ཨེ་མ་ཧོ།
ན་མོ་གུ་རུ་བྷོ་དྷི་ཙིཏྟ་ཡེ། སངས་རྒྱས་ཆོས་དང་དགེ་འདུན་ལ།། མི་ཕྱེད་དད་པས་སྐྱབས་འགྲོ་ཞིང་།། བྱང་ཆུབ་སྨོན་དང་འཇུག་པའི་སེམས།། ནམ་ཡང་མི་ཉམས་རྟག་ཏུ་སྲུང་།། བྱམས་སེམས་སྤྱི་ཕན་རང་བཞིན་ཅན།། སྙིང་རྗེ་གཞན་དོན་རྩ་བ་ཅན།། ཀུན་ལ་མཉམ་པའི་དགའ་བདེ་ཅན།། བཏང་སྙོམས་ཆེན་པོ་རྟག་ཏུ་གཉེར།། སྣང་བ་སེམས་ཀྱི་རང་འོད་ཅན།། རྣམ་རྟོག་ཆོས་ཉིད་རོལ་པ་ཅན།། ཉོན་མོངས་ཡེ་ཤེས་གསལ་འདེབས་ཅན།། འདོད་ཡོན་ཉམས་རྟོགས་རྟག་ཏུ་བསྟེན།། ན་ཚ་སྡུག་བསྔལ་དགེ་བའི་བཤེས།། དགྲ་བགེགས་ཆོས་ཉིད་བསྐུལ་བའི་གཉེན།། ཤུགས་འབྱུང་དངོས་གྲུབ་རྩ་བའི་གྲོགས།། ཐབས་ལམ་རིག་མ་རྟག་ཏུ་འགྲོག།། ལྟ་བ་རྟོགས་ཀྱང་སྤྱོད་པ་ཞིབ།། ནུས་པ་ཆུང་ཡང་སེམས་བསྐྱེད་ཆེ།། སྒྲོ་བཀུར་མང་ཡང་དྲང་བདེན་རྒྱལ།། རྟེན་འབྲེལ་ཆོས་ཉིད་ངང་དུ་མཛོད།།
ཅེས་པ་རབ་རྒྱན་མེ་ལུག་ཆོ་འཕྲུལ་ཟླ་བའི་དབང་ཕྱོགས་རྫོགས་པ་དང་པོར་མཁན་པོ་འོད་གསལ་མཐའ་ཡས་ཀྱི་སློབ་ཆེན་བོད་ཡུལ་ཨེ་ཝྃ་ཆོས་སྨན་གླིང་གི་རྣམ་རྒྱལ་ཚེ་རིང་ལ་དབྱིན་ཡུལ་ཨེ་ཝྃ་རིག་གཞུང་ཉམས་གསོ་ཁང་ནས་ཕུལ་བར་དགེའོ།། །།ཕྱི་ལོ་༢༠༡༥/ ༢/ ༡༠/་ལ།
ཨེ་ཝྃ་གྱི་དགའ་སྟོན་གེ་སར་མེ་ཏོག་ལ་བལྟས་ཡོད།
མཁན་པོ་འོད་གསལ་མཐའ་ཡས་ཀྱི་སློབ་ཆེན་བོད་ཡུལ་ཨེ་ཝྃ་ཆོས་སྨན་གླིང་གི་རྣམ་རྒྱལ་ཚེ་རིང་ལ་དབྱིན་ཡུལ་ཨེ་ཝྃ་རིག་གཞུང་ཉམས་གསོ་ཁང་ཞེས་པའི་ལོ་རྒྱུས་ངོ་སྤྲོད་གནང་བ་ར་བཀའ་དྲིན་ཆེ། མང་པོ་ཅིག སྨྱུག་མིང་མ་གཏོགས་མིང་དངོས་གནས་ཤོད་འདོད་མེད་པ་ལ་ཡིད་མུག་གོ།