བདེ་པོ་འཚོ།
སྨན་ལྗོངས་ཕྱུག་མོའི་ཡུལ་ལ།།
གངས་རི་དཀར་པོ་མཐོ་ཡང་།།
གངས་སེང་གཡུ་རལ་མེད་ན།།
གངས་རིའི་གཟི་དཔལ་མི་འདུག།
ཁ་བ་གངས་ཅན་ལྗོངས་སུ།།
ཆོལ་གསུམ་སྤུན་ཟླ་འཛོམས་ཀྱང་།།
མཐུན་སྦྲེལ་ལག་གདངས་འདོར་ན།།
བདེན་མཐའ་སེལ་ཐབས་མི་འདུག།
རིགས་གཅིག་སྤུན་ཟླ་རྣམས་ལ།།
དེང་གི་ཤེས་བྱ་ལྡན་ཡང་།།
ཕ་སྐད་སེམས་ནས་བོར་ན།།
མི་རིགས་གནས་ཐབས་མི་འདུག།
ཤ་ཁྲག་གཅིག་པའི་མི་རྣམས།།
གཞན་ལུགས་ཇི་ལྟར་མཛེས་ཀྱང་།།
རང་ལུགས་གསེར་གྱི་ཨ་ལོང་།།
ནམ་ཡང་དོར་བ་མ་གནང་།།
༢༠༡༥/༢/༨
སེམས་ནང་བོད་ཆོས་ཡོད་ལ། །
ལུས་ལ་བོད་ཆོས་གྱོན་ནས། །
ངག་ནས་བཀྲ་ཤིས་བདེ་ལེགས། །
ཟེར་མཁན་བོད་མོར་ལྟོས་དང་། །
རི་ལ་དར་ལྕོག་བཙུགས་འདུག །
ནང་ལ་རྒྱལ་དར་བཙུགས་འདུག །
བུ་ལ་རྒྱ་གླུ་སློབ་བགྱིད། །
བུ་མོར་ཡ་རབས་སློབ་བགྱིད། །
བུ་ཕོ་གྲྭ་པར་བཙུད་བགྱིད། །
བུ་མོ་གནས་སྐོར་འཁྲིད་བགྱིད། །
ཡ་རབས་བོད་ཀྱི་ཁྱིམ་ཚང་། །
ད་དུང་མཐོང་རྒྱུ་འདུག་གོ །
ལོ་གསར་རྟེན་འབྲེལ་བྱེད་བགྱིད། །
ས་ཟླར་དགེ་གསོག་སྒྲུབ་བགྱིད། །
འཁྲུངས་སྐར་དགའ་སྤྲོར་རོལ་བགྱིད། །
གཞིས་བྱེས་མཉམ་འཛོམས་སྨོན་བགྱིད། །
བོད་མི་སྤུན་ཟླ་ཟེར་ནས།
བོད་ཀྱི་ལ་རྒྱ་མེད་ན།།
བོད་ཡུལ་་ཁ་བའི་ལྗོངས་སུ།།
འཛོམ་དང་མ་འཛོམ་མེད་དོ།།
བོད་ནས་འགྲིམ་པའི་མི་དེ་།།
བོད་གཞན་མི་དང་འགྲོགས་ན།།
བོད་སྐད་བཤད་ལ་མི་དགོས།།
བོད་ཆས་མ་གོན་ཆོག་གོ།།
བོད་ཡིག་བྱང་ཆ་ལྡན་ཞིང་།།
བོད་མིའི་བདེ་སྡུག་བསམ་ན།།
བོད་ཡུལ་མགྱོགས་སེ་ལོགས་འགྲོ
བོད་ཀྱི་རིགས་གནས་བསླབ་འགྲོ།།
བོད་སྐད་རྒྱག་མཁན་ཚང་མ་བོད་པ་མིན་།
བོད་ཆས་རྒྱོན་མཁན་ཚང་མ་བོད་པ་མིན་།
བོད་ཇ་ཐུང་མཁན་ཚང་མ་བོད་པ་མིན་།
བོད་རྩམ་ཟ་མཁན་ཚང་མ་བོད་པ་མིན་།
བོད་པ་ཚང་མ་ནང་པ་་མིན་།
བོད་དུ་སྡོད་མཁན་ཚང་མ་བོད་པ་མིན་།
བོད་ཡིག་ཤེས་མཁན་ཚང་མ་བོད་པ་མིན་།
བོད་ཟས་ཟ་མཁན་ཚང་མ་བོད་པ་མིན་།
ཆོས་རྟེན་ལ་སྐོར་བ་རྒྱབ་མཁན་ཚང་མ་ནང་པ་མིན་།
ལག་ལ་ཕྲེང་བ་ཁྱེར་མཁན་ཚང་མ་ནང་པ་མིན་།
མཆོད་འབུལ་བྱེད་མཁན་ཚང་མ་ནང་པ་མིན་།
སྦྱིན་པ་གཏོང་མཁན་ཚང་མ་ནང་པ་མིན་།
ཧ་ཧ་ཧ་།
བོད་ལ་གྱོན་ནས་བོད་དོན་ཉུལ།
བོད་ཟས་ཟ་བཞིན་བོད་ཡིག་ཀློག་
བོད་རྐུབ་ལྡག་བཞིན་བོད་སྐད་རྒྱག་
བོད་འཛུམ་སྟོན་བཞིན་བོད་རོགས་བཙལ།