ཀླུ་སྨྱོན་ཧེ་རུ་ཀ
དགེ་ཆོས་ལགས་དང་སྒྲ་གཅན་འཛིན་གཉིས་རྒྱ་གར་ནས་ཐོག་མར་བོད་དུ་ཕེབས་དུས་སུ་ཆབ་མདོའི་བར་དུ་སོང་སྟེ་དགེ་ཆོས་དེ་དུས་གཡུ་སྒྲོན་ལ་ཐུག་པའི་སྐོར་གཡུ་སྒྲོན་གྱི་བུ་མོས་༵༵ཀྲུང་གོའི་བོད་ལྗོངས་ྐྐདུས་དེབ་ལ་བརྗོད་ཡོད་བསམས།
༵༵འདོད་པའི་བསྟན་བཅོས་ྐྐཀྱི་མཇུག་བསྔོ་བའི་ལེའུ་ཚན་ནང་དུ།
གཡུ་སྒྲོན་གངྒྰ་ཨ་ས་ལི་ལ་སོགས། །
བདག་ལ་ལས་ཀྱིས་འབྲེལ་བའི་བུ་མོ་རྣམས། །
བདེ་ནས་བདེ་བའི་ལམ་དང་རྟེན་བརྒྱུད་དེ། །
བདེ་ཆེན་ཆོས་སྐུའི་ས་ལ་ཕྱིན་པར་ཤོག །
ཅེས་པའི་ནང་གི་གཡུ་སྒྲོན་དེ་ནི་དགེ་ཆོས་ལགས་ཀྱི་འདོད་པའི་བདེ་བ་དང་པོར་མྱོང་སའི་ཆབ་མདོའི་གཡུ་སྒྲོན་ཡིན་པ་ཡོངས་གྲགས་རེད། ལོ་ཤས་སྔོན་གྱི་ལ་རྩེའི་དགེ་ཆོས་རྗེས་དྲན་ཚོགས་འདུར་བཅར་མཁན་དགེ་ཆོས་ཀྱི་སྲས་མོ་དགའ་སྐྱིད་གཡང་འཛོམས་ལགས་ནི་གཡུ་སྒྲོན་འདིའི་བུ་མོ་རེད་བསམས། དེ་མིན་དགེ་ཆོས་ཀྱི་སྐུ་ཟླ་མཐའ་མ་གྲོངས་ཁར་ལྷན་དུ་ཡོད་པ་དེ་ལ་བུ་ཕྲུག་ཅང་ཡོད་པའི་སྐད་ཆ་ཅི་ཡང་མི་འདུག
ཨ་ལགས་འཇམ་དཔལ་གྱི་དྲིས་ལན་ལས། སྐྱེས་ཡུལ་ཆབ་མདོ་རེད། ་་་ ་་་ རྗེས་མ་དགོངས་པ་རྫོགས་པའི་སྐབས་ལ་ཡང་སྐྱེ་དམན་དེ་རང་ཡོད་བཞིན་པ་རེད། ཅེས་བྲིས་འདུག
གཡུ་སྒྲོན་དང་པོ་དེ་༵༵འདོད་བསྟན་ྐྐནང་གི་དེ་དང་གཉིས་པ་དེ་མཐའ་མའི་སྐུ་ཟླ་དེ་ཡིན་པ་ནི་མི་རྒན་ཤེར་རྒྱམ་པའི་དགེ་ཆོས་ཀྱི་ལོ་རྒྱུས་ནང་དུ་གསལ་བོར་གསུངས་པ་སྟེ། ཁོས་བྲིས་པའི་དགེ་ཆོས་ཀྱི་ལོ་རྒྱུས་དེའི་ནང་དུ་གཡུ་སྒྲོན་གཉིས་པ་དེའི་སྐོར་འཆད་དུས་འདི་ནི་༵༵འདོད་པའི་བསྟན་བཅོས་ྐྐནང་གི་གཡུ་སྒྲོན་དེ་མིན་ཞེས་ཤོག་བུ་དཀར་པོའི་སྟེང་དུ་ཡི་གེ་ནག་པོ་བྲིས་འདུག་ལ། གཡུ་སྒྲོན་གཉིས་པ་དེར་མ་ཐུག་གོང་སྟེ་བོད་དུ་ཚར་གཉིས་པར་མ་ཕེབས་གོང་ཙམ་དེར་༵༵འདོད་བསྟན་ྐྐའགྲུབ་ཡོད་པ་ནི་བོད་དུ་ཕེབས་རྗེས་དེ་རང་ལ་༵༵འདོད་བསྟན་ྐྐགྱི་པར་ཕུད་བཀའ་བློན་ཀ་ཤོད་པར་ཕུལ་ཡོད་པ་རག་རས་བྲིས་པའི་དགེ་ཆོས་ཀྱི་ལོ་རྒྱུས་སུ་ཧ་ཅང་གསལ། དེའི་ཕྱིར་དགེ་ཆོས་ལོ་རྒྱུས་ནང་ཁམས་མོ་ལོ་ཆུང་གཡུ་སྒྲོན་ཟེར་བ་ཞིག་དང་ཁམས་མོ་ལོ་རྒས་གཡུ་སྒྲོན་ཟེར་བ་གཉིས་ཡོད་པ་མཁྱེན་པར་མཛོད།
ང་མགོ་འཐོམས་ས་དེ་གཡུ་སྒྲོན་གཉིས་ཡོད་མེད་དེ་མ་མིན་པར་ལ་རྩེ་ཚང་ལ་ཕེབས་པའི་དགེ་ཆོས་ཀྱི་སྲས་མོ་དགའ་སྐྱིད་གཡང་འཛོམས་ཀྱི་ཨ་མ་དེ་༵༵འདོད་བསྟན་ྐྐནང་གི་དེ་ཡིན་ནམ་གྲོངས་ཁར་འཁྲིས་སུ་ཡོད་པའི་གཡུ་སྒྲོན་དེ་ཡིན་གསལ་བོ་ཞིག་མ་དྲན་པ་དེ་རེད། འདི་ནི་༵༵ཀྲུང་གོའི་བོད་ལྗོངས་ྐྐདུས་དེབ་གཡུ་སྒྲོན་ལ་བཅར་འདྲི་ཅན་དེ་ལག་པར་ཐེབས་ན་དོགས་པ་བསང་ཐུབ་ཀྱང་ད་ནི་དེ་འདྲའི་རེ་བ་མི་འདུག ཧོར་འཇིགས་ཀྱི་༵༵དྲང་བདེན་གྱིས་བསླུས་པའི་སློང་མོ་བྐྐདེ་གཅིག་ཡོད་ན་ཐེ་ཚོམ་འདི་རིགས་གཅོད་པར་ཕན་ཡང་ས་མཐའ་འདི་ནས་དེ་ཡང་ལས་སླ་བོར་མི་རག་གི
དྲ་གྲོགས་ཚོས་དཔྱད་གླེང་གནང་བར་སྙིང་ཐག་པ་ནས་ཐུགས་རྗེ་ཆེ། ང་ལ་ཡང་དགའ་སྐྱིད་གཡང་འཛོམས་དགེ་ཆོས་ཀྱི་བུ་མོ་ཡིན་མིན་དོགས་པ་ཆེན་པོ་ཞིག་སྐྱེས་ནས་དོགས་སློང་ཞིག་བྱས་པ་ཡིན། གོང་ནས་མདའ་ཚན་པ་ལགས་ཀྱིས་གསུངས་པ་དེ་གནད་དུ་ཁེལ་སོང་། ངའི་བསམ་པར་དགའ་སྐྱིད་གཡང་འཛོམ་དགེ་ཆོས་དང་ཚེ་བརྟན་གཡུ་སྒྲོན་མ་ཐུག་པའི་སྔོན་ནམ་ཡང་ན་དགེ་ཆོས་གྲོངས་པའི་རྗེས་སུ་སྐྱེས་པ་གང་རུང་ཞིག་ལས། དགེ་ཆོས་རང་བཞུགས་སྐབས་ཁོང་གི་སྲས་མོར་སྐྱེས་པའམ་ཡང་ན་ཁོང་སྐུ་གཤེགས་སྐབས་ཚེ་བརྟན་གཡུ་སྒྲོན་མངལ་སྦྲུམ་ཡོད་པ་ཞིག་ནི་མིན་པར་ངེས། གལ་སྲིད་དེ་འདྲ་ཞིག་ཡིན་ན་ནི་དགེ་ཆོས་ཀྱི་སློབ་མ་རག་ར་དང་ཧོར་ཁང་སོགས་ཀྱིས་རང་གི་དགེ་རྒན་གྱི་སྲས་མོར་ཁ་ལྟ་མིག་ལྟ་རེ་བྱས་ཆོག་པའམ་མ་མཐའ་ཡང་གླེང་ཙམ་རེ་བྱེད་དགོས་ངེས་ཤིག་ཡིན་ཡང་དེ་ལྟར་བྱས་མི་འདུག
ད་ཡིན་ན་ལ་རྩེ་ཚང་གིས་ཚེ་བརྟན་གཡུ་སྒྲོན་གདན་འདྲེན་ཞུས་པ་དེ་ལ་སྡོམ་ཅི་ཞིག་རྒྱག་དགོས། ༵༵ཀྲུང་གོའི་བོད་ལྗོངས་ྐྐཚང་གིས་སྤེལ་བ་དེའི་ནང་དུ་ཁོང་མ་བུ་གཉིས་དང་དགེ་ཆོས་ཀྱི་སྐོར་ལོས་ཡིན་བསམས་པ་ཞིག་ཏན་ཏན་ཡོད།
ཁྱོད་ཚོར་༵༵འདོད་པའི་བསྟན་བཅོས་ྐྐནང་གི་གཡུ་སྒྲོན་དེ་དགེ་ཆོས་རྒྱ་གར་ནས་བོད་དུ་ཕེབས་ཐེངས་དང་པོར་ཆབ་མདོ་ནས་ཕྲད་པའི་གཡུ་སྒྲོན་དེ་ཡིན་མིན་གྱི་སྐད་ཆ་རེ་མེད་དམ། སྐུ་འདའ་ཁའི་འཁྲིས་ཀྱི་གཡུ་སྒྲོན་དེ་༵༵འདོད་བསྟན་ྐྐནང་གི་དེ་མིན་པ་ནི་གསལ་བོ་རེད།
དགེ་ཆོས་འདི་ལྟ་རྒྱ་ཆེན་པོ་ཞིག་ཡིན་པ་ནི་གསེར་ཐང་སོགས་ལས་ཤེས་པས། ཁོང་གིས་གཞན་གྱིས་བྲིས་པའི་༵༵འཛམ་གླིང་རྒྱས་ྐྐབཤད་ཀྱི་ལེགས་ཆ་རེ་ལེན་ཆོག་གི་རེད། ཡིན་ན་ཡང་དུས་ཚིགས་ཀྱི་ཆ་ནས་སྔ་ཕྱི་འགྲིག་གི་མེད་ན་རྩོམ་དུམ་དེ་རང་དགེ་ཆོས་ཀྱི་མིན་པར་བརྗོད་ཆོག་གི་རེད། ཡིན་ན་ཡང་ལུང་འདྲེན་དེ་དགེ་ཆོས་ཀྱི་མིན་པས་རྩོམ་གཞུང་ཧྲིལ་བོ་དགེ་ཆོས་ཀྱི་མིན་པར་ཡང་བསྒྲུབ་ཨེ་ཐུབ། གང་ལྟར་ང་ལ་རག་པའི་༵༵འཛམ་གླིང་རྒྱས་བཤད་ྐྐདེ་དང་དགེ་ཆོས་ཀྱི་ལུང་འདྲེན་བྱེད་སའི་རྒྱས་བཤད་དེ་གཉིས་ཀྱི་རྩོམ་པ་པོ་གཅིག་ཡིན་ན་ཡང་ཐང་ཀི
༵༵གསེར་ཐང་ྐྐགི་ཕྱེད་ཀ་དགེ་ཆོས་ཀྱི་རྣམ་དཔྱོད་ལས་ཐོན་པ་ཞིག་མ་ཡིན་པར་གཞན་རྩོམ་བརྒྱུད་འགོད་བྱས་པ་ཞིག་ཡིན་པ་ནི་ལོང་བས་བལྟས་ཀྱང་ཁམས་གསུམ་རེད།
ངེད་ཅག་གིས་འདིར་གསལ་བོར་ཤེས་དགོས་པ་ཞིག་ནི། དགེ་ཆོས་ཀྱིས་དངུལ་ལོར་རྫུན་མ་བཟོས་པའི་ཁུངས་སྐྱེལ་ཅིག་གནའ་ནས་ད་བར་གཞུང་སྒེར་སུ་ཡང་རག་མེད་པ་དང་། །བཙོན་དུ་འཇུག་དགོས་པའི་རྒྱུ་མཚན་ནི་དབྱིན་གཞུང་གིས་ནུབ་བོད་ལེགས་བཅོས་ཚོགས་པའི་ཚོགས་མི་ཡིན་པ་གཞི་རྩར་བཟུང་ནས་དཀྲུགས་ཤིང་བརྒྱབ་སྟེ་བྱུང་བ་ཞིག་ཡིན་པ་ནི་ཕྱོགས་གང་མང་ཞིག་ནས་ར་འཕྲོད་ཀི
