས་རྗེས་སུ་འབྲང་མཁན་ལ་ཆོས་ཕྱོགས་ནས་རྨོངས་དད་དང་སྲིད་ཕྱོགས་ནས་གཞན་ཟེར་རྗེས་འབྲང་ཟེར་བ་མ་རེད་དམ་།ཧ་ཧ་
ཅོ་རིས་དོན་དངོས་ཀྱི་གནས་ལུགས་ཞིག་བཤད་འདུག དེ་ལ་མོས་མཐུན་ཡོད། བཏམ་བདེན་པ་བཤད་ན་མྱི་མི་དགའ།། དབྱུག་པ་ཕྱར་ན་ཁྱི་མི་དགའ།། ཁྱེད་ཀྱི་གནས་ལུགས་དྲང་པོ་ལ་མི་དགའ་མཁན་ཡང་ཡོད་ངེས་རེད། ཧ་ཧ་ཧ
རེད་རེད་ཅོ་རི་ལགས་ཀྱིས་བཤད་པ་དེ་ཚོར་རིགས་ལམ་གྱིས་སྟེང་ནས་འགོག་ཐུབ་ན་དགའ་བསུ་ཡོད་་་དེ་མིན་ལྟ་ལོག་དམ་ཉམས་བསྟན་བཤིག་དོལ་འདྲེ་དགྲ་བོ་ཞེས་དམོད་བཟློག་འཕེན་ན་ཆོ་མེད་ཆུ་ལེན་བུ་མོའི་འཆལ་གཏམ་དང་འདྲ་བས་འུ་ཐུག་པའི་སྐད་ཆ་རང་རེད།
ཟླ་ལམ་མི་རྟོལ་ནི་ཞིག་གིས། ཉི་ལམ་དེ་ཡང་ཤེས་དགོས་ཟེར་ན། ང་སྡུག་རྒྱུ་ཡོང་ནས་ཤི་འགྲོ་འི། ཧ་ཧ་ཧ།
དཔག་རྡུལ་ནི་མི་རིག་པར། དག་དམྱལ་ནི་རིག་འདོད་ན། མཐའ་ཐོག་ལ་འཛིན་པ་ཞིག། མེད་མ་བྱུང་མ་ཤེས་རྨོངས། བུ་ཆུང་ཆུང་བདག་མེད་འདི། རྣོ་མ་བུད་སྣབ་བགོད་བྱིས། མ་འཇིག་རྟེན་མ་མི་ཤེས་དུས། ཚེ་ཕྱི་མས་ཅི་ཞིག་བྱེད། ཧ་ཧ་ཧ།
རྒྱལ་ཁམས་ཀྱི་སྐྱེ་བོ་ཀུན་ལ་བདེ་བ་སྟེར་བར་འདོད་ཀྱང་བྱེད་སྟངས་མ་ཤེས་པར་གཞན་ལ་འཚེ་བ་མེད་པས་ཉམས་ཆུང་གཞན་ཕན་བྱེད་པ་པོ་རྣམས་ལ་རྨོངས་དད་ཀྱི་སྒྲོ་བཏགས་ནས། དགོན་པ་དང་ལྷ་ཁང་སོགས་གཏོར་གཤིག་དང་མཉམ་དང་མཉམ་དུ་རྒྱ་ནག་ཏུ་མི་མངས་བྱེ་བ་༢༣ནས་༣༠བར་དུ་ཤི་བ་བྲིས། གལ་ཏེ་བོད་ལ་དགོན་པ་དང་གྲྭ་པ་ཡོད་པའི་དགོན་སྡེ་ཁག་མེད་པ་ཡིན་ན། བོད་ཀྱི་མི་རྣམས་ཇི་ལྟར་འགྱུར་སུས་ཤེས། རྒྱ་གར་དགེ་སློང་གི་ཚུལ་དུ་ལོ་མང་གནས་ཤིང་དམར་པོའི་ལྟ་བ་འཛིན་ཅིང་མི་མངས་ལ་ཞི་བདེ་འདོད་པ། རྒྱ་གར་གྱི་ལེགས་