གོང་དུ་དྲ་གྲོགས་ཤིག་གིས་དགེ་ལུགས་པ་ཚོ་དགེ་ཆོས་ལ་མི་དགའ་འདུག་ཅེས་པ་འདི་ནི་རྒྱུགས་པས་ལེབ་རྡུང་གི་སྐད་ཆ་ཞིག་རེད། དགེ་ལུགས་པའི་ནང་ན་དགེ་ཆོས་ལ་མི་དགའ་མཁན་བརྒྱ་དང་དགའ་མཁན་སྟོང་ཡོད། དེའི་དཔེ་མཚོན་གསལ་བོ་ཞིག་ནི་དགེ་ཆོས་གྲོངས་དུས་དགེ་ཆོས་ཀྱི་དགེ་རྒན་ཡིན་པར་བཤད་པའི་རྡོ་སྦིས་དགེ་བཤེས་ཀྱིས་སྤྱན་ཆབ་བཏང་སྟེ། མི་དཀྱུས་མ་སྟོང་གཅིག་ཤི་བ་ལས་དགེ་ཆོས་གྲོངས་པ་ཕངས་གསུངས་ལུགས་འདུག་པ་དང་། ངའི་བླ་མ་དགེ་ཆོས་དང་བཀྲ་ཤིས་འཁྱིལ་ནས་འཛིན་གྲྭ་གཅིག་པ་ཨ་ལགས་ཡོངས་འཛིན་ཚང་གིས་ཀྱང་ནམ་ཞིག་དགེ་ཆོས་ཀྱི་སྐོར་གསུང་དུས་དགེ་ཆོས་ལ་གདེང་འཇོག་ཅིག་མ་གཏོགས་མི་དགའ་བའི་གསུང་ཚིག་གཅིག་ནམ་ཡང་ཐོས་མྱོང་མེད། ལྷག་པར་དེང་སང་གི་དགེ་ལུགས་པའི་གྲྭ་གཞོན་ཤེས་རབ་ཅན་དག་གི་ཁྲོད་དུ་དགའ་ཆོས་ལ་དགའ་མཁན་ཁྲི་སྟོང་ཡོད་པར་ཁས་ལེན་ཐུབ། དགེ་ཆོས་འཚོ་བཞུགས་སྐབས་ཀྱི་དགེ་ལུགས་པའི་དབུ་ཁྲིད་ཨང་གསུམ་པ་དགའ་ལྡན་ཁྲི་བ་མི་ཉག་སྟོང་འདུས་དང་སྐབས་དེའི་དགེ་ལུགས་པའི་གསུང་ཆོས་ཀྱི་མགོ་ཁུངས་གཏུགས་ས་ཆགས་ཡོད་པའི་ཕ་བོང་ཁ་སོགས་དེ་དུས་ཀྱི་དགེ་ལུགས་པའི་བླ་ཆེན་གང་མང་ཞིག་གིས་དགེ་ཆོས་ལ་དངོས་ཤུགས་བརྒྱུད་གསུམ་ནས་གདེང་འཇོག་བྱས་འདུག ཐ་ན་དགེ་ཆོས་བཙོན་ཁང་དུ་ཡོད་དུས་ཡོངས་འཛིན་ཁྲི་བྱང་ཚང་གིས་ཞབས་ཞུ་བརྒྱུད་དེ་དགེ་ཆོས་ལ་བཞེས་ལག་བསྐྱལ་བ་དང་། འབྲས་ཀླུ་འབུམ་ཁང་ཚན་གྱིས་དགེ་ཆོས་རྒྱ་གར་ནས་བོད་དུ་བསླེབས་མ་ཐག་ནས་བཟུང་སྟེ་མཐའ་མར་བཙོན་ནས་ལེན་དུས་དང་བཙོན་ནས་ཐར་བའི་རྗེས་ཀྱི་བཞུགས་གནས་སོགས་གང་ཅིའི་ཐད་ཅི་ཐུབ་ཀྱིས་རོགས་རམ་བྱས་འདུག་པས། དགེ་ལུགས་པ་དགེ་ཆོས་ལ་དགའ་གི་མ་རེད་ཅེས་པ་འདི་ནི་དགེ་ཆོས་ཀྱི་ལོ་རྒྱུས་དངོས་ལ་རྒྱུས་ཆུང་བ་དག་ལ་མཚོན་ན་མགོ་བོ་རྨོངས་ཤིང་དཀྲུགས་ཤིང་དུ་ཡང་མི་འགྱུར་བའི་ངེས་པ་མེད་ན། དྲ་གྲོགས་རྣམ་དཔྱོད་དང་ལྡན་པ་དག་གིས་༵༵དགེ་ཆོས་ཀྱི་རབ་བྱེད་ཞབས་བཏགས་མ་ྐྐདང་རག་ར་ཚང་གི་༵༵དགེ་ཆོས་ཀྱི་རབ་བྱེད།ྐྐ ཧོར་ཁང་བའི་དགེ་ཆོས་ཀྱི་ལོ་རྒྱུས། མི་རྒན་ཤེར་རྒྱམ་པའི་དགེ་ཆོས་ལོ་རྒྱུས་སོགས་གུང་བསྒྲིགས་ནས་བལྟས་ཏེ་གཞི་ནས་དགེ་ལུགས་ཚང་དགེ་ཆོས་ལ་དགའ་དང་མི་དགའ་བའི་སྡོམ་ཚིག་ཅིག་བཞག་ན་ད་གཟོད་འཕྱིས་དྲགས་ཡོད་ཀྱི་མ་རེད་བསམས། དཔེར་ན་ཟླ་བ་བཟང་པོས་དགེ་ཆོས་སྐུ་བསྙུང་བཞེས་ནས་ཡོད་དུས་སུ་ཡང་རང་དོན་དཔེ་ཁྲིད་ཞུ་ཆེད་དུ་ཨ་རག་གཟན་འོག་ཏུ་བཅུག་ནས་ཡོང་སྟེ་ཁོང་ལ་བླུད་ནས་བསྙུང་གཞི་ཇེ་སྡུག་ཏུ་འགྲོ་བའི་ཉེར་ལེན་བསྒྲུབས་པ་འདིས་རྙིང་མ་ཚང་དགེ་ཆོས་མི་དགའ་བར་བསྒྲུབ་མི་ཐུབ་པ་བཞིན་ནོ།།
དེ་མིན་ལྟ་གྲུབ་ཀྱི་ཁྱད་པར་བྱུང་བའི་བར་ནས་ཚིག་གི་ཟུར་མདའ་འཕེན་རེས་བྱས་པ་ཙམ་གྱིས་དེ་ལྟར་ཟེར་བ་ཡིན་ན་ནི། རྒྱ་གར་འཕགས་པའི་ཡུལ་དུ་ཡང་མགོན་པོ་ཀླུ་སྒྲུབ་ཤྰ་རིའི་བུ་སོགས་ཐེག་དམན་པའི་དགྲ་བཅོམ་ཆེན་པོ་དག་ལ་མི་དགའ་བ་དང་། འཕགས་པ་ཐོགས་མེད་མགོན་པོ་ཀླུ་སྒྲུབ་ལ་མི་དགའ་བ་དང་། ཟླ་བ་གྲགས་པ་དང་ཞི་བ་ལྷ་སོགས་འཕགས་པ་ཐོགས་མེད་ལ་མི་དགའ་བ་དང་། བོད་དུ་འདུལ་བའི་བསྟན་པར་དག་ཐེར་བྱེད་མཁན་ཇོ་བོ་རྗེ་སློབ་དཔོན་པདྨ་འབྱུང་གནས་ལ་མི་དགའ་བ་དང་། ས་པཎ་བཀའ་བརྒྱུད་པའི་སྒོམ་ཆེན་སྐོར་ཞིག་ལ་མི་དགའ་བ་དང་། བཀའ་བརྒྱུད་པ་སྐོར་ཞིག་རྗེ་ས་པཎ་ལ་མི་དགའ་དང་། རྗེ་བླ་མ་བོད་སྔ་རབས་པ་རྔོགས་ལོ་ཡབ་སྲས་དང་ས་ཆེན་གོང་མ་སོགས་ལ་མི་དགའ་བ་དང་། གོ་ཤྰག་སྟག་གསུམ་དང་ཀརྨ་མི་བསྐྱོད་རྡོ་རྗེ་སོགས་རྗེ་ཙོང་ཁ་པར་མི་དགའ་བ་དང་། པཎ་ཆེན་བསོད་གྲགས་དང་འཇམ་བཞད་སོགས་གོ་ཤྰག་སྟག་གསུམ་ལ་མི་དགའ་དང་སོགས། སངས་རྒྱས་དང་བྱང་སེམས་འདི་དག་གཅིག་གིས་གཅིག་ལ་མི་དགའ་བའི་གང་ཟག་ཡིན་པར་ཁས་ལེན་དགོས་པས། དེ་ལྟར་ཡིན་པར་ང་ཚོ་སུས་ཀྱང་ཁས་ལེན་བྱེད་མི་ཐུབ། གོང་གི་མཁས་གྲུབ་འདི་དག་གིས་ལྟ་གྲུབ་མི་འདྲ་བས་གཅིག་གིས་གཅིག་ལ་དགག་གཞག་བྱེད་པ་མ་གཏོགས་འཇིག་རྟེན་ཆོས་བརྒྱད་ཀྱི་དབང་དུ་སོང་སྟེ་རང་དོན་ཁོག་བཅུག་གིས་གཅིག་གིས་གཅིག་ལ་མི་དགའ་བ་བྱས་པ་ཞིག་གཞར་ཡང་མ་ཡིན་ནོ།།ཡིན་ན་ཡང་དེ་ལྟར་ཡིན་པ་མ་ཤེས་ནས་བླུན་པོ་ཆགས་སྡང་གིས་སྨྱོས་པ་སྐོར་ཞིག་གིས་མཁས་གྲུབ་ཆེན་པོ་དེ་དག་ང་རྒྱལ་དང་ཞེ་སྡང་རང་མཚན་པའི་དབང་དུ་སོང་སྟེ་འཇིག་རྟེན་པས་རྒྱུ་ནོར་རྩོད་སྟངས་འདྲ་བོ་བྱེད་པ་ཞིག་ཏུ་མཐོང་ནས་ཅིག་ཅིག་ལ་དགའ་གི་མ་རེད། དེའི་རྐྱེན་གྱིས་ང་ཡང་ཁོ་ལ་མི་དགའ་ཞེས་ཡུལ་གཉན་པའི་སྐྱེས་བུ་དམ་པ་དག་ལ་སྐུར་བ་འདེབས་ཅི་ཐུབ་བྱེད་པ་ཡིན་ནོ།། ས་མཚམས་འདི་མ་ཤེས་ནས་རང་རང་གི་གྲུབ་མཐའ་དེར་མི་གཏོགས་པའི་གང་ཟག་དང་དགོན་སྡེ་ནི་ཕྱི་རོལ་པ་ཁ་ཆེའི་དགོན་སྡེ་དང་ཁ་ཆེའི་ཆོས་བྱེད་མཁན་ལྟ་བུར་བལྟས་ནས་ཆགས་སྡང་གིས་བོད་མི་ནང་ཁུལ་གཅིག་སྒྲིལ་ནམ་ཡང་མེད་པར་དགེ་ལུགས་ཚང་གིས་ག་རེ་བྱེད་ཀྱིན་འདུག རྙིང་མ་ཚང་གིས་ག་རེ་བྱེད་ཀྱིན་འདུག ཅེས་ཕར་ཕྱོགས་དེ་ནང་པ་སངས་རྒྱས་པ་ཞིག་ཡིན་པ་ངོས་ཟིན་དགོས་པའི་གཞི་རྩའི་རྨང་གཞིའི་ལྟ་གྲུབ་དེ་གཏིང་བརྗེད་དུ་སོང་ནས་ཆོས་ལུགས་ཕྱོགས་རིས་ཀྱི་འཐེན་འཁྱེར་བྱེད་པ་ཡིན་ནོ།།
ག་དུས་ཡིན་ཡང་དགེ་ལུགས་ཚང་གིས་ཅིག་བྱས་རབས་ཐུ་རབས་མ་གསུངས་པར་དུང་དཀར་བློ་འཕྲིན་གྱིས་བོད་མི་དམར་ཕྱོགས་པ་ཞིག་ངོས་ནས་བྲིས་པའི་༵༵བོད་ཀྱི་ཆོས་སྲིད་ཟུང་འབྲེལ་སྐོར་བཤད་པ་ྐྐཞེས་པའི་དེབ་དེ་ཚར་གཅིག་ཀློགས་དང་། དེ་ནས་ཁྱེད་ལ་ས་དགེ་བཀའ་རྙིང་བོན་དང་བཅས་པའི་རྗེས་འཇུག་ཆེན་པོར་གྲགས་པ་ཁག་ཅིག་དཀར་ན་དཀར་མཉམ་དང་ནག་ན་ནག་མཉམ་རེད་བསམ་པའི་ཕྱོགས་རིས་མེད་པའི་ལྟ་བ་ཞིག་རྒྱུད་ལ་སྐྱེ་ཁོ་ཐག་ཡིན། ལྷག་པར་དུ་ས་འབྲིའི་གཡུལ་འཁྲུག་སྐབས་ཏེ་འབྲི་གུང་སྡེ་གཟར་ཆེན་མོའི་སྐབས་སུ་ཉི་མ་གཅིག་ལ་འབྲི་གུང་བའི་སྐྱ་སེར་བཞི་སྟོང་བསད་དེ་འབྲི་གུང་ཆོས་གྲྭ་ཡོངས་རྫོགས་ཁྲག་ལ་བསྒྱུར་པས་མི་ཚད། འབྲི་གུང་ཐེལ་གྱི་གདན་ས་ཆེན་མོ་མེས་བསྲེགས་ནས་རྩ་མེད་བཟོས་པ། ཀརྨ་བསྟན་སྐྱོང་དབང་པོས་སྲིད་དབང་བཟུང་བའི་སྐབས་སུ་ཀར་ལུགས་པ་སྐོར་ཞིག་གིས་ དགེ་ལུགས་ མིང་མེད་དུ་གཏོང་རྩིས་ཀྱིས་རྒྱལ་བ་ཡོན་ཏན་རྒྱ་མཚོའི་སྤྲུལ་སྐུ་ངོས་འཛིན་ བྱེད་དུ་མ་བཅུག་པ་དང་། ལོ་ངོ་ཉི་ཤུའི་རིང་ལ་དགེ་ལུགས་པས་བཙུགས་པའི་ལྷ་ལྡན་སྨོན་ལམ་ཆེན་མོར་དགེ་ ལུགས་ཚང་ཕེབས་སུ་མ་བཅུག་པར་ལྷ་སའི་གཡས་གཡོན་གྱི་ས་དགེའི་གྲྭ་པ་བརྒྱ་སྐོར་རེ་འཚོགས་ནས་བསྡད་པ་སོགས། ཁྱོས་དགེ་ལུགས་གཅིག་པོའི་སྟེང་ནས་མཐོང་བའི་ལོ་རྒྱུས་ཀྱི་གྲིབ་ནག་དེ་གྲུབ་མཐའ་གཞན་པ་དེ་ཚོའི་རྗེས་འཇུག་ཏུ་ཁས་འཆེ་བའི་ཆེན་པོ་དག་གི་སྟེང་ནས་མཐོང་ཡོང་གི་འདུག ཆོས་བརྒྱུད་གྲུབ་མཐའ་ཚོའི་ལོ་རྒྱུས་ལ་བལྟ་ན་དང་པོར་རང་ཉིད་གང་དུ་གཏོགས་པའི་གྲུབ་མཐའ་དེའི་གྲས་ནས་ཟུར་དུ་བུད་དེ་རང་ཉིད་གྲུབ་མཐའ་གང་ལ་ཡང་མི་གཏོགས་པའི་ལོ་རྒྱུས་ཞིབ་འཇུག་པ་ཞིག་ཏུ་ཚུལ་དུ་བསྡད་དེ་ཉམས་ཞིབ་བྱས་ན་ད་གཟོད་ཆོས་ལུགས་གྲུབ་མཐའི་ལོ་རྒྱུས་ངོ་མ་དེའི་གདོང་རིས་མཐོང་གི་རེད་མ་གཏོགས། དང་པོ་ཉིད་ནས་རང་ཉིད་གང་ལ་གཏོགས་པའི་གྲུབ་མཐའ་དེ་ནི་སྐྱོན་ཀུན་ཟད་ཡོན་ཏན་ཀུན་ལྡན་ཞིག་ཏུ་བསམས་ནས་ལོ་རྒྱུས་སྟེང་གི་ནག་ཐིག་ཡོད་ཚད་ཆོས་ལུགས་གཞན་པའི་རྗེས་འཇུག་པ་ཚོའི་སྟེང་ནས་འཚོལ་ཅི་ཐུབ་བྱས་ན་ཕྱོགས་ལྷུང་མེད་པའི་ལོ་རྒྱུས་ཞིབ་འཇུག་པ་ཞིག་ཡོང་རེ་ཡོད་ནི་མ་རེད། ཁ་སང་སྔོན་མར་ཁྱེད་ཅག་གིས་དགེ་ལུགས་པ་ངན་རབ་ཐུ་རབས་དང་། རང་ཉིད་གང་དུ་གཏོགས་པའི་ཆོས་བརྒྱུད་དེ་བཟང་རབས་རྒྱན་རབས་ཟེར་ནས་ངར་ངར་ཤོར་ཤོར་གཉེན་ཉེ་བས་མཐོང་ན་མཆི་མ་ཤོར་དགོས་པ་ཞིག་དང་། སྡང་དགྲ་བོས་གོ་ན་ཐལ་མོ་རྡེབ་དགོས་པ་ཞིག་ལན་མང་བྱས་སོང་སྟེ། ང་ནི་རང་ཉིད་ནང་པ་ཞིག་ཡིན་པའི་འདུ་ཤེས་མ་གཏོགས་ཆོས་བརྒྱུད་བྱེ་བྲག་པ་གང་ཞིག་གི་ཕྱོགས་ནས་ལངས་ཏེ་ལོ་རྒྱུས་སྟེང་གི་བླ་མ་དང་དཔོན་པོ་རེ་ཟུང་གི་བྱེད་སྤྱོད་ལ་བརྟེན་ནས་ཆོས་བརྒྱུད་གྲུབ་མཐའ་ཡོངས་རྫོགས་ནག་པོ་ནག་རྐྱང་བདུད་ཀྱི་གྲུབ་མཐའ་རེད་ཟེར་ནས་དམྱལ་བའི་མེ་ནང་དུ་བསྐལ་བ་ཆེན་པོ་དུང་ཕྱུར་ནས་དུང་ཕྱུར་དུ་སྡུག་བསྔལ་དོས་དྲག་པོ་མྱོང་བཞིན་སྡོད་མི་ནུས་ལ། ད་ནི་རང་ཉིད་ཀྱིས་སྤེལ་བའི་དགེ་ཆོས་ཚང་གི་ཁྱིམ་ཚང་གི་འབྲེལ་བའི་སྐོར་ཞིག་གི་གླེང་བརྗོད་ཀྱི་བར་ནས་འདི་ལྟར་དགེ་ལུགས་པ་ཚོ་དགེ་ཆོས་ལ་དགའ་མི་དགའི་འཐེན་འཁྱེར་གྱི་གླེང་སློང་གི་འདུག་པས། རང་གི་ལྟ་ཚུལ་ཙམ་ཞིག་བརྗོད་པ་ཡིན། གང་ལྟར་དུང་དཀར་ཚང་གིས་དམར་ཕྱོགས་པ་ལོ་རྒྱུས་ཞིབ་འཇུག་པ་ཞིག་གི་ཚུལ་དུ་ཟུར་ནས་བསྡད་དེ་བོད་པའི་ཆོས་བརྒྱུད་གྲུབ་མཐའ་ཚོའི་ལོ་རྒྱུས་སྟེང་གི་འགལ་འབྲེལ་ཞིབ་ཕྲ་བྲིས་ཡོད་པའི་༵༵བོད་ཀྱི་ཆོས་སྲིད་ཟུང་འབྲེལ་གྱི་སྐོར་བཤད་པྐྐཞེས་པའི་དེབ་དེར་ཐེངས་གཅིག་གཟིགས་རོགས་ཞུ་རྒྱུ་ཡིན་ལགས། བཤད་ན་སྐྱུག་བྲོ་བའི་ལོ་རྒྱུས་ཀྱི་སྐྱོ་གར་འདི་ཡང་སྐྱར་གླེང་གི་མིན། ལུས་ངག་ཡིད་གསུམ་གྱི་འགུལ་སྐྱོད་ཡོངས་རྫོགས་འཕྲོ་བརླག་རེད། ཆོས་སྤོང་གི་ལས་ངན་ཇེ་མང་དུ་གསོག་པའི་རྒྱུ་ཆ་རེད།
དོལ་ཚོགས་འདི་དགེ་ལུགས་པ་མ་རེད་ལ་བཀའ་གདམས་གསར་མ་ཡང་མ་རེད། ད་ལྟའི་རྒྱ་གར་དུ་ཡོད་པའི་དགེ་ལུགས་པ་ནི་ད་ལྟའི་སེ་འབྲས་དགེ་གསུམ་དང་རྒྱུད་གྲྭ་སྟོད་སྨད་འདི་ཚོ་རེད། དོལ་ཚོགས་ཀྱིས་དགེ་ལུགས་པའི་ཚབ་ནམ་ཡང་བྱེད་ཐུབ་ཀི་མ་རེད། དོལ་ཚོགས་ཀྱིས་དོལ་ཚོགས་རང་གི་ཚབ་མ་གཏོགས་ཅི་ཡང་བྱེད་ཐུབ་ཀི་མ་རེད། རྣམ་དཔྱོད་དང་ལྡན་པ་ཞིག་གིས་བལྟས་ན་འདི་ནི་ནམ་ལངས་ཉི་ཤར་རེད། བྱང་ཆུབ་ལམ་རིམ་བསྡུས་པ་ལས། བསྟན་པ་ཐམས་ཅད་འགལ་མེད་རྟོགས་པ་དང་། །གསུང་རབ་མ་ལུས་གདམས་པར་འཆར་བ་དང་། །རྒྱལ་བའི་དགོངས་པ་བདེ་བླགས་རྙེད་པ་དང་། །ཉེས་སྤྱོད་ཆེན་པོའི་གཡང་ས་ལས་ཀྱང་བསྲུང་། །ཞེས་པ་འདི་ལག་ལེན་བྱེད་མཁན་གྱི་དགེ་ལྡན་པར་ཁས་འཆེ་བ་ཞིག་ཡིན་ན་དགེ་ལུགས་པར་བཞག་ཆོག་གི་རེད། དེ་མིན་དགེ་ལུགས་པའི་གྲུབ་མཐའི་རྗེས་འཇུག་ཏུ་ནམ་ཡང་འཚུད་ནི་མ་རེད། འདིའི་ངས་ནི་བཀའ་ཐང་ལས། ཨ་ཏི་ཤ་ཡི་སྤྲུལ་བ་བློ་བཟང་གྲགས༔ སྐྱེས་བུ་དེ་བྱོན་བོད་ལ་བདེ་སྐྱིད་ལྡན༔ ཞེས་པའི་ཚིག་དེ་གུ་རུ་རིན་པོ་ཆེ་ཉིད་ཀྱིས་གསུངས་པ་ཞིག་ཏུ་ངོས་འཛིན་བྱས་ནས་རྗེ་བླ་མ་དང་ཨོ་རྒྱན་སངས་རྒྱས་གཉིས་པ་འདི་ཚོ་ངོ་བོ་གཅིག་ལ་རྣམ་པ་ཐ་དད་དུ་བསམས་ནས་གསོལ་བ་རེ་འདེབ་ཀིན་ཡོད།
ཁྱེད་རང་དོན་ངོ་མར་དགའ་ལྡན་ཁྲི་བ་སོགས་དགེ་ལུགས་པའི་བླ་མ་ཆེ་ཁག་ཚོས་དོལ་རྒྱལ་ཚོགས་པ་དགེ་ལུགས་པའི་གྲས་ནས་གཏན་འཕུད་བཏང་བའི་ཁྱབ་བསྒྲགས་བྱས་པ་དེར་ཡིད་ཆེས་ཡོད་དམ། དོལ་ཚོགས་ཀྱིས་ཁོ་ཚོ་དགེ་ལུགས་ཡིན་བཀའ་གདམས་གསར་མ་ཡིན་ཟེར་ནས་འཛམ་བུ་གླིང་ལ་མགོ་སྐོར་གཏོང་གི་ཡོད་པ་དེ་ལ་ཡིད་ཆེས་ཡོད། དོལ་རྒྱལ་བ་ཚོ་སྐྱབས་གཏན་གྱི་སྐྱབས་གནས་འདྲེ་ལ་བཅོལ་ཚར་ནས་ནང་པའི་གྲས་ནས་བུད་ཚར་བས། ནང་པ་མ་ཡིན་པ་ཞིག་དགེ་ལུགས་པ་ཇི་ལྟར་ཡིན། སོག་དམག་འབོད་མཁན་འཇམ་བཞད་ཡིན་པ་ཞིག་ལོ་རྒྱུས་གང་ནས་ཀྱང་མ་མཐོང་། སོག་དམག་འབོད་མཁན་དེ་སུ་ཡིན་༵༵དཔྱིད་ཀྱི་རྒྱལ་མོའི་གླུ་དབྱངས་ྐྐདང་པཎ་ཆེན་བློ་བཟང་ཆོས་རྒྱམ་པའི་རྣམ་ཐར། ༵༵སྲིད་དོན་རྒྱལ་རབསྐྐ་སོགས་སུ་གསལ་བོར་བྲིས་ཡོད་ཀི གལ་སྲིད་འཇམ་བཞད་ཀྱིས་སྲོག་དམག་བོས་ཡོད་ན་ཉི་མ་དེ་རིང་ནས་ནང་པའི་གྲས་ནས་བུད་ཚར་བས་ནང་པ་མིན་པ་ཞིག་དགེ་ལུགས་པ་ཡིན་དོགས་མེད། དཔེར་ན་དོལ་རྒྱལ་བ་ཚོ་བཞིན། ཕ་བོང་ཁ་བ་དེ་གོང་ས་མཆོག་གིས་དགེ་ལུགས་པའི་བླ་མ་རྩ་ཆེན་ཞིག་ལ་རྩི་གནང་གིན་འདུག་སྟེ། ངས་ནི་དེའི་མིང་གོ་ན་ཡང་རྣམ་རྟོག་ཟ་གི་ཡོད། ཐ་ན་ཡོངས་འཛིན་ཁྲི་བྱང་གི་མིང་གོ་ན་ཡང་ང་ཉི་མ་ཆ་རེ་མི་བདེ་གི གལ་ལྟར་དོལ་ཚོགས་འདི་ནི་ངོ་མ་ནང་པའི་ཚོགས་སྡེ་ཞིག་མ་རེད། ཆོས་ཟབ་མོ་མི་བྲིན་ཟང་ཟིང་བྲིན་པའི་དུས་ཚོད་ལ་བསླེབས་ཚར་བ་རེད། ཨོ། བཤད་རྒྱུ་གཅིག་ལ། ཁ་སྔོན་གྱི་སིང་ག་ཕོར་གྱི་རྒྱ་མི་དེ་ཚོར་ཁྱེད་ཀྱིས་དོན་དག་ཆེན་པོ་ཆུང་ཆུང་བཟོས་ནས། དགེ་ལུགས་པ་ཞེས་པ་དེ་ནི་བོད་བརྒྱུད་ནང་བསྟན་གྱི་གྲུབ་མཐའ་ཆེན་པོ་ཞིག་གི་མིང་རེད། དགེ་ལུགས་པ་ཞིག་ཡིན་པའི་ཚད་དེ་འདི་རེད། དོལ་རྒྱལ་བ་ཚོས་སྐྱབས་གནས་འདྲེ་ལ་བཅོལ་བས་ནང་པ་མ་རེད། དེའི་ཕྱིར་དགེ་ལུགས་པ་མ་རེད། ཅེས་དོན་དག་རྙོག་དྲ་ཆེན་པོ་དེ་ཆུང་ཆུང་བཟོས་ནས་ཁོ་ཚོས་ཆོས་བརྒྱུད་ཅིག་ལ་ལོག་ལྟ་བྱེད་པ་དེ་འགོག་དགོས་པ་གང་ཞིག་ལ་དེ་ལྟར་མ་གནང་བར། རྒྱ་མི་ནང་ཆོས་ཀྱི་ལྟ་སྒོམ་སྤྱོད་གསུམ་ངོ་མ་དེ་མི་ཤེས་པར་གཡམ་རྒྱུགས་བྱེད་མཁན་འགས་ཅིག་བཤད་པ་ལ། དེ་རྩ་ཆེར་བཟུང་ནས་དེ་ཚོའི་རྒྱབ་སྐྱོར་བྱེད་པ་འདི་ནི་ཕྱོགས་རིས་དང་ལྟ་ངན་གྱིས་ཚོས་བསྡད་ཡོད་པ་ཞིག་གི་བྱེད་སྟངས་རེད་མ་གཏོགས་ཉིད་ལྟ་བུའི་ལོ་རྒྱུས་ དང་ཆོས་ལུགས་ལ་མཁྱེན་རྒྱ་ཡངས་པ་ཞིག་གི་བྱེད་སྟངས་མ་རེད། གོང་ནས་ཉིད་ཀྱིས་ཕྱི་གླིང་བ་ཞིག་གིས་རྡ་སའི་དཔེ་མཛོད་ནས་ཐོན་ཏེ་ཆོས་བརྒྱུད་གཞན་པ་དག་ནང་པར་མི་བརྩི་བའི་ཚད་དུ་བསླེབས་འདུག་ཟེར་བ་དེ་འདྲ་མང་པོ་ཞིག་ལ་ང་ ཡང་ཐུག་མྱོང་། ང་ཐུག་ས་དེ་དག་ཕལ་མོ་ཆེ་ནི་ས་སྐྱ་དང་བཀའ་རྙིང་གི་ཕྱོགས་ནས་བླ་མ་དང་མཁན་པོ་རེ་ཟུང་ཞིག་གིས་རྗེ་བླ་མར་སྐུར་འདེབས་བྱས་ཏེ་དགེ་ལུགས་ཚང་ཆད་ལྟ་བ་རེད་ཟེར་བ་འདྲ་བོ། དོལ་ཚོགས་དང་དགེ་ལུགས་པ་གཅིག་པ་རེད་ཟེར་བ་འདྲ་བོ་མ་བརྟགས་པའི་སྐད་ཆ་བཤད་པ་ལ་བདེན་པར་འཛིན་མཁན་དེ་འདྲ་རེད། སྐད་ཆ་འདི་ཚོར་ནང་པ་སྤྱི་དང་བོད་པ་སྤྱི་ལ་གནོད་ཀྱི་རེད་མ་གཏོགས་ཕན་པ་རྩ་བ་ཉིད་ནས་ཡོད་པ་མ་རེད། དེ་ལས་དོལ་ཚོགས་ཀྱི་ལྟ་སྒོམ་སྤྱོད་གསུམ་ལས་འཕྲོས་རེ་ནང་པ་མ་ཡིན་པ། དགེ་ལུགས་པ་མ་ཡིན་པ། བཀའ་གདམས་གསར་བ་མ་ཡིན་པ་སྟེ། དོལ་ཚོགས་འདི་མ་ཡིན་པ་གསུམ་ཡིན་པར་དགེ་ཕྱོགས་དང་རྙིང་ཕྱོགས་ནས་བསྒྲུབས་དང་སྒྲུབ་བཞིན་པ་འདིའི་རྒྱབ་སྐྱོར་བྱས་པ་ཡིན་ན། བསྟན་པའི་དར་ཐེར་དང་བསྟན་པ་དཀར་འཇམ་ཡུག་གཅིག་ཅེས་པ་དེ་ནི་དེ་རང་རེད་བསམ་གི ངས་བསམས་ན་ཁྱེད་རང་དོལ་ཚོགས་ཀྱིས་བཤད་པར་ཡིད་ཆེས་ཡོད་ཀྱི་མ་རེད་བསམས། གངས་སྦལ་རྒྱ་བོས་བཤད་པར་ཡིད་ཆེས་ཡོད་ཀྱི་མ་རེད་བསམས། སྡིག་བཤེས་སྐལ་རྒྱམ་པར་ཡང་ཡིད་ཆེས་ཡོད་ཀྱི་མ་རེད་བསམས། དེ་མེད་ན་དེ་ཚོའི་ལྟ་སྒོམ་སྤྱོད་གསུམ་ལ་ཡིད་ཆེས་ཡོད་ཀྱི་མ་རེད་བསམས། དེ་མེད་ན་དེ་ཚོས་ཁོ་ཚོ་དགེ་ལུགས་པ་ཡིན་བཀའ་གདམས་པ་ཡིན་ཞེས་ཇི་འདྲ་ཞིག་བཤད་རུང་དེ་ལ་ཡིད་ཆེས་ཤིག་གང་ནས་ཡོང་། དགེ་ལུགས་པ་ཡིན་མིན་དེ་རྗེ་བླ་མས་ལམ་རིམ་ནས་བཤད་པའི་ཆེ་བ་བཞི་དེ་ལག་ལེན་བྱེད་མིན་ནས་འཇོག་དགོས་པ་རེད། དེ་མེད་ན་དགེ་ལུགས་པའི་ཚོགས་སྡེ་ན་ཡོད་པ་ཞིག་ཡིན་ཡང་དགེ་ལུགས་པ་ཞིག་རེད་ཟེར་མི་ཐུབ། ཆོས་བརྒྱུད་གྲུབ་མཐའ་རེ་རེར་དེ་དང་དེ་ཡིན་མིན་གྱི་ས་མཚམས་རེ་ཡོད་པ་རེད། དེ་ད་ནི་སོག་པོ་ཇུན་གར་བ་བོད་དུ་ཡོང་སྟེ་སྐབས་དེའི་དགེ་ལུགས་པར་ཞབས་འདེགས་ལ་ཁ་གཡར་ནས་སྔ་འགྱུར་རྙིང་མའི་གདན་ས་སྐོར་ཞིག་བཤིགས་པ་དང་། སྨིན་གླིང་གདུང་སྲས་པད་མ་འགྱུར་མེད་རྒྱ་མཚོ་སོགས་སྐུ་བཀྲོངས་པའི་སྐོར་གྱི་ལོ་རྒྱུས་ལ་དཔྱད་འདོད་ངོ་མ་ཞིག་ཡོད་ན། སྐབས་དེའི་ལོ་རྒྱུས་མི་སྣ་གལ་ཆེན་མདོ་མཁར་ཞབས་དྲུང་ཚེ་རིང་དབང་རྒྱལ་གྱིས་བྲིས་པའི་༵༵མི་དབང་རྟོགས་བརྗོད་ྐྐདང་༵༵བཀའ་བློན་རྟོགས་བརྗོདྐྐགཉིས་ལ་གཟིགས་དང་། ཇུན་གར་སོག་དམག་ལ་དགེ་ལུགས་པས་ངན་སྐུལ་བྱས་པ་ཞིག་རེད་འདུག་གམ། ཡང་ན་སོག་པོ་དེ་ཚོ་ནི་དགེ་སྡིག་གི་བླང་དོར་མི་ཤེས་པར་གསོད་རྐྱང་གཏུབས་རྐྱང་བྱེད་མཁན་ཏག་ཏག་ཡིན་པ་ཤེས་ཀྱི་རེད། སྐབས་དེའི་དགེ་རྙིང་གི་འབྲེལ་བར་བསམས་ན་དགེ་ལུགས་པ་ཚོས་རྙིང་མའི་སྐྱེས་ཆེན་ཚོར་དེ་འདྲའི་བསམ་ནག་བྱེད་དགོས་པའི་རྩོད་རྙོག་ཅིག་སྐབས་དེར་བྲིས་པའི་ལོ་རྒྱུས་དག་ཏུ་རྙེད་རྒྱུ་མི་འདུག ངས་བསམས་ན་སོག་པོ་ཇུན་གར་བ་དེ་ཚོ་ནི་གདུག་རྩུབ་ཧ་ཅང་ཆེ་བས་རང་ཉིད་ཀྱི་རྐང་བ་ཞིག་གངས་ལྗོངས་ས་མཐོར་འཛུག་ཐུབ་པའི་ཆེད་དུ་དགེ་ལུགས་པ་ཚང་ལ་རྒྱབ་སྐྱོར་ཡིན་མདོག་གིས་དགེ་ལུགས་མིན་པའི་གྲུབ་མཐའ་གཞན་པར་སྡང་ཟུག་བྱས་པ་ཞིག་ཡིན་པ་ནི་ཧ་ཅང་གསལ་བོ་རེད་ལ། ཕྱོགས་གཅིག་ནས་གོང་ས་ལྔ་བ་ཆེན་པོའི་དུས་ནས་བཟུང་སྟེ་དགེ་ལུགས་དང་རྙིང་མ་གཉིས་འབྲེལ་བ་དམ་ཟབ་ཡོད་པ་དེ་མེད་པར་མ་བཟོས་ན་གྲུབ་མཐའི་བར་འཁོན་འཛིན་མི་འབྱུང་ཞིང་། འཁོན་འཛིན་དེ་འདྲ་ཞིག་མེད་ཚེ་བོད་པའི་རྡོག་རྩ་གཅིག་སྒྲིལ་འདི་བཤིག་ཐབས་གཞན་མ་རྙེད་པའི་གདེང་ཚོད་ཅིག་ལོན་ནས་ཆོས་བརྒྱུད་གྲུབ་མཐའི་བར་དབྱེན་དཀྲུག་གི་ལས་ཀ་དེ་འདྲ་བྱས་པ་ཞིག་རེད་བསམས། གང་ལྟར་ལོ་རྒྱུས་ནི་ལོ་རྒྱུས་རང་ཡིན་པས་བཤད་ཡམས་ཙམ་ལ་ཡིད་ཆེས་མི་བྱེད་པར་སྐབས་དེའི་མི་སྣས་བྲིས་པའི་ལོ་རྒྱུས་ཀློག་རྒྱུ་འདི་ཧ་ཅང་གལ་ཆེ་གི ཞབས་དྲུང་ཚེ་རིང་དབང་རྒྱལ་ཁོང་ནི་ཨོ་རྒྱན་སངས་རྒྱས་གཉིས་པ་དང་རྗེ་ཙོང་ཁ་བ་གཉིས་ཀར་དད་པ་ཁྱད་མེད་དུ་བྱེད་མཁན་ཞིག་ཡིན་འདུག་པས། ཕྱོགས་རིས་ཀྱི་བསམ་བློས་བསླངས་ཏེ་ལོ་རྒྱུས་འཁྱོག་འབྲི་བྱས་ཡོད་ཀྱི་མ་རེད་བསམས། ངས་ཀྱང་༵༵མི་དབང་རྟོགས་བརྗོད་ྐྐདང་༵༵བཀའ་བློན་རྟོགས་བརྗོད་ྐྐགཉིས་སྐྱར་ཀློག་ཅིག་བྱེད་དགོས་མོད་ད་ལྟ་དེབ་དེ་གཉིས་འདི་ན་མེད་ཀི
སྐབས་དེའི་རྗེས་དེ་མ་ཐག་ཏུ་ཞྭ་དམར་པའི་ངན་སྐུལ་འོག་བལ་དམག་གམ་གོར་དམག་ཡོད་དུ་ཡོང་ནས་བོད་ཀྱི་རྫོང་ཁག་མང་པོ་བཙན་བཟུང་དང་བཀྲ་ཤིས་ལྷུན་པོར་འཕྲོག་བཅོམ་ཚད་མེད་སོགས་བྱས་པས། དུས་ད་ལྟ་ཡང་སྐྱིད་རོང་ཕྱོགས་སུ་བོད་ས་བལ་འོག་ཏུ་ལུས་ཡོད་པའི་ལོ་རྒྱུས་ཀྱི་སྐྱོ་གར་མ་ཤི་གསོན་པོར་ཡོད་ན་ཡང་། ལོ་རྒྱུས་སྟེང་གི་ནག་ཉེས་དེ་ཞྭ་དམར་བ་ཁོ་རང་གིས་འཁུར་དགོས་ཀྱི་རེད་མ་གཏོགས་སྐབས་དེའི་བཀའ་བརྒྱུད་པ་ཡོད་ཚད་ལ་ནག་ཉེས་བཀལ་ན་དེ་ལས་ལྷག་པའི་ཅོལ་ཆུང་བླུན་པོའི་བྱེད་སྟངས་ཤིག་གང་ན་ཡོད། གང་སྲིད་འཇམ་བཞད་ཀྱིས་སོག་དམག་བོད་དུ་ཁྲིད་ཡོང་བའི་ཁུངས་སྐྱེལ་ར་འཕྲོད་པ་ཞིག་ཡོད་པ་ཡིན་ན་ཡང་། ཞྭ་དམར་བས་གོར་བོད་དམག་འཁྲུག་གི་ནག་ཉེས་འཁུར་དགོས་པ་ཇི་བཞིན་འཇམ་བཤད་ཀྱིས་ཀྱང་ལོ་རྒྱུས་ཀྱི་ནག་ཉེས་དེ་འཁུར་དགོས་ཀྱི་རེད་ལ་ཁོ་ལ་བཀལ་ན་ཡང་འགྲིག་གི་རེད་མ་གཏོགས། འཇམ་བཞད་ཀྱི་ནག་ཉེས་དེ་དགེ་ལུགས་པའི་གྲུབ་མཐའི་མགོ་རུ་འགེལ་བ་འདི་ནི་རང་ཉིད་རྩ་བའི་ཆ་ནས་དགེ་ལུགས་པར་མི་དགའ་བའི་ནང་གི་བསམ་བློ་དེ་ཕྱིར་མངོན་ཐབས་བྱས་པ་ཙམ་ཞིག་མ་རེད་དམ། འདི་ནི་ལོ་རྒྱུས་བཤད་མཁན་དང་ལོ་རྒྱུས་ལ་ཞིབ་འཇུག་བྱེད་མཁན་དག་གིས་ཤེས་དགོས་པའི་མ་མཐའི་ཆ་རྐྱེན་གལ་ཆེན་ཞིག་རེད། དེའི་ཕྱིར་ངས་ས་འབྲིའི་གླིང་ལོག་དང་ལྷ་ལྡན་སྨོན་ལམ་བཀག་འགོག ཇོ་ནང་དགེ་སྒྱུར། རྙིང་བླ་སྐུ་བགྲོང་སོགས་ལོ་རྒྱུས་སྟེང་གི་ནག་ཐིག་དེ་ཚོ་ལོ་རྒྱུས་དེ་རང་ལ་འབྲེལ་བ་ངེས་ཅན་ཁུངས་སྐྱེལ་ཐུབ་པ་ཡོད་པའི་མི་སྣ་དེ་དག་ལ་འགེལ་གི་ཡོད་མ་གཏོགས། མི་སྣ་དེ་གང་ལ་གཏོགས་པའི་ཆོས་བརྒྱུད་གྲུབ་མཐའ་ཧྲིལ་བོར་ལོ་རྒྱུས་ཀྱི་ནག་ཉེས་དེ་ནམ་ཡང་འགེལ་མི་ཐུབ་ལ་འགེལ་སྲོལ་ཡང་ག་ལ་ཡོད། འདི་འདྲ་ཞིག་མ་རེད་དམ།