སྦྱར་དཔེ་ཆ་སྒྲུགས་པར་བོད་ལ་ལན་བཞི་ཚམ་ཕེབས་པ་རཱ་ཧུ་ལ་སཱསྐྲི་ཏཱ་ཡ་ན་ཡིས། ཡུལ་གི་གནས་སྟངས་ཀྱིས་གྲྭ་པ་བྱེད་དགོས་པ་དེ་ཡུལ་གྱི་ཡུལ་གྱི་དཔལ་འབྱོར་ལ་རག་ལས་པར་བྲིས། དེས་ན། གནས་སྟངས་མི་ཤེས་པ་འགའ་ཞིག་གིས་རི་བོང་བཅལ་འདྲོགས་ཀྱི་ཚུལ་དུ་བོད་ཀྱི་གྲྭ་པ་དང་། ཆོས་བྱེད་པ་རྣམས་ལ་རྨོངས་དད་ཀྱི་སྐྱོན་འཛུགས་མེད་པའི་རེ་འདུན་ཡིན།
ཀམྦོ་ཌི་ཡ་ཡི་ཡུལ་དུ་ཡུལ་དུ་བདེ་སྐྱིད་འདོད་པས་མི་མངས་བྱེ་བ་གཉིས་ཙམ་བསད། སླར་གང་ཡང་བྱེད་མ་ཐུབ་པར་སྔར་གྱི་གྲྭ་པ་བྱེད་པའི་ལུགས་སྲོལ་རང་ལ་འབབས་ནས། གསོད་པ་པོའི་འགན་ཡོད་པ་རྣམས་ད་ལྟ་ཤི་ནས་དམྱལ་བ་སྐྱེས་ཡོད་པ་ལས་རྒྱུ་འབྲས་འདོད་པ་ཞིག་ན་ཁས་ལེན་དགོས། མ་ཤི་བར་ཡོད་ན། རྒྱལ་ཁབ་ཀྱིས་ཁྲིམས་ཀྱིས་ཉེས་ཆད་གཏོང་བར་ངེས། ཡིག་ནོར་ཞུས་དག་མཛོད།
ཅོ་རི་ལགས། ༧གོང་ས་མཆོག་སྤྱན་རས་གཟིགས་ཀྱི་སྤྲུལ་བ་རེད་ཟེར་བ་ཙམ་གྱིས་དད་པ་བྱས་པ་ནི་རྨོངས་དད་ཀྱི་ཆར་གཏོགས་པ་རེད། གང་གི་སྐུ་གསུང་ཐུགས་ཀྱི་ཡོན་ཏན་ཐམས་ཅད་མཐོང་ནས་དེར་དད་པ་བྱས་པ་ནི་རྨོངས་དད་མིན། དེང་དུས་ཁ་ཆེ་ཚོས་ལུས་ལ་འབར་གས་ཀྱི་མཚོན་ཆ་འཁུར་ནས་རང་གཞན་མང་བོ་ཞིག་མཉམ་དུ་གསད་ནས་རང་ཉིད་དག་པའི་ཞིང་དུ་སྐྱེ་བར་འདོད་པ་ནི་རྨོངས་དད་ལ་བརྟེན་ནས་བྱུང་བ་རེད། གཞན་དུ་ན་གཞན་ལ་གནོད་པ་བྱས་ན་དེའི་འབྲས་བུ་ལེགས་པོ་ཞིག་མེད་པ་བརྟེན་འབྱུང་གི་ཆོས་ཉིད་ཡིན་པ་མ་ཤེས་ནས་རྨོངས་པ་རེད།།
རྨོངས་དད་ཐམས་ཅད་རྨོངས་པ་མིན། །
ཤེས་དད་ཐམས་ཅད་དད་བདེན་མིན། །
ལེགས་ལ་དད་པ་དད་བདེན་ཡིན། །
ཉེས་ལ་དད་པ་དད་བདེན་མིན། །
ལེགས་ལ་རྨོངས་པས་དད་ན་དགེ །