ངས་ལོ་དྲུག་བདུན་གྱི་སྔོན་ལ་༵༵སྔ་འགྱུར་གླེང་སྟེགས་ྐྐཞེས་པའི་དུས་དེབ་ཅིག་ལས་དགེ་ལུགས་པས་རྙིང་མའི་བླ་ཆེན་དེ་དག་བགྲོངས་པས། རྙིང་མས་དེ་ནམ་ཡང་བརྗེད་ཀི་མ་རེད་ཟེར་བའི་ཚིག་འགའ་མཐོང་མྱོང་བས། ད་ལྟ་བསམས་ན་སྐུ་ཞབས་མྱིག་རྫོད་ལགས་ཀྱི་གསུང་གི་རྣམ་འགྱུར་དེ་ནི་དེ་དུས་ཀྱི་རྩོམ་ཡིག་འབྲི་མཁན་དེའི་བཤད་སྟངས་དང་གཅིག་འདྲ་ཞིག་ཏུ་མཐོང་སོང་། ད་ནི་ལོ་རྒྱུས་སྟེང་གི་མི་སྣ་རེ་ཟུང་གི་བྱ་སྤྱོད་དེ་ཚོ་ཆོལ་ཁ་རེ་དང་ཆོས་ལུགས་རེ་ལ་དཀྲི་བའི་མིག་རྒྱ་ཤེས་རྒྱ་ཆུང་ཆུང་གི་ལས་ཀ་དེ་དག་རིང་དུ་སྤངས་ནས་ཆོལ་གསུམ་དམ་ཚིག་ཆིག་སྒྲིལ་དང་། ནང་བསྟན་དཔུང་གདང་གཅིག་སྒྲིག་གི་ལས་ཀ་རེ་བརྩམ་ན་ལེགས་ཀི། ལོ་བཞི་བརྒྱ་ལྔ་བརྒྱའི་གོང་དུ་བྱུང་ཟིན་པའི་ལོ་རྒྱུས་རུལ་བ་དྲི་ངན་ཡང་ཁ་རྒྱུ་མེད་པ་ཞིག་དུས་རབས་གསར་བའི་དྲ་ཚིགས་ཁག་གི་ངོས་སུ་ཡང་ནས་སྐྱར་དུ་དྲུད་མ་ཡོང་ན་ལེགས་ཀི
ལོ་རྒྱུས་མགོ་རྙོག་ཚ་བོ་དེ་དག་ཕར་བཞག་ནས། ལོ་བཅུ་ཕྲག་གཅིག་གཉིས་ཀྱི་ནང་དུ་ཐེ་ཝན་བོད་སོག་ལས་ཁུངས་ཀྱིས་བོད་བཙན་བྱོལ་བའི་ཁྲོད་དུ་དཔལ་འབྱོར་གྱིས་དཀྲུགས་ཤིང་རབ་དང་རིམ་པ་ཞིག་རྒྱག་དུས། ཆོས་བརྒྱུད་ཁག་ཅག་དང་ཆོལ་ཁ་རེ་ཟུང་གི་མི་སྣ་གལ་ཆེན་འགའ་རེ་ཐེ་ཝན་དུ་སོང་ནས་ཐེ་ཕོགས་ཟོས་པ་རེད་དེ། མི་དེ་ཚོའི་བྱ་སྤྱོད་ཀྱིས་མི་དེ་གང་ལ་གཏོགས་པའི་ཆོལ་ཁ་དང་ཆོས་བརྒྱུད་དེ་ནག་ཉེས་ཅན་དུ་བསྒྱུར་མི་ཐུབ་ལ་བསྒྱུར་མེད་པ་དེ་ང་ཚོས་གསལ་བོར་ཤེས་པས། དཔེ་མཚོན་འདི་ལ་བརྟེན་ནས་མི་ཞིག་གིས་ནག་ཉེས་བསགས་དུས་མི་དེའི་ཁྱིམ་མི་ཚང་མ་ནག་ཅན་དུ་བརྩི་བའི་གནའ་བོའི་སྲོལ་རྒྱུན་ངན་པ་དེང་སང་རིམ་བཞིན་རྩ་མེད་དུ་འགྲོ་བཞིན་པ་དེ་རོ་ལངས་རྒྱག་རྒྱུར་སྐུལ་མ་མ་བྱས་ན་ལེགས་ཀྱི་རེད། མི་དེས་འགྲིགས་མེད་ན་མི་དེར་ཁ་རྡུང་ཐོངས། མི་དེ་གང་ལ་གཏོགས་པའི་ཆོས་ལུགས་དང་ཆོལ་ཁ་ཡིས་ཁྱོད་ལ་ཅི་ཞིག་བྱས་སོང་། དཔེར་ན་ཞི་མོ་ཆ་རེས་ཞི་ལི་ཞིག་གིས་འཇོག་མེད་བྱས་སོང་ན་དེ་རིང་ནས་བཟུང་ཞི་ལི་ཚོར་ཡིད་ཆེས་མེད་དུས་ང་ཚོས་ཇི་འདྲ་ཞིག་ལབ་ཀི་ཡོད། ཐག་ཉེ་ནས་བཤད་ན་དེ་དང་གཅིག་པ་རེད། ཞི་ལི་གཅིག་གིས་ཞི་ལི་ཚང་མའི་ཚབ་བྱེད་ག་ལ་ཐུབ། ཨ་མདོ་བ་གཅིག་གིས་ཨ་མདོ་བ་ཚང་མའི་ཚབ་བྱེད་ག་ལ་ཐུབ། གསལ་བོ་ཟིག་བཤད་ན་འདི་མོ་ཟིག་རེད།
གང་ལྟར་རང་ལ་གཏད་སོ་ཅི་ཡང་མེད་པར་འབྲུག་པས་ཅིག་ཟེར་གི རྒྱ་མིས་ཉིག་ཟེར་གི་ཞེས་གཞན་གྱིས་ཅི་ཟེར་རང་གི་རྒྱབ་རྟེན་དུ་མི་འཁྱེར་བར་བོད་མི་རང་གི་ལོ་རྒྱུས་ལ་མྱི་བུ་རང་གི་མིག་གིས་བལྟ་དགོས་ལ་བལྟ་ཡང་ཤེས་དགོས།
གང་ལྟར་དགེ་ཆོས་ཀྱིས།
བླུན་པོ་རང་གི་རྗེས་སུ་མི་འབྲང་ཡང་།
རང་ཉིད་བླུན་པོའི་རྗེས་སུ་མི་འབྲང་བ། །
འདི་ནི་མཁས་པའི་དམ་ཚིག་དང་པོ་སྟེ། །
རང་གི་སྲོག་ལ་བབས་ཀྱང་བསྲུང་བར་བྱ། ། (ཚིག་རྐང་མཐའ་མ་འདི་ཇི་བཞིན་མི་དྲན།)
ཞེས་དང་ཡང་།
རྒྱུ་མཚན་མེད་པར་བརྗོད་ན་ཡིད་ཆེས་ཤིང་། །
རྒྱུ་མཚན་བཙལ་སྟེ་བརྗོད་ན་བརྙས་བྱེད་པའི། །
སྐྱེ་བོ་རྨོངས་པའི་སེམས་ཀྱི་གཤིས་ལུགས་འདི། །
ཚད་མའི་འཇུག་པ་ཀུན་ལས་འདས་པ་ལགས། །
ཞེས་པ་འདིས་ང་ཚོར་དགེ་ཆོས་ཀྱི་འཇིག་རྟེན་ལྟ་ཚུལ་སྤྱིའི་སྡོམ་ལྟ་བུའི་ལེགས་བཤད་ཅིག་ཤུལ་འཇོིག་གནང་ཡོད་འདུག
ལྕང་ཅན་བསོད་ནམས་རྒྱལ་པོ་དང་སྤོམ་མདའ་ཨ་ཕོ་རབ་དགའ། སྐུ་བཅར་ཐུབ་བསྟན་ཀུན་འཕེལ་སོགས་ཀྱི་ཚོགས་པ་སྟེ་ནུབ་བོད་ལེགས་བཅོས་ཚོགས་པ་དེའི་ནང་དུ་དགེ་ཆོས་ཡོད་པ་ནི་སྐབས་དེའི་ལོ་རྒྱུས་མི་སྣ་སྟག་ལྷ་ཕུན་ཚོགས་བཀྲ་ཤིས་ཀྱི་ལོ་རྒྱུས་དེབ་ནང་ཁོ་རང་ཚོགས་པ་དེའི་ཚོགས་མིར་འཛུལ་རྒྱུར་སྐུལ་སློང་བྱས་པའི་སྐབས་སུ་ཧ་ཅང་གསལ་བོར་བྲིས་འདུག་ལ། ཚོགས་པ་དེའི་ལས་རྟགས་ནུབ་བོད་བཅོས་སྐྱིད་སྡུག་ཅེས་པའི་ལས་རྟགས་དེ་ཡང་དགེ་ཆོས་ཀྱིས་གསར་བཟོ་འམ་གསར་དུ་བྲིས་པ་ཞིག་ཡིན་ལུགས་ཡོངས་སུ་གྲགས་ཤིང་དགེ་ཆོས་ཀྱི་རི་མོ་ཕྱོགས་བསྡུས་ཀྱི་ཁྲོད་དུ་ཡང་རི་མོ་དེ་དུས་རྟག་པར་མཐོང་རྒྱུ་ཡོད་པ་ཞིག་རེད།
ད་རུང་དགེ་ཆོས་འཛིན་བཟུང་སྐབས་ཁོང་གི་ཡིག་ཆའི་ཁྲོད་ནས་བོད་གཞུང་གི་གནད་ཡོད་ལས་ཁུངས་ཚང་མ་དང་དེ་དག་གི་ནང་དུ་ལས་ཀ་བྱེད་མཁན་ཡོངས་སུ་རྫོགས་པའི་མིང་ཐོ་འཁོད་པའི་ཡིག་ཆ་ཞིག་རྙེད་སོན་བྱུང་འདུག་པ་ནི་བོད་གཞུང་གི་དོགས་པ་ཟ་སའི་མི་སྣ་ཞིག་ལ་མཚོན་ན་ཡིག་ཆ་དེའི་རྒྱབ་ལྗོངས་སུ་རྒྱལ་ཁབ་ཆེན་པོ་ཞིག་གམ་ཡང་ན་ཚོགས་པ་སྟོབས་ཆེན་ཞིག་ལོས་ཡོད་བསམ་པའི་བསམ་བློ་མི་འཁོར་རང་འཁོར་ཞིག་རེད། དཔེར་ན་ད་ལྟ་རྒྱ་གཞུང་གིས་བོད་པ་ཞིག་འཛིན་བཟུང་བྱས་པ་དང་མི་དེའི་ལག་ཁྱེར་ཁ་པར་རམ་གློག་ཀླད་ལས་རྒྱ་ནག་རྒྱལ་ཁབ་ཀྱི་གཞུང་འཛིན་ལས་ཁུངས་ཚང་མ་དང་དེ་ཚོའི་ནང་གི་ལས་བྱེད་དག་གི་མིང་ཐོ་རིང་པོ་ཞིག་ཐོན་པ་ཡིན་ན་མི་དེ་ལ་དོགས་པ་ག་ཚོད་ཅིག་ཟ་གི་རེད། སྐབས་དེའི་བོད་གཞུང་གི་ལས་བྱེད་དག་ཀྱང་དབྱིན་གཞུང་སྐུ་ཚབ་རིས་ཆར་སོན་གྱི་སྙན་ཞུ་དང་དགེ་ཆོས་ཀྱི་ཤག་ནས་རྙེད་པའི་ཐོ་གཞུང་དེ་གཉིས་ཀྱིས་དགེ་ཆོས་ལ་འཛིན་པའི་རྣམ་འགྱུར་དེ་ཚད་ངེས་ཅན་ཞིག་ལ་བསྐྱལ་ཡོད་ཀྱི་རེད་སྙམ།
ཨུ་རུ་སུའི་རྗོར་རྗེ་རོལ་རིག་འདི་མི་མགོ་བདེ་བོ་ཞིག་རེད། དགེ་ཆོས་ཀྱིས་ཁོ་ལ་༵༵དེབ་སྔོན་ྐྐདབྱིན་སྒྱུར་ཐད་རོགས་རམ་དགའ་རབས་ཤིག་བྱས་ཡོད་ཀྱང་དེའི་གླེང་བརྗོད་ནང་དགེ་ཆོས་ཀྱི་རོགས་རམ་ཐད་ས་བཅད་མ་སྟོང་ཙམ་ཞིག་ལས་བྲིས་མི་འདུག ཡང་སྔོན་མ་ཞིག་ལ་ར་ཧུལ་འཇུ་བཟུང་སྐབས་ལག་ལྕགས་བརྒྱབ་ཡོད་པའི་འདྲ་པར་ཞིག་མཐོང་བ་ཡིན་ཏེ་གང་ནས་མཐོང་མི་དྲན་གི
དགེ་ཆོས་ནི་རང་ཉིད་ཀྱི་ཆེད་ལས་མདོ་སྔགས་རིག་གནས་གསུམ་ལ་ནི་དུས་སྐབས་དེར་མཁས་པའི་གྲགས་པ་འབར་བ་ཞིག་རེད། དེ་མིན་༵༵གཏམ་རྒྱུད་གསེར་ཐང་ྐྐདང་༵༵འདོད་པའི་བསྟན་བཅོས་ྐྐགཉིས་ནི་རང་གི་རྣམ་དཔྱོད་ཀྱི་རྩལ་ལས་བྱུང་བ་ཞིག་ཅང་མིན་པར་གཞན་གྱིས་བྲིས་པའི་ལོ་རྒྱུས་དང་འདོད་བསྟན་ལས་སྒྲིག་སྒྱུར་བྱས་པ་ཞིག་རེད། དེ་བཞིན་སྐབས་དེར་ཁོ་རང་ཤྲི་ལིངྐར་ཕྱིན་པས་དེ་ཕྱོགས་ཀྱི་ཡུལ་སྐོར་ཟིན་ཐོ་བྲིས་པ་ངོ་མ་ཀློག་སྤྲོ་བ་ཞིག་འདུག དེ་མིན་རྒྱ་གར་གྱི་རྒྱལ་རབས་ནི་ཧིན་རྡུ་དང་ལེགས་སྦྱར་ལས་བསྒྱུར་པ་ཡིན་རྒྱུ་རེད། ༵༵དེབ་དཀར་ྐྐནི་འགོས་ལོ་ཕུད་དེ་ཏུན་ཧོང་ཡིག་རྙིང་མཇལ་སྔ་བའི་གྲས་ཡིན་པས་དེང་རབས་ལོ་རྒྱུས་སྨྲ་བ་ཚོས་མིག་ཅིག་ཕྱེས་ཡོད་ཀྱི་རེད་བསམས། ༵༵རྒྱ་གར་གནས་ཡིག་ྐྐདེས་ཀྱང་སྐབས་དེའི་གནས་སྐོར་བ་དང་ཐ་ན་དེང་སང་གི་གནས་སྐོར་བ་ཚོར་ཡང་ཕན་ཐོགས་དགའ་རབས་ཤིག་བྱུང་དང་འབྱུང་བཞིན་ཡོད་པ་རེད། ༵༵ཀླུ་སྒྲུབ་དགོངས་རྒྱན་ྐྐནི་ཟླ་བ་བཟང་པོས་ཟིན་བྲིས་བྱས་པ་ཞིག་རེད་མ་གཏོགས་དེབ་དཀར་ནང་བཞིན་དགེ་ཆོས་རང་གིས་ཕྱག་བསྟར་ནས་བྲིས་པ་ཞིག་མིན་པས། དེའི་ནང་དུ་དགེ་ཆོས་ཀྱི་འདོད་ཚུལ་དང་ཟླ་བཟང་གི་བསམ་ཚུལ་ཇི་ཙམ་ཞིག་ཕར་བསྲེས་ཚུར་བསྲེས་བྱས་ཡོད་མེད་ང་ཚོས་ནམ་ཡང་ཤེས་ཐབས་བྲལ། བོད་ལ་ཕན་ཐོགས་པའི་ལས་ཀ་ཞིག་མ་གཏོགས་གནོད་སྐྱེལ་བའི་ལས་ཀ་ཞིག་བསྒྲུབས་མེད་པ་ནི་དགེ་ཆོས་ལ་དགའ་མཁན་དང་མི་དགའ་གཉིས་ཀས་ཁས་ལེན་གྱི་རེད་བསམ། དོར་ཞིའི་ཁུངས་གཏུགས་ས་དགོད་སྒྲུ་སི་ཁྲན་རེད། དགོད་སྒྲུ་སི་ཁྲན་གྱིས་དགེ་ཆོས་གྱི་སྐོར་བཅར་འདྲི་བྱེད་སའི་མི་དེ་དག་གི་ཁྲོད་དུ་དགེ་ཆོས་ལ་དགའ་མཁན་ཡང་ཡོད་ངེས་ལ་མི་དགའ་མཁན་ཡང་ཡོད་སྲིད།
འབྲུག་པ་ཀུན་ལེགས་ཀྱིས་འདོད་ཆགས་གྲྭ་ལོག་ཆེ་ཞེས་བརྗོད་པ་བཞིན་ཆང་དང་དུ་བ་བུད་མེད་གསུམ་ལ་ཞེན་ཆགས་ཆེ་བ་འདི་ནི་དགེ་ཆོས་གཅིག་པོའི་སྐྱོན་ཆ་ཅང་མ་རེད། རྒྱལ་ཁམས་མང་པོ་ཞིག་འགྲིམས་ན་སྔོན་མའི་ལུང་ཁུག་ནང་གི་འདུལ་ཁྲིམས་སྲུང་རྩི་བྱེད་མི་ཐུབ་པ་ནི་ང་ཚོ་ཀུན་ལ་མྱོང་བས་གྲུབ། འབའ་བ་ཕུན་དབང་དང་འདྲ་བར་ཕར་ཕྱོགས་འཛམ་གླིང་འགྱུར་འགྱུར་དེ་གཅིག་མཐོང་། ཚུར་ཕྱོགས་རང་ཡུལ་ན་སྐུ་དྲག་འགས་མི་སེར་ཚོའི་ཤ་ཁྲག་བཟའ་བཞིན་པ་དེ་མཐོང་། དེ་ལ་སྒྱུར་བཅོས་ཤིག་དགོས་པར་མཐོང་། དེའི་རྙོག་དྲའི་ཀློང་ནས་བཙོན་དུ་ཚུད། ངོ་ཤེས་བླ་མ་དང་སྐུ་དྲག་ཚོ་རང་རང་གི་ཉལ་ས་བདེ་བོ་དེ་འཆོར་བར་སྐྲག་ནས་རོགས་པ་ཞིག་བྱེད་འདོད་ཀྱང་བྱེད་མ་ནུས། བཙོན་ཁང་ནས་སེམས་མ་སྐྱིད་པར་སྒོར་རྡོག་འགའ་རེ་རག་པས་ཨ་རག་དང་ཐ་མག་ཉོས། བཙོན་ཁང་གི་གྲུ་ཟུར་ཞིག་ནས་བཙོན་མོ་མདོག་ཉེས་ཤིག་ལ་འདོད་པ་སྤྱད། མཐའ་མར་བཙོན་གྲོལ་ཆེན་མོའི་སྐབས་སུ་རང་དབང་ཕྲན་བུ་ཞིག་ཐོབ་ན་ཡང་། སྔར་བཞིན་སེམས་པ་ཕངས་སེམས་ཀྱིས་གདུངས་ཏེ་རྒྱལ་རབས་མཇུག་སྐྱོང་གི་རེ་བ་མེད་པར་གྱུར་ནས་སྐུ་དྲག་གི་སྲས་འཆལ་བོ་རྐུབ་ཀྱོག་འགའ་ལ་དཔེ་ཁྲིད་འདྲ་བྱས་ཏེ་ཉི་མ་བཏང་། དེ་ནས་ཁ་ཆེམས་འདི་བཞག་དེ་བཞག་གི་གསལ་ཁ་ཡང་མེད་པར་ལུས་སེམས་ནད་མནར་གྱིས་འཇིག་རྟེན་ཕྱི་མའི་ལྟད་མོར་གཤེགས་པ་རེད།
རྡོ་སྦིས་དགེ་བཤེས་ཀྱིས་ཨ་ཁུ་སྒེའུ་སྟེང་ཚང་ལ་༵༵དགག་ལན་བསྐལ་བའི་མེ་དཔུང་ྐྐརྩོམ་དུས་ཁོའི་སློབ་མར་གྲགས་པའི་དགེ་འདུན་ཆོས་འཕེལ་རྩོམ་སྐུལ་ཞུ་མཁན་གཙོ་བོ་གཅིག་རེད། དེ་ནས་རྡོ་སྦིས་དགེ་བཤེས་ཀྱིས་དགེ་ཆོས་ཀྱི་༵༵དགག་ལན་མི་འཇིགས་སེང་གེའི་ང་རོ་ྐྐརྩོམ་དུས་ཁོའི་སློབ་མ་ཁྲི་བྱང་སྤྲུལ་སྐུ་རྩོམ་སྐུལ་ཞུ་མཁན་གྲས་ཤིག་ཡིན་རབས་འདུག རྡོ་སྦིས་དགེ་བཤེས་ཚང་གི་དབུ་ཡང་སྐབས་ཤིག་ན་ཡོད་ཀྱི་རེད།
སྐུ་ཞབས་བློ་བཟང་ལགས། ཁྱོད་ཀྱང་སྐབས་རེར་ཐལ་དྲགས་ཀྱི་མེད་འགྲོ་བསམ་པ་ཞིག་འདུག ས་ཁྲ་ཞིག་བཟོ་བར་ཁྱོས་བཤད་པའི་ཐིག་བརྒྱད་ཀྱི་རྣམ་གཞག་དེ་འདྲ་མང་པོ་ཞིག་ཤེས་དགོས་ནི་མ་རེད། དགེ་ཆོས་ཀྱིས་འཛམ་གླིང་ས་ཁྲ་བཟོས་པ་མ་རེད་ལ་གླིང་ཆེན་ཕར་ཚུར་བར་གྱི་ས་ཁྲ་བཟོས་པ་མ་རེད། དེ་བཞིན་རྒྱལ་ཁབ་ཅིག་གི་ས་ཁྲ་བཟོས་པ་ཡང་མ་རེད། དགེ་ཆོས་ཀྱིས་ས་ཁྲ་ཇི་འདྲ་ཞིག་བྲིས་པ་རེད་ཅེ་ན། སྔོན་མའི་སིམ་ལའི་ཆིངས་ཡིག་སྐབས་བཞག་པའི་ས་ཐིག་དེའི་ཆ་ཤས་ཤིག་སྟེ་འབྲུག་དང་འབྲས་ལྗོངས་ས་ཁུལ་གྱི་ཕར་ཕྱོགས་ཚུར་ཕྱོགས་ཙམ་ཞིག་བྲིས་པ་རེད་ཅེས་ཟེར་གི་འདུག འདི་འདྲ་རེ་དགེ་ཆོས་ཀྱིས་འབྲི་ལོས་ཤེས་ཏེ་རྒྱ་གར་གནས་ཡིག་རྙིང་བ་དེའི་ནང་དུ་རྒྱ་གར་གྱི་གནས་ཆེན་ཁག་གང་དུ་ཡོད་མེད་ཀྱི་ས་ཁྲ་སྙིང་རྗེ་བོ་ཞིག་བྲིས་ཡོད་པ་རེད། བོད་པའི་ས་ཁྲའི་ལོ་རྒྱུས་ལ་མཚོན་ན་དགེ་ཆོས་ཀྱི་རྒྱ་གར་གནས་ཆེན་ཁག་གི་ས་ཁྲ་འདི་ཡང་ང་ཚོས་བརྗེད་མི་ཉན་ཡ། ལར་ནས་དགེ་ཆོས་འདི་ཡུལ་སྐོར་བ་ཞིག་ཡིན་པས་ས་ཁྲར་ཞིབ་འཇུག་དང་དོ་སྣང་བྱས་ཡོད་མེད་ཐེ་ཚོམ་མི་དགོས་ཤིང་། དེའི་ཁུངས་སྐྱེལ་གཅིག་ནི་ཁོང་གིས་བྲིས་པའི་སྙན་རྩོམ་ཞིག་ཏུ།
ཐང་ཆེན་ཕ་མཐའ་མེད་པའི་དུད་སྤྲིན་གྱི་སྤྲིས་མ། །
རྐང་གླིང་སྐད་བརྡ་སྒྱུར་བའི་རྒྱུས་མེད་ཀྱི་གྲོགས་པོ། །
ཁ་དོག་སྣ་ལྔ་ཤར་བའི་ཞིང་ཆེན་གྱི་རེའུ་མིག །
སྣང་ཡུལ་གང་ལ་བལྟས་ཀྱང་སྐྱོ་ཉམས་ཤིག་འདུག་པ། །ཞེས་པའི་ཁྲོད་དུ་ཁ་དོག་སྣ་ལྔ་ཤར་བའི་ཞིང་ཆེན་གྱི་རེའུ་མིག་ཅེས་པ་ནི་སྐབས་དེའི་རྒྱ་གར་གྱི་ཞིང་ཆེན་སོ་སོའི་ས་ཁྱོན་གྱི་ཁ་དོག་མི་འདྲ་བར་བཀོད་པའི་ས་ཁྲ་ཞིག་ཡིན་པ་ནི་ཉིད་ཀྱིས་ལོས་མཁྱེན། གང་ལྟར་མི་ཞིག་ལ་སྐྱོན་བརྗོད་བྱེད་དུས་མི་དེའི་སྐྱོན་དེ་རང་མ་གཏོགས་མི་དེའི་ཡོད་ཚད་སྐྱོན་དུ་བལྟ་བ་ནི་ཤེས་ལྡན་པ་ཞིག་དང་མིག་རྒྱ་སེམས་རྒྱ་ཡངས་པ་ཞིག་གི་བྱེད་སྟངས་མིན་པས། ཉིད་ཀྱིས་གསུངས་པ་འདི་དག་ཀྱང་ཉིད་ཀྱི་ཞེ་འདོད་ངོ་མ་དེ་ཡིན་ན་ནི་ཉིད་ལྟ་བུའི་སྐུ་ཡོན་ཆེ་བའི་དེང་རབས་ཤེས་ལྡན་པ་དག་གིས་ཀྱང་མིའི་རིགས་རིག་པའི་སློབ་ཚན་རེ་ཟུར་དུ་བླངས་ནས་སློབ་སྦྱོང་གནང་དགོས་པ་ཞིག་ཏུ་ཁོ་བོས་མཐོང་ངོ་།།ཨ་ཁུ་པད་མ་འབུམ་ལགས་ནས་༵༵མི་རབས་གསར་བའི་སྙིང་ཁམས་ཀྱི་འཕར་ལྡིང་ྐྐཞེས་པའི་རྩོམ་ཡིག་དེའི་ནང་དུ། མི་ཞིག་གི་སྐྱོན་གཅིག་གིས་མི་དེའི་ཡོད་ཚད་ནག་སྲུབ་གཏོང་རྩིས་བྱེད་པ་ནི་དམར་ཕྱོགས་པ་དང་ཆོས་བྱེད་མཁན་ཚོའི་བྱེད་སྟངས་ཤིག་རེད་ཅེས་བྲིས་ཡོད་པས། ཁོ་བོས་ཞིབ་ཏུ་དཔྱད་ན་དེ་ལ་ཡང་དེང་སང་ངོ་མ་བདེན་ཁ་རེ་སྟེར་དགོས་པ་མིན་འགྲོ་ཡང་བསམ་གི གལ་སྲིད་ཉིད་ལ་ཀིརྟི་ཚང་གིས་བསྒྲིགས་པའི་༵༵དགེ་ཆོས་ཀྱི་རབ་བྱེད་ཞབས་བཏགས་མ་ྐྐདེ་ཡོད་ན་དེའི་ནང་དུ་དགེ་ཆོས་ཀྱིས་བྲིས་པའི་རྒྱ་གར་གནས་ཆེན་ཁག་གི་ས་ཁྲ་དེ་ཡོད་ཀི