ཉེས་ལ་རྨོངས་པས་དད་ན་ཉེས། །
དད་ལྡན་མི་ལ་ཞི་བདེ་རྙེད། །
དད་མེད་མི་ལ་ཞི་བདེ་དཀའ། །
གནའ་དེང་དུས་སུ་ཆོས་ལུགས་དར་ཁྱབ་ཆེ་བའི་ས་་་རྒྱ་གར་་བོད་་ཨ་རབ་ཝིས་་ཏུར་ཀི་སི་ཐན་་སོག་པོ་་་འབར་མ་་་
ལྷོ་ཨ་མེ་རི་ཀའི་རྒྱལ་ཁབ་མང་པོ་ཞིག། ག་འདྲ་འདུག་ཨ། ཆོས་སྲིད་འོ་ཁྲག་མ་འདྲེས་པའི་རྒྱལ་ཁབ། བྱང་ཨ་མེ་རི་ཀ།
རྒྱ་ནག། ཡོ་རུབ་རྒྱལ་ཁབ་དག། བྱང་ཀུ་རུ་ཡ། ཉི་ཧོང། དབྱིན་ཇི། སོགས་སྟོབས་ཆེན་རྒྱལ་ཁབ་རྣམ་ལ་གཅིག་ལྟོས་
གདའ། ཆོས་དང་ཆབ་སྲིད་ག་རེ་སྒྲུབ་ཡང་གཙོ་བོ་དང་པོ་རང་ཉིད་ཀྱི་ཁོར་ཡུག་དང་རྒྱལ་ཁབ་ལ་བདེ་འཇགས་དགོས།
དེ་ནས་གཞན་ལ་ཕན་བདེ་སྒྲུབ་ན་ལེགས། རང་ཉིད་ཀྱི་གནས་ཡུལ་ལ་བདེ་བ་སྤུ་ཙམ་བསྐྲུན་མ་ཐུབ་པར། གཞན་ལ་
བདེ་སྲུང་བྱེད་པའི་ནུས་ཤུགས་ཡོད་མདོག་མདོག་བྱས་ན་ཧཧཧཧཧཧཧཧ།
རྨོངས་དད་ལ་གཞན་ལ་འཚེ་བ་ཡོད་པ་དང་། གཞན་ལ་འཚེ་བ་མེད་པ་གཉིས་སུ་མཐོང་། གཞན་ལ་འཚེ་བ་མེད་པ་སྐྱེ་བོ་རྨོངས་དད་ཅན་ལ་འདི་ཉིད་རྨོངས་པ་ཡིན་ཞེས་ཐད་ཀར་ཟེར་ན་སྐྱོན་ཆེན་པོ་འབྱུང་བར་གཟིགས་པ་དག་གིས་མ་བརྟགས་ཉམས་དགའབ་ཞེས་པའི་སྲོལ་གཏད། དེ་ལ་གཞིར་མཛད་དེ། འགྲོ་བ་ལ་ཕན་པར་བཞེད་པས།
་
དགོས་པའི་ཕྱིར་དུ་མ་དཔྱད་ཕྱིར།
་
ཞེས་གསུངས་སོ།
འཚེ་བ་ཆོས་སུ་སྨྲ་བ་དེ་རིགས་པ་རྣམ་དག་གིས་འགོག་དགོས། འཚེ་བ་མེད་པའི་རྨོངས་དད་དེ། ཡང་དག་ཡིན་རུང་མ་ཡིན་རུང་བཏང་སྙོམས་སུ་གཞག་པ་ལེགས། དེས་ན། སངས་རྒྱས་ཀྱི་རྗེས་སུ་འབྲངས་ཏེ། ཀླུ་སྒྲུབ་ཀྱིས།
་
གང་ལ་སྟོང་པ་ཉིད་རུང་བ།
དེ་ལ་ཐམས་ཅད་རུང་བར་འགྱུར།
གང་ལ་སྟོང་ཉིད་མི་རུང་བ།
དེ་ལ་ཅི་ཡང་རུང་མི་འགྱུར།། ༡༤ །། རྩ་ཤེས་རབ་བྱེད་༢༤
་
ཞེས་སོ།