ལར་ནས་དགེ་ཆོས་ཁོང་ནི་འདི་ལྟ་བུའི་རིགས་འབྲི་དུས་སྐུ་ཚེགས་ལ་རྩ་ནས་མི་འཛེམ་མཁན་ཞིག་ཡིན་པ་ནི་ཁོང་གིས་བྲིས་པའི་རྒྱ་གར་གནས་ཡིག་དེས་བདེན་དཔང་བྱེད་ཐུབ་ཀི་འདུག དཔེར་ན་གནས་ཡིག་དེ་ལས། “དེ་ཡང་དང་པོར་འཆར་ཅན་གྱི་ལམ་བར་བཀའ་བློན་སྦུག་དང་། རྡོ་རྗེ་གླིང་ལྟ་བུ་ལ་དང་པོར་སླེབས་པའི་དབང་དུ་བྱས་ན། བཀའ་བློན་སྦུག་ནས་ཤི་རི་གུ་རི་བར་མི་རེ་ལ་མོ་ཊར་གླ་ཆ་སྒོར་ལྔ་ཙམ་རེ་སྤྲོད། ཤི་ལི་གུ་རི་ནས་ཀ་ལི་ཀ་ཏ་ལ་སྒོར་་་་ཨ་ན་་་དང་། ཀ་ཏ་ནས་ག་ཡ་ལ་སྒོར་་་ཡིན། དེ་མིན་ཤི་ལི་གུ་རི་ནས་རྡོ་རྗེ་གདན་ལ་འགྲོ་ན་དང་པོ་ཤི་ལི་གུ་རི་ནས་གྰ་ཡའི་ཊི་ཀ་ཉོ་དགོས་ཤིང་སྒོར་་་སྤྲོད། ཤི་ལི་གུ་རི་ནས་རེལ་ལི་ལ་ཞུགས་ཏེ་པར་ཝ་ཏི་པུར། དེ་ནས་རེལ་ལི་བརྗེས་ཏེ་ཀ་ཊ་ཧར། དེ་ནས་རེལ་ལི་བརྗེས་ཏེ་རེལ་ལི་གཞན་པ་ལ་ཞུགས་ནས་གངྒྰ་བར་དང་།” ཞེས་ཧ་ཅང་ཞིབ་ཚགས་པོའི་སྒོ་ནས་རྒྱ་གར་གནས་ཡིག་འདི་བྲིས་ཡོད་པས། གནས་ཡིག་འབྲི་བ་དང་ས་ཁྲ་འབྲི་བ་གཉིས་ལས་རིགས་གཅིག་པའི་རྐྱེན་གྱིས་དགེ་ཆོས་ཀྱིས་ཧི་མ་ལ་ཡའི་རི་རྒྱུད་ཆ་ཚང་ཡང་མ་ཡིན་པར་འབྲུག་གི་གཡས་གཡོན་ལྟ་བུའི་ས་རྒྱུ་ཆུང་ཆུང་ཞིག་གི་ས་ཁྲ་འབྲི་མི་ཐུབ་ཅེས་པ་འདི་ངོ་མ་དགེ་ཆོས་ལ་བརྙས་བཅོས་ཐེངས་ཤིག་རེད། འདི་འདྲ་རེ་མཐོང་དུས་ངས་༵༵ཚད་མའི་རྣམ་གཞག་དུས་ཀྱི་མེ་ལོང་ྐྐརྩོམ་པ་པོ་སྒོ་མང་དགེ་བཤེས་ཚུལ་ཁྲིམས་རྒྱ་མཚོ་ཚང་གིས་ཁོང་གི་ཚད་མའི་དེབ་ནང་དུ་ལྟ་བའི་སྐོར་དགག་གཞག་གི་རྣམ་གྲངས་འགའ་བྲིས་རྗེས། ངས་དེབ་འདིའི་ནང་དུ་དགེ་ཆོས་ལ་དགག་པ་རེ་བརྒྱབ་ཡོད། རྒྱུ་མཚན་ནི་དེང་སང་ཁོང་སྐུ་མི་བཞུགས་པས་ཡིན། གལ་སྲིད་ཁོང་ད་ལྟ་ཡང་སྐུ་བཞུགས་ཡོད་ན་ང་ལྟ་བུ་བརྒྱ་ཡིས་ཀྱང་ཁོང་གི་རིགས་པ་གཅིག་གི་ཁ་གཏད་མི་ཆོག་ངེས་ཅན་ཡིན་ཞེས་གསུངས་སོང་ཞེས་རྒྱུས་ཡོད་དག་གིས་བརྗོད་མྱོང་བ་ཡང་དྲན་ཡོང་གི་ཡ།
བློ་བཟང་ལགས། དེང་སང་བོད་ལུགས་ཐང་ཀ་འབྲི་མཁན་གང་མང་ཞིག་གིས་ཀྱང་ཐིག་རྩ་གཞིར་བཟུང་མི་བྱེད་པར་རྒྱ་ནག་དང་ནུབ་ཕྱོགས་པའི་ལུགས་སྲོལ་བཞིན་དང་པོར་སྨྱུ་གུ་ནག་པོ་དང་སྐྱ་བོས་བྲིས། དེ་ནས་ཚོན་གཏོང་གིན་འདུག་པས། ས་ཁྲ་ཞིག་འབྲི་བར་ཡང་ཡིན་གཅིག་མིན་གཅིག་གཞན་གྱི་ལུགས་སྲོལ་བཞིན་ཐིག་བརྒྱད་སྔོན་ལ་སྦྱོང་དགོས་པའི་གནས་ལུགས་ཤིག་གང་ན་ཡོད། ས་ཁྲ་ནི་ཡུལ་གྲུ་ཞིག་གི་མཐའ་སྐོར་རམ་ཡང་ན་ཡུལ་གཉིས་ཀྱི་ས་མཚམས་ལྟ་བུ་ཆེ་ཆུང་དང་ཚད་གཞི་མ་ངེས་པའི་ས་རིས་འབྲི་སྟངས་ཤིག་ཡིན་པས། འདི་ལ་སའི་གོ་ལའི་འཕྲེད་གཞུང་གི་མཚམས་ཐིག་དེ་ཤེས་དགོས་པའི་ངེས་པ་ཡོད་པ་མ་རེད། དཔེར་ན་དུས་རབས་བཅུ་དགུ་དང་ཉི་ཤུའི་ནང་གི་ས་ཁྲ་འབྲི་མཁན་མང་པོ་ཞིག་གིས་ཐིག་བརྒྱད་དང་པོར་སྦྱངས། དེ་ནས་ས་ཁྲ་བྲིས་པ་ཡིན་ཟེར་གིན་མེད་པར། ས་ཆ་རེ་ལ་བསླེབས་ཚེའི་དེའི་ཡུལ་བཀོད་ཀྱི་ཆགས་ལུགས་བྲིས། དེ་ནས་ཡང་ས་ཆ་གཞན་པ་ཞིག་ཏུ་བསླེབས་ཚེ་དེ་བཞིན་བྲིས། རྗེས་མར་དེ་དག་བསྡོམས་ནས་ལུང་བ་ཞིག་གི་ས་ཁྲ་ཆགས་འགྲོ་གིན་ཡོད་པ་རེད། ཉིད་ཀྱི་ལུགས་སྲོལ་འདི་ནི་དེང་སང་ཨ་རི་བ་སྐོར་ཞིག་གིས་གློག་ཀླད་ཀྱི་སློབ་གྲྭར་མ་སོང་བར་གློག་ཀླད་ལ་བཟོ་བཅོས་རྒྱག་མི་ཤེས་པར་འདོད་པ་དང་གཅིག་མཚུངས་ཤིག་ཏུ་མཐོང་། ལར་ནས་དགེ་ཆོས་ཀྱིས་བྲིས་པའི་ས་ཁྲ་དེ་ངེས་པར་དུ་གཞུང་གིས་བྲིས་པའི་ས་ཁྲ་ལྟ་བུའི་ཚད་དང་ལྡན་པ་ཞིག་ཡིན་དགོས་ཀྱི་མེད་པར། ཡུལ་སྐོར་བ་ཞིག་གིས་ས་མཚམས་ཆུ་མཚམས་ག་འདྲ་འདུག་མཐོང་བའི་བརྗེད་ཐོའི་རང་བཞིན་ཅན་གྱི་ས་ཁྲ་ཞིག་ཡིན་པས། ཁྱེད་ཀྱིས་དགེ་ཆོས་ཀྱིས་ཐིག་བརྒྱད་མ་སྦྱངས་པས་ས་ཁྲ་འབྲི་ཤེས་ཀྱི་མ་རེད་ཟེར་ནས་འབུར་འཇོམས་བྱེད་རྩིས་མ་བྱེད། ངས་བསམས་ན་དགེ་ཆོས་ཀྱིས་རྒྱ་གར་དབྱིན་གཞུང་དང་རྒྱ་ནག་གི་ཕྱོགས་ནས་པར་སྐྲུན་བྱས་ཚར་བའི་ས་ཁྲ་མི་འདྲ་བ་གཉིས་བཟུང་ནས་དེ་དག་གི་ནང་དུ་སིམ་ལའི་ས་ཐིག་དང་མི་མཚུངས་པ་ཇི་ཙམ་ཞིག་ཡོད་མེད་ཀྱི་ཞིབ་འཇུག་ཅིག་བྱས་པ་ཡིན་རྒྱུ་རེད་བསམས། དེ་ལྟར་བྱེད་དུས་སིམ་ལའི་ས་ཐིག་གི་ནང་དུ་འདི་འདྲ་ཞིག་བཀོད་སྟེ་ད་ལྟ་འདི་ལྟར་ཆགས་འདུག་ཅེས་ས་ཁྲ་དེ་གཉིས་ཀྱི་ངོས་སུ་རྟགས་དམར་པོ་དང་སེར་བོ་རེ་རྒྱག་རྒྱུ་མ་གཏོགས་ས་ཁྲ་གསར་བ་བཟོ་རྒྱུའི་ལས་འགན་ཅང་ཡོད་ནི་མ་རེད། འདི་ལྟར་ཞིབ་ཏུ་བསམ་ཐུབ་ཚེ་དགེ་ཆོས་ཀྱིས་ས་ཁྲ་བཟོས་པ་རེད་ཟེར་བའི་གཏམ་འུར་པོ་ཆེ་དེའི་རྒྱབ་ལྗོངས་ཀྱང་ཇེ་གསལ་དང་ཇེ་ཞིབ་ཡིན་ནི་རེད། དེ་ནས་དགེ་ཆོས་ལ་དོན་མེད་སྡང་ཟུག་བྱེད་བློ་ཡང་སྔོན་དང་མི་འདྲ་བར་དབུགས་ལྒང་ལ་ཨི་ཁུང་བརྡོལ་བ་བཞིན་ཇེ་ཆུང་དང་ཇེ་ཆུང་ཡིན་ནི་རེད།
ད་བར་དུ་དགེ་ཆོས་ཀྱི་ས་ཁྲའི་སྐོར་གླེང་ནས་བསྡད་པ་རེད། ད་ནི་གླེང་གཞི་གཞན་ཞིག་སྟེ། དགེ་ཆོས་དང་ཕ་བོང་ཁ་བ་གཉིས་ཀྱི་འབྲེལ་བའི་སྐོར་ཞིག་རག་ར་རིན་པོ་ཆེས་གསུངས་པ་ཀིརྟི་ཚང་གི་དགེ་ཆོས་ཀྱི་རབ་བྱེད་ཞབས་བཏགས་མ་དང་ཕ་བོང་ཁ་བའི་ལོ་རྒྱུས་གཉིས་སུ་སུ་གསལ་བ་དེ་འདིར་གླེང་གཞིར་འཇོག་གི་ཡིན།
ཞབས་བཏགས་མ་ལས། “དགེ་བཤེས་ཤེས་རབ་རྒྱ་མཚོ་དེ་དུས་སྐྱབས་རྗེ་ཕ་བོང་ཁ་བ་ལ་དགོངས་ཚོམས་ཀྱི་བཟོ་འདྲ་བོ་ཡོད་པ་འདྲ། བཀའ་ཆོས་ཤ་སྟག་གནང་གི་ཡོད་ཙང་། དཔེ་ཆ་བ་མང་པོ་ཞིག་དཔེ་ཆ་མ་བལྟས་པར་ལམ་རིམ་དང་དེ་འདྲ་ཞུ་བར་ཕྱིན་པ་རེད། དེས་དགེ་བཤེས་ཤེས་རབ་ལགས་དགོངས་པ་ཚོམས་ནས། ཀླུ་འབུམ་ཁང་ཚན་ནས་གྲྭ་པ་དེ་འདྲ་ཕར་ཕྱིན་ནས་ཚུར་ཡོང་བའི་སྐབས་ཏན་ཏན་རྟ་ལྕགས་བརྒྱ་ཙམ་གཞུས་ཡོང་ཟེར། དགེ་འདུན་ཆོས་འཕེལ་ལགས་ལ་དམིགས་བསལ་ཡིན་གསུངས་པ་རེད། གཞན་པ་ཚོ་ལ་ཏན་ཏན་ཆད་པ་རེ་འགེལ་གྱི་རེད། དགེ་ཕྲུག་མིན་གསུངས་པ་རེད། ཕ་བོང་ཁ་བ་ལ་ཐུགས་དད་ཆེན་པོ་ཞེ་དྲགས་རེད། ཕ་བོང་ཁར་ཕེབས་དུས་ཕ་བོང་ཁ་བས་སྟོད་འགག་གི་གོང་བ་ནས་མར་ཕྱག་བརྒྱུས་ནས། དཔེ་ཆ་བ་འདི་ཚོ་ལ་ཤིག་བརྒྱབ་ཡོད་འགྲོ་གསུངས་ནས་ཕྱག་གིས་འཕུར་འཕུར་གནང་གི་རེད་གསུངས།” ཞེས་དང་། ཕ་བོང་ཁའི་བླ་རྒན་དེའི་ལོ་རྒྱུས་ཁྱུང་ཕྲུག་བློ་བཟང་དར་རྒྱས་པས་༵༵དགེ་ཆོས་ཀྱི་ལོ་རྒྱུས་འོ་མའི་བསང་གཏོར་ྐྐདུ་དྲངས་པ་ལས། “འདི་སྐབས་ཤིག་ལ་ཨ་མདོའི་དགེ་འདུན་ཆོས་འཕེལ་གྱིས་རྗེ་(ཕ་བོང་ཁ་)ཉིད་ཀྱི་སྣང་བརྙན་འཕྲུལ་པར་གྱི་དབྱིབས་མཚུངས་འབྱོན་གཙང་ཞིག་ལག་བྲིས་མར་བཞེངས་ཏེ། རྒྱབ་ཡིག་ཏུ། བྱམས་བརྩེའི་དཀྱིལ་འཁོར་རྣམ་རྫོགས་པ། །བསྟན་འཛིན་བདེ་འབྱུང་གཙུག་གི་རྒྱན། །འཕྲིན་ལས་སྣང་བས་གསེར་ལྡན་འཕྱོ། །ཞེས་བྱ་བ་གསར་རྩོམ་གྱིས་བསྟོད་བསྔགས་བགྱིས་འདུག ”
སྤྱིར་ན་ང་ཕ་བོང་ཁའི་བླ་རྒན་དེའི་མིང་གོ་ན་རྣམ་རྟོག་ཟ་གི་ཡོད། ཡིན་ན་ཡང་དགེ་ཆོས་དང་ཁོ་གཉིས་ལ་འབྲེལ་བ་དམིགས་བསལ་བ་ཞིག་ཡོད་མདོག་ཁ་བོ་འདུག་པས། འདིར་ཐེངས་གཅིག་མ་བྲིས་ཐབས་མེད་བྱུང་སོང་།
ཡ རྒན་ཀླུ་སྨྱོན་རིན་པོ་ཆེ། ད་འདིར་སྐད་ཆ་རིང་ཐག་ཆོད། རྙོག་འདྲ་ཚ་ཐག་ཆོད། གཏིང་ཟབ་ཐག་ཆོད་ཀྱི་རྩོམ་ཞིག་སྤེལ་འདུག
ད་ལྟོས་ཨང་། ཡང་ཆོས་ལུགས་ཀྱི་རྙོག་འདྲའི་སྒམ་ཆུང་འདི་ཁ་ཕྱེ་ཡོང་གི་འདུག
ཨོ་རྙོག་དྲ་བསླངས་ན་བསླངས།
རྙོག་དྲ་མེད་པའི་སྤྱི་ཚོགས་ཤིག་ག་པ་ཡོད། ཨ་ལགས་སང་སྐུ་མཚམས་ལས་གྲོལ་བར་མཚམས་འདྲིའི་བཀྲ་ཤིས་བདེ་ལེགས་ཞུ།
ཀླུ་སྨྱོན་ལགས། ཁྱེད་ཀྱིས་ཁ་ཆེམས་ཤིག་བཞག་སྟེ་ཡུན་རིང་ང་ཚོའི་མིག་ནས་ཡལ་བར་གྱུར་བས་སེམས་ཁྲལ་ཆེན་པོ་ཞིག་བསླངས་སོང་། དེ་རིང་གློ་བུར་དུ་འདི་ལྟའི་རྩོམ་ཡིག་ཅིག་སྤེལ་ནས་སླེབས་པར་སྙིང་ནས་དགའ། གཅིག་བྱས་ན་འདི་ནི་རི་བོང་གནམ་བརྡིབས་ཀྱི་སྡུག་བསྔལ་ཞིག་ཡིན་ཡང་སྲིད།
གློ་བུར་དུ་འདི་ལྟའི་རྩོམ་ཡིག་ཅིག་སྤེལ་ནས་སླེབས་པར་སྙིང་ནས་དགའ།
བཀྲིས་བདེ་ལེགས་ཞུ།
དགེ་ཆོས་ཀྱི་གསེར་ཐང་ལས་གཞན་ཏུ་བཤུས་པ་གསལ་བོི་ཡིན་པ་ཅི་ལྟར་ར་འཕྲོད་དགོས་པ་རེད།
གསུང་དོན། ཞྭ་དམར་པའི་ངན་སྐུལ་འོག་བལ་དམག་གམ་གོར་དམག་ཡོད་དུ་ཡོང་ནས་བོད་ཀྱི་རྫོང་ཁག་མང་པོ་བཙན་བཟུང་དང་བཀྲ་ཤིས་ལྷུན་པོར་འཕྲོག་བཅོམ་ཚད་མེད་སོགས་བྱས་པས། དུས་ད་ལྟ་ཡང་སྐྱིད་རོང་ཕྱོགས་སུ་བོད་ས་བལ་འོག་ཏུ་ལུས་ཡོད་པའི་ལོ་རྒྱུས་ཀྱི་སྐྱོ་གར་མ་ཤི་གསོན་པོར་ཡོད་ན་ཡང་། ལོ་རྒྱུས་སྟེང་གི་ནག་ཉེས་དེ་ཞྭ་དམར་བ་ཁོ་རང་གིས་འཁུར་དགོས་ཀྱི་རེད་མ་གཏོགས་སྐབས་དེའི་བཀའ་བརྒྱུད་པ་ཡོད་ཚད་ལ་ནག་ཉེས་བཀལ་ན་དེ་ལས་ལྷག་པའི་ཅོལ་ཆུང་བླུན་པོའི་བྱེད་སྟངས་ཤིག་གང་ན་ཡོད། །དོགས་པ། ཨ་ལགས་ཀླུ་སྨྱོན་ལ་ཐུགས་ཕན་གསོ་བའི་གསལ་འདེབས་ཅུང་ཟད་ཞུ་ན། སྐབས་འདིའི་ཞྭ་དམར་པའི་ངན་བསྐུལ་ཟེར་བ་དེ་བོད་གཞུང་གི་བཤད་སྲོལ་རེད། སྐབས་དེའི་མཁས་པ་རྗེ་མགོན་ནང་པ་འཕྲིན་ལས་བདུད་འཇོམས་དང་། རྡོ་དམར་པ་མི་འགྱུར་དབང་རྒྱལ་སོགས་བལ་ཡུལ་ཕྱོགས་ཀྱི་རྙིང་མ་དང་བཀའ་བརྒྟུད་པའི་བླ་མ། བལ་བོད་གཉིས་ཀའི་ཕྱོགས་མཐོང་མཁན་རྣམས་ཀྱིས། ཞྭ་དམར་པའི་ཐོག་མཐའ་བར་གསུམ་དུ་ཞི་ཆིང་གི་ཆེད་དུ་སྐུ་སྲོག་བློས་བཏང་ཏེ་འབད་པ་བྱས་ཀྱང་ཕྱོགས་གཉིས་ཀ་སོ་སོའི་དམིགས་ཡུལ་གཙོ་བོར་གཉེར་བ་ལས་བཤད་དོན་ལ་མི་གནས་པས་རྐྱེན་ངན་བཟློག་ཐབས་མེད་པ་བྱུང་ཚུལ་དང་། རྒྱ་ནག་ནས་དམག་བཏང་ཞིང་བལ་ཡུལ་ལ་ཉེན་ཁ་བྱུང་ཚེ་ཞྭ་དམར་པ་སྐུ་གཤེགས་པའི་སྐབས་དང་ཁེལ། གོར་ཁ་རྒྱལ་པོས་དམག་འཁྲུག་ཁྱོད་ཚོ་བོད་པའི་བླ་མ་ཞྭ་དམར་པའི་ཆེད་དུ་བྱས་པ་ཡིན་ཞེས་ངན་ཁག་ཡོད་ཚད་བོད་པའི་མགོར་བཀལ་བ་དང་། བོད་ཕྱོགས་ནས་ཞྭ་དམར་པའི་དགོན་སྡེ་ལྷ་འབངས་དང་བཅས་པ་་ཐོབ་ན་གོར་ཁའི་སྟོང་འཇལ་ལས་ཀྱང་ཁེ་ཕན་ཆེ་བ་མཐོང་སྟེ་རྗེས་སུ་ཡི་རང་གི་སྒོ་ནས་འཕྲལ་དུ་ཀརྨ་བཀའ་བརྒྱུད་པའི་དགོན་སྡེ་དང་སྒྲུབ་གྲྭ་ཤིན་ཏུ་མང་པོ་དགེ་ལུགས་སུ་བསྒྱུར་བ་ཡིན་ཚུལ་ལན་གཅིག་མ་ཡིན་པར་བཤད་ཡོད། དེ་བཞིན་རྡོ་རིང་པའི་རྣམ་ཐར་གྱི་ཞྭ་དམར་པ་དང་མཇལ་འཕྲད་སྐབས་ཀྱི་བཤད་པ། ཞྭ་དམར་པ་སྐུ་གཤེགས་སྐབས་འགྱོད་བཤགས་ཀྱི་གླུ། རྒྱ་ནག་ནས་ཞྭ་དམར་མི་སྣ་རྩིས་བཞེས་སྐབས་གསང་ཅི་ཐུབ་བྱས་པ་སོགས་ལ་དཔྱད་པ་རྒྱ་ཆེ། དེས་ན་བོད་ཕྱོགས་ཀྱིས་དགྲ་བོ་གོར་ཁ་ལ་ཁ་གཏད་མི་ཐུབ་པར། བོད་ཕྲུག་ཞྭ་དམར་ལ་ངན་ཀག་འགེལ་ཅི་ཐུབ་བྱས་ན་ལོ་རྒྱུས་ཀྱི་ཕམ་ཁ་དང་། ཆོས་རྒྱུན་གྱི་ཕྱོགས་རིས་གསེབ་ནས་དྲང་བདེན་གྱི་བཞིན་རས་མི་མངོན་པའི་ཐབས་ཙམ་ལས་ཅི་ཞིག རྒྱ་བོད་ཀྱི་ལོ་རྒྱུས་གང་ཡིན་ཡང་གཞུང་ཞབས་ཀྱིས་བྲིས་པ་ཞིག་ཡིན་ཚེ་རང་གི་ལང་ཕྱོགས་ཀྱིས་ཤུགས་རྐྱེན་ཐེབས་མེད་པ་དཀའ་བས་ཞྭ་དམར་ལོ་རྒྱུས་ཀྱི་འཕྲོ་གཞི་ཡང་དེ་བཞིན་ནོ། །
ཡུན་རིང་མ་མཇལ་བའི་དེ་རིང་ཨ་ཁུ་ཁ་བའི་ཕྱག་རྩོམ་རིང་བོ་འདི་མཐོང་བས་ཤིན་ཏུ་དགའ་བྱུང༌།
ཉིན་ཤས་སྔོན་སྣར་སྐྱིད་ངག་དབང་དོན་འགྲུབ་མཆོག་འདིར་ཕེབས་བྱུང་ལ། ཁོང་དགེ་ཆོས་ཀྱི་སློབ་ཕྲུག་ཡིན་ཚུལ་ཞིག་གོ་བྱུང་ལ། ཁོ་རང་གིས་ཀྱང་ངོས་ལེན་གནང་གིན་འདུག ད་དུང་ཁོང་དེའི་སྐབས་ཀྱི་རྩེ་སློབ་གྲའི་སློབ་ཕྲུག་ཡིན་པར་བཤད། དེ་བས་ངའི་རོགས་པ་ཞིག་གིས་དྲི་བ་དྲིས་ལན་སྐབས་སུ་དགེ་ཆོས་ལྷ་སར་ཕྱིར་ཕེབས་དུས་ཀྱི་སྤྱི་ཚོགས་ཡོངས་ཀྱིས་ཁོང་ལ་ལྟ་སྟངས་གང་འདྲ་ཡོད་མིན་གྱི་དྲི་བ་ཞིག་འཕངས་བྱུང་བར། དེ་ཡིག་གཟུགས་དང་འབྲེལ་བ་མི་འདུག་གསུངས་ཤིང༌། དྲིས་ལན་ཁ་གཏུག་གནང་མ་སོང་ལ། ཟུར་ལ་ཉན་འདོད་ཡོད་ན་བཤད་ཆོག་ཚུལ་གསུངས་བྱུང་བས། ངས་ངེད་གཉིས་རྗེས་ནས་ཟུར་དུ་བཅར་འདྲིར་འགྲོ་ཞེས་ཁ་འཆམས་པ་ཡིན་མོད། བྲེལ་བའི་དབང་གིས་བཅར་ཐུབ་མ་སོང༌།
ཁོང་དངོས་སློབ་ཡིན་ནམ་ཡང་ན་དགེ་ཆོས་མཆོག་མཇལ་མྱོང་བའི་ཆ་ནས་སློབ་ཕྲུག་ཡིན་ཚུལ་གསུངས་པ་སོགས་ཏག་ཏག་ཅིག་ཤེས་མ་སོང་བས། ཤེས་མཁན་འདྲ་ཡོད་ན་གསལ་བཤད་རེ་གནང་རོགས།
ཡུན་རིང་མ་མཇལ་བའི་དེ་རིང་ཨ་ཁུ་ཁ་བའི་ཕྱག་རྩོམ་རིང་བོ་འདི་མཐོང་བས་ཤིན་ཏུ་དགའ་བྱུང༌།
ཉིན་ཤས་སྔོན་སྣར་སྐྱིད་ངག་དབང་དོན་འགྲུབ་མཆོག་འདིར་ཕེབས་བྱུང་ལ། ཁོང་དགེ་ཆོས་ཀྱི་སློབ་ཕྲུག་ཡིན་ཚུལ་ཞིག་གོ་བྱུང་ལ། ཁོ་རང་གིས་ཀྱང་ངོས་ལེན་གནང་གིན་འདུག ད་དུང་ཁོང་དེའི་སྐབས་ཀྱི་རྩེ་སློབ་གྲའི་སློབ་ཕྲུག་ཡིན་པར་བཤད། དེ་བས་ངའི་རོགས་པ་ཞིག་གིས་དྲི་བ་དྲིས་ལན་སྐབས་སུ་དགེ་ཆོས་ལྷ་སར་ཕྱིར་ཕེབས་དུས་ཀྱི་སྤྱི་ཚོགས་ཡོངས་ཀྱིས་ཁོང་ལ་ལྟ་སྟངས་གང་འདྲ་ཡོད་མིན་གྱི་དྲི་བ་ཞིག་འཕངས་བྱུང་བར། དེ་ཡིག་གཟུགས་དང་འབྲེལ་བ་མི་འདུག་གསུངས་ཤིང༌། དྲིས་ལན་ཁ་གཏུག་གནང་མ་སོང་ལ། ཟུར་ལ་ཉན་འདོད་ཡོད་ན་བཤད་ཆོག་ཚུལ་གསུངས་བྱུང་བས། ངས་ངེད་གཉིས་རྗེས་ནས་ཟུར་དུ་བཅར་འདྲིར་འགྲོ་ཞེས་ཁ་འཆམས་པ་ཡིན་མོད། བྲེལ་བའི་དབང་གིས་བཅར་ཐུབ་མ་སོང༌།
ཁོང་དངོས་སློབ་ཡིན་ནམ་ཡང་ན་དགེ་ཆོས་མཆོག་མཇལ་མྱོང་བའི་ཆ་ནས་སློབ་ཕྲུག་ཡིན་ཚུལ་གསུངས་པ་སོགས་ཏག་ཏག་ཅིག་ཤེས་མ་སོང་བས། ཤེས་མཁན་འདྲ་ཡོད་ན་གསལ་བཤད་རེ་གནང་རོགས།
གྲོགས་པོ་ཚོ་།འདི་ནི་ཨ་ཁུ་ཀླུ་སྨྱོན་ལགས་ཀྱིས་གསར་ཏུ་བརྩམས་པའི་རྩོམ་ཞིག་མ་རེད་།ཟླ་འགའ་ཤས་ཀྱི་སྔོན་དུ་བྲིས་བ་དང་ལན་རྒྱབ་པ་འགའ་རེད་།ཆ་ཚང་འདི་ན་འདུག་།
http://www.khabdha.org/?p=4934